Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
བཅོམ་ལྡན་རྡོ་རྗེ་ཕག་མོའི་མངོན་དཀྱིལ་གསང་ཆེན་མྱུར་ལམ།
   
   
   
   


 
previousབཅོམ་ལྡན་རྡོ་རྗེ་ཕག་མོའི་མངོན་དཀྱིལ་གསང་ཆེན་མྱུར་ལམ། next

བཅོམ་ལྡན་རྡོ་རྗེ་ཕག་མོའི་མངོན་དཀྱིལ་གསང་ཆེན་མྱུར་ལམ།


SPN001_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་རྡོ་རྗེ་ཕག་མོའི་མངོན་དཀྱིལ་གསང་ཆེན་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །


SPN001_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷཱ་ར་ཡ། འདིར་པཎ་ཆེན་ནཱ་རོའི་བརྒྱུད་འཛིན་ཚེས་བཅུ་སོགས་དུས་བཟང་གི་མཆོད་པ་ལ་སྤྲོ་བའི་སྐལ་ལྡན་དམ་ཚིག་ཅན་མཆོག་དངོས་གྲུབ་པའི་གོ་འཕང་ཐོབ་འདོད་དག་གིས། དབེན་པའི་གནས་སུ་སྟེགས་ཀྱི་ཁར་དཀྱིལ་འཁོར་རས་བྲིས་བཀྲམ་ཞིང་། དབང་རྫས་རྣམས་དང་ནང་མཆོད། གཞན་ཡང་མཆོད་པ་དང་གཏོར་མ་ལ་སོགས་པ་གང་འབྱོར་དང་། ཁྱད་པར་ཐབས་ཤེས་ཚོགས་ཀྱི་ཡོ་བྱད་སྣ་ཚོགས་པ་གཙང་ཞིང་བཟང་བ་ལག་ལེན་མཐོང་རྒྱུན་ལྟར་དང་། ཌཱ་དྲིལ་སོགས་འདུ་བགྱིད་ལ། ཞལ་ནུབ་ཏུ་ཕྱོགས་བཞིན། དང་པོ། རང་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ། །རྒྱན་དང་ཆ་ལུགས་ཡོངས་རྫོགས་གསལ་བར་གྱུར། །དེ་ནས་ནང་མཆོད་བྱིན་རླབས་བསངས་སྦྱངས་ནི། ༀ་ཨཱཿབིགྷྣཱནྟ་ཀྲི་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་


SPN001_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུ་དྡྷོ྅ཧཾ། སྟོང་པར་གྱུར་པའི་ངང་ལས་ཡྃ་རྃ་ཀྃ། །རླུང་མེ་ཐོད་སྒྱེད་དེ་སྟེང་ཨ་ལས་ཐོད། །ཤ་ལྔ་བདུད་རྩི་ལྔས་གང་ས་བོན་མཚན། །འོད་ཟེར་འཕྲོ་འདུས་ཡེ་ཤེས་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབས། དེ་ནས་སྔོན་འགྲོ་གཏོར་མའང་གོང་ལྟར་བྱིན་བརླབས་ནས། གཏོར་མགྲོན་སྤྱན་དྲངས་པ་ནི། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། པད་སྐོར་རྡོར་ཐལ་ཁ་ཕྱེ་བས། ༀ་བཛྲ་ཨཱ་ར་ལི་ཧོཿཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿལན་གསུམ་དང་། པད་སྐོར་རྡོར་ཐལ་ཁ་ཕྱེ་བས། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤ་ཙ་ཨུནྨ་ད་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་


SPN001_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་གྲྀ་ཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐཻ་བཾ་ཡ་ཐཻཥྚཾཿབྷཱུཉྫ་ཐ་ཛི་གྷ་ཐ་པི་བ་ཐ་མ་ཏི་པྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སཏ་སུ་ཁཾ་བི་ཤུདྡྷ་ཡེ། སཱ་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་བཞི་བརྗོད། ཞིང་སྐྱོང་བརྒྱད་དང་མཁའ་འགྲོ་སོ་གཉིས་སོགས། །འཁོར་བཅས་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པར་མཛོད། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་ཕྱིར་དེངས་ཤིག །གཏོར་མ་ཕྱི་རོལ་ཕུལ། ༀ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀཧྞཱ་གྲྀཧྞཱ་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀཧྣཱ་པ་ཡ་གྲྀཧྣཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ༀ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཞེས་བགེགས་བསྐྲད་ལ། རྡོ་རྗེའི་སྲུང་འཁོར་ཕྱོགས་བཅུར་འབར་བ་དང་། །སྒོ་མཚམས་ལྷ་མོ་རྣམས་ཀྱིས་བར་ཆད་བཟློག །ༀ་བཛྲ་ཝཱ་རཱ་ཧཱི་ཧྲིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། གནོད་བྱེད་སརྦ་དུཥྚཱན་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མཚམས་བཅད། མཆོད་པ་བྱིན་རླབས་ནི། ༀ་ཨཱཿབིགྷྣན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ། །ཡངས་པའི་སྣོད་རྣམས་ནང་དུ་ཧཱུྃ་ཡིག་ཚོགས། །འོད་ཞུ་ཀུན་བཟང་རྣམ་ཐར་ལས་ལྷག་པའི། །མཆོད་སྤྲིན་རྒྱ་མཚོ་ནམ་མཁའི་མཐའ་ཀླས་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། ༀ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བི་དྱེ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། སྐྱབས་སེམས་ནི། ན་མོ། བདག་


SPN001_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མཁའ་མཉམ་སེམས་ཅན་རྣམས། །དཀོན་མཆོག་གསུམ་དང་རྩ་གསུམ་ལྷར། །སྐྱབས་སུ་མཆིའོ་འགྲོ་བའི་དོན། །བྱང་ཆུབ་བར་དུ་སེམས་བསྐྱེད་དོ། །གསུམ་མམ་བདུན་ནམ་ཉེར་གཅིག་བརྗོད། ཚོགས་ཞིང་ནི། རང་གི་ལྟེ་བའི་ཧྲཱིཿལས་འོད་འཕྲོས་པས། །རྣལ་འབྱོར་མ་དཔལ་འཁོར་བཅས་སྤྱན་དྲངས་གྱུར། །པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་གདན་འབུལ་དང་། གུ་རུ་དེ་ཝ་ཌཱ་ཀི་ནི་ན་མོ། ཞེས་ཕྱག་འཚལ། སརྦ་པཱུ་ཛ་པྲ་ཏཱིཙྪ་ཨཱཿཧཱུྃ། ཞེས་དང་། ༀ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་མཆོད་པ་ཕུལ། རྡོ་རྗེ་འཆང་ཆེན་དཔལ་ལྡན་འཁོར་ལོའི་མགོན། །རྩ་བ་བརྒྱུད་བཅས་ཡི་དམ་ལྷ་རབ་འབྱམས། །ཡེ་ཤེས་ཆོས་སྐྱོང་བཀའ་སྲུང་རྒྱ་མཚོ་ལ། །གསོལ་འདེབས་བདག་རྒྱུད་སྨིན་གྲོལ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ། ཚོགས་ཞིང་འོད་ཞུ་རང་ཐིམ་དབྱེར་མེད་གྱུར། དེ་ནས་བདག་བསྐྱེད་ཀྱི་རིམ་པ་ལ། ཚད་མེད་བསྒོམ་པ། འགྲོ་བ་སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །དགའ་དང་ལྡན་ཞིང་བཏང་སྙོམས་གནས་གྱུར་ཅིག །ༀ་སྭ་བྷཱ་ཝས་སྦྱངས། གཟུང་འཛིན་ཆོས་ཀུན་སྟོང་པའི་ངང་ཉིད་ལས། །ཨེ་ལས་ཆོས་འབྱུང་གྲུ་གསུམ་གཞལ་ཡས་ཁང་། །ཕྱི་དཀར་ནང་དམར་དབུས་སུ་གདན་པདྨ། །རོ་དང་ཉི་སྟེང་རང་རིག་བུམ་མདུན་སྐབས་ཡི་གེ་ཞེས་ཁ་བསྒྱུར་དགོས། ཧྲཱིཿདམར་


SPN001_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །འཕྲོ་འདུས་དོན་གཉིས་བྱས་ནས་རྣལ་འབྱོར་མ། །མདོག་དམར་འོད་ཀྱིས་སྟོང་གསུམ་ཀུན་ཁྱབ་གསལ། །ཆོས་སྐུ་ཉག་གཅིག་ཞལ་ལ་དུས་གསུམ་གཟིགས། །སྤྱན་གསུམ་བདུད་འཇོམས་ཁྲོ་གཉེར་ཞལ་ཨཾ་གཙིགས། །དབུ་སྐྲ་ཁམ་ནག་འབར་བར་རིགས་ལྔ་མཚོན། །ཐོད་སྐམ་དབུ་རྒྱན་ཐབས་ཤེས་ཕྱག་གཉིས་ཀྱིས། །གྲི་གུག་ཐོད་ཁྲག་རོལ་ཞིང་འགྱིང་བའི་ཚུལ། །ཐབས་ཀྱི་ཁ་ཊྭཱྃ་དཀུར་བརྟེན་བཅུ་དྲུག་གི། །ལང་ཚོ་སྒེག་པའི་དཀར་འཛིན་ཆུ་འཛིན་རྒྱས། །ཕྱིན་དྲུག་རང་བཞིན་རུས་པའི་ཕྱག་རྒྱ་ལྔ། །དྲིལ་གཡེར་རྒྱན་དང་འདུ་བྱེད་དག་པའི་བརྡར། །མགོ་རློན་དོ་ཤལ་མེ་ཏོག་དམར་པོའི་ཕྲེང་། །མཐའ་གཉིས་མི་གནས་གཡས་བསྐུམ་གཡོན་བརྐྱང་ཞབས། །དཔའ་མོ་རོལ་པའི་གར་སྟབས་དང་བཅས་བཞུགས། །གནས་བཞིར་ཧ་རི་ནི་སའི་ཡི་གེ་ལས། །མཁའ་འགྲོ་སྔོ་སེར་དམར་ལྗང་རྡོ་རྗེ་དང་། །རིན་ཆེན་པདྨ་རལ་གྲིས་མཚན་གྲི་གུག །ཐོད་པ་ཁ་ཊྭཱཾ་དཀུར་བརྟེན་རང་འདྲའི་འཁོར། །རིམ་བཞིན་སོ་གཉིས་བཅུ་དྲུག་བརྒྱད་དྲུག་ཅུ། །རྩ་བཞིས་བསྐོར་ཞིང་གཙོ་མོའི་གསང་གནས་སུ། །ཆོས་འབྱུང་བསྣོལ་དབུས་ཧྲཱིཿདང་མཁའ་འགྲོ་བཞི། །སོ་སོའི་ས་བོན་འོད་ཀྱིས་ཨོ་རྒྱན་ནས། །རྣལ་འབྱོར་མ་ཚོགས་མདུན་མཁར་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿདེ་རྣམས་སྐུ་ལས་སྐུ་འཕྲོས་གསུང་ལས་སྔགས། །ཐུགས་


SPN001_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་སེམས་རྒྱུན་བབས་གསང་གསུམ་བྱིན། །བདེ་སྟོང་ཏིང་འཛིན་ཡེ་ཤེས་རྒྱུད་ལ་སྨིན། །ལྷ་རྣམས་རང་རང་སྐུར་ཐིམ་གཉིས་མེད་ངང་། །རྣམ་སྣང་ཧེ་རུ་ཀ་ཡིས་རྒྱས་གདབ་གྱུར། །དེ་ནས་བསྙེན་དམིགས་དོན་ཀུན་གྲུབ་པའི་འཁོར་ལོ་ནི། གསང་བར་ཆོས་འབྱུང་པདྨ་འདབ་བཞིའི་དབུས། །ཧྲཱིཿམཐར་སྔགས་ཕྲེང་གཡོན་འཁོར་ཕྱོགས་འདབ་བཞིར། །ཧ་རི་ནི་སས་མཚན་པའི་འོད་སྤྲོ་བསྡུས། །འཕགས་མཆོད་འགྲོ་བའི་དོན་བྱས་རང་ཐིམ་གྱུར། །ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅི་ནུས་བཟླའོ། །མཐར་ཐུན་བསྡུ་རྫོགས་རིམ་ནི། ཕྱི་ནང་སྣོད་བཅུད་འཁོར་རྣམས་རང་ལ་འདུས། །དེ་ཡང་འོད་ཞུ་ཧྲཱིཿར་ཐིམ་ཐིག་ལེ་དང་། །ནཱ་ད་ལས་འདས་དོན་དམ་སྟོང་ཉིད་ངང་། །ཅི་གནས་སུ་བཞག །དེ་ནས། སླར་ཡང་རྣལ་འབྱོར་མ་རུ་ལམ་གྱིས་གསལ། །ཅེས་ཐུན་མཚམས་ལ་འཇུག །ལག་མཆོད་བྱ་བ་ནི། བདུད་རྩི་བསངས་བ་དང་། ལག་གཉིས་ཀྱང་བསངས་ལ། ༀ་ཨཱཿབིགྷྣཱན་སོགས་དང་། མཚན་ལྡན་རྡོ་རྗེ་ཀ་པཱ་ལར། །ཨ་མྲྀ་ཏ་བཞིས་བཀང་དབུས་དང་། ལག་གཡོན་མཐིལ་བཅས་སོ་སོ་ལ། །ༀ་སྭ་བྷཱ་ཝ་སོགས་བརྗོད་ལ་གཡོན་དུ་ཟླུམ་སྐོར་དང་། ༀ་ཨཱཿཧཱུྃ་གིས་ཆོས་འབྱུང་བྲི། དབུས་དང་ཕྱོགས་བཞིར། ཧྲཱིཿཧ་རི་ནི་ས་ཐིག་ལེ་ལྔ་བཀོད། ཆོས་འབྱུང་པད་འདབ་བཞི་ལྡན་དབུས། །ཡི་གེ་ལྔ་ཡི་འོད་སྤྲོ་བསྡུས། །དོན་གཉིས་བྱས་ཏེ་


SPN001_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལྔར་གྱུར། །སརྦ་པཱུ་ཛ་ཨཱཿཧཱུྃ། ཤྲཱི་བཛྲ་ཡོ་གི་ནི་ན་མོ། སླར་ཡང་འོད་འཕྲོས་དཔའ་བོ་རྣལ་འབྱོར་མ། །མདུན་མཁར་ཡེ་ཤེས་འཁོར་ལོ་སྤྱན་དྲངས་གྱུར། །བཛྲ་སརྦ་པཱུ་ཛ་ཧོ། ༀ་ན་མོ་ན་མ་ཧཱུྃ། ནམ་མཁའི་ལྷ་རྣམས་ལག་པའི་ལྷར་འདུས་ནས། །ཆང་ནང་ལྷར་ཐིམ་ཡེ་ཤེས་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་འཐོར་བཞིན། ༀ་བཛྲ་བཻ་རོ་ཙ་ནི་སོགས་བརྗོད། སྲུང་དང་བཟློག་པའི་མཁའ་འགྲོའི་དྲྭ་གུར་གཏམས། །རང་ལ་འཐོར་ཞིང་སྔགས་བརྗོད། ལུས་ཀྱི་བ་སྦུའི་གྲངས་མཉམ་མཁའ་འགྲོས་ཁེངས། །ཚོགས་དང་མཆོད་རྫས་ལ་འཐོར་སྔགས་བརྗོད། གནས་དང་ཡོ་བྱད་དག་པ་ཆེན་པོར་བསྒྱུར། །བཀའ་བརྒྱུད་བླ་མ་ཡི་དམ་ཆོས་སྐྱོང་དང་། འགྲོ་ཀུན་ལྷར་གསལ་ཞལ་དུ་ༀ་ཨཱཿཧཱུྃ། བདུད་རྩི་འབུལ་ཞིང་། ༀ་ཨཱཿཧཱུྃ། རང་གིས་ཀྱང་མྱོང་། དེ་ནས་བུམ་བསྐྱེད་ནི། བདུད་རྩི་འཐོར་ལ། ༀ་ཨཱཿབིགྷྣཱན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་བྷྲཱུྃ་ཡིག་ཡོངས་གྱུར་རིན་པོ་ཆེའི། །བུམ་བཟང་དམར་པོ་མཚན་ཉིད་ཡོངས་སུ་རྫོགས། །ལྷ་ཡི་དར་དང་ཙུ་ཏའི་ཡལ་གས་བརྒྱན། །ཉེར་ལྔའི་རྫས་གཏམས་བདུད་རྩིའི་ཆུས་གང་དབུས། །ཨེ་ལས་ཆོས་འབྱུང་གྲུ་གསུམ་སོགས་བདག་བསྐྱེད་ལྟར། གར་སྟབས་དང་བཅས་བཞུགས། །བར་དང་། ཕྱོགས་བཞིར་ཧ་རི་ནི་ས་ཡོངས་གྱུར་ལས། །རིགས་བཞི་


SPN001_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་རང་མདོག་གྲི་ཐོད་དང་། །ཁ་ཊྭཱཾ་དཀུར་བརྟེན་གཙོ་མོའི་གསང་གནས་ཧྲཱིཿ། འཁོར་བཞིའི་ས་བོན་འོད་འཕྲོས་ཨོ་རྒྱན་ནས། །དཔའ་བོ་རྣལ་འབྱོར་མ་ཚོགས་སྤྱན་དྲངས་པའི། །སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུན་འབབས་པས། །མེ་ལོང་ཐོད་པ་བུམ་དཀྱིལ་དབྱེར་མེད་གྱུར། །བར་དམིགས་ལ་སྔགས་བཟླའོ། མཐར། དཀྱིལ་འཁོར་གསུམ་ཁེངས་བུམ་ལྷ་འོད་ཞུར་གྱུར། །དེ་ནས་མདུན་བསྐྱེད་བསྒྲུབ་པ་རས་བྲིས་བདུད་རྩིས་བསངས། སྟོང་ལས་མདུན་མཁར་ཆོས་འབྱུང་གཞལ་ཡས་ཁང་། །སོགས་བདག་བསྐྱེད་ལྟར་དང་། གར་སྟབས་དང་བཅས་བཞུགས། །བར་དང་། ཕྱོགས་བཞིར་ཧ་རི་ནི་ས་ཡོངས་གྱུར་ལས། །རིགས་བཞི་མཁའ་འགྲོ་རང་མདོག་གྲི་ཐོད་དང་། །ཁ་ཊྭཱྃ་དཀུར་བརྟེན་གཙོ་མོའི་གསང་གནས་ཧྲཱིཿའཁོར་བཞིའི་ས་བོན་འོད་འཕྲོས་ཨོ་རྒྱན་ནས། །གཙོ་འཁོར་སངས་རྒྱས་བྱང་སེམས་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿཧཱུྃ། ཆོས་དབྱིངས་སྤྲོས་བྲལ་བདེ་ཆེན་འདུས་མ་བྱས། །རང་སྣང་མ་འགགས་བཀའ་བརྒྱུད་བླ་མ་དང་། །ཡི་དམ་དཔའ་བོ་རྣལ་འབྱོར་མ་དཔལ་ཚོགས། །ཡེ་ཤེས་ཆོས་སྐྱོང་འཁོར་བཅས་གཤེགས་སུ་གསོལ། །ༀ་ཨེ་ཨཱ་རལླི་ཧོཿབཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་ཛཿཧཱུྃ་བྃ་ཧོཿས་མ་ཡ་སྟྭཾ་དྱྀ་ཤྱ་ཧོ། ཕེཾ་ཕེཾ་ཕེཾ། ཞེས་སྤྱན་དྲངས་ལ། པདྨ་ཀ་མ་ལ་ཡ་སྟྭཾ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨརྒྷཾ།


SPN001_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བི་དྱེ། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། ནང་མཆོད་ཕུལ་བ་དང་། འཁྱུད་རྒྱ་བྱས་ལ། མཱ་ཏངྒི་ཨཱཿཧཱུྃ། དེ་རྣམས་སྐུ་ལས་སྐུ་འཕྲོས་སོགས་བདག་བསྐྱེད་བཞིན་དང་། རྒྱས་གདབ་གྱུར། བར། མདུན་བསྐྱེད་ལ་དམིགས་ཏེ་བཟླས་པ་བྱ། དེ་ནས་བསྟོད་པ་ནི། བདེ་སྟོང་ཟུང་འཇུག་ལྷན་སྐྱེས་སྐུ། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །དུས་གསུམ་རྒྱལ་རྣམས་བསྐྱེད་པའི་གཞི། །རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད། །ཕྱི་ནང་གི་མཆོད་པ་རྣམས་འབུལ་བ་ནི། ཡན་ལག་བརྒྱད་ལྡན་ཡིད་འོང་མཆོད་ཡོན་དང་། །ཆུ་དང་ཐང་སྐྱེས་ལྷ་ཡི་མེ་ཏོག་ཚལ། །སྤོས་ངད་ལྡང་བའི་སྤྲིན་ཆེན་དྲྭ་བ་མཛེས། །སྣང་གསལ་ཉི་ཟླའི་རང་བཞིན་ཅིར་ཡང་འཚེར། །དྲི་ཆབ་བསུང་ཞིམ་རླབས་ཕྲེང་ཆལ་ཆིལ་གཡོ། །རོ་བརྒྱ་ལྡན་པའི་བཤོས་གཙང་ཚར་དུ་དངར། །རྒྱུད་མངས་རོལ་མོའི་བྱེ་བྲག་སྲིད་གསུམ་ལྡིར། །རྣལ་འབྱོར་མ་མཆོག་འཁོར་དང་བཅས་ལ་འབུལ། །སོ་སོའི་སྔགས་རྒྱ་དང་བཅས། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། བར་སྔར་བཞིན་འགྲེའོ། །རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཤ་ཆེན་གསུར་དུད་ཞུན་མེ་བྱང་སེམས་རྒྱུན། །རྡོ་རྗེ་དྲི་ཆེན་དྲི་ཆུ་ཅང་ཏེའུ། །མྱོས་བྱེད་


SPN001_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལྡན་དམ་རྫས་ཨ་མྲྀ་ཏ། །མཚན་བཟང་བདེ་སྐྱོང་ཀ་པཱ་ལར་གཏམས་ནས། །ཐབས་ཤེས་དབྱེར་མེད་ངང་དུ་མཆོད་བཞེས་རོལ། །བླ་མེད་གྲུབ་མཆོག་ཡེ་ཤེས་དངོས་ཀུན་སྩོལ། །བཛྲ་ཝཱ་རཱ་ཧཱི་ༀ་ཨཱཿཧཱུྃ། དེ་བཞིན་དུ། བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ༴ རཏྣ༴ པདྨ༴ ཀརྨ༴ བི་ཤྭ༴ ལོ་ཀ་ཌཱ་ཀི་ནཱི་ཡེ་ༀ་ཨཱཿཧཱུྃ། སོགས་ཀྱིས་ནང་མཆོད་འབུལ་བ་དང་། བཀའ་བརྒྱུད་བླ་མ་ཡི་དམ་ཆོས་སྐྱོང་དང་། །འགྲོ་ཀུན་ལྷར་གསལ་ཞལ་དུ་ༀ་ཨཱཿཧཱུྃ། ཞེས་འབུལ། དེ་ནས་དབང་ལེན་པར་སྤྲོ་ན། ལས་བུམ་གྱིས་ཁྲུས་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། ༀ་མཎྜལ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གིས་མཎྜལ་དང་གསོལ་གདབ་ནི། བདག་ནི་འཁོར་བར་སྐྱོ་ཞིང་ཐར་པའི་ལམ། །འཇུག་འདོད་ལགས་ན་དམ་པས་རྗེས་འཛིན་གསོལ། །འདི་རིགས་ལན་གསུམ་མམ་གཅིག་བྱ། དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བདག་ལ་དམ་ཚིག་དེ་ཉིད་དང་། །བྱང་ཆུབ་སེམས་དང་སྐྱབས་གསུམ་སྩོལ། །མགོན་པོས་ཐར་པའི་གྲོང་གཞུག་འཚལ། །ལན་གསུམ། རྒྱུན་བཤགས་ནི། མཆོག་གསུམ་སྐྱབས་མཆི་སྡིག་ཀུན་བཤགས། །དགེ་ལ་ཡི་རང་བྱང་སེམས་བཟུང་། །གཞན་ཕན་སེམས་བསྐྱེད་འགྲོ་དོན་གཉེར། །བྱང་ཆུབ་སྤྱོད་བཞིན་སངས་རྒྱས་ཤོག །


SPN001_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། སློབ་མ་ལྷར་གསལ་གནས་གསུམ་འབྲུ་གསུམ་མཚན། །ༀ་ཨཱཿཧཱུྃ། དྲིའི་ཐེག་ལེ་བྱ། ལྟེ་བ་སྙིང་ག་ཁ་དང་མགོ་སྤྱི་གཙུག་སྨིན་མཚམས་རྣམས་སུ་རྡོ་རྗེ་བསྡམས་པའི་གུང་མོ་གཉིས་གཤིབས་ཏེ་བརྐྱང་བ་རྡོ་རྗེའི་རྒྱས་སོ་སོར་རེག་ལ། ༀ་བྃ། ཧཾ་ཡཾ། ཧྲཱིཾ་མཾ། ཧྲིཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། གོ་ཆའི་དཔའ་མོས་གནས་རྣམས་བསྲུང་པར་གྱུར། །ༀ་ཙཀྵུ་བྷནྡྷ་བཱ་ར་མཱ་ཎ་ཡེ་ཧཱུྃ། གདོང་དར་བཅིངས། ༀ་ཨཱ་ཁཾ་བཱི་ར་ཧཱུྃ། མེ་ཏོག་བྱིན། སྔར་ལྟར་ཞིང་སྐྱོང་དང་མཁའ་འགྲོའི་གཏོར་མ་བཏང་། སྲུང་འཁོར་དང་མཚམས་བཅད། སྙིང་ཁར་ཟླ་དཀྱིལ་རྡོ་རྗེ་རྩེ་ལྔས་མཚན། །ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་དཱ་ཡཱ་མི། ལན་གསུམ། རྡོ་རྗེ་སྙིང་ཁར་བཞག་ལ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ཉིད་བརྟན་པར་མོས། རྒྱལ་བ་སྲས་བཅས་དཔའ་བོ་དང་། །རྣལ་འབྱོར་མ་རྣམས་བདག་ལ་དགོངས། །རིགས་ལྔ་སྤྱི་དང་བྱེ་བྲག་གི། །སྡོམ་པ་དམ་ཚིག་སོ་སོར་བཟུང་། །ལན་གསུམ། མགོ་བོར་རྡོ་རྗེ་བཞག །དེང་ཁྱོད་རྡོ་རྗེ་གསང་བ་ཆེའི། །བཀའ་བཞིན་རྗེས་སུ་བསྒྲུབ་པར་གྱིས། །དམ་ཆུ་བཏུང་། ༀ་བཛྲ་ཌཱ་ཀི་ནཱི་ཨ་མྲྀ་ཏོ་ད་ཀ་ཋ། ཡེ་ཤེས་འབེབས་པའི་ཆེད་དུ་གསོལ་བ་གདབ་པ་ནི། རྡོ་རྗེ་འཛིན་པ་དཔའ་བོ་རྣལ་འབྱོར་ཚོགས། །ཡེ་ཤེས་བདག་རྒྱུད་སྨིན་པར་བྱིན་གྱིས་རློབས། །ལན་གསུམ། སྐྱིལ་ཀྲུང་ཕྱེད་ལང་སྤྱི་བོར་ཆོས་འབྱུང་གི་རྒྱ་བྱས་ལ། རླུང་དཀྱིལ་སྟེང་དུ་རང་ཉིད་


SPN001_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་མར། །གསལ་བའི་ལྟེ་བར་ཆོས་འབྱུང་འབར་དབུས་ཧྲཱིཿ། སྔགས་ཕྲེང་དྲག་འཁོར་འོད་ཀྱིས་མདུན་དཀྱིལ་དང་། །ཨོ་རྒྱན་གནས་ནས་ཡེ་ཤེས་སྤྱན་དྲངས་ཐིམ། །གུ་གུལ་དང་ཚིལ་ཆེན་བསྲེག །ཌཱ་མ་རུ་བཀྲོལ་ཞིང་། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ། ཨ་ཨཱཿཧྲཱིཿཧྲཱིཿཧྲཱིཿཕེཾ་ཕེཾ་ཕེཾ། ངོ་སྤྲད་རྡོ་རྗེའི་གླུ་ནི། སྣང་བ་སྣ་ཚོགས་ཆོ་འཕྲུལ་རྣམས། །རང་སེམས་བདེ་ཆེན་ཡེ་ཤེས་རྩལ། །ལྷན་སྐྱེས་སྤྲོས་བྲལ་ཆོས་སྐུའི་མདངས། །གཉུག་མའི་ངོ་བོར་མངོན་དུ་གསལ། །ཡེ་ཤེས་བརྟན་པའི་ཕྱིར་མགོ་བོར་རྡོ་རྗེ་བཞག་ལ། ཏིཥྛ་བཛྲ། དཀྱིལ་འཁོར་དུ་མེ་ཏོག་དོར་ལ། བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་བཛྲ་ཧོ། ཞེས་བརྗོད། བཅོམ་ལྡན་འདས་མས་རྗེས་བཟུང་མཛོད། །མེ་ཏོག་དེ་ཉིད་སྤྱི་བོར་བཀོད་ལ། ༀ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲཱིཿམིག་དར་བསལ། ལྷ་ངོ་སྤྲད་པ་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་མཐོང་བར་གྱུར། །དབང་དངོས་གཞིའི་དོན་དུ། ༀ་མཎྜལ་ལ་པཱུ་ཛ་སོགས་དང་། གསོལ་གདབ་ནི། ལྷ་ཚོགས་རྣམས་ཀྱིས་ཟག་མེད་ཡེ་ཤེས་མཆོག །དབང་བཞིའི་ཆུ་བོའི་སྨིན་བྱེད་སྩལ་དུ་གསོལ། །ལན་གསུམ་གསོལ་བ་གདབ། དབང་རྫས་རྣམས་ཐོགས་ལ། བླ་མ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས། །རིག་པའི་དབང་ལྔ་བསྐུར་བའི་དགོངས་པ་མཛད། །


SPN001_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་ཐོད་བདུད་རྩིའི་དབང་བསྐུར་ཅོད་པན་བཅིངས། །རྡོ་རྗེ་དང་ནི་དྲིལ་བུ་མིང་དབང་བསྐུར། །མཁའ་འགྲོ་རིགས་བཞིའི་ཕྱག་མཚན་གཏད་ནས་སུ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་ཐོབ་ནས། །དུག་ལྔ་རྣམ་དག་ཡེ་ཤེས་ལྔ་མངོན་གྱུར། །རིགས་ལྔས་རྒྱས་གདབ་བུམ་དབང་ཐོབ་བསྐྱེད་རིམ། །སྣང་སྟོང་དབྱེར་མེད་བསྒོམ་དབང་སྤྲུལ་སྐུ་འགྲུབ། །གསང་དབང་ནི། རྣལ་འབྱོར་མ་དང་སྡོམ་པ་མཉམ་སྦྱོར་གྱི། །བྱང་སེམས་བདུད་རྩིའི་གསང་བའི་དབང་བསྐུར་རོ། །ཐོད་པའི་བདུད་རྩི་བཏུང་། རྩ་འཁོར་བཞི་བརྒྱུད་བདེ་བས་ཁྱབ་རྫོགས་རིམ། །གསལ་སྟོང་བསྒོམ་དབང་ལོངས་སྐུ་འགྲུབ་པར་གྱུར། །ཤེར་དབང་ནི། མེ་ལོང་སིནྡྷཱུ་ར་ལྟེ་བར་བཞག་ནས། མེ་ལོང་དལ་ལས་རྣལ་འབྱོར་མ་འཕྲོས་ནས། །ལྟེ་བར་ཞུགས་པས་ཙཎྜའི་མེ་འབར་བས། །ཧཾ་ཞུ་རྩ་འཁོར་བཞི་བརྒྱུད་དགའ་བཞི་མྱོང་། །འོད་གསལ་བསྒོམ་དབང་ཆོས་སྐུ་འགྲུབ་པར་གྱུར། །དབང་བཞི་པ་ནི། སེམས་ཉིད་གཞི་རྩ་བྲལ་བ་ཕྱག་རྒྱ་ཆེ། །སྣང་སེམས་གཉིས་མེད་ཆོས་སྐུར་ཤེས་པར་གྱིས། །སྒོ་གསུམ་སྒྲིབ་དག་རིག་སྟོང་ལྷན་ཅིག་སྐྱེས། །བསྒོམ་པར་དབང་ཞིང་ངོ་བོ་ཉིད་སྐུ་འགྲུབ། །སློབ་དཔོན་དབང་ནི། སློབ་མ་རྡོར་འཆང་སྙེམས་མ་ཡབ་ཡུམ་སྦྱོར། །གསལ་བར་དབང་ལྷས་ཁྲུས་གསོལ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་


SPN001_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ལྷ་རྣམས་རང་ཐིམ་མི་བསྐྱོད་དབུ་བརྒྱན་གྱུར། །རྡོར་དྲིལ་འཛིན་ལ། ཐབས་ཤེས་རྡོར་དྲིལ་ཐུགས་གསུང་སྐུའི་དམ་ཚིག །དེ་ནས་འཁྱུད་རྒྱ་བཅས། བརྟན་ཅིང་འཇིག་རྟེན་ལས་འདས་སློབ་དཔོན་དབང་། །སིནྡྷཱུ་ར་སྤྱི་བོར་བྱུགས་ལ། བླ་མའི་སྤྱི་བོར་བསྒོམ་ཞིང་རྟག་ཏུ་བསྟེན། །ལྟེ་བར་ཡང་བྱུགས། ཕྲེང་བ་གཏད་ལ། ༀ་བཛྲ་བཻ་རོ་སོགས་ལན་གསུམ་བཟླ། མགྲིན་པར་བྱུགས། དམ་ཚིག་བསྒྲག་པ་ནི། ཕྱི་ནང་རྩ་བ་ཡན་ལག་དམ་ཚིག་རྣམས། །བསྲུང་ཞིང་ཕྲིན་ལས་རབ་འབྱམས་བསྒྲུབ་པར་བྱོས། །ཞེས་བསྒོ། སློབ་མས། བཀའ་སྩལ་དང་ལེན་དེང་ནས་བདག་བྲན་འབུལ། །ཞེས་ཞུའོ། །དེ་ནས། ༀ་མཎྜལ་པཱུ་ཛ་སོགས་ཀྱིས་གཏང་རག་ཕུལ། ཚོགས་རྫས་རྣམས་གོང་གི་འདུད་རྩི་ལྟར་བྱིན་བརླབ་ནས། ན་མོ། ཐབས་ཤེས་གཉིས་མེད་ཚོགས་འཁོར་ལོ། །རང་བཞིན་རྣམ་དག་སྐྱེ་མེད་ངོ་བོ་ནི། །ཨཱ་ལི་ཀཱ་ལི་མཚན་ཉིད་རྣམ་དག་པ། །ཤ་ལྔ་བདུད་རྩི་ལྔ་ཡི་མཆོད་སྤྲིན་གྱུར། །སྤྱན་དྲངས་པ་ནི། གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ནས། །ཕ་བཀའ་བརྒྱུད་བླ་མ་རྣམས་འདིར་གཤེགས་གསོལ། །གནས་བདེ་ཆེན་མཁའ་སྤྱོད་ཀྱི་ཞིང་ཁམས་ནས། །མ་རྣལ་འབྱོར་མཁའ་འགྲོའི་ཚོགས་སྐུ་བཞེངས་ཤིག །གནས་རབ་འཇིགས་དུར་ཁྲོད་ཀྱི་གནས་བརྒྱད་ནས། །ཆོས་སྐྱོང་བའི་བཀའ་


SPN001_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་རྣམས་སྐུ་བསྐྱོད་འཚལ། །འདོད་ཡོན་ཚོགས་ཟག་མེད་ཀྱི་རང་བཞིན་ལ། །དགྱེས་པར་རོལ་སྣོད་བཅུད་ཀུན་བྱིན་གྱིས་རློབས། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁ་རཾ་ཁཱ་ཧི། ཞེས་ཚོགས་ཕུད་གཏོར་མའི་ནང་བླུགས་ནས་བདུད་རྩི་བྲན་ལ་དཀྱིལ་འཁོར་པར་འབུལ་བ་ནི། གཏོར་མ་ལྔ་པོ། ༀ་ཨཱཿབིགྷྣཱན་སོགས་བྱིན་རླབས་སྔར་ལྟར་དང་བཅས། ༀ་ཨཱཿཧཱུྃ། ལན་གསུམ་དང་། འབར་བའི་རྒྱས། ཕེཾ་ཕེཾ་ཕེཾ། གཏོར་མགྲོན་དུ་རྣལ་འབྱོར་མའི་ཚོགས་སྤྱན་དྲངས་ཤིང་། པད་ཀོར་ཐལ་མོ་ཁ་ཕྱེ་བ་དང་། མཐར་སེ་གོལ་བརྡེབ་ཅིང་། ༀ་བཛྲ་ཨཱ་ར་ལི་ཧོཿཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿལན་གསུམ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི་ཁཱ་ཧི་གྲྀ་ཧྞ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་དང་། བཛྲ་ཌཱ་ཀི་ནཱི། དེ་བཞིན་དུ། བུདྡྷ། རཏྣ། པདྨ། ཀརྨ། བི་ཤྭ། ལོ་ཀ་ཌཱ་ཀི་ནཱི་ཨི་དཾ་བ་ལིང་སོགས་གོང་ལྟར་ལན་གསུམ། ལྗགས་ཧཱུྃ་རྡོ་རྗེ་དམར་པོའི་འོད་སྦུ་གུས། །བདུད་རྩི་གཏོར་མ་གསོལ་བས་མཉེས་པར་གྱུར། །ༀ་བཛྲ་ཨརྒྷཾ། ནས། ཤབྡའི་བར་གྱིས་མཆོད། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། མཱ་ཏངྒི་ཨཱཿཧཱུྃ་གིས་མཆོད། བཛྲ་ཝཱ་རཱ་ཧཱི་ན་མོ་ཧཱུྃ། ཞིང་སྐྱོང་བ་སོགས་ལ། ༀ་ཁ་ཁ་ཁཱ་ཧི་སོགས་ལན་བཞི་དང་། ༀ་ཧྲིཾ་ཧྲིཾ་ཧཾ་ཧཾ་ཧེ་ཧེ་ཧི་ཧི་ཕེཾ་ཕེཾ། གསུམ་གྱིས་


SPN001_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་མཁའ་འགྲོ་རྣམས་ལ་འབུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཡིད་ལ་འདོད་པའི་དོན་ཀུན་མཛོད། །ཕྲིན་ལས་བཅོལ། ཆོས་སྐྱོང་ལ། དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་འཁོར་སྲུང་མའི་ཚོགས། །མཆོད་གཏོར་འདི་བཞེས་རྣལ་འབྱོར་སྐྱོང་། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཅེས་ཕུལ། དེ་ནས་ཚོགས་ལ་རོལ། ཕུད་ལྷག་ཕྱོགས་གཅིག་ཏུ་བསྡུས་ལ། ༀ་ཨཱཿཧཱུྃ། གིས་བྱིན་བརླབ། ཧཱུྃ། ལས་དང་འཇིག་རྟེན་ཌཱ་ཀི་མ། །ཤ་ཟ་མཁའ་འགྲོ་ཡང་འཁོར་བཅས། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །བསྟན་སྲུང་རྣལ་འབྱོར་བར་ཆད་ཟློག །ༀ་ཨུཙྪིཥྚ་བ་ལྱཱིཾ་བྷཀྵ་བྷཀྵསཱི་སྭཱ་ཧཱ། ཕྱི་རོལ་དོར། དེ་ནས་རྗེས་ཀྱི་མཆོད་པ་ནི། ༀ་ཤྲཱི་བཛྲ་ཝཱ་ར་ཧཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ། ནས། ཤབྡའི་བར་དང་། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། མ་ཏངྒི་ཨཱཿཧཱུྃ། ཞེས་མཆོད། བདེ་སྟོང་བླ་མ་ཡིད་བཞིན་གྱི། །ནོར་བུ་གཙུག་གི་རྒྱན་ལྡན་མ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱུར་མ་ལ་ཕྱག་འཚལ་བསྟོད། །ཡི་གེ་བརྒྱ་པས་ཆད་ལྷག་ཁ་བསྐང་། བཟོད་པར་གསོལ་ནས་འདོད་དོན་གསོལ་བ་ནི། ཐལ་མོ་སྦྱར་ལ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུང་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་


SPN001_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྐྱོན་མེད་ཀྱཻ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་བསྟན་བཅོས་གནས་ལ་དགོད། །ཅེས་སྨོན་ལམ་བཏབ་བོ། །རྟེན་ཡོད་ན། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། བརྗོད་ལ་མེ་ཏོག་གཏོར་ཞིང་བརྟན་བཞུགས་བྱའོ། །དེ་མིན། ༀ་བཛྲ་ཝཱ་རཱ་ཧཱི་བཛྲ་མུཿཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་རང་ལ་བསྡུ་བ། ༀ་ཨཱཿཧཱུྃ། ཞེས་བརྗོད། བཀྲ་ཤིས་ནི། བྱིན་རླབས་གཏེར་ཆེན་བཀའ་བརྒྱུད་ཀྱི། །བླ་མ་རྣམས་ཀྱི་བཀྲ་ཤིས་གང་། །ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་གང་། །མཆོག་ཐུན་གཉིས་ཀྱིས་རྒྱུད་སྨིན་ཤོག །ཕྲིན་ལས་


SPN001_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བདག་རྡོ་རྗེ་བེར། །བསྟན་སྲུང་ཚོགས་ཀྱི་བཀྲ་ཤིས་གང་། །ཕྱི་ནང་བར་ཆད་ཞི་གྱུར་ཅིག །ཅེས་མེ་ཏོག་འཐོར་ཞིང་། སརྦ་བྷཱུ་ཏ་གཙྪ། སེ་གོལ་བརྡེབ་ཅིང་། འཇིག་རྟེན་པ་རྣམས་རང་གནས་གཤེགས། དཀོན་མཆོག་རིན་ཆེན་གསུམ་ལ་སོགས་བསྔོ་བ་དང་སྨོན་ལམ་དཀྱུས་མཐུན་བརྗོད་ཅིང་གསང་སྔགས་གསང་བའི་ཕྱིར་རྗེས་མི་མངོན་པར་བྱའོ། །དེ་ལྟར་བདག་བསྐྱེད་རྐྱང་པ་སྔོན་འགྲོ་བཞི་རིམ་སོགས་ལ་སྦྱར་བའམ། རྒྱུན་གྱི་ཉམས་ལེན་ལྟ་བུར་ཡང་ཁྱེར་བདེ་སྙམ་ཞིང་སྒྲུབ་པའི་མཆོད་པའམ། དུས་ཀྱི་མཆོད་པ་དང་འབྲེལ་བའི་སྐབས་གཞུང་མཐར་ཆགས་སུ་བཏོན་པ་དང་། ཚོགས་བརྒྱ་བཏང་སྐབས་ཀྱང་དེ་དང་མཚུངས་ཤིང་། བསྡུས་པར་ན་བདག་སྐྱེད་བསྙེན་པ་བསྡུ་རིམ་ཟིན་ནས། ཚོགས་བྱིན་རླབས་མཆོད་པ་ཁོ་ནས་གྲངས་འཛིན་པ་བཅས་གང་བདེར་བྱའོ། །དེ་ལྟར་དད་དང་དམ་ཚིག་རྣམ་དག་རྒྱལ་ཡུམ་དམ་པ་གང་དེའི་བཞེད་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བསྡུས་པའི་ཚུལ་གྱིས་མངོན་དཀྱིལ་ཚིགས་སུ་བཅད་པ་བཀོད་པ་ལ་ནོངས་པ་གང་མཆིས་རྩ་གསུམ་ལྷ་ལ་བཤགས་ཤིང་། དགེ་བ་འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །མངྒ་ལཾ།། ༈ །།སྔོན་འགྲོ་གཏོར་མ་བཤམས་ནས། བདུད་རྩི་ལྔའི་ཆུས་བསངས་ཤིང་། ༀ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་


SPN001_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་ཟུང་ལ་ཡྃ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུཪྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ། ཤར་ལྷོར་གོ་ལས་བ་གླང་གི་ཤ། ལྷོ་ནུབ་དུ་ཀུ་ལས་ཁྱིའི་ཤ། ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ། བྱང་ཤར་དུ་ཧ་ལས་རྟའི་ཤ། དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་ཕུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་


SPN001_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུགདམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། ཞེས་གཏོར་མགྲོན་སྤྱན་དྲངས། པད་སྐོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་བཛྲ་ཨཱ་ར་ལི་ཧོཿཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ཞེས་ལན་གསུམ་མམ་བཞི་འམ་ལྔར་བརྗོད། སོ་སོའི་ཕྱག་རྒྱས། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝི་དྱ༴ ཤབྡ་ཨཿཧཱུྃ་སྭཱ་ཧཱ། པད་སྐོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ཨུནྨ་ད་ཨ་པ་སྨ--་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དམྦ་ལིཾ་གྲྀཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐི་བཾ་ཡ་ཐིཥྟཾཿབྷུཉྫ་ཐ་ཛི་གྷྲ་ཐ་པི་པ་ཐ་མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སཏ་སུ་ཁཾ་བི་ཤུདྡྷ་ཡེ། སཱ་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་བཞིར་བརྗོད། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ཞིང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་།


SPN001_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་དག་ནག་པོའི་ཕྱོགས་གྱུར་ཅིང་། །གསང་སྔགས་ཟབ་མོའི་ཆོ་ག་ལ། །ཉན་དང་ལྟ་བར་མི་དབང་བ། །དེ་དག་ཐམས་ཅད་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཁ་ཊཱཾ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་འགས་འགྱུར། །གཏོར་མ་ཕྱི་རོལ་དུ་དོར་ཞིང་། ༀ་སུམྦྷ་ནི་སུམྦྷ་ནི་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀ་ཧྞཱ་པ་ཡ་གྲྀ་ཧྣཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ༀ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། བར་ཐམས་ཅད་རྡོ་རྗེའི་རྭ་བ། སྟེང་ཐམས་ཅད་རྡོ་རྗེའི་དྲྭ་བ་དང་། གུར་བླ་བྲེས་སུ་གྱུར། ཧཱུྃ་འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་སེང་གདོང་མ། །བཛྲ་སིདྷ་ཞེས་བྱ་བ། །སྟེང་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མན་


SPN001_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་དུས་ལ་བབ། །སྟེང་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར་ལྷ་མོ༴ ལྷ་མོའི་ལུས་ལ་ཁཱ་གདོང་མ། །བཛྲ་ཀཱ་ཀ༴ ཤར་སྒོ༴ ཛཿཕྲ་མེན༴ ཤར་གྱི༴ ཧཱུྃ་འདི་ལྟར་ལྷ་མོ༴ ལྷ་མོའི་ལུས་ལ་འུག་གདོང་མ། །བཛྲ་ཨུལླུ༴ བྱང་སྒོ༴ ཛཿཕྲ་མེན༴ བྱང་གི༴ ཧཱུྃ་འདི་ལྟར༴ ལྷ་མོའི་ལུས་ལ་ཁྱི་གདོང་མ། །བཛྲ་ཤྭ་ན༴ ནུབ་སྒོ༴ ཛཿཕྲ་མེན༴ ནུབ་ཀྱི༴ ཧཱུྃ་འདི་ལྟར༴ ལྷ་མོའི་ལུས་ལ་ཕག་གདོང་མ། བཛྲ་པུ་ཀ༴ ལྷོ་སྒོ༴ ཛཿཕྲ་མེན༴ ལྷོ་ཡི༴ ཧཱུྃ་འདི་ལྟར་ལྷ་མོ༴ ལྷ་མོའི་ལུས་ལ་སྟག་གདོང་མ། །བཛྲ་བྱ་གྷྲི༴ འོག་སྒོ༴ ཛ་ཕྲ་མེན༴ འོག་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་འདི་ལྟར༴ སྒོ་མ་རྣམས་ཀྱི་སྒོ་སྲུང་ལ། །མཚམས་མ་རྣམས་ཀྱིས་མཚམས་སྡོམས་ཤིག །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ༀ་བཛྲ་ཝཱ་རཱ་ཧཱི་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། གནོད་བྱེད་སརྦ་དུཥྟཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མཚམས་བཅད་དོ།། །།


previousབཅོམ་ལྡན་རྡོ་རྗེ་ཕག་མོའི་མངོན་དཀྱིལ་གསང་ཆེན་མྱུར་ལམ། next