Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་བའི་བསྙེན་རྐྱང་བྱ་ཚུལ།
   
   
   
   
   
   
   


 
previousཕུར་བའི་བསྙེན་རྐྱང་བྱ་ཚུལ། next

ཕུར་བའི་བསྙེན་རྐྱང་བྱ་ཚུལ།


RTZ031_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བའི་བསྙེན་རྐྱང་བྱ་ཚུལ་བཞུགས་སོ། གཏེར་གསར་ཕུར་པའི་བསྙེན་རྐྱང་བྱ་བར་འདོད་པས། བསྙེན་ཕུར་སྨན་རག་གཏོར་གསུམ་ཙམ་ལ་བརྟེན་ཏེ་དང་བོར་སྦྱབས་སེམས་ནས་བཟུང་། ཛ་པཱ་བསྐུལ་གསོལ་འདེབས་ཀྱི་བར་ལས་བྱང་བཞིན་དུ་བགྱིས་པའི་དངོས་གཞིའི་དམིགས་པ་ནི། སྲིད་པ་ཁུར་བུ་མགོ་བོ་རྒྱ་མདུད་ཅན་ཆངས་ཟུང་དེའི་སྨན་དུ་རྒྱ་མདུད་ཟུར་གསུམ་ཁོང་གསེང་ཅན་འབྱུང་བ་རིམ་བརྩེགས་རི་རབ་ལ་བཏབ་པས་སྲིད་བཅུད་ཕུར་བུའི་དཀྱིལ་འཁོར་གཅིག་ཏུ་རྫོགས་པ་དེ་འང་ཕུར་པའི་དཔལ་ཁོང་གསེང་གི་ཆར་རང་ངན་སོང་གསུམ། རྒྱ་མདུད་འོག་མམ་ན་ཆུང་དུ་མི་དང་ལྷ་མིན་འདོད་ལྷ་རིགས་དྲུག ཆངས་ཡུང་གཟུགས་མེད་གནས་རིགས་བཅུ་བདུན། རྒྱ་མདུད་གོང་མ་བདེ་གཤེགས་རྒྱལ་བའི་ཕོ་བྲང་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུབ་ཞི་སྒོ་བཞི་རྒྱན་བཀོད་སྤྱི་བཞིན་དུ་གསལ་བའི་ནང་དུ་རང་ལུས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་དང་གཉིས་མེད་མཉམ་སྦྱོང་བདེ་བ་ཆེན་པའི་སྐུའི་གཙུག་གཏོར་གནས་ལྔ་ཚིགས་ཆེ་བཞིར་ཁོར་བོ་བཅུ་གསལ་བའི། དེ་ཡང་གཙུག་གཏོར་དུ་ཧཱུཾ་དཀར་དང་ཡུམ་རྡོ་རྗེ་སྒྲ་འབྱིན། དཔྲལ་བར་གཤིན་རྗེ་གཤེད་དང་ཡུམ་དུར་ཁྲོད་བདག་མོ། མགྲིན་པར་རྟ་མགྲིན་དང་ཡུམ་རྡོ་རྗེ་གཏུམ་མོ། ཐུགས་ཀར་རྣམས་པར་རྒྱལ་བ་ངང་ཡུམ་རྡོ་རྗེ་སྙེམས་མ། ལྟེ་བར་འདོད་པའི་རྒྱལ་པོ་དང་ཡུམ་


RTZ031_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་སྙེམས་མ། གསང་གནས་སུ་བདུད་རྩི་འཁྱིལ་བ་དང་ཡུམ་རྡོ་རྗེ་རླུང་འབྱིན་མ། དཔུང་པ་གཡས་སུང་བྱུག་སྔོན་དང་ཡུམ་རྡོ་རྗེ་སྡེར་མོ་གཡོན་དུ་མི་གཡོ་བདང་ཡུམ་རྡོ་རྗེ་གཏུམ་ཁུང་མ། པུས་མོ་གཡས་སུ་ཁམས་གསུམ་རྣམ་རྒྱལ་དང་ཡུམ་གསོད་བྱེད་མ། གཡོན་དུ་སྟོབས་པོ་ཆེ་དང་ཡུམ་སྐུལ་བྱེད་མ། ཐམས་ཅད་སྐུ་མདོག་མཐིང་ནག་ཏུ་བྱས་པས་འཐུས་ཏེ་གཏེར་གཞུང་ཉིད་ལས། ཀུན་ཀྱང་མཐིང་ནག་འབར་བ་ཆེན་པོ་ལཿ ཞེས་ཡོད་པའི་ཕྱིར་དང་། གཞན་དུ་ཁྲ་བཀག་པ་ཡང་མེད་དེ་ཁོ་བོས་ཐང་སྐུའི་ལྷ་བཀོད་ཚོར་ལྷ་ཁྲར་བཀྲལ་ཡོད་ཅིང་། ཡབ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་དང་པོ་ཐམས་ཅད་རྡོ་རྗེ་དུང་ཁྲག བར་བའི་ཕྱག་མཚན་མི་འདྲ་བ་ཡོད་ཀྱང་རེ་ཞིག་གསལ་ཁམས་བདེ་ཞང་མོས་པས་འཐུས། མཐའ་མ་ཐམས་ཅད་ཐུགས་ཀར་ཕུར་པ་འདྲིལ་པ་ཤ་སྟག་ཡིན། ཡུམ་རྣམས་ལ་ཕྱག་མཚན་སྤྲོས་ན་མི་འདྲ་བ་ཡོད་ཀྱང་སྤྲོས་མེད་རྡོ་རྗེ་ཐོད་ཁྲག་གིས་རིགས་འགྲེ་ནུས། ཐམས་ཅད་དུར་ཁྲོད་ཀྱི་ཆས་བརྒྱད་དང་གཤོག་པ་སོགས་དཔལ་གྱི་ཆས་བརྒྱད་ཚང་། ཞབས་བཞི་པང་ཉི་རོ་གད་དཔལ་གཡོན་བརྐྱང་གིས་བཞེངས་ཤིང་མེ་དཔུང་གི་ཀློང་ན་བཞུགས་པ་མེ་ལོང་ལ་བྱད་བཞིན་ཤར་བ་ལྟར་བསྐྱེད་པའི་རྣམ་པར་རྒྱས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོར་སེམས་མཐིང་གའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཉི་གདན་ཏིང་འཛིན་


RTZ031_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཧཱུཾ་མཐིང་གི་མཐྲ་ཀཱི་ལ་ཡའི་སྔགས་ཕྲེང་མཐིང་ནག་མར་མེ་ལྟར་འབར་ལ་རིག་པ་གཏད་དེ་ཀཱི་ལ་ཡ་བཟླས་པས་འཐུས། ཐུན་གྱི་མགོ་སྐང་འཇུག་གསུམ་དུ་སྤྲོ་བསྡུ་བྱ་བར་འདོད་ན་ཐུགས་སྲོག་སྔགས་ཕྲེང་ལས་འོད་འཕྲོས་རྐྱལ་བ་རབ་འབྱམས་མཆོད། བྱིན་རླབས་དངོས་གྲུབ་བསྡུས། སླར་འོང་འཕྲོས་རྒྱ་མདུད་སྨད་ཀྱི་རིགས་དྲུག་སོགས་ལ་ཕོག སྡུག་བསྔལ་སྦྱནས་ཤིང་བདེ་ལྡན་དུ་བྱས། ཐམས་ཅད་ཁྲག་འཐུང་གི་དཀྱིལ་འཁོར་གཅེག་ཏུ་བྱུང་པར་མོས། ལར་སྤྲོ་བསྡུ་འདི་སྒྲུབ་པའི་སྐབས་བསྙེན་ཡིག་ཏུ་གསལ་བ་ལྟར་བྱ་བ་ཡིད་ལ། བསྙེན་རྐྱང་ལ་ཆེད་དུ་མི་དགོས། སྔགས་འབྱུངའང་གཞུང་ལས། གསང་སྔགས་ཡིག་འབྲུ་བཅུ་བཞི་པོཿ འབུམ་ཕྲག་བཅུ་བཞིའི་རྫོགས་པར་བཟླ། ཞེས་ཡོང་པ་ཡ་སྦྱར་ན་ཡིག་འབྲུ་བཅོ་ལྔར་འགྱུར་ཞིང་། རྒྱུད་ཀྱི་སྔགས་བཏུ་ལའང་ཡ་མེད་པས་མི་དགོས། འོན་ཀྱང་དེང་སང་གི་སྔགས་འཆང་དཔེ་སྒྲོག་མཁན་པོ་རྣམས་སློབ་དཔོན་གྱི་ཞལ་དང་ཕྱག་ལེན་མི་མི་དགོས་ཡི་གེ་ཀློག་པ་རྒྱུ་མཚན་དུ་བྱས་པ་རྣམས་ནི་ཐུགས་མང་། གོང་དུ་བཤད་པའི་དུར་ཁྲོད་ཆས་བརྒྱད་ནི། མི་ལྤགས། སྟག་ལྤགས་གསུམ་ལ་གྱོན་པའི་གོས་གསུམ་ཟེར། ཐལ་ཚོས། ཁག་ཐིག ཞག་གི་སོར་རིས་གསུམ་ལ་བྱུག་པའི་རྫས་གསུམ་ཟེར། ཐོད་ཕྲེང་། རུས་རྒྱན་


RTZ031_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་དཀྲིས་གསུམ་ལ་འདོགས་པའི་རྒྱན་གསུམ་ཟེར་ཅིང་། ཆས་བརྒྱད་ལ་ནང་གྲ་སེས་ཕྱེབས་དགུ་ཡོང་ཀྱང་བརྒྱད་འདྲེན་སྐབས་ཐོད་ཕྲེང་རུས་རྒྱན་གྱི་གྲལ་དུ་གཏོགས་པ་གཅིག་ཏུ་བྱས་པ་ཡིན་ནོ། དཔལ་ཆས་བརྒྱད་ནི། རླབས་བྱེད་རྡོ་རྗེའི་གཤོག་པ། ཟློག་ཁྱེད་རྡོ་རྗེའི་གོ་ཁྲབ། དཔའ་བསྟག་གི་སློག་པ། བརྗིད་པ་དུག་སྦྲུལ་གྱི་མཆོད་ཕྱིར་ཐོགས། གཟི་མདངས་ཆུ་སྲིན་གྱི་ཤུན་པ། གདུམ་པོ་དོམ་གྱི་པགས་པ། དབང་སྡུད་བསེ་ཆས་ཀྱི་ཤམ་བུ། འགྱུར་མེད་སྤྱི་གཙུག་རྡོ་རྗེ་ཕྱེད་པ་རྣམས་ཡིན་པར་ཁུངས་ལྡན་གྱི་རྒྱུད་དང་མན་ངག་ལ་ལ་བློ་གྲོས་ཀྱིས་བརྟགས་ཤིང་དཔྱད་པའི་བདེ་རྣམས་ཡིན་པས་དེ་བཞིན་འབྱུང་གནས་དཔལ་བཟང་ཐུགས་ལ་བཞུགས།


previousཕུར་བའི་བསྙེན་རྐྱང་བྱ་ཚུལ། next