Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྨོན་ལམ་བསྡུས་པ།།
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousསྨོན་ལམ་བསྡུས་པ།། next

སྨོན་ལམ་བསྡུས་པ།།

ཚེ་རབས་མ་ལུས་ཐམས་ཅད་དུ། །བླ་མ་དམ་པ་མཉེས་བྱེད་ཅིང༌། །མོས་གུས་ལྟེམ་རྐྱང་མེད་པ་དང༌། །ནོར་བཟང་བཞིན་དུ་བསྟེན་པར་ཤོག །སྐྱབས་ཆེ་བྱིན་ཆེ་དཀོན་མཆོག་གསུམ། །མཆོད་པའི་ཚོགས་ནི་མ་ལུས་པས། །ཚིམ་པ་མེད་པར་མཆོད་ནས་ཀྱང༌། །རྟག་ཏུ་ངུ་བཞིན་བཀུར་བར་ཤོག །བར་ཆད་ཐམས་ཅད་སེལ་འགྱུར་ཞིང༌། །མ་བཞིན་སེམས་པའི་ཡི་དམ་ལྷ། །ཐུན་བཞི་ཡིས་ནི་མཉེས་གྱུར་པ། །ཡི་དམ་ལྷ་དང་མི་འབྲལ་ཤོག །ཧཱུཾ་དང་ཕཊ་ཀྱི་འབྲུག་སྒྲ་ཡིས། །དྲེགས་པ་ཅན་རྣམས་ཚར་གཅོད་ཅིང༌། །བསྟན་པ་མ་ལུས་བསྲུང་བ་ཡི། །ཆོས་སྐྱོང་རྣམས་ཀྱིས་བསྲུང་བར་ཤོག །བདག་ཅག་ལྷན་ཅིག་འཚོགས་པ་རྣམས། །ཁྲོ་འཁྲུགས་ཐམས་ཅད་རབ་ཞི་ཞིང༌། །ཟབ་མོའི་གཏམ་ནི་སྣ་ཚོགས་ཀྱིས། །སེམས་ལ་ཕན་པ་ཉིད་དུ་ཤོག །གང་དུ་འདུག་པའི་གནས་རྣམས་སུ། །འཇིགས་དང་ཉམ་ང་བྲལ་བ་དང༌། །ཕྱི་ནང་འཚེ་བ་མེད་པ་ཡི། །དགོན་གནས་རྣམས་དང་མི་འབྲལ་ཤོག །ངོ་སྲུང་བརྩོལ་བ་མི་དགོས་ཤིང༌། །ངོ་བོ་ཉིད་ཀྱི་ཆོས་ལ་དཀར། །ཕན་ཚུན་འཚེ་བ་མེད་པ་ཡི། །སྐྱེ་བོ་རྣམས་ཀྱིས་བཀུར་བར་ཤོག །བདག་ཀྱང་ཚེ་རབས་ཐམས་ཅད་དུ། །བྱམས་པ་རྒྱུན་ཆད་མེད་པ་དང༌། །རྟོགས་པ་གསེར་གྲི་ཆེན་པོ་ལྟར། །གཉིས་མེད་འགྱུར་བ་མེད་པར་ཤོག །ཉོན་མོངས་གསུམ་པོ་སྐྱེས་པའི་ཚེ། །ཆུ་ལ་རལ་གྲི་བཏབ་པ་བཞིན། །སེམས་ཀྱི་མདུད་པ་བྲལ་ནས་ཀྱང༌། །འོད་གསལ་ངང་ལ་གནས་པར་ཤོག། དོན་མེད་གླེང་སློང་ཟེར་བའི་ཚེ། །འཁོར་བ་ཐོག་མ་མེད་པ་ནས། །གཏམ་གྱི་སྦྱོར་བ་འདི་རྣམས་ཀྱང༌། །ཆོས་ཀྱི་གཏམ་དུ་འགྱུར་བར་ཤོག །སྡང་བའི་ཡུལ་རྣམས་མཐོང་བའི་ཚེ། །རང་དབང་མེད་པར་བྱམས་པ་དང༌། །དང་བའི་སེམས་ནི་སྐྱེ་བ་དང༌། །སྙིང་ནས་མར་ནི་གོ་བར་ཤོག །མཛེས་ཤིང་བཀྲག་ལྡན་མཐོང་བའི་ཚེ། །མི་གཙང་བུམ་པར་གོ་བ་དང༌། །ཞེན་པའི་མཚན་མ་རབ་ལོག་ནས། །ཆགས་པ་མེད་པར་གནས་པར་ཤོག །ང་རྒྱལ་ཁེངས་ཤིང་དྲེགས་པ་ཡི། །སྐྱེ་བོ་རྣམས་དང་འགྲོགས་པ་ན། །སྨད་པའི་མཚན་མ་རབ་ལོག་ནས། །བསྙེན་བཀུར་བྱེད་པར་གནས་གྱུར་ཅིག །ཤེས་པའི་ཚོགས་ནི་མ་ལུས་པས།། ལྟེམ་རྐྱང་བྲལ་བའི་ཆོས་སྐུ་ལ། །མོས་གུས་རྒྱ་ཆེན་བྱེད་པ་དང༌། །གཉེན་པོ་བརྟན་པར་གནས་པར་ཤོག །སྒྲུབ་པ་བྱས་པའི་འབྲས་བུ་དེས། །རང་གཞན་གཉིས་ཀྱི་འདོད་པ་གྲུབ། །འཁོར་བ་མུ་མཐའ་མེད་པ་རུ། །སེམས་ཅན་རྣམས་ལ་སྨིན་འགྱུར་ཤོག །


previousསྨོན་ལམ་བསྡུས་པ།། next