Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
གྲུབ་ཆེན་རིན་པོ་ཆེས་མཛད་པའི་གྲི་སྲི་གཅོད་པའི་གདམས་ངག །ལས་ཀྱི་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲུབ་ཆེན་རིན་པོ་ཆེས་མཛད་པའི་གྲི་སྲི་གཅོད་པའི་གདམས་ངག །ལས་ཀྱི་རྡོ་རྗེ།next

གྲུབ་ཆེན་རིན་པོ་ཆེས་མཛད་པའི་གྲི་སྲི་གཅོད་པའི་གདམས་ངག །ལས་ཀྱི་རྡོ་རྗེ།


RTZ042_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་རིན་པོ་ཆེས་མཛད་པའི་གྲི་སྲི་གཅོད་པའི་གདམས་ངག་བཞུགས་སོ། །ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད།


RTZ042_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྐུ་མཚན་དང་དཔེ་བྱད་རབ་འབར་ཞིང་། །གང་གསུང་ཡན་ལག་དྲུག་ཅུས་རྣམ་པར་མཛེས། །གང་ཐུགས་མཁྱེན་པས་ཤེས་བྱ་ཀུན་ཁྱབ་པ། །བླ་མ་ལྷག་པའི་ལྷ་ལ་གུས་བཏུད་ནས། །ཡི་དམ་ཕྱག་ན་རྡོ་རྗེའི་གསུང་བཞིན་དུ། །འགྲོ་བ་ཀུན་ལ་ཕན་པར་བྱ་བའི་ཕྱིར། །གྲི་སྲི་གཅད་སོགས་མན་ངག་ཆ་ཚང་བ། །ལས་ཀྱི་རྡོ་རྗེ་བདག་གིས་འདིར་བཤད་བྱ། །གདམས་པ་འདིའི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་ན། བདག་མཁན་པོ་ནམ་མཁའ་རྒྱལ་མཚན། མིང་གཞན་ལས་ཀྱི་རྡོ་རྗེས། ཤུད་ཕུའི་སྡེ་དགོན་མ་ལག་དང་བཅས་པ་ཐམས་ཅད་བདག་ཏུ་བཟུང་བའི་སྟོབས་ཀྱིས་སྡེ་པ་གཞན་དང་ཡང་ལྷ་འདྲེ་མི་གསུམ་གའི་ཁོག་ནས་ཁ་མཆུ་ལོ་མང་དུ་རྒྱབ། ངེད་ཀྱི་ཞལ་ངོ་དབོན་པོ་རང་ཡང་གསུམ་བཞི་ཙམ་མི་ལག་ཏུ་གྲོན། དེ་ལ་བརྟེན་པའི་རིམ་གྲོ་ཞིག་བྱས་ཀྱང་། ཕན་པར་མངོན་པ་ཙམ་ཡང་ཡེ་མ་བྱུང་། དེ་ལ་ཡིད་སྐྱོ་བ་སྐྱེས། ཆོས་པའི་ཚུལ་དུ་ཁས་བླངས་ཀྱང་། ཆོས་མིན་གྱི་བྱ་བ་འདི་ལྟ་བུར་འབགས་པ་སྙམ་པའི་སྒྱིད་ལུགས་པའི་དུས་སུ། ཡི་དམ་གསང་བའི་བདག་པོའི་ཞལ་ནས། ངས་བསྟན་པའི་གདམས་ངག་འདི་བཞིན་མ་འཆུག་པར་གྱིས་དང་། ལས་སླ་བ་ལ་དོན་ཆེ་བ་འདི། རང་གི་སྟོབས་བསྐྱེད་པ་དང་། དགྲ་ཟླའི་ནུས་པ་གསད་པ་འདི། གྲི་སྲི་གཅོད་པའི་མཆོག་


RTZ042_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ཡིན་གསུངས་པའི་སྣང་བ་བྱུང་དུས་ཕྱིས་འདི་ཉམས་ལེན་བྱས་པས། རང་གི་ཁུལ་ནས་མི་ལག་ཏུ་གྲོན་པ་གཅིག་ཀྱང་མ་བྱུང་ངོ་། །འདི་ལ་དོན་རྣམ་པ་ལྔ་སྟེ། གྲི་སྲི་གཅད་པ། གྲི་སྲི་མནན་པ། གྲི་སྲི་དགྲ་ལ་བསྒྱུར་བ། གྲི་མཚོན་ལ་ངར་འདོགས་པ། དགྲ་ཟླའི་ནུས་པ་གསད་ཅིང་རང་གི་སྟོབས་བསྐྱེད་པའོ། །དང་པོ་གྲི་སྲི་གཅད་པ་ནི། རང་གི་ཕ་མ་སྤུན་ཟླ་གྲིས་ཤི་བའམ། བླ་མ་གཅིག་པའི་གྲོགས་མཆེད་གྲིས་ཤི་བའམ། གྲོང་ཚན་གྱི་མི་གྲིས་ཤི་བ་ལ་སོགས་པ་ཐམས་ཅད་ལ་དགོས་ཏེ། དེ་མ་གཅད་ན་ལོ་སྲི་དང་། ཟླ་སྲི། ཞག་སྲི། དུས་ཚོད་ཀྱི་སྲི། མི་རྒྱུད་ཡན་ཆད་ལ་ཡོད་པས། དེ་གཅད་པའི་ཐབས་ནི། སྔར་གང་ཤི་བའི་མི་རྒྱུད་དམ། ཕ་ཚན་པའི་སྤུན་ནམ། ཚན་པའམ་མི་མང་ཉུང་གང་ལ་བྱེད་དགོས་པའི་མི་བསགས་ཏེ། ཚོན་སྐུད་སྣ་ལྔའི་བྱད་ཐག་གིས་སྦྲེལ། བུམ་པ་བཟང་པོའི་ནང་དུ་སྨན་ལྔ་དང་། འབྲུ་ལྔ། སྙིང་པོ་ལྔ་ལ་སོགས་པ་བཙལ་ཏེ། བུམ་རྫས་གཞུག །བུམ་པ་མདུན་དུ་གཞུག །རང་ཉིད་ཕྱག་རྒྱ་ཟིལ་གནོན་ནམ། ཡི་དམ་གང་མོས་ཀྱི་མངོན་རྟོགས་ལྟར་བསྐྱེད། བུམ་བསྐྱེད་ཀྱང་བྱ། སྔགས་ནི། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། སརྦ་ཙིཏྟ་རོ་ཉག་ཁ་ཐམ། སྲོག་གཟེར་དབུགས་ནན། ཏྲི་ཆུང་


RTZ042_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲི་ཤག་རྦད་གྲི་སྲི་ཆོད། ཅེས་བཟླ་བར་བྱའོ། །དྲག་སྔགས་འདིའི་སྟོབས་ཀྱིས་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ནད་དང་དུག་ཐམས་ཅད་སེལ་བར་ནུས་སོ། །གདོན་བགེགས་ཀྱི་ཁ་བཅིངས་པ་དང་། བདུད་བཙན་ཐམས་ཅད་ཀྱི་སྦྱོར་བ་གཞོམ་པ་དང་། བྱད་སྟེམས་རྦོད་གཏོང་ཐམས་ཅད་ཁ་འཆིང་བའི་མཆོག་ཡིན་ནོ། །དྲག་སྔགས་འདི་ཡི་ཁྲུས་ཀྱིས། ལྷ་སྲིན་སྡེ་བརྒྱད་ཀྱིས་བྱད་དུ་བཅུག་པ་ལས་གྲོལ་བར་གྱུར་ཅིག །ཅེས་པས་ཐམས་ཅད་ལ་ཁྲུས་བྱས་ནས། བྱད་ཐག་གིས་སྦྲེལ་པ་གྲིས་གཏུབ་བོ། །ཕ་མྱེས་ཀྱི་ཟ་འདྲེ་ཆོད། ལྷ་འདྲེའི་དལ་ཁ་ཆོད། ལྷ་ཀླུ་བཙན་གསུམ་གྱི་བྱད་ཐག་ཆོད། གྲི་སྲི་ཆོད། ཡོན་བདག་འདི་ཀུན་གྱི་སྔར་གྱི་གྲི་སྲི་ཆོད། ཅེས་མང་དུ་བཟླས་སོ། །དེས་ནི་གྲི་སྲི་བཅད་པ་ཡིན་ནོ། །ཨྠྀི། ༈ ད་ནི་གྲི་སྲི་མནན་པ་ནི། སྔར་མི་གྲིར་ཤི་བ་དེ་ཡུལ་གཞན་དུའམ། ལ་ཕར་ཟློས་བར་ཤི་བའི་སྲི་ལ་བཙས་འོག་ཏུ་མནན། དགྲ་ཡུལ་ཐག་རིང་དུ་ཤི་ན་དེ་མཐོང་སའམ་ཕྱོགས་དེའི་རི་མགོར་མནན། རང་གི་ཡུལ་དུ་ཤི་ན། ལམ་སུམ་མདོའམ། ཐེམ་འོག་ཏུ་མནན། སྔར་ཤི་བ་དེའི་ཐོད་པའམ། རུས་པའི་དུམ་བུ་ཡོད་ན་རབ། མེད་ན་གཞན་གྱི་གྲི་ཁྲག་གིས་གྲི་སྲིའི་ལིངྒ་བྲི། སྔར་ཤི་བའི་ཤ་ཁྲག་གམ། ཐོད་པར་ལིང་ག་བྲིས་ནས་མནན་


RTZ042_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཤི་ཁ་ཆོད་པ་ལ་ཉེ་བ་ཡིན་ཏེ། གཤིན་པོ་ཁོ་ན་དམའ་བའམ། རང་གི་རྒྱུད་ཉེ་མོ་ཡིན་ན། སྒབ་ཐུང་བའི་སྐྱོན་ཨེན་ཙམ་ཡོད། ཤི་ཁ་གཅོད་པ་ལ་འདི་ཁ་ཟབ་པ་ཡིན། སྔར་ཤི་བའི་རུས་པ་མ་རྙེད་ཅིང་མེད་པར་བྱེད་ན། ཤོག་བུ་ལ་ལིང་ག་སྤྱི་འགྲེ་ལྟར་གཟུགས་ཚད་ལྡན་བྲིས་ལ་སྙིང་གར་ནྲི་ཏྲི་དང་། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿ ལྟོ་བར་དགྲ་སྲི། འདྲེ་སྲི། ཕུང་སྲི། ཕ་མྱེས་ཀྱི་དགྲ་སྲི། གྲི་སྲི་ནན་བྱ་བ་བྲིས། ལིང་གའི་ཐ་མ་ལ་དམོད་མོའི་རིགས་དང་། ལོ་སྲི། ཟླ་སྲི། དུས་ཚོད་ཀྱི་སྲི་ཆོད། ཉི་མ་ཚེས་གྲངས་ཀྱི་སྲི་ཐམས་ཅད་ནན་བྱ་བ་བྲིས། དེའི་མཐའ་ལ་སྦྲུལ་གྱིས་བསྐོར། དགུག་གཞུག་གཞན་དང་འདྲ་བར་བྱས་ལ། དྲག་སྔགས་གཤིན་རྗེ་ཀིཾ་ཀཾ་གི་ཤམ་བུ་ལ་ཨ་མུ་ཀ་ཏྲིག་ནན། ཧྲི་ཏྲི་ནན། ནྲི་ཏྲི་ནན། མཱ་ར་ཡ་ནན། དགྲ་སྲི་འདྲེ་སྲི་ནན། དམ་སྲི་ཕུང་སྲི་ནན། རྒན་སྲི་གཞོན་སྲི་ནན། ཁ་མཆུ་ཁ་སྨྲས་ནན། གྲི་ཁ་མཚོན་ཁ་ནན། གྲི་སྲི་ཐམས་ཅད་སཏྭམྦྷ་ཡ་རཀྴ་ནན། ཅེས་བསྒྲུབ་བོ། །གྲི་ལྕགས་རྙེད་ན་བཅུ་གསུམ། མ་རྙེད་ན་ལྕགས་སྣ་གཅིག་མེད་ཐབས་མེད་དོ། །དེ་ལིང་ག་དྲིལ་བའི་གཞུག་ཏུ་བཅུག་ནས་མནན་ནོ། །དེའི་མནན་ས་ནི་གོང་དུ་བཤད་པའི་ཐག་ཉེ་རིང་ས་དམིགས་དང་བསྟུན་ལ་བྱ་བ་གཅེས་སོ། །


RTZ042_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གྲི་སྲི་མནན་པའི་རིམ་པ་ཡིན་ནོ།། ༈ །།ད་ནི་གྲི་ཁ་དགྲ་ལ་བསྒྱུར་བ་ནི། གོང་གི་ཁྲུས་བྱས་པའི་ཆུ་དེ་དང་། ཁམ་ས་སྤྱིན་པོ་གཉིས་བརྫིས་ལ། ལྕགས་སྣ་རྙེད་ན་རྙེད་ཚད་བཏང་། ཁམ་སའི་རྟ་པ་བཅོ་བརྒྱད་གོ་ཆ་ཅན་བཅོས་ལ། ནང་དུ་གྲི་ཤ་གྲི་ཁྲག་གིས་བྲིས་པ་དྲེགས་པ་བཅོ་བརྒྱད་ཀྱི་སྲོག་དང་། སྲོག་གི་སྙིང་པོའི་ཤམ་བུ་ལ། གྲི་ཁ་མཚོན་ཁ། ཕ་མེས་ཀྱི་ཟ་འདྲེ། ཕུང་སྲི་གྲི་སྲི་ཐམས་ཅད་དགྲ་ལ་སྒྱུར། བྱ་བ་རེ་རེ་བཞིན་བྲིས་ལ་འདྲ་འབག་ཏུ་བཅུག །གོ་མཚོན་རྒྱས་པར་བཀོན། གོང་གི་གྲིས་གཏུབས་པའི་བྱད་ཐག་གཏུབས་པ་དེ་ཀུན་གྱིས་ལེགས་པར་བསྡམས་ཏེ། སྒྲུབ་པ་ཞག་ཅི་ཙམ་ལྕོགས་པ་ཞིག་བྱ། དེའི་སྔགས་ནི་འདིའོ། །ཏེ་ཕུར་ཤག་བྷྱོ་ཟློག །ཏེ་ཕུར་ཙན་ཏྲ་ཙན་ཏྲ་བྷྱོ་ཟློག་གཅིག་ན་ཙཀྲ་ཙཀྲ་ཟེར་བའང་འདུག །ཏེ་ཕུར་ཡ་མ་ར་ཙཀྲ་བྷྱོ་ཟློག །ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ གྲི་ཁ་དགྲ་ལ་སྒྱུར་བྷྱོ་ཟློག །ཅེས་བཟླས་སོ། །དུག་སྣ་དང་ཁྲག་སྣས་ཡས་རྣམས་ལ་བྲབ་ཅིང་ཐུན་གྱིས་བརྡེག་གོ །ཡས་རྣམས་དགྲའི་ཡུལ་མཐོང་བའི་རིའི་རྩེ་མོར་བསྐྱལ་ལོ། །དེ་ནི་གྲི་ཁ་དགྲ་ལ་སྒྱུར་བའི་མན་ངག་གོ། ༈ །།ད་ནི་དགྲ་ཤ་འཇལ་དགོས་པ་ལྟ་བུ་ཡོད་


RTZ042_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ན། རང་གི་མཚོན་ཆ་ལ་ངར་གདགས་པའི་མན་ངག་ནི། གོང་དུ་བསགས་པའི་དུག་སྣ་དང་། ཁྲག་སྣ་ལ་སོགས་པ་དང་། ཁྱད་པར་དུ་གྲེ་གུ་སེར་ཐིག་དང་། གྲི་ཁྲག་ལ་དྲག་སྔགས་འདི་བཟླས་ཤིང་བསྒྲུབ་པར་བྱའོ། །རང་གཞན་ཐམས་ཅད་ཀྱི་མཚོན་རྩེ་ལ་ངར་བླུད་ཅིང་བྱུགས་ལ། ཐམས་ཅད་ལ་ཕོག་པས་ཕིག་པར་འགྱུར་རོ། །ཨོཾ་བཛྲ་ཏི་ཏ་ཨོཾ་ཀ་ག་ཙ་རྦུད་སྙིང་ཁྲག་རྦུད། སྙིང་ལ་རྦུད་མཱ་ར་ཡ་ཁས་ཁས་རྦུད། ཐུམས་ཐུམས་ནི་ཤ་ཐུམས། མཱ་ར་ཡ་ཐུམས། ཞེས་སྒྲུབ་པ་བྱས་ལ་མདུང་རྩེ་མདའ་རྩེ་གྲི་རྩེ་ཐམས་ཅད་ལ་ངར་བླུད་ཅིང་འགོམ་ཡུག་མ་སོང་བར་བྱ། ཡང་ན་གཡུལ་ངོ་ལྟ་བུ་ཡིན་ན། མདའ་བཅོ་བརྒྱད་འཕེན་པ་བྱས་ལ། ངར་བླུད་ལ་དམག་དཔོན་གྱིས་འཁྲུགས་པའི་སྔོན་ལ་འཕང་ངོ་། །དེས་ནི་གཡུལ་ལས་རྒྱལ་བར་འགྱུར་རོ།། ༈ །།ད་ནི་དགྲ་ཟླའི་ནུས་པ་བསད་ཅིང་། རང་གི་ནུས་པ་སྤར་བ་ནི། རང་ཡི་དམ་དུ་གསལ་བའི་མདུན་དུ། ཨེ་གྲུ་གསུམ་པའི་ནང་དུ་གང་ལ་དམིགས་པའི་ལིང་ག་དང་ཡུལ་ལྷ་འགོ་བའི་ལྷ་ལྔའི་གཟུགས་བྲིས་ལ། དགུག་གཞུག་བྱ། ཁོའི་ནུས་པ་དང་བྱིན་རླབས་དང་སྲུང་བ་རང་ལ་བསྡུས་ལ། སྒྲིབ་གཡོགས་དང་བདུད་བྱུར་ཐམས་ཅད་གནོད་བྱེད་ལ་བསྡུས་ལ། དེས་བསྲེགས་བཅད་གཏོར་ལ་མེད་པར་བསམ་


RTZ042_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དྲག་སྔགས་འདི་ཡིས་ལིང་ག་བྲབ། ཨེ་ཀ་ཧེ་དུན་ཡ་མ་སརྦ་ཏྲིག་ནན། དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་ནན། ཞེས་ཁོའི་ལྷ་དང་སྲུབ་སྐྱོབ་བྱེད་པ་དང་བཅས་མནན་པ་ནི། དགྲ་ཟླའི་ནུས་པ་གསད་པའོ། །རང་གི་ནུས་པ་སྤར་བ་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཀཾ་ཧཾ་མ་མ་རཀྵ་ཧཱུྃ། ཨ་རི་ཀ་ཤ་ཎི་མཱ་ར་ཡ་ར་བིརྱ་རཀྵ་ཏྲ་རྒྱང་གིར་རཀྵ། ཞེས་བཟླས་ཤིང་བསྒྲུབས་པས། རང་གི་སྟོབས་དང་ནུས་པ་མེ་འབར་བ་བཞིན་འོང་ངོ་། །དེ་ནི་དགྲའི་ནུས་པ་བསད་པ་དང་། རང་གི་ནུས་པ་བསྐྱེད་པ་ཡིན།། ༈ །།དགྲ་བོ་མནན་པའི་ས་དམིགས་བསྟན་པ་ནི། དགྲ་བོ་ཤིང་ཁམས་ཡིན་གྱུར་ན། །ལིང་ག་ཐུན་རྫས་ཐམས་ཅད་ནི། །ལྕགས་ཀྱི་གྭ་འུ་ནག་པོར་སྦ། །ཡང་ན་ལྕགས་ཕྱེ་གདབ། ཡང་ན་སའམ་ནག་པོའི་བྲག་ལ་སྦའོ། །མེ་ཁམས་ཡིན་ན། ཆུ་མིག་གཉན་པོར་སྦ། ལྕགས་ཁམས་ཡིན་ན་བྲག་དམར་མེ་ལྕེ་འདྲ་བར་མནན། ཆུ་ཁམས་པ་ཡིན་ན། ལྷ་ཁང་ཐེམ་འོག་གམ། ལམ་སུམ་མདོར་མནན། ས་སེར་པོར་སྦའོ། །ས་ཁམས་ཡིན་ན་ལིང་ག་ཐུན་རྫས་ཐམས་ཅད། ཤིང་གི་གྭའུ་ལྗང་གུར་སྦའོ། །དེ་ནི་དུག་ཤིང་དག་ལ་བྱ་བར་བཤད་དོ། །ཤིང་གཉན་རྐང་གཅིག་གི་འོག་ཏུ་མནན་ནོ། །དེས་ནི་དགྲ་བོའི་སྟོབས་དང་ནུས་པ་བསད་པའི་ཕྱིར་ལིང་གའི་ས་མིག་བསྟན་པ་


RTZ042_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གོང་དུ་བཤད་པའི་དྲག་སྔགས་ཀི་ཀཾ་ཏ་ནི་འདིའོ། །ཀི་ཀཾ་ཏ་ཡ་ཀཾ་ཏ་ཡ། ཁ་ཁ་ཁཱ་ཧི་ཁཱ་ཧི། ག་གརྫ་ཡ་ག་གརྫ་ཡ། ཙ་ཙ་ཏ་ཡ་ཙ་ཙ་ཏ་ཡ། ཚ་ཚ་དྷ་ཡ་ཚ་ཚ་དྷ་ཡ། ཛ་ཛཾ་བཱ་ཡ་ཛ་ཛཾ་བཱ་ཡ། ཊ་ཊ་ལཱ་ཡ་ཊ་ཊ་ལཱ་ཡ། ཐ་ཐ་ཀཱ་ཡ་ཐ་ཐ་ཀཱ་ཡ། ད་ད་རཱ་ཡ་ད་རཱ་ཡ། ཊ་ཊ་མཱ་ཡ་ཊ་མཱ་ཡ། དྷ་དྷ་ཀཱ་ཡ་དྷ་ཀ་ཡ། ཎ་ཎ་ཤ་ཡ་ཎ་ཤ་ཡ། ཏ་ཏཾ་པཱ་ཡ་ཏཾ་པཱ་ཡ། ཐ་ཐ་བཱ་ཡ་ཐ་བཱ་ཡ། ད་ད་ར་ཡ་ད་ར་ཡ། དྷ་དྷ་ར་ཡ་དྷ་ར་ཡ། ན་ནཱ་ཤ་ཡ་ནཱ་ཤ་ཡ། པ་པ་ཏ་ཡཱ་པ་ཏ་ཡཱ། ཕ་ཕཱ་ཏ་ཡ་ཕཱ་ཏ་ཡ། བ་བཱ་ཏཱ་ཡ་བཱ་ཏཱ་ཡ། བྷ་བྷེ་ཏ་ཡ་བྷེ་ཏ་ཡ། མ་མཱ་ར་ཡ་མཱ་ར་ཡ། ཡ་ཡོ་དྷ་ཡ་ཡོ་དྷ་ཡ། ར་རོ་དྷ་ཡ་རོ་དྷ་ཡ། ལ་ལཾ་བ་ཡ་ལཾ་བ་ཡ། ཝ་ཝཾ་པ་ཡ་ཝཾ་པ་ཡ། ཥ་ཥོ་ཥཱ་ཡ་ཥོ་ཥཱ་ཡ། ཤ་ཤ་ནཱ་ཡ་ཤ་ནཱ་ཡ། ས་ས་དྷཱ་ཡ་ས་དྷཱ་ཡ། ཧ་ཧ་ན་ཡ་ཧ་ན་ཡ། ཀྵ་ཀྵཾ་པ་ཡ་ཀྵཾ་པ་ཡ། ཨ་མུ་ཀ་ཤ་མ་ཀྲི་ཏྲི། ཤཾ་ཏ་ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། ཝ་ཤཾ་ཀུ་རུ། མཱ་ར་ཡ་ཀུ་རུ། ཀྵ་བྷཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པ་ལ་ཤམ་བུ་འདོགས་པར་བྱེད་པ་ཡིན། ཅེས་པ་འདི་ནི་ཡི་དམ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་གསུངས་པའི་གྲི་སྲི་གཅོད་པའི་གདམས་ངག་ཟབ་མོ་ཐུན་མོང་མ་ཡིན་པ་འདི་སློབ་དཔོན་ཡེ་ཤེས་རྒྱལ་པོས་ཡང་ནས་ཡང་དུ་ཞུ་བ་ཕུལ་བའི་ངོར། བདག་ནམ་མཁའ་རྒྱལ་མཚན་གྱིས་ལྷོ་བྲག་ནམ་


RTZ042_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཡི་གེར་བཀོད་པའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །འདི་བྲིས་དགེ་བས་ཕ་མ་སེམས་ཅན་རྣམས། །དུས་འཁྲུགས་མཚོན་གྱི་བསྐལ་པ་མེད་པ་དང་། །སྟོང་དང་སྙིང་རྗེ་དབྱེར་མེད་རྟོགས་གྱུར་ནས། །ལས་ཀྱི་རྡོ་རྗེའི་གོ་འཕང་མྱུར་ཐོབ་ཤོག། །།


previousགྲུབ་ཆེན་རིན་པོ་ཆེས་མཛད་པའི་གྲི་སྲི་གཅོད་པའི་གདམས་ངག །ལས་ཀྱི་རྡོ་རྗེ།next