Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཏུམ་མོའི་ལོ་རྒྱུས།།
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousགཏུམ་མོའི་ལོ་རྒྱུས།། next

གཏུམ་མོའི་ལོ་རྒྱུས།།

འདིའི་ལོ་རྒྱུས་ནི་(རྣལ་འབྱོར་པ་ཞིག་གིས་ཀུན་)སངས་རྒྱས་འོད་དཔག་ཏུ་མེད་པ་བདེ་བ་ཅན་གྱི་ཞིང་ན་བཞུགས་པ་ལ། འཛམ་བུ་གླིང་པ་མ་འོངས་པའི་སེམས་ཅན་རྣམས་ལ་ཕན་གདགས་པར་དགོངས་ནས། དེ་ལ་སྤྲུལ་པ། ཉིང་སྤྲུལ་གཉིས་ཀྱི་སྒོ་ནས། སེམས་ཅན་རྣམས་ཀྱི་དོན་བྱ་བར་ཐུགས་ཀྱིས་དགོངས་ནས། དང་པོ་འཕགས་པ་སྤྱན་རས་གཟིགས་སུ་སྤྲུལ་ཏེ་བྱང་ཆུབ་སེམས་དཔའ་ཟླ་བ་བཟང་པོར་སྐྱེ་བ་བཞེས་པ་ལ། རྩོད་པའི་དུས་ཀྱི་སེམས་ཅན་རྣམས་བུད་མེད་ཀྱི་རྟེན་གྱིས་འདུལ་བར་གཟིགས་ནས། རྗེ་བཙུན་མར་སྤྲུལ་ནས་གསུངས། དེའང་རི་བོ་པོ་ཏ་ལའི་རྩེ་མོ་ལ་འཕགས་པ་སྤྱན་རས་གཟིགས། དེའི་འོག་ན་ཀུན་ཏུ་བཟང་པོ། དེའི་འོག་ན་རྗེ་བཙུན་མ་སྒྲོལ་མ་བཞུགས་པ་ལས། གནས་དེ་ཉིད་དུ་རྗེ་བཙུན་མ་འཁོར་ལྷ་ལས་ཤས་ཆེ་བ་སྟོང་ཕྲག་མང་པོ་ལ། སྒྲོལ་མ་རྒྱ་མཚོའི་རྒྱུད་ཆེན་མོ་གསུངས་པས། མ་འོངས་པའི་གདུལ་བྱ་ལ་མཁོ་བའི་ཡུལ་དུ་མ་གྱུར་ནས་ནམ་མཁའ་ལ་དེངས། དེ་ནས་སྒྲོལ་མ་རྒྱ་མཚོའི་རྒྱུད་ཆུང་དེའང་དེ་ལྟར་དུ་གསུངས། དེ་ནས་སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་གསུངས། དེ་ནས་སྒྲོལ་མ་ཀུ་རུ་ཀུལླེའི་རྒྱུད་གསུངས་ཏེ། དེར་རྗེ་བཙུན་མ་ཉིད་ཀྱིས་རྒྱུད་བཞིར་གསུངས་སྐད། དེ་ལས་འདི་སྒྲོལ་མ་རྒྱ་མཚོའི་རྒྱུད་ཆུང་ངུ་ལས་སྐོལ་བ་དུམ་བུའི་རྒྱུད་ཡིན་ཏེ། ཀླུ་སྒྲུབ་ཀྱིས་བཏོན་པའོ། །དེས་ཡེ་ཤེས། མར་མེ་མཛད་བཟང་པོ། རཏྣ་ཀིརྟི། བནྟ་བ་ལ། གཉན་ལ། ཁའུ་བ་ལ། ས་སྐྱ་པ། ཤེལ་ཕུག་པ་ལ། དེས་བླ་མ་རིན་པོ་ཆེ་གསེར་ཕུག་པ་ལའོ། །


previousགཏུམ་མོའི་ལོ་རྒྱུས།། next