Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
གུ་རུ་དྷརྨཱ་ཛའི་རྣལ་འབྱོར་གྱི་ཉམས་དབྱངས་མཆོད་སྤྲིན་རམ་འབྱམས་ཀྱི་གླུ།
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousགུ་རུ་དྷརྨཱ་ཛའི་རྣལ་འབྱོར་གྱི་ཉམས་དབྱངས་མཆོད་སྤྲིན་རམ་འབྱམས་ཀྱི་གླུ། next

གུ་རུ་དྷརྨཱ་ཛའི་རྣལ་འབྱོར་གྱི་ཉམས་དབྱངས་མཆོད་སྤྲིན་རམ་འབྱམས་ཀྱི་གླུ།


SPN001_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷརྨཱ་ཛའི་རྣལ་འབྱོར་གྱི་ཉམས་དབྱངས་མཆོད་སྤྲིན་རམ་འབྱམས་ཀྱི་གླུ་ཞེས་བ་བཞུགས་སོ། ཆོས་དབྱངས་ཀྱི་ནམ་མཁལ་མཐའ་དབུས་བརྡལ། བླ་མ་ལ་གསོལ་བ་འདེབས་སོ། བདག་འདྲ་ཡི་དམུ་རྒོད་སེམས་ཅན། ལས་ངན་གྱི་གཡངས་བརྒལ་ནས། ཅེས་ཚིག་གཉིས་ནང་འབྲུ་རེ་དབྱནགས་ཀྱི་སྐབས་མ་སྣན་པའོ། ཁྱོད་ཀྱི་ཞིང་ཁམས་བདེ་ལྡན་པད་མོ་བཀོད་པར་སྐྱེས་ནས། བླ་མ་རྒྱངས་འབོད་བྱིན་རླབས་འོད་ཀྱི་སྒྲ་དབྱངས་ཞེས་ཞེས་བྱ་བ་སུམ་འདབས་དང་། དེའི་གདངས་ཁྱོད་ཀྱི་ཞིམགས་ཁམས་མན་ལྷུ་ཐུང་དུ་བཏང་ངོ་།


SPN001_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ནམ་མཁའ་ལས་སུ་མཚན་ལྡན་ཕྱིར་ཐོག་མ་ཐ་མ་མེད་པའི་ཕྱིར། །དབང་གི་གསོལ་བ་གདབ་པ་ཐུགས་རྗེ་བསྐུལ་པའི་དབྱང་ཏ་མྱུ་རའི་སྒྲ་ལྡན། ཀྭ་ཡེ། དཔལ་ཧེ་རུ་ཀ་དངོས་བླ་མ་ཡི། དཀྱིལ་འཁོར་མཆོག་དགྱེས་པ་བསྐྱེད་པའི་ཕྱིར། །རྡོ་རྗེ་ཡི་གླུ་དབྱངས་ན་དྭའི་སྒྲ། །རྟོགས་ལྡན་པ་མངྒའི་མིང་ཅན་དེའི། །མོས་གུས་ཀྱི་རྟོགས་པའི་ཡེ་ཤེས་ཁམས། །འབར་ཕྱིར་དུ་ཐོལ་བྱུང་སྨྲ་བ་པོ། །པདྨ་ཡི་ཉིན་མོར་བྱེད་ཅེས་བགྱིས། །དབྱངས་མཆོད་པར་འབུལ་ལོ་དཀོན་མཆོག་གསུམ། །ཆོས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །


SPN001_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འབོད་དབྱངས་བདེ་ཆེན་རབ་འབར་དཔའ་བོའི་རྒྱངས་གླུ་བྱའོ། །ཨ་ཧོཿརང་སེམས་འཁྲུལ་བ་རྒྱ་འབྱམས་ཀྱི་ངང་ནས། སྐབས་ཤིག་སྣང་བའི་ཆ་ལས་འབྲོས་བའི། གསོལ་བ་སྙིང་གི་དཀྱིལ་ནས་འདེབས་སོ་བྱིན་རླབས་ཐུགས་ཀྱི་ཀློང་ནས་དྲོངས་ཤིགརྣལ་འབྱོར་རྡོ་རྗེའི་ཉམས་སྐྱོང་བའི་ཕྱིར་དུ། །གང་ཤར་བརྗོད་བྲལ་གྱི་དབྱངས་ཆུང་འདི། །རྟོགས་ལྡན་དབང་འཛིན་ཡེ་ཤེས་བསྐྱེད་པའི་ཕྱིར་དུའོ། །སརྦ་མངྒ་ལམ། །


previousགུ་རུ་དྷརྨཱ་ཛའི་རྣལ་འབྱོར་གྱི་ཉམས་དབྱངས་མཆོད་སྤྲིན་རམ་འབྱམས་ཀྱི་གླུ། next