Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
དཀར་ཆག
   


 
previousདཀར་ཆག next

དཀར་ཆག


RTZ063_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་བཀའ་བབ་ཆོས་མཛོད་ཆེན་པོ་བདུན་དུ་བཞུགས་པ་ལས། ཟབ་མོ་ས་ཡི་གཏེར་ལ་ཡང་གཏེར་ཁ་སོ་བརྒྱད་དུ་བཞུགས་པའི་གཏེར་ཁ་དགུ་པ་འཛོམས་ནང་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་སྡེ་གསུམ་ཀློང་དགུའི་མན་ངག ལོ་ཆེན་བཻ་ཙཱ་ནའི་སྙིང་ཐིག རྫོགས་ཆེན་སྡེ་གསུམ་སྐོར་ལས། གཏེར་གཞུང་མདོ་བྱང་རབ་ཏུ་གསལ་བ་ལྡེབ། ༨ ལོ་རྒྱུས་སྙིང་གི་ཏི་ཀ་ལྡེབ། ༧ ཤྲཱི་སིཾ་ཧའི་མན་ངག་གནད་གདམས་ལྡེབ། ༡ ཤྲཱི་སེང་བླ་སྒྲུབ་ལྡེབ། ༡ རིག་འཛིན་བླ་མའི་ཟབ་དབང་ལྡེབ། ༩ ཕྱི་སྐོར་བླ་མའི་སྒྲུབ་ཐབས་ལྡེབ། ༢ བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ལྡེབ། ༧ བླ་མའི་སྒྲུབ་དབང་ལྡེབ། ༢ ཤཱི་སིཾ་ཧཱའི་གླུ་ལྡེབ། ༡ ཕྱི་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་ལྡེབ། ༢ ཕྱི་སྐོར་ཡི་དམ་སྒྲུབ་པ་དང་། ཡི་དམ་ཞི་བའི་དབང་བསྐུར་ལྡེབ། ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ལྡེབ། ༤ ཕྱི་


RTZ063_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་དངོས་གཞིའི་ཁྲིད་རིམ་དང་བསྡུས་དོན་ལྡེབ། ༤ བཅས། ནང་སྐོར་རིག་འཛིན་བླ་མའི་སྒྲུབས་ཐབས་ལྡེབ། ༢ ནང་སྐོར་ཁྲིད་ཀྱི་བྱིན་རླབས་དང་ཁྲིད་ཀྱི་དངོས་གཞི། ཁྲིད་ཀྱི་རྗེས་འབྲེལ་བཅས་ལྡེབ། ༥ བོད་ཀྱི་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་ལྡེབ། ༣ མན་རག་གདམས་པམ་བུ་ལྡེབ། ༢ ནང་སྐོར་ཡི་དམ་ཞི་སྒྲུབ་དང་། ཞི་བའི་དབང་བསྐུར་ལྡེབ། ༣ ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་དང་སྔགས་བྱང་ལ་ལྡེབ། ༥ རྩ་བ་མངོན་རྫོགས་དང་ཡན་ལག་དགུ་བསྒྲིལ་དབང་ལྡེབ། ༢༠ ནང་སྐོར་ཡི་དམ་ཁྲོ་བོའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ལྡེབ། ༧ མངོན་རྟོགས་ལྡེབ། ༡ མི་དམ་ཁྲོ་བོའི་བདག་འཇུག་ངག་འདོན་ལྡེབ། ༢ སྨན་སྒྲུབ་ངག་འདོན་ལྡེབ། ༡ མྱོང་གྲོལ་རྫས་ཀྱི་སྒྲུབ་པ་ལྡེབ། ༡ དངོས་གྲུབ་ལེན་པ་ལྡེབ། ༡ སྨན་གྱི་ཚེ་ལུང་ལྡེབ། ༢ ནང་སྐོར་མཁའ་འགྲོའི་སྒྲུབ་ཐབས་ལྡེབ། ༧ བཅས་


RTZ063_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྐོར་བླ་མའི་སྒྲུབ་ཐབས་ལྡེབ། ༤ རིག་འཛིན་ཡོངས་རྫོགས་དབང་ཆོག་ལྡེབ། ༨ གསང་སྐོར་ཁྲིད་ཀྱི་བྱིན་བརླབས་ལྡེབ། ༢ གསང་སྐོར་ཁྲིད་ཀྱི་རིམ་པ་དང་ཁྲིད་ཀྱི་རྗེས་འབྲེལ་ལྡེབ། ༣ གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་ཀླུ་ལྡེབ། ༣ ཡི་དམ་ཞི་སྒྲུབ་ལྡེབ། ༡ ཡི་དམ་ཞི་བའི་སྒྲུབ་ཐབས་དྲག་པོ་གནས་འགྱུར་ལྡེབ། ༢ དབང་བསྐུར་ལྡེབ། ༥ གསང་སྐོར་ཡི་དམ་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ལྡེབ། ༩ སྨན་མཆོག་ལྡེབ། ༡ བཟླས་དམིགས་ངག་འདོནན་ལྡེབ། ༡ བརྒྱུད་འདེབས་ལྡེབ། ༡ ཁྲོ་བོའི་དབང་ཆོག་ལྡེབ། ༡༠ བཀའ་སྲུང་ཡེ་ཤེས་པའི་སྒྲུབ་ཐབས་ལྡེབ། ༤ བཀའ་སྲུང་དྲེགས་པ་ཕོ་མོའི་སྒྲུབ་ཐབས་ལྡེབ། གཏེར་སྲུང་ངག་འདོན་ལྡེབ། ༡ ཕྲིན་ལས་གསལ་བྱེད་བྱང་བུའི་སྐོར་ལྡེབ། ༧ གཤིན་པོ་རྗེས་


RTZ063_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལྡེབ། ༢ པདྨ་ཤེལ་ཕུག་གི་དཀར་ཆགས་ལྡེབ། ༣ སྦྱིན་སྲེག་ངག་འདོན་ལྡེབ། ༡ རབ་གནས་ལྡེབ། ༡ ཁ་བྱང་ལྡེབ། ༡ ལུང་བསྟན་གཅེས་པའི་ལྡེའུ་མིག་ལྡེབ། ༣ བཅས་སོ། ཆོག་ཁྲིགས་སྐོར་ལ། གུ་ཎའི་གསུང་བརྒྱུད་འདེབས་ལྡེབ། ༢ མཁན་རཏྣའི་གསུང་བརྒྱུད་འདེབས་ལྡེབ། ༡ མཁན་རཏྣ་དང་མཆོག་སྤྲུལ་གསུང་དབང་ཟིན་ལྡེབ། ༨ རིག་འཛིན་དགོངས་ཉམས་ཀྱི་གླུ་ལྡེབ། ༧ བུམ་དབང་དག་བརྗོད་ལྡེབ། ༡ སྦུབས་མཆུ་ལྡེབ། ༡ བཅས་བཀའ་མ་ལས་ཟུང་གྱུར་དང་། མཁན་རཏྣའི་གསུང་སྐོར། ནང་སྐོར་རིག་འཛིན་བཅོ་ལྔའི་བསྐྱེད་རིམ་བྱང་བུ་ལྡེབ། ༡ ཡང་བསྐྱེད་རིམ་དང་དབང་ཆོག་ལྡེབ། ༤ སྟོན་པ་བཅུ་གཉིས་དབང་བསྐུར་ཟུར་རྒྱན་ལྡེབ། ༡ སྟོན་པ་བཅུ་གཉིས་འདས་རྗེས་ལྟ་བ་ཀློང་ཡངས་ལས་ཁོལ་ཕྱུང་ལྡེབ། ༡༩


RTZ063_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་གསུམ་དབང་གི་ཟིན་བྲིས་འོད་གསལ་གིས་པོའི་མཛེས་རྒྱན་མཁྱེན་སྤྲུལ་དྷརྨ་མ་ཏིའི་གསུང་ལ་སླར་ཡང་མངྷ་ལ་ཤྲཱི་བྷཱུ་ཏིའི་གསར་ཆ་ཅན་ལྡེབ། ༡༤༢ སྡེ་གསུམ་ཛ་པྲ་བསྐུལ་ལྡེབ། ༡ སྟོན་པ་བཅུ་གཉིས་དབང་བསྐུར་ཟུར་རྒྱན་ལྡེབ། ༡ སྡེ་གསུམ་སྤྱི་བསྐང་ལྡེབ། ༤ ཡང་སྡེ་གསུམ་བསྐང་བཤགས་ཡེ་ཤེས་རོལ་མོ་ལྡེབ། ༢ བཅས། དེལ་མཁྱེན་རིན་པོ་ཆེ་མངྒལ་ཤྲཱི་གྷུ་ཏིའི་གསུང་། བསང་ཆུ་དང་བགེགས་གཏོར་བསྔོ་བ་བློ་གྲོས་རྒྱ་ཕྱུང་བ་ལྡེབ། ༡ ཀློང་སྡེའི་ཚུགས་ཤིང་ལ་བྲི་རྒྱུ་ལྡེབ། ༡ ནང་སྐོར་ཁྲོ་བོའི་ཛ་པྲ་དམིགས་འབྲིང་པོ་བདེ་ཆེན་འབར་བའི་ཐིག་ལེ་ལྡེབ། ༣ ཛ་པྲ་དམིགས་བསྡུས་པ་མཆོག་གི་ཐིག་ལེ་ལྡེབ། ༡ ཐུགས་སྲོག་དཔེའུ་རིས་ལྡེབ། ༡ ནང་སྐོར་ཁྲོ་བོའི་ཛ་པྲ་དམིགས་ལྡེབ། ༡ གསང་སྐོར་བླ་མའི་བསྐྱེད་རིམ་བསྡུས་པ་ལྡེབ། བཅས་མཁན་


RTZ063_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣའི་གསུང་སྐོར། གསང་སྐོར་བླ་མའི་སྔགས་བྱང་ལྡེབ། ༡ གསང་སྐོར་ཁྲོ་བོའི་དབང་བསྐུར་ཡེ་ཤེས་ཀློང་ཡངས་གུ་ཎའི་གསུང་ལྡེབ། ༡༧ སེམས་སྡེའི་རིག་འཛིན་ཉེར་བརྒྱད་རྩ་འཁོར་ལ་སྒོམ་ཚུལ་དཔེའུ་རིས་ལྡེབ། ༡ ནང་སྐོར་ཁོར་བོའི་བློས་བསླངས་དཔེའུ་རིས་ལྡེབ། ༢ ཕྱི་སྐོར་བླ་མའི་བློས་བསླངས་དཔེའུ་རིས་ལྡེབ། ༡ ནང་སྐོར་ཁྲོ་བོའི་དཀྱིལ་འཁོར་བསྡུས་པའི་ལྷ་གནས་བསྐོད་ཚུལ་དཔེ་ཐོ་ལྡེབ། ༣ ཀློང་སྡེའི་མཁའ་འགྲོའི་རྟེན་ནང་དཀྱིལ་ལུས་ལ་བཀོད་པའི་ཙ་ཀྲའི་དཔེའུ་རིས་ལྡེབ། ༣ ཕྱི་སྐོར་བླ་མའི་ལུས་དཀྱིལ་ལྷའི་གསལ་བྱེད་དང་། ནང་སྐོར་ལྷ་ཁྲིད་ཟུར་རྒྱན་རིན་ཆེན་ཕྲ་ཚོམ། ནང་སྐོར་མཁའ་འགྲོའི་རེག་ཟེག་རང་ཞལ་བལྟ་བའི་དྭངས་ཤེས་བཅས་ལ་ལྡེབ། ༩ སེམས་སྡེའི་ཉམས་ལེན་ཨ་དོན་རབ་གསལ། ཀློང་སྡེ་བརྡ་བཞིའི་ཉམས་ལེན་བདེ་གསལ་མི་རྟོག་རབ་འབར། མན་ངག་སྡེའི་ཉམས་ལེན་སྙིང་པོ་


RTZ063_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲོན་མ་རབ་གསལ། བོགས་འདོན་ཉམས་དབྱངས་བྱིན་རླབས་ཆར་འབེབས། བླ་མ་ཆོས་སྐུའི་དོན་ཁྲིད་སྙིང་པོ་སངས་རྒྱས་མཛུབ་ཚུག ཤྲཱི་སིང་ཞལ་གདམས་ཀྱི་དྲིལ་ལན་བཅས་ལ་ལྡེབ། ༡༡ དཀར་སྲུང་ཡེ་ཤེས་པའི་གསོལ་མཆོད་ཕྲིན་ལས་ཀུན་ཁྱབ་བཀྲ་ཤིས་ཆར་འབེབས་ལྡེབ། ༨ དབང་བསྐུར་ལྡེབ། ༦ སྲུང་མའི་བཀའ་གཏད་ལྡེབ། ༧ གཏེར་སྲུང་བཀའ་གཏད་ལྡེབ། ༤ སྲུང་མའི་ཟུར་རྒྱན་ལྡེབ། ༡ བཅས་མཁན་རཏྣའི་གསུང་། གཏེད་སྲུང་གཏོར་འབུལ་རྒྱུན་ཁྱེར་གུ་ཎའི་གསུང་ལྡེབ། ༢ གཏོར་དཔེ་ལྡེབ། ༡ སྨོན་ལམ་ལྡེབ། ༡ བཅས་སོ། བསྡོམས་ལྡེབ། བཞུགས།


previousདཀར་ཆག next