Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
རྗེ་མཁའ་སྤྱོད་དབང་པོས་མཛད་པའི་མ་མགོན་ཞལ་སྦྱོར་གྱི་དབང་བཞི་ཡོངས་རྫོགས་རྒྱན་དབང་དང་བཅས་པའི་ཡིག་སྣ་གཉིས་གབ་སྤྲད་འཁྲུགས་བསལ་བལྟས་ཆོག་ཏུ་བཀོད་པ།
   


 
previousརྗེ་མཁའ་སྤྱོད་དབང་པོས་མཛད་པའི་མ་མགོན་ཞལ་སྦྱོར་གྱི་དབང་བཞི་ཡོངས་རྫོགས་རྒྱན་དབང་དང་བཅས་པའི་ཡིག་སྣ་གཉིས་གབ་སྤྲད་འཁྲུགས་བསལ་བལྟས་ཆོག་ཏུ་བཀོད་པ། next

རྗེ་མཁའ་སྤྱོད་དབང་པོས་མཛད་པའི་མ་མགོན་ཞལ་སྦྱོར་གྱི་དབང་བཞི་ཡོངས་རྫོགས་རྒྱན་དབང་དང་བཅས་པའི་ཡིག་སྣ་གཉིས་གབ་སྤྲད་འཁྲུགས་བསལ་བལྟས་ཆོག་ཏུ་བཀོད་པ།


SPN001_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མཁའ་སྤྱོད་དབང་པོས་མཛད་པའི་མ་མགོན་ཞལ་སྦྱོར་གྱི་དབང་བཞི་ཡོངས་རྫོགས་རྒྱན་དབང་དང་བཅས་པའི་ཡིག་སྣ་གཉིས་གབ་སྤྲད་འཁྲུགས་བསལ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །


SPN001_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཧེ་རུ་ཀ་དཔལ་ལ། །བཏུད་དེ་ནག་པོ་ཆེན་པོ་ཡི། །དབང་ཆོག་ཉེ་བར་སྦས་པ་དག །འགྲོ་ལ་ཕན་ཕྱིར་གསལ་བར་བྲི། །བླ་མ་རྡོ་རྗེ་འཛིན་པ་དང་། །དཔལ་ལྡན་ནག་པོ་ལྕམ་དྲལ་ལ། །བཏུད་དེ་དེ་ཡི་མན་ངག་གིས། །སྨིན་བྱེད་ཆོ་ག་རྣམ་པར་བསྡུ། །དེ་ལ་རིགས་བསྡུས་དང་། བདེ་དབང་དང་། ཕྲིན་ལས་ཏེ་གསུམ་གྱི་སྤྱི་དང་བྱེ་བྲག་གི་ཆོ་ག་ལས། འདིར་ནི་ཕྱི་མའི་ཕྱི་མ་སྟེ། དུར་ཁྲོད་སོགས་གནས་ཇི་ལྟར་རིགས་པར་ས་ཡི་ཆོ་ག་མདོར་བསྡུས་པ་སོགས་སྔོན་དུ་འགྲོ་བས། གྲུ་གསུམ་མཐིང་ནག་འཁོར་ལོ་བཞི་རིམ་དང་བཅས་པའི་དཀྱིལ་འཁོར་རྒྱས་པར་མངོན་རྟོགས་ནས་བཤད་པ་ལྟ་བུའམ། བསྡུས་པ་ན་གྲུ་གསུམ་ཐོད་ར་རྡོ་ར་མེ་རི་དང་བཅས་པ་ཙམ་ལ་བརྟེན་པས་ཀྱང་རུང་སྟེ། དབུས་སུ་


SPN001_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་གྲི་གུག་དགོད། བྱང་ཕྱོགས་སུ་རྟེན་རྒྱུན་ཐུན་གྱི་བ་ལིང་བཤམས། ཁྲག་གི་ཨརྒྷཾ་སོགས་མཆོད་རྫས་ཀྱི་བྱེ་བྲག་དུ་མས་བསྐོར། ཡི་དམ་མམ་དཔལ་ཆེན་པོའི་བྱིན་གྱིས་བརླབས་པའི་བུམ་ཆུ་སྟ་གོན་བྱ། བཅོམ་ལྡན་འདས་མ་སྒྲུབ་ཅིང་མཆོད་པའི་ཆོ་ག་ལ་སོགས་ཀྱི་གཞུང་བསྲང་། འདི་ཉིད་ཀྱི་མཆོད་པའི་རིམ་པ་ཆོ་ག་བཞིན་ཞག་གསུམ་མམ་བདུན་སོགས་བྱས་ལ། སྒྲུབ་པ་པོ་སྔོན་དུ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས། དཔལ་ནག་པོ་ཆེན་པོ་དང་། བླ་མ་ཡི་དམ་ཐ་དད་དུ་མི་སེམས་པའི་དད་པ་ཅན། གསང་ཆེན་རྡོ་རྗེ་རིགས་ཀྱི་དམ་ཚིག་ལ་ལྷག་པར་སྤྱོད་པས། རིགས་བཞིའི་དམ་ཚིག་རབ་ཏུ་བརྟན་པ་ཅན་དེ་དག །འདི་ཉིད་ཀྱིས་དབང་ནོད་པར་འདོད་པས་བླ་མ་ལ་མཎྜལ་ཕུལ་ཏེ་གསོལ་བ་བཏབ་པར་བྱའོ། །སའི་


SPN001_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ཅི་རིགས་པ་དང་ལྡན་པས་སྟེགས་བུ་བྱ་ཞིང་ཐིག་གི་ཆོ་གས་ཐིག་གདབ། སྙན་གསན་དབབ། ཆོས་འབྱུང་མཐིང་ནག་གི་དབུས་སུ་པད་འདབ་བཞི། ལྟེ་བ་ནགཤར་དཀར། ནུབ་དམར། བྱང་ལྗང་སྟེ་འདི་ནི་རིགས་བསྡུས་སོ། །རིགས་སོ་སོ་ལ་ནི་སོ་སོའི་ཚོན་སྤུངས་སམ་ས་བོན་ནམ་མཚན་མ། སྐུ་སྔགས། རྒྱན་ཕྱག་མཚན། གར་ཉམས། ཕྲིན་ལས་གསང་བའི་སྐུ་དང་། པད་སྣོད་དང་། ཌཱཀྐིའི་སྐུ་དང་། རྡོ་རྗེ་དང་། གྲི་གུག་རྣམས་སོ་སོའམ། ཚང་བ་སོགས་ཇི་ལྟར་རིགས་པར་བཀོད། ཟླ་གམ་དམར། མུ་ཁྱུད་ཐོད་ཕྲེང་དཀར། སྒོ་སྒོ་རྒྱན་ཅི་རིགས་ལ། དུར་ཁྲོད་རྡོ་ར་མེ་རི་དང་བཅས་པ་བྲི། བྱེ་བྲག་མངོན་རྟོགས་ལྟར་ན། འཁོར་ལོ་བཞི་རིམ་ལ་སོགས་པའོ། །མཆོད་པའི་བཀོད་པ་དང་། བ་ལིང་གསུམ་སོགས་ཕུན་སུམ་ཚོགས་པ་བཤམས། མི་བསྐྱོད་པ་སོགས་ཀྱི་བདག་ཉིད་རིགས་ཀྱི་མགོན་པོར་བུམ་པ་བསྐྱེད་བཟླས་བདུད་རྩིར་བྱ་བ་རྒྱལ་བྱེད་དང་། ཕྲིན་ལས་ཀྱི་མགོན་པོའི་ལས་ཀྱི་བུམ་པ་བྱིན་གྱིས་བརླབས་ལ་ཤར་ཟུར་དུ་བཀོད། དེ་དང་ཉེ་བར་ཐོད་པ་བདུད་རྩི་སིནྡྷཱུ་རའི་མཎྜལ་ཇི་ལྟ་བར་བཤམས། སྲུང་འཁོར་སྔོན་དུ་འགྲོ་བས་བདག་མདུན་བསྐྱེད་བཟླས་མཆོད་བསྟོད་སོགས་གཞུང་བཞིན་བྱས་ལ་སློབ་དཔོན་བདག་ཉིད་ཀྱིས་དབང་བླངས་ཏེ། ཡོལ་བའི་ཕྱི་རོལ་དུ་བགེགས་བསལ་བ་དང་། མཎྜལ་ཕྱག་སྐོར་སྔོན་དུ་འགྲོ་བས། བདག་མདུན་བསྐྱེད་བཟླས་ནི། བདག་བསྐྱེད་ཕག་མོའམ་རྒྱལ་བ་རྒྱ་མཚོ་སོགས་ཀྱིས་ཆོ་གའི་གཞུང་བསྲང་ནས།


SPN001_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་མགོན་པོ་མཚལ་སེར་གང་རུང་གཞུང་ལྟར་བཏང་། རྣམ་རྒྱལ་བུམ་པར་མགོན་པོ་རིགས་བསྡུས་ཡབ་ཡུམ་ཞལ་སྦྱོར་གཙོ་འཁོར་ལྔ་རྐང་ཐང་བསྐྱེད། ལས་བུམ་དུ་ཕྲིན་ལས་ཀྱི་མགོན་པོ་ལྗང་གུ་ཡབ་རྐྱང་རུང་མོད་ཀྱིས། འདི་ནི་པཀྴིའི་ཡབ་ཆོས་རྙིང་མ་རང་ཡིན་པས་ཡི་དམ་གཞན་མི་དགོས་པར་མཚལ་སེར་གཉིས་གང་རུང་། མངོན་རྟོགས་ཚར་གཅིག་གིས་བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད། གཏོར་མ་ལྷར་བསྐྱེད་པ་དང་ཐམས་ཅད་དུས་གཅིག་ལ་བསྐྱེད་ནས་མཆོད་བསྟོད་བཟླས་པ་བྱས་པས་འཐུས་པ་རྙིང་མའི་ལུགས་གྲུབ་ཆེན་ཀརྨ་པཀྴིའི་བཞེད་པ་ཡིན། དེའི་ཚེ་སྔགས་ཀྱང་ཞལ་སྦྱོར་གསུང་གི་སྙིང་པོ་རང་བཟླས་པས་འཐུས། ལས་བུམ་ནི་དོན་ལྡན་ཞབས་ཀྱིས་བཞེད་པ་ལྟར། བྷྲཱུྃ་ལས་ལས་བུམ་ནང་དུ་ཧཱུྃ་ཡིག་ལས། །དྲན་རྫོགས་དམ་ཡེ་དབྱེར་མེད་ལས་མགོན་ནི། །མཐིང་ནག་ཞལ་བཞི་ཕྱག་ནི་བཅུ་གཉིས་པ། །གཡས་དམར་གཡོན་དཀར་དབུས་མཐིང་ཁྲོ་བོའི་ཞལ། །རྒྱབ་ཞལ་ཕག་གདོང་ལྗང་གུ་དབུ་སྐྲ་འབར། །སྦོམ་ཐུང་གསུས་འཕྱང་ཞབས་བཞི་འདོར་ཐབས་བསྒྲད། །དང་པོའི་ཕྱག་གཉིས་ཡུམ་འཁྱུད་མ་མཆུ་བཙིར། །དེ་འོག་གཉིས་ཀྱིས་གྲི་གུག་རྔ་ཡབ་དཀར། །གསུམ་པས་རྡོ་རྗེ་རྩེ་གཅིག་ཁ་ཊྭཱྃ་ག །བཞི་པས་ཐོ་བ་དང་ནི་ཐོད་པ་སྟེ། །ལྔ་པ་གཉིས་ཀྱིས་གླང་ཆེན་པགས་པ་བརྒྱངས། །དྲུག་གཉིས་རྡོ་རྗེ་


SPN001_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་འདྲེན་མཆེ་བ་འཛིན། །བདུད་བཞི་མནན་ཅིང་མ་ཧེའི་སྟེང་ན་བཞེངས། །དེ་ལྟར་དམིགས་ལ་ཡིད་ཀྱིས་མཆོད་བསྟོད་དང་། དཾཥྚོཏྐ་ཊ་ཅི་འགྲུབ་བཟླས་པར་བྱ། དེ་ནི་ལྔ་བཅུ་པ་ཡི་རྒྱུད་ལས་གསུངས། མདུན་བསྐྱེད་མཆོད་བསྟོད་སོགས་གཞུང་བཞིན་བྱས་ལ། སློབ་དཔོན་བདག་ཉིད་ཀྱིས་དབང་བླངས་ཏེ། རང་དོན་ཡིན་ན་བདག་འཇུག་རྒྱས་པར་བླངས། གཞན་ཕྱོགས་མགྱོགས་དབང་ལ་ཏིང་ངེ་འཛིན་གྱིས་དབང་བླངས་ལ་བུམ་ཆུ་བཏུང་ཡང་ཆོག །བྱིན་རླབས་ནོད་པར་འདོད་པ་དག་ཡོལ་བའི་ཕྱི་རོལ་དུ་བགེགས་བསལ་བའི་གཏོར་མ་བཏང་། བགེགས་བསྐྲད་དེ་མཚམས་བཅད་ལ། བསྐོར་བ་དང་ཕྱག་སྔོན་དུ་འགྲོ་བས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་ཁྱེད་ཀྱིས་བདག་ལ་དཔལ་ནག་པོ་ཆེན་པོའི་དབང་གི་བཀའ་དྲིན་མཛད་དུ་གསོལ། ཞེས་གསུམ། བླ་མས། སློབ་མ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་པ་ལ་བཛྲ་པཱ་ཎི་ཛཿཧཱུྃ་བྃ་ཧོཿཡེ་ཤེས་པ་དཔག་ཏུ་མེད་པ་ཐིམ་ཞིང་མི་བསྐྱོད་པས་རྒྱས་བཏབ་པའི་གནས་གསུམ་དུ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་པར་གྱུར། ༀ་ཨཱཿཧཱུྃ། དེ་ཉིད་ལ། ཨརྒྷཾ་སོགས་ཀྱིས་མཆོད། ལྕང་ལོ་


SPN001_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་སོགས། སྔགས་འདི་ཟློས་ཤིག །ༀ་བཛྲ་པཱ་ཎི་ཧཱུྃ། ལུས་ལྷ་ངག་སྔགས་སེམས་ཏིང་ངེ་འཛིན་དང་མ་བྲལ་བར་གྱིས་ཤིག །ཅེས་གདམས། དེ་ཡན་ནི་ས་ཆོག་མ་བྱས་པའི་གོང་དུ་བྱ་རྒྱུ་ཡིན་ཀྱང་མཆོག་དབང་སྐབས་འདིར་ལྷག་ཆད་མེད་ཕྱིར་འདིར་སྦྱར་བའོ། །ཁྲུས་བྱས་ཡིད་ཆེས་ལོ་རྒྱུས་ནི། ད་ལམ་ཁྱེད་རྣམས་ལ་མ་མགོན་ཞལ་སྦྱོར་གྱི་དབང་བཞི་ཡོངས་རྫོགས་བསྐུར་བ་ལ། ཐོག་མར་ལོ་རྒྱུས་ཞུ་བ་ནི་རྣལ་འབྱོར་ཀུན་གྱི་མགོན་གྱུར་ཡིན། །ངོ་བོ་ཡེ་ཤེས་སྤྲུལ་པ་ལས། །ཡེ་ཤེས་སྐུ་སྟེ་རྡོ་རྗེ་ཆེ། །ཞེས་གསུངས་པ་དང་། །རྒྱུད་དེ་ཉིད་ལས་བཅོམ་ལྡན་འདས་དཔལ་མགོན་པོ་ནག་པོ་ཞེས་བྱ་བ་གསང་བའི་ཡུམ་དང་བཅས་པ་ཞེས་གསུངས་པ་དང་། །རྒྱུད་མེ་ལྕེ་ཕྲེང་བའི་དབུས་འགྱུར་ཕྱོགས་ལ་ཡང་། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནག་པོ་ཆེན་པོ་དང་ཐབས་གཅིག་པ་ལ་ཕྱག་འཚོལ། ཅེས་དང་། གྲུབ་ཆེན་ཀརྨ་པས། དཔལ་གྱི་མགོན་པོ་བེར་ནག་ཅན་དང་། མིང་ཡོངས་སུ་གྲགས་པའི་ཀརྨ་པ་གཉིས་ཐ་དད་མེད་པ་ཁྱེད་རྣམས་ཀྱིས་ཤེས་སམ་མི་ཤེས་གསུངས་པའི་བླ་མ་མགོན་པོ་དབྱེར་མེད། ཡི་དམ་མགོན་པོ་དབྱེར་མེད་ཡིན་ལ། འཇམ་དཔལ་དབྱངས་ཀྱི་ཡུམ་དབྱངས་


SPN001_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ། གཤིན་རྗེ་གཤེད་ཀྱི་ཡུམ་རོ་ལངས་མ། མགོན་པོའི་ཡུམ་རང་བྱུང་རྒྱལ་མོ་དེ་རྣམས་ངོ་བོ་གཅིག་པ་རྒྱུད་སྡེ་དུ་མ་ནས་གསུངས་པ་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མ་མགོན་ཞལ་སྦྱོར་འདི་ལ་འདུས་པའི་ཕྱིར་འདི་ལ་གོང་ནོན་ཡི་དམ་གཞན་མི་དགོས། མལ་གྱོ་ལོ་ཙཱ་བའི་ལུགས་ཡབ་རྐྱང་། དུས་མཁྱེན་གྱི་ལུགས་ཡུམ་རྐྱང་གཉིས་ཀ་འདི་ལ་འདུས། འཁོར་དྲེགས་པའི་གཙོ་བོ་བདུན་ཅུ་རྩ་གཉིས་སོགས་བཀའ་སྲུང་ཐམས་ཅད་ཀྱང་འདི་ལ་མ་འདུས་པ་མེད། འདི་ལ་རྒྱུད་གཉིས་ཏེ། སློབ་དཔོན་པདྨ་སྲིན་པོའི་ཁ་གནོན་ལ་འབྱོན་གསུངས་ནས་བྱོན་པའི་ཚེ་གསེར་བརྫངས་བཅས་རྒྱལ་བློན་གྱིས་བསྐྱལ། སྐྱེལ་མ་ཚུར་ལོག་ནུབ་མི་ནག་པོ་གཅིག་གིས་ཁྱེད་ཀྱིས་སློབ་དཔོན་ལ་སྒྲུབ་མི་དགོས་པའི་མཐུ་ཡོད་པ་མི་ཞུ་ཅི་ཡིན་ཟེར། རྒྱལ་པོས་རིན་པོ་ཆེ་སོགས་བཀལ་ཏེ་རྗེས་བསྙེགས་པས་ཆུ་བར་དེར་སླེབས། ཆིབས་ཆེན་གསུམ་དང་ནོར་བུ་ཕུལ་ནས་ཞུས་པས། སློབ་དཔོན་གྱིས་ང་ལ་མ་མགོན་གྱི་པར་ནག་གཅིག་ཡོད་དེ་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་འགྲོ་དུས་འདི་ངེད་ལ་དགོས་གསུངས་ནས་མ་གནང་བར་བཞུད། རྒྱལ་པོ་ཕྱི་ནས་འབྲང་། དྲང་སྲོང་སྲིན་རིགས་སྒོ་རྩར་སླེབས་དུས་ཞུས་པས་མ་གནང་ནས་རྒྱལ་པོ་ལ་སྤྱན་ཆབ་བྱུང་


SPN001_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནང་། ཁྱེད་རང་གི་སྐུ་སྲུང་གྱིས། གཞན་ལ་མ་སྤེལ་གསུངས་པས་ཉིད་རང་ལས་མ་སྤེལ། སྲས་སད་ན་ལེགས། སད་ན་འགྱིང་ཡོན་གཉིས་ཡོད་པ་ལས། སད་ན་ལེགས་མིས་བསད་ནས་སད་ན་འགྱིང་ཡོན་ཏན་གྱིས་བོད་ཀྱི་མཁས་བཙུན་རྣམས་གདན་དྲངས། མ་མགོན་པར་བུ་ཞག་ཉེར་གཅིག་ལ་བསྒྲུབས་པས་དགྲ་པོ་རྣམས་ཕྱག་མྱལ་སོང་། སྲས་སད་ན་ལེགས་བཀུམ་པའི་འབངས་བསད། སད་ན་འགྱིང་ཡོན་ལ་སྲས་གསུམ་གྱི་ཆུང་བ་སྟག་ནམ་མཁའི་ལྷ་བཟུང་དེ། ཨོ་རྒྱན་བི་མ་ནམ་མཁའི་སྙིང་པོ་གསུམ་གྱིས་དབང་བསྐུར་བྱིན་གྱིས་བརླབས། སྔགས་བོད་དུ་བསྒྱུར་ཚད་ལ་མངའ་བརྙེས་དངོས་གྲུབ་ཐོབ། ན་བཟའ་ཉི་མའི་སྲབ་མདའ་ལ་འགེལ་བ་དང་། འཇའ་འོད་ཐང་ལ་ཟུག་པ་ལ་འཇུ་ཞིང་ཀུན་གྱིས་མཐོང་བར་ནམ་མཁར་འགྲོ་ནུས། ཁྱད་པར་རྡོ་རྗེ་སྲིན་པོ་དྲག་པོ་ཕོ་དགུ་མོ་དགུ་འཁོར་བཅས་ཐ་དད་མེད་པ་སྟེ། སྟག་ནམ་མཁའི་ལྷ་བཟུང་མན་ཆད་ཡོངས་སུ་གྲགས་པའི་ཀརྨ་པ་ཡན་ཆད། སྔགས་པ་ཚེ་རིང་། ཤོས་མི་རབས་བཅུ་གསུམ་དང་། མི་རབས་བཅོ་ལྔ་མིང་ཡོངས་སུ་གྲགས་པ་ཀརྨ་པ་བཛྲ་ལཀྵ་ཡན་དུ། གདམས་ངག་གོང་འོག་རྣམས་འཛམ་བུ་གླིང་གི་རྒྱལ་པོ་རྒྱལ་བརྒྱུད་ལ་སོགས་པ་ཐམས་ཅད་ཀྱིས་མཐོང་བ་དང་ཐོས་པ་


SPN001_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕྱི་སྣོད་ནང་བཅུད་ཀྱི་སེམས་ཅན་རྣམས་ལ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་རྟགས་བསྟན་པ་རྣམས་ཕྱི་བཞིན་སྦ་བ་དང་གསང་མ་བཏུབ་པར་བསྟན་པའོ། །ཞེས་གསུངས། ཌོམྦི་ཧེ་རུ་ཀ་ལ་མ་མགོན་རྒྱུད་བརྒྱ་རྩ་བརྒྱད་ཀྱི་དོན་བསྡུས་དེ་མཛད་པ་རྩ་རླུང་གི་གདམས་ངག་དང་བཅས་པ་སྙན་བརྒྱུད། ཏཻ་ལོ་ནཱ་རོ་པ་ནས་མར་པར་བརྒྱུད་དེ་སྟོད་ལས་བྱང་ཆུབ་སྒྲུབ་པ། རླུང་སེམས་གནད་ཀྱི་འཁོར་ལོ། ལྷོ་བྲག་པའི་མགོན་པོ་བདེ་བང་མ་ཞེས་བྱ་སྟེ། བླ་མེད་ཧེ་རུ་ཀ་ཕྲིན་ལས་སུ་བསྒྲུབ་པའི་ཨུཏྤལ་དོ་ཤལ་བཀའ་རྒྱ་ཅན། འདི་མར་མི་དྭགས་པོ་དུས་མཁྱེན་ལ་བརྒྱུད་དེ། རས་ཆེན་མགོན་པོའི་མན་ངག་ལ་མཁས་པའི་ཐུགས་རྒྱལ་མངའ་བ། དུས་མཁྱེན་གྱིས་འདི་སྙན་བརྒྱུད་དུ་གནང་བས། མལ་གྱོ་ལུགས་ལ་ཆོས་ཤིན་ཏུ་ཟབ་པར་དགོངས་ཏེ་ཐུགས་རྒྱལ་ཆགས། ཀཾ་ཚང་ལ་ལྷག་པར་ཐུགས་དད་ནས་དོན་བརྒྱུད་འཛིན་པར་གྱུར། ཞེས་མཁའ་སྤྱོད་པས་གསུངས་ཏེ་རྗེ་ཟླ་འོད་གཞོན་ནུ་ལས་བྱུང་བའི་མགོན་པོ་དཔལ་དུས་གསུམ་མཁྱེན་པ་རིན་པོ་ཆེས་སྦས་ཏེ། འགྲོ་མགོན་རས་ཆེན་ལ་བསྟན། གཉལ་པ་ཇོ་སྲས་ལས་བྱུང་བ་ལས་ཀྱང་ཁྱད་པར་དུ་འཕགས་པར་དགོངས་ཏེ། རབ་ཏུ་གསང་ནས་གཅིག་བརྒྱུད་དུ་བསྟན་གསུངས། འདོན་ཆ་ཞལ་སྦྱོར་འདི་དངོས་བརྒྱུད་གང་ནས་


SPN001_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཞུ་ན། དྲག་པོ་ལྷ་རྒྱུད་གསང་བ་ཆེན་པོ་ལས། ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྔགས་རིང་དང་བཅས་པ། ཞལ་སྦྱོར་པར་བུ་སྐོར་ཐབས་རྒྱས་པར་བྱུང་བ་ལ་བརྟེན་ནས་ཨོ་རྒྱན་རིན་པོ་ཆེས་མགོན་པོ་བེར་ནག་གི་སྒྲུབ་ཐབས་མཛད་པ་རྙིང་མ་གྲུབ་ཆེན་ཀརྨ་པཀྴིའི་ཡབ་ཆོས་ཡིན་པའི་ཞལ་སྦྱོར་ཌོམྦིས་མཛད་པའི་སྙན་བརྒྱུད་དེ་གསར་མ་དྲག་པོའི་དངོས་བསྟན་རྒྱུད་ལས་གསལ་ཏེ་རིན་ཆེན་དཔུང་རྒྱན་རྒྱུད་ལས། བཻ་ཏ་ལི་དང་ཡང་དག་བསྟེན། །གཡོན་ཏུ་འཁྲིལ་བ་ཡུམ་གྱི་ཚུལ། །ཞེས་དང་། ནག་པོ་ཆེན་པོ་སྲོག་གི་འཁོར་ལོའི་རྒྱུད་ལས། དཔལ་ལྡན་མགོན་པོ་ནག་པོ་ལྷ་མོ་ནག་མོ་གཉིས་སུ་མེད། ཅེས་གསུངས་པའི་དོན་ཡིན། སློབ་དཔོན་ཨརྣ་པའི་ལུགས་ཡབ་རྐྱང་གི་སྒྲུབ་སྐོར་ཐམས་ཅད་དང་། དར་མ་རིན་ཆེན་གྱི་གཏེར་མ་ལྷ་མོ་རང་བྱུང་མ་སྐོར་གསུམ། སད་ན་འགྱིང་ཡོན་གྱི་གཏེར་མ་ཡབ་ཡུམ་ཞལ་སྦྱོར། ལྷོ་བྲག་གི་སྙན་བརྒྱུད་མགོན་པོ། ཡེ་ཤེས་མགོན་པོ་ལེགས་ལྡན་བེར་ནག་ཅན། ལས་ཀྱི་མགོན་པོ་སྲས་མཆོག་བེར་ནག་ཅན། འཇིག་རྟེན་མགོན་པོ་དྲེགས་བྱེད་བེར་ནག་ཅན། བེར་ནག་ཅན་སྐོར་གསུམ། རྒྱུད་གུར་དང་ཧཱུྃ་མཛད་ནག་པོ་ཅན་དང་། མགོན་པོ་ཟངས་གྲི་ཅན་ཏེ་གྲི་གུག་སྐོར་གསུམ། དེ་


SPN001_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འདི་ལ་ཚང་། ཡབ་ཡུམ་སྦྲགས་སྒྲུབ་འདི་བཀྲ་ཤིས་ཤིང་ཚན་ཆེ་བའི་ཟབ་གནད་པཀྴི་ཉིད་ཀྱི་ཞལ་གཟིགས་བྱུང་བ་ལ་བརྟེན་ནས་སྒྲུབ་པའི་གཞུང་མཛད་པ་ཡིན་པས་བཀའ་བབས་བྱིན་རླབས་ཅན་གྱི་བརྒྱུད་པ་ཡིན་ཏེ་གྲུབ་ཆེན་ཀརྨ་པཀྴི་ཉིད་ཀྱི་ཞལ་ནས། ཕོ་རྒྱུད་མགོན་པོ། མོ་རྒྱུད་མ་མོ་རྩ་བ་ཀུན་གྱི་གཙོ་བོ་དེ། ཡབ་ལེགས་ལྡན་མགོན་པོ་བེར་ནག་ཅན་ལས་ཐམས་ཅད་འཕྲོས་པ་སྟེ། བསྟན་སྲུང་ནག་པོ་ཆེན་པོ་བེར་ནག་དང་། བེར་མེད་གྲི་གུག་ཐོད་ཅན་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པ་དང་། ཞལ་ཕྱག་གྲངས་མེད་པ་རྣམས་མགོན་པོ་འདིའི་སྤྲུལ་པ་དང་ཡང་སྤྲུལ་རྫུ་འཕྲུལ་དང་ཆོ་འཕྲུལ་ཡིན་པས་ཀུན་གྱིས་ཤེས་པར་མཛོད། དེ་ལྟར་མངོན་སུམ་ཚད་མར་མགོན་པོ་བེར་ནག་ཅན་མ་མགོན་ལྕམ་དྲལ་དངོས་སུ་འགྲུབ་པའི་མིང་ཡོངས་སུ་གྲགས་པའི་ཀརྨ་པ་ཡིན། ཁྱེད་རྣམས་ཀྱིས་ཤེས་སམ་མི་ཤེས། ཁྱོད་རྣམས་ཀྱང་བརྒྱུད་པ་འཛིན་ཅིང་བསྒྲུབ་ན་འགྲུབ་ཏེ་མཆིས། མ་མགོན་གཉིས་ཀྱི་དཔེའུ་བུམ་མང་པོ་ཡོད་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་པ་འདི་ཡིན་པས། ད་ཕྱིན་ཆད་ཐམས་ཅད་ཀྱིས་འདི་ལ་བྲིས་ཤིང་བསྒྲུབ་ན་བྱིན་རླབས་ཆེ་ཞིང་ཐམས་ཅད་མ་ལུས་པ་མེད་པ་འདི་ལ་ཚང་བས་གོ་བར་


SPN001_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། གདམས་ངག་ལ་ཤེས་དགོས་སམ་མི་ཤེས་དགོས། གདམས་ངག་འདི་ཤིན་ཏུ་ཟབ་དྲགས་པས་དཔེ་གཞུང་གཞན་རྣམས་དོན་ཡོད་མེད་དཀྲུགས་པ་འདྲ་བ་མིན་པས་ཤེས་པར་གྱིས། འདིའི་གནད་མ་ཤེས་ལོ་བརྒྱར་བསྒྲུབ་ཀྱང་འབྲས་བུ་མི་འབྱུང་བ་ཞེས་གསུངས་པའི་ཕྱིར། བརྒྱུད་པ་བཞི་ཀརྨ་པཀྴི་ལ་འདུས་ཏེ། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། བསིལ་བ་ཚལ་གྱི་ཆོས་སྐྱོང་གི། རྣམ་འཕྲུལ་ཀརྨ་པ་ཞེས་གྲགས། །སྐྱེ་བ་མང་པོ་འགྲོ་དོན་དཔག་མེད་བྱེད། །ཅེས་ལུང་བསྟན་དུ་མར་གནང་། གྲུབ་ཆེན་ཉིད་ཀྱི་ཞལ་ནས་དཔལ་མགོན་བེར་ཅན་འདི་དང་མིང་ཡོངས་སུ་གྲགས་པའི་ཀརྨ་པ་གཉིས་ཐ་མི་དད་པས་ཤེས་སམ་མི་ཤེས། དེ་ཕྱིར་དུས་གསུམ་དུས་མེད་ཐམས་ཅད་དུ་མགོན་པོ་འཁོར་དང་བཅས་པ་འདི་བྱ་བ་ཕྲིན་ལས་ཐམས་ཅད་སྒྲུབ་པ་ཡིན་པ་ཀུན་གྱིས་ཤེས་པར་མཛོད། ཅེས་གསུངས་ཕྱིར་པཀྴི་ཡན་ཆད་བརྒྱུད་པ་འདེད་མི་དགོས། དེ་ལ་ཡབ་རྐྱང་རྗེས་གནང་དང་། གཏོར་དབང་དང་། འགྲོ་མགོན་རས་ཆེན་གྱི་དབང་ཆོག་ཆེན་མོ་དང་། ཡུམ་རྐྱང་གི་དབང་ནི་ཀུན་ལ་གྲགས་ཀྱང་ཡབ་ཡུམ་ཞལ་སྦྱོར་གྱི་དབང་བཞི་ཡོངས་སུ་རྫོགས་པ་འདི་ནི་གཅིག་བརྒྱུད་མ་གཏོགས་ཡི་གེར་བཀོད་པ་མེད་པ་ལས། རྗེ་


SPN001_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་དབང་པོ་ལ་རྡོ་རྗེ་ཕག་མོས་ལུང་བསྟན་ནས། ནག་རྒྱལ་ཕག་གསུམ་གྱི་སྙན་བརྒྱུད་ཡི་གེར་བཀོད་པ་འདིའི་དབང་བཞི་ཡོངས་སུ་རྫོགས་པ་མ་ཡིག་གཉིས་བཀོད། དེ་དག་མཁའ་སྤྱོད་དབང་པོས་མཛད་པ་རྟོགས་ལྡན་ལུགས་སུ་གྲགས། དེ་ཚེ་མཚུར་ཕུ་འཇམ་དབྱངས་ཆེན་པོས། འདི་འདྲ་གཞུང་རྒྱུད་ཀྱི་དཔེ་ཆ་ལ་མེད་པས་རང་བཟོ་ཡིན་ཞེས་བཀག་པ་མཛད། ཁོང་རང་གིས་སྙན་བརྒྱུད་མེད་པའི་གཞུང་དངོས་བསྟན་དེ་མཛད། འདིའི་ཞལ་སྦྱོར་གྱི་དབང་བཞི་རྒྱས་པར་མཛད། དེ་དག་ནི་མགོན་ཉོབ་མ་ལ་སྦྱར་རྒྱུ་ཡིན་པའི། རྗེ་དཀོན་མཆོག་ཡན་ལག་གི་ཞལ་སྦྱོར་གྱི་སྒྲུབ་ཐབས་ཤོག་དྲིལ་ལས་མཐའ་ཐ་དག་རྣམ་པར་སྣང་བར་བྱེད་པའི་སྙིང་པོ་ཞེས་བྱ་བའི་ནང་ནའང་། དེང་སང་གི་མགོན་པོའི་ཆོ་ག་འབྱར་བའི་ཕྱིར། དོན་ལྡན་གྱིས་དབང་ཆོག་མ་བྲིས་པར། མང་ཉུང་འཚམས་ཞིང་དེང་སང་གི་ཆོ་ག་དང་འབྲེལ་ནས། མཁའ་སྤྱོད་པས་དབང་ཆོག་གཉིས་པོ་བྲིས་པར་མཛད། རྗེ་མི་བསྐྱོད་ཞབས་ཀྱིས་བཀའ་གནང་བ་ལྟར་མགོན་ཉོབ་མ་ནས་བསྡུས་ཏེ། དེང་སང་གི་མཚལ་དམར་སེར་གྱི་དཔེ་ཚན་གསུམ་འདི་བསྒྲིགས་ནས་གསར་དུ་བཀོད་པར་མཛད་པའི་མགོན་པོ་ཤིན་ཏུ་སྟོབས་དང་རྫུ་འཕྲུལ་ཆེ་བ་སྟེ། རྒྱུད་མེ་ལྕེ་ཕྲེང་བ་ལས། བཅོམ་ལྡན་འདས་ཀྱིས་མགོན་པོ་ནག་པོ་ལ་


SPN001_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། །སྐྱེས་བུ་ཁྱོད་ཀྱི་རྫུ་འཕྲུལ་ནི། །སྲིད་པ་གསུམ་ལ་བྱོལ་འདེབས་ཤིང་། །ཁམས་གསུམ་དབང་དུ་སྡུད་པར་བྱེད། །འདོད་ཁམས་དཀྲུགས་ཤིང་ཟིལ་གྱིས་གནོན། །སྟོང་གསུམ་གཞན་དུ་འཕེན་པར་བྱེད། །འབྱུང་པོ་ཀུན་གྱི་རྒྱུ་ལམ་གཅོད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འདེབས། །རི་བོ་ལྟོ་རུ་ཟ་བར་བྱེད། །དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིང་། །ཁྱོད་ཀྱི་གད་མོར་བགད་པ་ཡི། །བཞད་པའི་གད་མོས་ལྷ་རྣམས་བརྒྱལ། །བདུད་དང་མུ་སྟེགས་སྔངས་བར་བྱེད། །ཤི་ལ་ཐུག་པ་བརྒྱལ་བར་འགྱུར། །ངོ་མཚར་གད་མོས་དབང་དུ་བསྡུས། །མ་མོའི་ཚོགས་རྣམས་ཡིད་ཀྱང་འཕྲོག །ཧཱུྃ་སྒྲས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་སྟོང་གསུམ་དུས་གཅིག་སྒྲོལ། །ཕེཾ་ཕེཾ་ཕེཾ་གྱིས་འཇིག་རྟེན་གཡོ། །གཡོ་བ་ཐམས་ཅད་དབང་དུ་སྡུད། །དབང་གི་སྟོབས་ཀྱིས་གློག་དང་འདྲ། །སྟོང་གསུམ་དུས་གཅིག་ཁྱབ་པར་འགྲོ། །མངོན་ཤེས་ལྔ་དང་རབ་ལྡན་ཅིང་། །རྫུ་འཕྲུལ་སྣ་ཚོགས་རབ་བསྟན་ནས། །འགྲོ་བ་ལོག་འདྲེན་སྒྲོལ་བར་བྱེད། །མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། །དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ལྷ་ཆེན་ཚོགས་ཀྱི་བདག་པོ་སྟེ། །ཞིང་སྐྱོང་དཔའ་པོའི་དམག་དཔོན་མཛད། །གཤིན་རྗེ་བདུད་ཀྱི་རྗེ་བོར་མཛད། །གནོད་སྦྱིན་


SPN001_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་བྲན་དུ་འཁོར། །དེ་ལྟར་དཔལ་ལྡན་དེད་དཔོན་ཁྱོད། །ཅེས་གསུངས་སོ། །རིན་ཆེན་དཔུང་རྒྱན་ལས། གང་ཚེ་ཅི་ཡིས་འདུལ་པར་ཤེས་པའོ། །ཞེས་གསུངས་པ་དང་། སྲོག་གི་འཁོར་ལོའི་རྒྱུད་ལས། མགོན་པོ་ཉིད་ཀྱིས་སྨྲས་པ། ཨེ་མ་ཧོ། བདག་ནི་ཤིན་ཏུ་མི་སྲུན་པ། །སྲིན་པོ་རྣམས་ཀྱང་བྲན་ཏུ་འཁོར། །ལྷ་མ་ཡིན་རྣམས་རླག་པར་བྱེད། །ལྷ་སྲིན་སྡེ་བརྒྱད་འཁོར་དུ་བཅའ། །ལྷ་མ་ཡིན་གྱི་བུ་མོ་རྣམས། །སྲིན་མོར་བཅས་དེ་ཁས་བླངས་ནས། །སངས་རྒྱས་བསྟན་པ་བསྲུང་དུ་བཅུག །ཅེས་སོ། །དེང་སང་མགོན་པོ་ལ་མཐུ་མི་འདུག་ཅེས་སྨྲ་བ་དེ་དོན་མ་གོ་སྟེ། མགོན་པོ་འདོན་མཁན་མང་ཡང་དབང་ལུང་ཐོབ་པ་དང་། ཕྱག་ལེན་མི་ཤེས་པ། བསྙེན་སྒྲུབ་མ་ཐེམ་པའི་ལན་ཡིན་ཏེ། གནམ་ཆོས་ལུང་བསྟན་ལས། ད་ཨ་ཁ་ཁ་ཐང་ནག་དང་གཅིག །ཕ་མེད་ལས་ཀྱི་རི་གོན་པ་དང་གཉིས། ཟེར་ནས་ཀུན་གྱིས་སྐྱོ་སྐྱོ་བྱེད། །ཅེས་གསུངས། སྐྱོ་མི་དགོས་ཁོང་གཉིས་པོ་གཅིག་ཡིན། ཅེས་སོགས་འབྱུང་བ་ལྟ་བུའོ། །ཁྱད་པར་དུ་རང་བྱུང་རྒྱལ་མོའི་ཐུགས་གསང་བའི་རྒྱུད་ལས། གཞན་ཡང་མ་མོ་སངས་རྒྱས་ཀྱི་བསྟན་སྲུང་ཁས་བླངས་ཏེ་འདི་སྐད་དུ། བཅོམ་ལྡན་འདས་བདག་གིས་སངས་རྒྱས་ཀྱི་ཆོས་རིན་ཆེན་


SPN001_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་མངོན་པ་སོགས་སྡེ་སྣོད་རྣམ་གསུམ་ལ། གང་ཞིག་མོས་ཤིང་དད་པས་ཡིད་ཆེས་པའི་གང་ཟག་དེ་ལ་བསྲུང་བ་དང་བསྐྱབ་པར་བགྱིའོ། །གང་ཞིག་འཆད་པ་དང་། ཉན་པ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེའི་སྦྱོར་བ་ངན་པ་བསལ་བར་བགྱི། གང་བསྒོམ་པ་དང་། སྒྲུབ་པ་ཉམས་སུ་ལེན་པ་དེ་ལ་གང་དུ། ཕོ་ཉ་དུས་རྟག་ཏུ་བྱ། དེ་ལྟར་དམ་བཅས་བཞིན་ཏུ་བདག་གིས་མ་བགྱིད་ན། བདག་གིས་ད་ལྟ་ཉིད་དུ་བཅོམ་ལྡན་འདས་བསླུས་པ་ཡིན་ལགས་སོ། །དེའི་དབང་གིས་རང་གི་སྙིང་ལ་མེ་འབར་ནས་ལུས་སྲོག་ཐལ་བ་བཞིན་ཏུ་འཚིག་པར་འགྱུར་ལ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་འགྱུར། ཅེས་སྨོན་ལམ་གདབ་ཅིང་མནའ་བོར། དེའི་གནད་ཀྱིས་དེང་སང་དུས་ཅི་ལྟར་སྙིགས་ཀྱང་གནས་པ་བསྒོམ་པ་དམ་ཚིག་ཅན་ཐམས་ཅད་ལ་དཔལ་ལྡན་ལྷ་མོས་སྲུང་ཞིང་སྐྱོབ་པའི་རྟགས་དང་ཉམས་རྨི་ལམ་ཀུན་ཏུ་གསལ་བ་འདུག་པ་འདི་ག་ཡིན། དེ་ལྟར་བརྒྱུད་པ་བཞི་པོ་འདི་བརྒྱུད་ཚུལ་བཤད་མ་དགོས་གོང་གིས་གསལ་བ་ལྟར་ཡིན་ལ། ཞལ་སྦྱོར་དབང་བཞི་ཡོངས་སུ་རྫོགས་པ་འདིའི་བརྒྱུད་པ་ནི། གྲུབ་ཆེན་ཀརྨ་པཀྴི་ནས་མཉན་རས་དགེ་འདུན་འབུམ། རང་བྱུང་རྡོ་རྗེ། གྲགས་


SPN001_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེང་གེ། དར་མ་རྒྱལ་མཚན། མཁའ་སྤྱོད་དབང་པོ། ཆོས་ཀྱི་བྷ་དྲ། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། མཉན་པ་གྲུབ་ཆེན། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །སྟག་ལུང་པ། རྣམ་རྒྱལ་དཔལ་བཟང་། ངག་དབང་རྣམ་རྒྱལ། ངག་དབང་བཀྲ་ཤིས་དཔལ་གྲུབ། མཉན་པའི་སྐུ་སྤྲུལ་བདེ་ལེགས་སྙིང་པོ། དེ་ཉིད་ཀྱི་ཞལ་སྔ་ནས་ཕྱག་ལེན་འདོན་འགྲིགས་དབང་དག་པར་ལན་གསུམ། བདག་ཨ་རཱ་གས་ཞུས། ཡང་ཁོང་གིས་དྲུང་པ་རྒྱལ་ཚབ་པ་ལ་གསན་གསུང་། མཆན་བུ་ལྟར་ན། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །གྲགས་པ་མཆོག་དབྱངས། མཉན་པའི་སྤྲུལ་སྐུའོ། །ཡང་ན། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། མཚུར་ཕུ་སློབ་དཔོན་མགོན་པོ་རྒྱལ། འཇམ་དཔལ་བཟང་པོ། ཆོས་གྲགས་རྒྱ་མཚོ། པར་ནག་ཤོག་དྲིལ་གསུམ་པ་ལྟར། ཡང་ན་མི་བསྐྱོད་རྡོ་རྗེ་ནས། སི་ཏུ་ཆོས་ཀྱི་གོ་ཆ། མི་འཁྲུག་དཔལ་བཟང་། དེའི་མི་ཕམ་ཆོས་ཀྱི་དབང་ཕྱུག་ལ་བརྒྱུད། ཡང་ན། ཆོས་གྲགས་རྒྱ་མཚོ། བཀྲ་ཤིས་དོན་འགྲུབ། སྒོམ་མཁན་ཤཱཀྱ་བཟང་པོ། ཆོས་ཀྱི་གོ་ཆ་དེས། བདག་བཛྲ་ཤྭ་ར་ལའོ། །ཡབ་ཡུམ་ཞལ་སྦྱོར་གྱི་བརྒྱུད་པ་ནི།


SPN001_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པ། བླ་མ་གཉན་རས། རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་མཚན། རོལ་པའི་རྡོ་རྗེ། གྲགས་པ་སེངྒེ། དར་མ་རྒྱལ་མཚན། མཁའ་སྤྱོད་དབང་པོ། ཀུན་དགའ་བློ་གྲོས། རིན་ཆེན་བཟང་པོ། དྷརྨ་བྷ་དྲ། ཆོས་དཔལ་བཟང་པོ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་འགྲུབ། ཆོས་གྲགས་རྒྱ་མཚོ། བཀྲ་ཤིས་དཔལ་འབྱོར། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ངག་དབང་འཇིགས་མེད་གྲགས་བ་ཉིད་ཀྱི་ཞལ་སྔ་ནས་མཚལ་སེར་ཡོངས་རྫོགས་ཀྱི་ལུང་བདག་ཨ་རཱ་གས་གསན། ཡང་དབང་ཕྱུག་རྡོ་རྗེ་ནས་སི་ཏུ་ཆོས་ཀྱི་རྒྱལ་མཚན། བླ་མ་ཆོས་ལྡན་རབ་འབྱོར་གྱི་ཞལ་སྔ་ནས་མཚལ་སེར་ཡོངས་རྫོགས་ཀྱི་ལུང་བདག་ཨ་རཱ་གས་ཞུས། ཡང་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་སྔ་ནས་མགོན་པོ་མཚལ་སེར་གྱི་དཔེ་དབང་བདག་ཨ་རཱ་གས་ཐོབ། མཚམས་དམ་པོའི་སྐབས་སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ་དང་མཇལ་ཏེ་པོ་ཏི་ཆེན་པོའི་དབང་ལུང་ཡོངས་རྫོགས་ཐོབ་པའི་སྣང་བ་བྱུང་། ཉམས་དང་རྨི་ལམ་འགའ་རེ་ལ་མ་མགོན་གཉིས་ཞལ་གསལ་པོར་མཇལ། རང་གིས་བསྙེན་སྒྲུབ་རྟགས་ཐོན་བྱ། གཞན་ལ་དབང་ལུང་ཕྱག་ཁྲིད་བྱས་ཏེ་བསྙེན་


SPN001_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་བཅུག་པའི་རྟགས་ཐོན་མང་དུ་བྱུང་། ཞེས་རྡོ་རྗེའི་གསུང་འཁྲུལ་པ་མེད་པས་དེ་ལྟར་ཡང་ཡང་བསྔགས་པར་བཛད་དེ། མཁས་གྲུབ་འགྲོ་བའི་མགོན་པོ་ཨ་རཱ་གའམ། ཀརྨ་ཆགས་མེད་ཞེས་པ་དེ་ཉིད་ཀྱིས་དུལ་མོ་ཆོས་ཀྱིི་རྗེ་ཀརྨ་དར་རྒྱས་ལ་བསྩལ་ཞིང་། དེ་ནས་དཔལ་ཆེན་ཆོས་ཀྱི་དོན་འགྲུབ། འཇམ་མགོན་བསྟན་པའི་ཉིན་བྱེད། ཀརྨ་པ་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད་དབང་པོ། ཀརྨ་ཐེག་མཆོག་བསྟན་འཕེལ། འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས། རྩ་བའི་བླ་མ་ཆེ་གེ་མོའི་བར་རིམ་པར་བརྒྱུད་པའི། བརྒྱུད་པའི་ཁ་སྐོང་གསར་འཛུད་མཆན་དུ་སྤེལ་པའོ། །དབང་ལུང་ཡོད་པ་ཙམ་མ་ཡིན་པར། སྒྲུབ་བརྒྱུད་བྱིན་རླབས་ཀྱི་བརྒྱུད་པ་དང་བརྟེན་པ་ནི། ཡེ་ཤེས་མགོན་པོ་འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་བཞིའི་ངོ་བོ་སྟེ། ཀརྨ་པཀྴིས། རིན་ཆེན་སྤུངས་རྒྱན་མཚམས་སྦྱར་དུ། ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེ་ལ་འདུས་པ། དེ་ཉིད་གདུལ་བྱའི་དབང་གིས་མགོན་པོ་ནག་པོ་སྐད་ཅིག་ཙམ་གྱིས་རྣམ་པར་སྤྲུལ་པ་ལས་ཞེས་པའི་མཁའ་སྤྱོད་དབང་པོས། བླ་མ་རྒྱལ་བ་མ་ལུས་པ། །འཇིགས་བྱེད་ཆེན་མོ་ཁྱོད་གཅིག་པོ། །སྤྲུལ་པ་ཀུན་ཏུ་སྤྲུལ་པ་སྟེ། །དེ་སླད་རྟག་ཏུ་ཁྱོད་བརྟེན་ནོ། །བདེར་གཤེགས་ཀུན་དངོས་


SPN001_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོག །དེ་ཉིད་ནག་པོ་ཁྱོད་གཟུགས་ཀྱིས། །བདག་ནི་བསྲུང་ཞིང་ཀུན་བསྲུང་པ། ཐེ་ཚོམ་མེད་པར་བདག་བསྟོད་དོ། །ཅེས་སོ། །རྗེ་མཐོང་བ་དོན་ལྡན་ཞབས་ཀྱིས། རྒྱལ་བ་ཀུན་གྱི་ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་སྟོན་པ་རྡོ་རྗེ་འཛིན་པ་ཉིད་ཆོས་སྡུད་པ་པོ་བསྟན་པ་བསྲུང་བའི་ཕྱིར། དཔལ་མ་ཧཱ་ཀཱ་ལ་ཡབ་ཡུམ་ནི། བཅོམ་ལྡན་འདས་དང་ངོ་བོ་གཅིག་ཁོ་ན་སྟེ། ཞེས་གསུངས། འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། བར་སྣང་གི་ལྷ་རྣམས་ཀྱིས་ནག་པོ་ཆེན་པོ་ལ་བསྟོད་པ་ལས། བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །མཐའ་ཡས་ཚོགས་རྫོགས་མངོན་པར་སངས་རྒྱས་ཀྱང་། །ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། ཕ་རོལ་ཕྱིན་པ་བཅུ་ཡི་གཙོ་བོར་མཛད། །ས་བཅུའི་གཙོ་བོར་མཛད་པས་ཆོས་ཀྱི་ཅོད་པན་མཛེས། །མགོན་པོ་སྤྱན་རས་གཟིགས་ནི་ཐུགས་རྗེའི་མངའ་བདག་ཅན། །ནག་པོ་ལྷ་མཆོག་ཁྱོད་ལ་བསྟོད་དེ་གུས་ཕྱག་འཚལ། །ཅེས་དང་། དཔལ་མགོན་པོ་གཟུགས་གནོད་སྦྱིན་དྲག་པོ་འདུལ་བ་ཞེས་བྱ་བ་རྟ་ནག་ཞོན་པ་གཙོ་བོ་བརྟེན་པ་ལས་མགོན་པོ་ལ་བསྟོད་པ། མགོན་པོ་སྤྱན་རས་གཟིགས་དེ་ཐུགས་རྗེ་དབང་


SPN001_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཅན། །ཡོན་ཏན་མངའ་བདག་འཇིག་རྟེན་ཀུན་གྱི་སྐྱབས། །ཞེས་སོ། །སྲོག་གི་འཁོར་ལོའི་རྒྱུད་ལས་མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ཞིང་བསྟོད་པ། བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ན། །མཐའ་ཡས་མངོན་པར་རྫོགས་པའ་ིསངས་རྒྱས་ཀྱང་། །ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། རྒྱུད་དེ་ཉིད་ལས་མགོན་པོ་ལ་ཕྱག་ན་རྡོ་རྗེས་བསྟོད་པ། ཕ་རོལ་ཕྱིན་པ་བཅུ་ལ་སྤྱད་པས་ས་བཅུའི་གཙོ་བོ་མཛད། །ས་བཅུའི་མགོན་པོ་གཙོ་བོ་ལེགས་པས་ཆོས་ཀྱི་ཅོད་པན་མཛེས། །མགོན་པོ་སྤྱན་རས་གཟིགས་དེ་ཐུགས་རྗེ་མངའ་བདག་ཅན། །ཅེས་གསུངས་ཤིང་། གསང་བ་གབ་ཐིག་གི་རྒྱུད་ལས་ཀྱང་དེ་ལྟ་བུ་རྒྱ་ཆེར་གསུངས་པ་སོགས་དེས་ན་མགོན་པོ་དེ་ལྟ་བུའི་སྙན་བརྒྱུད་ཀྱི་དབང་ཟབ་མོ་ལེགས་པར་ཞུ་བའི་ཕྱིར་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་བ་སྔོན་དུ་སོང་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཤཱཀྱ་སེངྒེའི་བསྟན་པ་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སྨིན་བྱེད་རིམ་པ་བསྟན་དུ་གསོལ། །ལན་གསུམ། ཡང་འདིའི་རྗེས་ཟློས་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །སློབ་དཔོན་ཁྱོད་ནི་དགོངས་སུ་


SPN001_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ད་ཐུན་མོང་གི་སྐྱབས་སེམས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། ད་ཁྱེད་རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུ་ལས་བདུད་རྩི་བབས་པས་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་དག་པར་བསྒོམ་ལ་ཡིག་བརྒྱ་ཟློས། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས། གདོང་གཡོགས་མཐིང་ཀ་བཅིངས་པའི་མོས་པ་མཛོད། ༀ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭ་ཧཱ། མེ་ཏོག་གི་ཕྲེང་བ་རེ་གཏད་པའི་མོས་པ་མཛོད། ཨ་ཁཾ་ཝཱི་ར་ཧཱུྃ། ཁྱེད་རང་སྐད་ཅིག་གིས་མ་ཧཱ་ཀཱ་ལ་སྐུ་མདོག་མཐིང་ནག་གྲི་གུག་ཐོད་ཁྲག་འཛིན་པ་ཡུམ་དང་ཞལ་སྦྱོར་བའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་རྒྱས་བཏབ་པར་བསྒོམ། དེ་ནས་དྲི་ལན་གྱིས་བརྟགས་ཏེ། སློབ་དཔོན་གྱིས། གང་ཞིག་རྡོ་རྗེ་ནག་པོ་ཆེ། །སངས་རྒྱས་ཀུན་གྱི་


SPN001_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་བདག །བདེ་བ་ཆེན་པོར་རྣམ་རོལ་པ། །དེ་ཡི་དཀྱིལ་འཁོར་འཇུག་འདོད་སུ། །ཞེས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། ཁྱོད་དང་དུ་མའི་སངས་རྒྱས་ཀུན། །དབྱེ་བ་མེད་པ་བདག་བལྟ་ཡི། །བདག་ནི་སྐལ་བ་བཟང་པོ་སྟེ། །དཀྱིལ་འཁོར་ཆེན་པོར་གཞུག་པར་འཚལ། །ཞེས་བརྗོད་བཅུག །ཡོལ་བ་བསལ་ནས་ཕྱག་འཚལ་བའི་མོས་པས་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཀུན་གྱི་སྐུ། །བླ་མ་མགོན་པོའི་སྐུ་མཆོག་ལ། །བདག་ནི་རྣམ་པ་ཐམས་ཅད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་གསུང་། །བླ་མ་མགོན་པོའི་གསུང་མཆོག་ལ། །བདག་ནི་རྣམ་པ་ཐམས་ཅད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །བླ་མ་མགོན་པོའི་ཐུགས་མཆོག་ལ། །བདག་ནི་རྣམ་པ་ཐམས་ཅད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །བླ་མ་མགོན་པོའི་ཡོན་ཏན་ལ། །བདག་ནི་རྣམ་པ་ཐམས་ཅད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཕྲིན་ལས་མཆོག །བླ་མ་མགོན་པོའི་ཕྲིན་ལས་


SPN001_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བདག་ནི་རྣམ་པ་ཐམས་ཅད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །རྡོ་རྗེ་ནག་པོ་ཆེ་ཞབས་ཕྱག་འཚལ་ཞིང་། །བསམ་ཡས་མཆོད་པའི་ཁྱད་པར་དུ་མས་མཆོད། །འགལ་འཁྲུལ་ཉེས་པ་མ་ལུས་རབ་བཤགས་ནས། །མངོན་སྤྱོད་བརྟུལ་ཞུགས་འབར་ལ་རྗེས་ཡི་རངས། །ཕྲིན་ལས་རྒྱ་མཚོས་ཆོས་འཁོར་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་བཞུགས་པར་གསོལ། །འགྲོ་བ་མཐའ་དག་ཁྱོད་དང་དབྱེར་མེད་པའི། །བྱང་ཆུབ་ཆེན་པོ་བགེགས་མེད་ཐོབ་གྱུར་ཅིག །ཅེས་ལན་གསུམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། ཁྱེད་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བསྒོམ་ལ་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟཾ་ཨུཏྤཱ་ད་ཡ་མི། རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་དེ་བརྟན་པའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་སྙིང་གར་བཞག་ལ། ༀ་སུ་ར་ཏེ་ས་མ་ཡ་སྟྭྃ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་སློབ་མའི་མགོ་བོར་རྡོ་རྗེ་བཞག་ཅིང་། ཁྱོད་ནི་རྡོ་རྗེའི་རིགས་སུ་སྐྱེས། །ང་ཡི་ཡེ་ཤེས་རྡོ་རྗེ་སྤྱན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་འདི་འདྲ་མ་མཐོང་བའི། །དྲུང་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་ན་ཉམས་པར་འགྱུར། །དེ་བས་ང་རྒྱལ་བཅོམ་ནས་


SPN001_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བདག་ཉིད་མ་འཁྲུལ་ཤེས་པར་གྱིས། །གལ་ཏེ་ཁྱེད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགས། །སྙིང་གར་རྡོ་རྗེས་རེག་ཅིང་། ༀ་དེ་རིང་ཧེ་རུ་ཀ་དཔལ་རང་། །ཁྱེད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་བདུད་རྩི་བྱིན་ཞིང་། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་གྲུབ། །པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཐ་ཐ། ཞེས་འཁྱོར་ཆུ་བྱིན་ལ། སླར་རྡོ་རྗེ་སྤྱི་བོར་བཞག་ནས། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས། །གང་ཡང་ང་ལ་མ་གུས་མིན། །དེ་བཞིན་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །ཞེས་དམ་བསྒྲག་ལ། དེ་ནས་རིགས་ལྔའི་སྡོམ་བཟུང་འདིའི་རྗེས་ཟློས་མཛོད། སངས་རྒྱས་སྲས་བཅས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བས་ནི། དུས་ནི་འདི་ནས་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་


SPN001_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བརྒལ་བ་


SPN001_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་ཀྱིས་སྡོམ་པ་བཟུང་། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་མཎྜལ་ཕུལ། ཡེ་ཤེས་པ་དབབ་པའི་དོན་དུ་རྗེས་ཟློས་མཛོད། དཔལ་ཡེ་ཤེས་ཀྱི་མགོན་པོ་ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱི་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཡེ་ཤེས་པ་དབབ་པར་མཛད་དུ་གསོལ། དཔལ་ཐུགས་ཀྱི་མགོན་པོ་རྡོ་རྗེ་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཡེ་ཤེས་དབབ་པར་མཛད་དུ་གསོལ། དཔལ་སྐུའི་མགོན་པོ་སངས་རྒྱས་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཡེ་ཤེས་དབབ་པར་མཛད་གསོལ། དཔལ་ཡོན་ཏན་གྱི་མགོན་པོ་རིན་ཆེན་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཡེ་ཤེས་དབབ་པར་མཛད་དུ་གསོལ། དཔལ་གསུང་གི་མགོན་པོ་པདྨ་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་


SPN001_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཡེ་ཤེས་དབབ་པར་མཛད་དུ་གསོལ། དཔལ་ཕྲིན་ལས་ཀྱི་མགོན་པོ་ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཡེ་ཤེས་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ། ཁྱེད་རང་རྣམས་འགྲེང་སྟེ་རྟིང་པ་བཏེགས་ནས་ཆོས་འབྱུང་གི་ཕྱག་རྒྱ་སྤྱི་བོར་གྱིས་ལ་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུ་གཏོར་ཞིང་། ༀ་དཾ་ཥྚོཏྐ་ཊ་ཀྱིས་སློབ་མ་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཁཾ་ལས་བྲག་སྟེང་མཐིང་ནག་གྲུ་གསུམ་འབར་བ་དེའི་དབུས་སུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་མཐིང་ནག་དང་མ་སྔོ་སྐྱ་གཉིས་འོད་དུ་ཞུ་བ་ལས། སྐད་ཅིག་གིས་ཁམས་གསུམ་ཟ་བྱེད་དུར་ཁྲོད་བདག་པོ་འཇིགས་བྱེད་འབར་བ་ཡབ་ཡུམ་གྱི་སྐུར་གྱུར་པ་སྟེ། དེ་ཡང་སྐུ་མདོག་དུད་ཁ་མུན་ཆེན་གྱི་མདོག་ལྟ་བུ་རབ་ཏུ་ཁྲོས་པའི་ཞལ་མཆེ་བ་བཞི་གཙིགས་ཤིང་ལྗགས་འགྱུར་བ། སྡང་མིག་རྣམ་པར་གཡོ་བའི་སྤྱན་གསུམ་འཁྱིལ་ཞིང་ཕྱོགས་བཅུར་ལྟ་བ། གློག་ལྟར་ཁམ་པའི་སྨིན་མ་དང་སྨ་ར་འབར་བ། མེ་སྟག་འཕྲོ་བ་གྱེན་དུ་ལངས་པའི་དབུ་སྐྲ་དམར་སེར་སྦྲུལ་དང་དར་གྱིས་བཅིངས་


SPN001_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ནོར་བུ་རིན་པོ་ཆེ་དུ་མའི་རྩེ་བྲན་ཅན་གྱི་ཐོད་པ་མེ་རབ་ཏུ་འབར་བའི་ཐོད་དང་ལྡན་པ། རུས་པ་དང་དུག་སྦྲུལ་གདུག་པས་དབུ་དང་སྐུ་དང་ཡན་ལག་བརྒྱན་ཅིང་། སྟག་གི་པགས་པའི་ཤམ་ཐབས་དང་། དར་ནག་གི་འཇོལ་བེར་དགུ་བརྩེགས་དང་། དར་སྣ་ཚོགས་ཀྱི་ན་བཟའ་ཅན། གདུག་པ་རྣམས་ཀྱི་མགོ་བོའི་ཕྲེང་བ་ཁྲག་དང་བཅས་པའི་དོ་ཤལ་བྱས་ཤིང་། ཁྲག་གིས་གོས་ཤིང་མེ་འབར་བའི་གྲི་གུག་ཕྱག་གཡས་དག་གིས་གདེངས་པའི་འོད་ཀྱིས་འཇིག་རྟེན་གསལ་བ། ཡུམ་གྱི་ཞལ་དུ་སྟོབས་བཞིན་པའི་ཁྲག་ཅན་གྱི་ཐོད་པ་གཡོན་དུ་འཛིན་ཞིང་། ཞབས་གཡས་བརྐྱང་བའི་གར་དང་། གཡོན་པས་ཡུམ་ལ་འཁྲིལ་པའི་ཚུལ་ཅན་མ་ལུས་པའི་བགེགས་དང་དགྲ་ཡི་ཚོགས་ཟ་བར་མཛད་ཅིང་ཆེར་རབ་ཏུ་འབར་བའི་མེའི་དབུས་ན་རྔམས་པའི་གད་མོས་མ་བྷྱོ་ཧཱུྃ་གི་སྒྲ་ཆེན་པོ་ཁམས་གསུམ་ཁྱབ་པར་སྒྲོག་པས་སྲིད་གསུམ་ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་པ། འཇིག་པ་མཐའ་དག་འཇིགས་པར་བྱེད་པ་དེའི་པང་དུ་དཔལ་ལྡན་ལྷ་མོ་སྐུ་མདོག་མཐིང་ནག་ཏུ་འདུག་པ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མཆེ་བ་བཞི་བཙིགས་པ། དབུ་སྐྲ་ཁམ་ནག་གྱེན་དུ་བཅིངས་ཤིང་མཐུར་དུ་གྲོལ་བ་ལ། ཐོད་སྐམ་ལྔའི་ཕྲེང་བས་བཅིངས་པ། སྤྱི་གཙུག་ཏུ་ཟླ་བ་ཕྱེད་པ་དང་། རྨ་བྱའི་མདོངས་ཀྱིས་མཛེས་པ།


SPN001_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

དར་གྱི་ཅོད་པན་དང་། སྦྲུལ་ནག་གི་ཆུན་འཕྱང་དང་། རིན་པོ་ཆེ་སྣ་ཚོགས་འཕྲོ་བའི་ཕྲེང་བས་བརྒྱན་པ། སྐུ་ལ་དར་ནག་གི་འཇོལ་བེར་གསོལ་ཞིང་ཐོད་རློན་གྱི་དོ་ཤལ་ཅན། ཞབས་གཉིས་བརྐྱང་བསྐུམ་གྱིས་ཡབ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་པ། ཕྱག་བཞི་གཡས་ཀྱི་དང་པོ་ན་ཁ་ཊྭཱྃ་ག་རྩེ་གསུམ་བསྣམས་པ། གཡོན་གྱི་དང་པོ་ན་འཕྲུལ་གྱི་མེ་ལོང་ཕྱི་ཞིང་ལྟ་བ། གཡས་ཀྱི་འོག་མ་ན་གནམ་ལྕགས་ཀྱི་ཕུར་པ་འདྲིལ་ཞིང་འདེབས་པ། གཡོན་གྱི་འོག་མ་ན་སྦྲུལ་ནག་གི་ཞགས་པ་བསྡོག་ཅིང་འཕེན་པ། གཡས་ཀྱི་འོག་མའི་ཕྱག་གིས་དཔལ་ནག་པོ་ཆེན་པོ་ལ་འཁྱུད་པ་སྟེ། དཔལ་ཆེན་པོའི་སྐུར་གསལ་བཏབ་པའི་དཔྲལ་བར་སྤྱན་དབུས་མ་གཡས་ཕྱོགས་སུ་དྲག་ཏུ་འཁོར་བ་དང་། གཡུང་དྲུང་རིས་དམར་པོ་ལ་སེམས་གཏད། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མ་མགོན་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྦྱན་འདྲེན་ན། །ཐུགས་རྗེའི་ཐུགས་དམ་དབང་གིས་ནི། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བྷྱོ། བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས། །བསྟན་པ་བསྲུང་


SPN001_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྐུ་སྤྲུལ་པ། །ཚུར་གཤེགས་ཚུར་གཤེགས་མ་ཚུར་གཤེགས། །དམ་ཚིག་དབང་གིས་མྱུར་དུ་བྱོན། །ༀ་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་མ་ཧཱ་ཀཱ་ལ་དེ་བ་རཀྴ་ཛཿཧཱུྃ་བྃ་ཧོཿཨེ་ཧྱེ་ཧི་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་ཧཱུྃ་ཡ་ཛ་ཧཱུྃ་ཡ་ཛ། ཞེས་ཡུན་རིང་དུ་ུདབབ། ཚིལ་ཆེན་བདུག །རོལ་མོ་བྱ། མ་ཕེབས་ན་དམིགས་པ་བསྐྱར་ཏེ་དབབ། ཕེབས་ནས། དེ་ལྟར་ཕབ་པའི་ཡེ་ཤེས་དེ་ངོ་སྤྲད་པའི་ཕྱིར་རྡོ་རྗེའི་གླུ་བླང་བ་ནི། ཀྱེ་ཧོ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ལ་སེམས་སུ་འདུས། །སེམས་ཅན་ཀུན་གྱི་སེམས་ཉིད་དེ། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང་། །མོས་པ་དུ་མའི་སེམས་ཅན་ལ། །ཐབས་རྣམས་སྣ་ཚོགས་སྟོན་པ་སྟེ། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །བསམ་གྱིས་མི་ཁྱབ་གོ་འཕང་ཐོབ། །ཡེ་ཤེས་མགོན་པོའི་བྱིན་རླབས་ཡིན། །བླ་མ་བརྒྱུད་པའི་རིམ་པ་ནི། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །སྤྱི་བོར་རྡོ་རྗེ་རེག་ཅིང་། དེ་ནས་ཡེ་ཤེས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ།


SPN001_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརྟན་པར་བྱས། དཀྱིལ་འཁོར་གྱི་མཐོང་བ་བརྟག་པ་ནི། མིག་རས་ཀྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་ལ་ལྟོས། ཁ་དོག་ཇི་ལྟར་མཐོང་བ་སྨོས་ཤིག །ཁ་དོག་ཅི་མཐོང་བརྗོད་བཅུག །དེ་ལྟར་དཀར་པོ་ལ་ཞི་བ། སེར་པོ་ལ་རྒྱས་པ། དམར་པོ་ལ་དབང་། ལྗང་གུའམ་ནག་པོ་ལ་མངོན་སྤྱོད་དམ་དྲག་པོ། ཁ་དོག་སྣ་ཚོགས་ལ་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །ཞེས་བརྗོད། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་སྐྱེ་བ་སྔ་མ་ལ་ལས་ཀྱི་འཕྲོ་ཡོད་པའི་ལྷ་གང་ཡིན་པ་ལ་ཕོག་པར་གྱུར་ཅིག་ཅེས་ཡིད་ལ་གྱིས་ལ་འདིའི་རྗེས་ཟློས། བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་གང་ལ་སྦྱངས་པའི་ལྷ། །གང་ཡིན་དེ་ལ་ཕོག་པར་ཤོག །པྲ་ཏཱིཙྪ་ཧོཿཞེས་བརྗོད་བཞིན་པས་མེ་ཏོག་དཀྱིལ་འཁོར་ལ་དོར་ཞིག །སློབ་དཔོན་གྱིས་ལྷ་གང་ལ་ཕོག་པ་བརྟག་ལ་མེ་ཏོག་བླངས་ནས། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་ཉིད་སྤྱི་བོར་ཐིམ་པར་མོས་ཤིག །སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་བཟུང་བར་བྱ། །མཛེས་པའི་ཅོད་པན་འདི་ཡིས་ནི། །རིགས་ཀྱི་བདག་པོར་དབང་བསྐུར་རོ། །པྲ་ཏི་གྲྀཧྣ་སྭ་མི་མཾ། སཏྭ་མ་ཧཱ་བཱ་ལ། ཞེས་སྤྱི་བོར་སྦྱིན། རིགས་ཀྱི་མིང་བཏགས། དཀྱིལ་འཁོར་གཙོ་བོས་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་མཛད། །


SPN001_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ཧ་སྱ་ཨུདྒྷ་ཊ་ཧཱུྃ། ཞེས་མིག་དར་བསལ། དག་པ་དང་བཅས་པའི་འཁོར་ལོ་བསྟན་ཅིང་ལྷ་ངོ་སྤྲད་པ་ནི། དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ངོ་སྤྲད་པར་བྱ་སྟེ། དེའང་རྡོ་རྗེའི་བྲག་རི་ལྷུན་ཆགས་པའི་སྟེང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་ཞིང་ཡེ་ཤེས་ཀྱི་མེ་རླུང་དམར་ནག་འཚུབས་མ་དགུ་ཀློང་འཁྱིལ་པའི་དབུས་སུ་རང་སྣང་ཡེ་ཤེས་ལས་གྲུབ་པའི་གཞལ་ཡས་ཁང་མཐིང་ནག་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འཁོར་ལོ་བཞི་རིམ་གྱི་ལྟེ་བར་པད་ཉིའི་སྟེང་དུ་དགྲ་བགེགས་བསྣོལ་བའི་གདན་ལ་དཀར་དམར་གྱི་ཁམས་དང་གཟུང་འཛིན་སོགས་གཉིས་ཆོས་ཐམས་ཅད་དག་ཅིང་ཤེས་རབ་བདེན་པ་གཉིས་སོགས་མཚོན་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཡུམ་ལྷ་མོ་རང་བྱུང་མ་དང་གཉིས་མེད་དུ་འཁྲིལ་བ། ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་བཞིན་དུ་ཐབས་མཁས་གདུག་པ་འདུལ་ཕྱིར་ཧེ་རུ་ཀ་རབ་ཏུ་ཁྲོས་པའི་ཆ་ལུགས་ཡོངས་སུ་རྫོགས་པ། རྟག་ཆད་ཀྱི་མཐའ་ལས་གྲོལ་ཕྱིར་དྲེའུ་རྟ་རྐང་གསུམ་གྱི་སྟེང་དུ་བཙན་སྟབས་འཁྱིལ་པའི་ཚུལ་གྱིས་བཞུགས་པའོ། །འཁོར་ལོ་དང་པོར་རྣམ་ཤེས་ཚོགས་བརྒྱད་དང་། ཡུལ་བརྒྱད་དག་ཅིང་དེ་ཁོ་ན་ཉིད་བཅུ་དྲུག་མཚོན་པའི་ནག་པོ་ཡབ་ཡུམ་བཅུ་དྲུག །འཁོར་


SPN001_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གཉིས་པར་ཕུང་པོ་ལྔ་དང་ཁམས་ལྔ་དག་ཅིང་ས་བཅུ་དང་སྟོབས་བཅུ་མཚོན་པའི་ཕྱོགས་བཅུ་མགོན་པོ། འཁོར་ལོ་གསུམ་པར་ཀུན་གཞི་ལས་འཕྲོས་པའི་སེམས་བྱུང་གི་ཚོགས་དག་ཅིང་ཡེ་ཤེས་རྣམ་པ་ལྔ་ཐབས་ཤེས་ཀྱིས་དབྱེ་བའི་རིགས་མཚོན་པའི་དྲེགས་པ་བདུན་ཅུ་དོན་གཉིས། འཁོར་ལོ་བཞི་པར་རྩ་ཡི་འཁོར་ལོ་རླུང་དང་ཐིག་ལེ་དག་ཅིང་ཆོས་ཉིད་བདེ་གཤེགས་སྙིང་པོའི་རང་མདངས་འགགས་པ་མེད་པའི་རྩལ་ལས་ཤར་བའི་མ་མོ་འདུན། སྲིང་མོ་བཞི། འབར་མ་དགུ། དུས་བཞིའི་ལྷོ་མོ། དམག་གི་རྒྱལ་མོ་བཞི། དབང་ཕྱུག་མ་ཉེར་བརྒྱད། རྡོ་རྗེ་བརྟན་མ་བཅུ་གཉིས་སོགས་སྤྲུལ་པ་ཡང་སྤྲུལ་གྱི་ལྷ་ཚོགས་བསམ་གྱི་མི་ཁྱབ་ཅིང་སོ་སོའི་རྒྱན་ཆ་ལུགས་ཕྱག་མཚན་བཞོན་པ་དང་བཅས་པ་མ་འདྲེས་པ་གསལ་བར་མཐོང་བའི་མོས་པ་མཛོད། དེ་དག་ཀྱང་རང་སེམས་ཀྱི་སྣང་ཆ་ལས་གཞན་དུ་མི་དམིགས་ཏེ། སེམས་ཀྱི་ངོ་བོ་སྟོང་པ་ནི་ལྷ་མོ། རང་བཞིན་གསལ་བ་ནི་མགོན་པོ། མ་འགགས་པ་ཅིར་ཡང་འཆར་བ་ནི་ལས་མཁན་འཁོར་ཚོགས། དེ་ལྟར་ཡེ་གདོད་མ་ནས་ཡིན་ཀྱང་མ་རྟོགས་པའི་འཁོར་བ་དང་ངན་སོང་དུ་འཁྱམས་པ་ཡིན་ལ། དེ་ལ་ཉོན་མོངས་ཡེ་ཤེས་སུ་འགྱུར་བའི་ཐབས་ཟབ་མོ་ནི་དབང་། དེ་ངོ་སྤྲད་པ་ནི་བླ་མ། དེའི་དོན་བསྒོམ་པས་མཆོག་ཐུན་མོང་གི་དངོས་གྲུབ་མ་བཙལ་


SPN001_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་འབྱུང་བ་ནི་འབྲས་བུའོ། །དེའང་རྣམ་པ་ཐམས་ཅད་དུ་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོའི་ལྟ་བས་རྒྱས་བཏབ་པས་གནས་ལུགས་རང་བཞིན་གྱི་མགོན་པོ་གློ་བུར་དྲི་མའི་སྦུབ་ལས་གྲོལ། བསྒྲུབ་བྱ་ལམ་གྱི་མགོན་པོ་རང་རྩལ་དུ་ཤེས། ལྷུན་གྲུབ་འབྲས་བུའི་མགོན་པོ་རང་ནས་རང་བྱུང་འཆར་པར་འགྱུར་པའོ། །དཀྱིལ་འཁོར་གཉན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །ཐམས་ཅད་འདི་ལས་འབྱུང་བས་ན། །དམ་ཚིག་ཐམས་ཅད་སྤྱོད་པ་དང་། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད། དེ་ནས་འདིའི་རྗེས་ཟློས་མཛོད། ཧོཿརྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །གསང་བའི་དཀྱིལ་འཁོར་ཆེན་པོར་བདག་བཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ཞེས་ང་རྒྱལ་བཟུང་སྟེ་དེ་དག་ནི་སྔོན་དུ་བྱའོ། །དངོས་གཞི་འོད་ཀྱི་དབང་སོགས་ཞུ་བའི་ཕྱིར་མཎྜལ་ཕུལ། དེ་ནས་ལྷ་དང་བླ་མ་དབྱེར་མེད་པའི་དྲུང་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། གདུག་པ་མ་ལུས་འདུལ་མཛད་པ། །ནག་པོ་ཆེན་པོ་བཅོམ་ལྡན་འདས། །མཁའ་འགྲོ་ཀུན་གྱི་དབང་ཕྱུག་གཙོ། །


SPN001_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་ལན་གསུམ། ཐིག་ལེ་བྲིས་པའི་ཙཀླི་གཏད་པའམ་དམིགས་པ་བྱས་ཀྱང་རུང་། བླ་མ་ཡེ་ཤེས་ཀྱི་མགོན་པོའི་སྨིན་མཚམས་ནས་འོད་དཀར་པོ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་ལུས་ཀྱི་སྒྲིབ་པ་དག །སྐུའི་བྱིན་རླབས་ཐོབ་པར་སྒོམས། ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། བླ་མ་ཡེ་ཤེས་ཀྱི་མགོན་པོའི་མགྲིན་པ་ནས་འོད་དམར་པོ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག །གསུང་གི་བྱིན་རླབས་ཐོབ་པར་སྒོམས། རྩ་སྔགས་དང་། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿབླ་མ་ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀ་ནས་འོད་མཐིང་ཀ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཐོབ་པར་སྒོམས། རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་ཡེ་ཤེས་ཀྱི་མགོན་པོའི་ལྟེ་བ་ནས་འོད་སེར་པོ་བྱུང་། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པས་བསགས་པ་ཆ་མཉམ་གྱི་སྒྲིབ་བ་དག །ཡོན་ཏན་གྱི་བྱིན་རླབས་ཐོབ་པར་སྒོམས། རྩ་སྔགས་དང་། སརྦ་ཨ་བྷི་ཥིཉྩ་ཧྲཱིཿབླ་མ་ཡེ་ཤེས་ཀྱི་མགོན་པོའི་གསང་བ་ནས་འོད་ལྗང་ནག་བྱུང་། ཁྱེད་རང་རྣམས་ཀྱི་གསང་བར་ཐིམ་པས་ཤེས་བྱའི་སྒྲིབ་པ་དག །ཕྲིན་ལས་ཀྱི་བྱིན་རླབས་ཐོབ་པར་སྒོམས། རྩ་སྔགས་


SPN001_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཀརྨ་ཨ་བྷི་ཥིཉྩ་ཕཊ། དེ་ནི་འོད་ཀྱི་དབང་ཞེས་བྱ་བའོ། །བླ་མ་མགོན་པོའི་གནས་ལྔར་ༀ་ཨཱཿཧཱུྃ་ཧྲཱིཿཕཊ་དང་། ཁྱེད་རང་སློབ་མའི་གནས་ལྔར་ཡང་ༀ་ཨཱཿཧཱུྃ་ཧྲཱིཿཕཊ་ཀྱིས་མཚན་པར་སྒོམས། དེ་ནས་བླ་མ་མགོན་པོའི་དཔྲལ་བའི་ༀ་ལས་ༀ་མང་པོ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བའི་ༀ་ལ་ཐིམ་པར་སྒོམས། ༀ་ༀ་ༀ། མགོན་པོའི་མགྲིན་པའི་ཨཱཿལས་ཨཱཿམང་པོ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པའིི་ཨཱཿལ་ཐིམ་པར་སྒོམས། ཨཱཿཨཱཿཨཱཿམགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མང་པོ་བྱུང་། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་སྒོམས། ཧཱུྃ་ཧཱུྃ་ཧཱུྃ། མགོན་པོའི་ལྟེ་བའི་ཧྲཱིཿལས་ཧྲཱིཿ་མང་པོ་བྱུང། ཁྱེད་རང་རྣམས་ཀྱི་ལྟེ་བའི་ཧྲཱིཿལ་ཐིམ་པར་སྒོམས། ཧྲཱིཿཧྲཱིཿཧྲཱིཿམགོན་པོའི་གསང་བའི་ཕཊ་ལས་ཕཊ་མང་པོ་བྱུང་། ཁྱེད་རང་རྣམས་ཀྱི་གསང་བའི་ཕཊ་ལ་ཐིམ་པར་སྒོམས། ཕཊ་ཕཊ་ཕཊ། དེ་ནི་ས་བོན་གྱི་དབང་ངོ་། །ཙཀླིའམ་དམིགས་པས་ཀྱང་རུང་སྟེ། བླ་མ་མགོན་པོའི་གནས་ལྔ་དང་། ཁྱེད་རང་རྣམས་ཀྱི་གནས་ལྔར་ཡང་ༀ་ལས་འཁོར་ལོ་དཀར་པོ་ༀ་གྱིས་མཚན་པ། ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ཧྲཱིཿལས་རིན་པོ་ཆེ་སེར་པོ་ཧྲཱིས་


SPN001_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། ཕཊ་ལས་རལ་གྲི་ལྗང་གུ་ཕཊ་ཀྱིས་མཚན་པར་སྒོམས། དེ་ནས་བླ་མ་མགོན་པོའི་དཔྲལ་བའི་འཁོར་ལོ་ལས་འཁོར་ལོ་གྲངས་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བའི་འཁོར་ལོ་ལ་ཐིམ་པར་སྒོམས། ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཙཀྲ་ཨ་བྷི་ཥིཉྩ་ༀ། མགོན་པོའི་མགྲིན་པའི་པདྨ་ལས་པདྨ་གྲངས་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པའི་པདྨ་ལ་ཐིམ་པར་སྒོམས། རྩ་སྔགས། པདྨ་ཨ་བྷི་ཥིཉྩ་ཨཱཿམགོན་པོའི་ཐུགས་ཀའི་རྡོ་རྗེ་ལས་རྡོ་རྗེ་གྲངས་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གའི་རྡོ་རྗེ་ལ་ཐིམ་པར་སྒོམས། རྩ་སྔགས། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། མགོན་པོའི་ལྟེ་བའི་རིན་པོ་ཆེ་ལས་རིན་པོ་ཆེ་གྲངས་མེད་པར་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བའི་རིན་པོ་ཆེ་ལ་ཐིམ་པར་སྒོམས། རྩ་སྔགས། རཏྣ་ཨ་བྷི་ཥིཉྩ་ཧྲཱིཿམགོན་པོའི་གསང་བའི་རལ་གྲི་ལས་རལ་གྲི་གྲངས་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གསང་བའི་རལ་གྲི་ལ་ཐིམ་པར་སྒོམས། རྩ་སྔགས། ཀརྨ་ཨ་བྷི་ཥིཉྩ་ཕཊ། དེ་ནི་མཚན་མའི་དབང་ངོ་། སླར་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་


SPN001_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བའི་དོན་དུ་མཎྜལ་ཕུལ། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། གདུལ་དཀའ་འདུལ་མཛད་བཅོམ་ལྡན་འདས། །ཁྱོད་ལ་རྟག་ཏུ་ཕྱག་འཚལ་ནས། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རབ་འབྱམས་དབང་བསྐུར་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་འགྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །སྐུ་ཡིས་མངོན་པར་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྐུ་ཡི་རྟེན་གང་ཡང་རུང་བ་མགོ་བོར་བཀོད། མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་བྱ། སློབ་མ་ལྷར་བསྐྱེད་པ་ནི། ༀ་དཾཥྚོཏྐ་ཊས་བསངས། ༀ་སྭཱ་བྷ་ཝས་སྦྱངས། སྟོང་བའི་ངང་ལས་ཁྱེད་རང་རྣམས། །ཧཱུྃ་ལས་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྫེས་གཡས་པས་གྲི་གུག་དང་། །གཡོན་གྱིས་ཐོད་ཁྲག་ཐོད་སྐམ་དབུ་རྒྱན་ཅན། །དུག་སྦྲུལ་རུས་པ་སྣ་ཚོགས་དར་གྱིས་བརྒྱན། །དར་ནག་འཇོལ་བེར་སྟག་གི་ཤམ་ཐབས་དང་། །མགོ་ཕྲེང་དོ་ཤལ་ཞབས་གཡས་བསྐུམ་པའི་གར། །གཡོན་པ་བརྐྱང་པའི་ཚུལ་གྱིས་འཇིགས་པའི་གཟུགས། །ཁམས་གསུམ་དབང་སྡུད་ཟིལ་གནོན་ཆེན་པོར་གྱུར། །


SPN001_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་པང་དུ། མ་ལས་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། །ཁ་ཊྭཱྃ་ཕུར་པ་མེ་ལོང་སྦྲུལ་ཞགས་བསྣམས། །བཙན་སྟབས་འཁྲིལ་བའི་སྟབས་ཀྱིས་བཞུགས་པར་གྱུར། །དེ་ཡི་སྤྱི་བོར་ༀ་ཡིག་དཀར་པོ་དང་། །མགྲིན་པར་ཨཱཿདམར་ཐུགས་ཀར་ཧཱུྃ་སྔོན་པོ། །མགོན་པོའི་ཐུགས་ཀར་ཟླ་བར་ཧཱུྃ་མཐིང་ནག །ལྷ་མོའི་ཐུགས་ཀར་ཉི་མར་བྷྱོ་སྔོན་པོས་མཚན་པར་གྱུར། །ཞེས་ཡི་གེས་གསུམ་དང་ས་བོན་བཀོད། དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་སྦྱིན་པར་བྱ་སྟེ། དེ་ལ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་མགོན་པོའི་སྨིན་མཚམས་ནས་སྐུའི་མགོན་པོ་དཀར་པོ་གྲངས་མེད་པ་འཕྲོས། རང་རང་རྣམས་ཀྱི་སྨིན་མཚམས་སུ་ཐིམ་པས་སྐུའི་མགོན་པོ་དཀར་པོར་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །སྐུ་མགོན་ཡབ་ཡུམ་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། རོལ་མོ་སོགས་བྱ། བླ་མ་མགོན་པོའི་མགྲིན་པ་ནས་གསུང་གི་མགོན་པོ་དམར་པོ་གྲངས་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་མགོན་པོ་དམར་པོར་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་འགྲུབ་བྱེད་པ། །


SPN001_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །གསུང་མགོན་ཡབ་ཡུམ་དབང་བསྐུར་རོ། །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿབླ་མ་མགོན་པོའི་ཐུགས་ཀ་ནས་ཐུགས་ཀྱི་མགོན་པོ་མཐིང་ཀ་གྲངས་མེད་པར་འཕྲོས། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པས་ཐུགས་ཀྱི་མགོན་པོ་མཐིང་ཀ་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་འགྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཐུགས་མགོན་ཡབ་ཡུམ་དབང་བསྐུར་རོ། །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་ལྟེ་བ་ནས་ཡོན་ཏན་གྱི་མགོན་པོ་སེར་པོ་གྲངས་མེད་པར་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པས་ཡོན་ཏན་གྱི་མགོན་པོ་སེར་པོ་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་འགྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཡོན་ཏན་མགོན་པོའི་དབང་བསྐུར་རོ། །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱིཿབླ་མ་མགོན་པོའི་གསང་བ་ནས་ཕྲིན་ལས་ཀྱི་མགོན་པོ་ལྗང་གུ་གྲངས་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གསང་བར་ཐིམ་པས་ཕྲིན་ལས་ཀྱི་མགོན་པོ་ལྗང་གུར་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་འགྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཕྲིན་ལས་མགོན་པོའི་དབང་བསྐར་རོ། །རྩ་སྔགས།


SPN001_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ཡ་ཨ་བྷི་ཥིཉྩ་ཕཊ། དེ་ནི་སྐུ་ཞལ་ཕྱག་གི་དབང་ངོ་། །དེ་ནས་གསུང་སྔགས་དབང་ནི། ད་དཔོན་སློབ་གཉིས་ཀ་ལྷར་གསལ་བའི་གནས་ལྔར་ཉི་ཟླ་ལ་ཧཱུྃ་རེ་རེ། སློབ་དཔོན་གྱི་གནས་ལྔའི་ཧཱུྃ་གི་མཐར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྙིང་པོ་ལྔ་བཀོད་པ་དེ། རིམ་པ་ལྟར་ཞལ་ནས་ཐོན། སློབ་མའི་གནས་སོ་སོར་ཧཱུྃ་གི་མཐར་འཁྱིལ་ཏེ་འཁོར་བར་གྱུར་པར་བལྟ་བས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་འགྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །སྤྱན་འདྲེན་སྔགས་ཀྱིས་དབང་བསྐུར་རོ། །ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། དེ་བ་རཀྵ། ཛཿཧཱུྃཿབྃཿཧོཿའདིར་ཤོག་འདིར་ཤོག །ཨ་གཙྪ་ཡ་ཨ་གཙྪ་ཡ། ཧཱུྃ་ཡ་ཛཿཧཱུྃ་ཡ་ཛཿༀ་མ་ཧཱ་ཀཱ་ལི། ཏྲག་རཀྵ་ཏིཾ་ལཾ། ས་མ་ཡ་ཛཿཧཱུྃཿབྃཿཧོཿནག་མོ་ཏིཾ་ལཾ་མ་མ་དུན་བྷྱོ། ཛཿཧཱུྃ་བྃཿཧོཿཀ་ལི་དུན་བྷྱོ། ཨེ་ཨཱ་རལླི་ཧོཿཛཿཧཱུྃ་བྃཿཧོཿམ་ཏི་མ་ཧཱ་ས་མ་ཡ། ཕེཾ་ཕེཾ་ཕེཾ། མ་མ་ཡ་ཤ་ར་ཤ་ཀ་ལ། ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿཨ་ལ་ལ་ཧོཿམ་མོ་ནག་མོ་ཏིང་ལྃཿམ་མོ་ནག་མོ་དུན་ཏིཾ་བྷྱོ། ཛཿཧཱུྃ་བྃ་ཧོཿནག་མོ་དུན་བྷྱོ། ༀ་ཨཱཿཧཱུྃ། ས་མ་ཡ། ཨེ་ཧྱེ་ཧི་ཛཿཨ་རལླི་ཧོཿཧྲིཾ་ཧྲིཾ། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿཞེས་རྡོ་རྗེ་དཔྲལ་བར་རེག །རོལ་མོ་བྱ།


SPN001_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་གཏོར་བ་ཀུན་ལ་འགྲེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཧེར་ནིའི་སྔགས་ཀྱིས་དབང་བསྐུར་རོ། །ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཤོག་ཧེར་ནི་ཤོག །ཧེར་མ་དུཾ་རིལ་ཤོག །འདིར་ཤོག་འདིར་ཤོག །འདིར་དུཾ་འདིར་དུཾ། གནོད་བྱེད་དགྲ་པོའི་ཙིཏྟ་བྃ་ཙིཏྟ་རྦད། ཝཀྐ་ཨ་བྷི་ཥིཉྩ་ཨཱཿཞེས་རྡོ་རྗེ་མགྲིན་པར་རེག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཧུ་ུརའི་སྔགས་ཀྱིས་དབང་བསྐུར་རོ། །ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། དེ་ཝ་རཀྵ་དགྲ་བོའི་ཙིཏྟ་ལ་ཧུ་ར་ཧུ་ར། བེ་ར་བེ་ར། དུ་ན་དུ་ན། ཏྲི་ལིཾ་ཤཾ་ཀ་རུ་ཏྲི་ཏ་ཏྲག་རཀྵ་རྦད། ༀ་སྟྭཾ་བནྡྷ་སྟྭཾ་བནྡྷ་ཧཱུྃ་ཧཱུྃ་ཕཊ། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿཞེས་རྡོ་རྗེ་སྙིང་གར་རེག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཤཱ་ས་ན་ཡི་སྔགས་དབང་བསྐུར། །ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ནཾ། ཨེ་ཥཱ་པཤྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ནཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ།


SPN001_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཝཀྐ་ཨ་བྷི་ཥིཉྩཨཱཿཞེས་རྡོ་རྗེ་ལྟེ་བར་རེག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །རྦད་སྔགས་ཀྱི་ནི་དབང་བསྐུར་རོ། །ༀ་ཨེ་ཨཱ་རལླི་ཧོཿཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྵ་ཁཱ་ཧི། ཏྲ་རཀྵ་ཐུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བྷྱོ་ཁཱ་ཧི། ཝཀྐ་ཨ་བྷིཥིཉྩ་ཨཱཿཞེས་རྡོ་རྗེ་གསང་བར་རེག །དེ་ནི་གསུང་བཟླས་པའི་དབང་ངོ་། །ར་ར་སི་སི་ལ་སོགས་སྔོན་ཏུ་འགྲོ་བས་བྱ་བ་སྔགས་ཀྱི་དབང་ངོ་། །ཐུགས་ཏིང་ངེ་འཛིན་གྱི་དབང་ནི། སློབ་དཔོན་གྱིི་དཔྲལ་བ་ནས་འོད་ཟེར་མཐིང་སྐྱ་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ། གཏི་མུག་གི་ལས་སྒྲིབ་དག །ཆོས་དབྱིངས་ཡེ་ཤེས་ཐོབ་པར་བསྒོམ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཐུགས་ཀྱིས་མངོན་པར་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་དཔྲལ་བར་རེག །མེ་ཏོག་དང་རོལ་མོ་ཀུན་ལ་འགྲེའོ། །སློབ་དཔོན་གྱི་མགྲིན་པ་ནས་འོད་ཟེར་མཐིང་དམར་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ། འདོད་ཆགས་ཀྱི་ལས་སྒྲིབ་དག །སོར་རྟོག་ཡེ་ཤེས་ཐོབ་པར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་


SPN001_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཐུགས་ཀྱིས་མངོན་པར་དབང་བསྐུར་རོ། །རྩ་སྔགས། ཙིཏྟ་ཨ་བྷི་ཥཉྩ་ཧཱུྃ། རྡོ་རྗེ་མགྲིན་པར་རེག །སློབ་དཔོན་གྱི་ཐུགས་ཀ་ན་འོད་ཟེར་མཐིང་ནག་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ། ཞེ་སྡང་གི་ལས་སྒྲིབ་དག །མེ་ལོང་ཡེ་ཤེས་ཐོབ་པར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཐུགས་ཀྱིས་མངོན་པར་དབང་བསྐུར་རོ། །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གར་རེག །སློབ་དཔོན་གྱི་ལྟེ་བ་ནས་འོད་ཟེར་མཐིང་སེར་འཕྲོས། ཁྱེད་རང་གི་ལྟེ་བར་ཐིམ། ང་རྒྱལ་གྱི་ལས་སྒྲིབ་དག །མཉམ་ཉིད་ཡེ་ཤེས་ཐོབ་པར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཐུགས་ཀྱིས་མངོན་པར་དབང་བསྐུར་རོ། །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ལྟེ་བར་རེག །སློབ་དཔོན་གྱི་གསང་བ་ནས་འོད་ཟེར་མཐིང་ལྗང་འཕྲོས། ཁྱེད་རང་གི་གསང་བར་ཐིམ། ཕྲག་དོག་གི་ལས་སྒྲིབ་དག །བྱ་གྲུབ་ཡེ་ཤེས་ཐོབ་པར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཐུགས་ཀྱིས་མངོན་པར་


SPN001_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྐུར་རོ། །རྩ་སྔགས། ཙིཏྟ་ཨ་བྷི་ཥྀཉྩ་ཧཱུྃ། གསང་བར་རེག །དེ་ནི་ཐུགས་ཏིང་ངེ་འཛིན་གྱི་དབང་ངོ་། །དེ་ནས་ཡོན་ཏན་རྒྱན་གྱི་དབང་ལ། ༀ་དཾ་ཥྚོཏྐ་ཊས་བསངས། ༀ་སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་་རྒྱན་རེ་རེ་བཞིན་རིན་པོ་ཆེ་དང་། རུས་པ་དང་། སྦྲུལ་དང་། ཞིང་པགས་དང་། སྟགས་པགས་དང་། དར་ལྷབ་ལྷུབ་དང་། མགོ་ཕྲེང་རྣམས་སུ་བསྐྱེད་དེ། དེ་ལ་ཁྲོ་རྒྱལ་ཐམས་ཅད་ཀྱི་ནུས་མཐུ་ཇི་སྙེད་པ་བསྡུས་ནས་ཐིམ་པར་གྱུར་པར་དམིགས་ཤིང་བསྟིམ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །རིན་པོ་ཆེ་ཡི་རྒྱན་ཆ་ཡི། །ཡོན་ཏན་མངོན་པར་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་རཏྣ་ཨ་ལཾ་ཀ་ར་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །རུས་པ་ཡི་ནི་རྒྱན་དྲུག་གི། ཡོན་ཏན་མངོན་པར་དབང་བསྐུར་རོ། །རྩ་སྔགས་དང་། རུ་ནི་རཾ་སུ་ཨ་ལཾ་ཀ་ར་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །སྦྲུལ་རྒྱན་ཁ་དོག་བརྒྱད་པོ་ཡི། །ཡོན་ཏན་མངོན་པར་དབང་བསྐུར་རོ། །རྩ་སྔགས་དང་།


SPN001_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ག་ཨཥྚ་ཨ་ལཾ་ཀ་ར་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ང་རྒྱལ་འཇོམས་བྱེད་ཞིང་ལྤགས་ཀྱི། །ཡོན་ཏན་མངོན་པར་དབང་བསྐུར་རོ། །རྩ་སྔགས་དང་། མ་ནུ་ཥྱ་དྲྀ་ཏི་ཨ་ལཾ་ཀ་ར་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །མགོ་ཕྲེང་ལྔ་བཅུའི་དོ་ཤལ་གྱི། །།ཡོན་ཏན་མངོན་པར་དབང་བསྐུར་རོ། །རྩ་སྔགས་དང་། ཀཱ་པ་ལ་མཱ་ལ་ཨ་ལཾ་ཀ་ར་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །སྟག་ལྤགས་རློན་པའི་ཤམ་ཐབས་ཀྱི། །ཡོན་ཏན་མངོན་པར་དབང་བསྐུར་རོ། །རྩ་སྔགས་དང་། ཨེ་བྱ་གྲཱྀ་ཝསྟྲ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ལྷབ་ལྷུབ་དར་གྱི་བེར་ཆེན་གྱི། །ཡོན་ཏན་མངོན་པར་དབང་བསྐུར་རོ། །རྩ་སྔགས་དང་། ཝསྟྲ་ཨ་ལཾ་ཀ་ར་གུ་ཎ་ཨ་བྷི་ཥྀཉྩ་ཧཱུྃ། ཞེས་སོགས་ཙཀླིའམ། དམིགས་པས་བྱས་ཀྱང་རུང་། དེ་ནི་ཡོན་ཏན་རྒྱན་ཀྱི་དབང་ངོ་། །དེ་བཞིན་དུ་ཐོད་པ་ཆང་གིས་བཀང་བ་དང་། གྲི་གུག་གཏད། ༀ་དཾཥྚོཏྐ་ཊ།


SPN001_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭཱ་བྷ་ཝ། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་གྲི་གུག་ལག་གཡས་སུ་བྱིན་པས་བགེགས་མཐའ་དག་གི་མགོ་གཅོད། མེ་འབར་འོད་ཀྱིས་གདུག་པ་ཅན་ཐམས་ཅད་བསྲེག །སངས་རྒྱས་ཀྱི་ཞིང་གྲངས་མེད་པ་གསལ་བར་བསྒོམ། ཨེ་མ་སྐལ་ལྡན་རིགས་་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཕྲིན་ལས་མཆོག་གི་དབང་བསྐུར་རོ། །བཛྲ་ཀརྟ་རི་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་དེ་གྲི་གུག་ལག་གཡས་སུ་སྦྱིན། ཨ་ལས་བྱུང་བའི་ཐོད་པ་ལག་གཡོན་དུ་བྱིན་པས་ཁམས་གསུམ་ཀུན་གྱི་བཅུད་བསྡུས་གསོལ་བས་ཟད་པ་མེད་པར་བསྒོམ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཕྲིན་ལས་མཆོག་གི་དབང་བསྐུར་རོ། །བཛྲ་ཀ་པཱ་ལ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཐོད་པ་ལག་གཡོན་དུ་སྦྱིན། དེ་ནས་ལྕགས་ཀྱུ་སོགས་གཏད་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །འགུགས་བྱེད་ལྕགས་ཀྱུའི་དབང་བསྐུར་རོ། །བཛྲ་ཨངྐུ་ཤ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །འཆིང་བྱེད་ཞགས་པས་དབང་


SPN001_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རོ། །བཛྲ་པཱ་ཤ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །སྡོམ་བྱེད་ལྕགས་སྒྲོག་དབང་བསྐུར་རོ། །བཛྲ་སྥོ་ཊ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་གྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །མྱོས་བྱེད་དྲིལ་བུའི་དབང་བསྐུར་རོ། །བཛྲ་གཎྜེ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ལས་བཞི་པའི་ཕྱག་རྒྱ་བྲིས་པ་སྦྱིན། ཕྲིན་ལས་སོ་སོའི་དམིགས་པ་འཁྲུལ་འཁོར་རྒྱས་པར་བྱ་ཞེས་གསུངས་ཕྱིར། ལས་བཞིའི་ཕྱག་རྒྱ་བྱིན་པས་ལས་བཞི་མཐའ་དག་འགྲུབ་པར་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ལས་བཞིའི་ཕྱག་རྒྱས་དབང་བསྐུར་རོ། །ཤནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། བིང་སོགས་ཁྱད་པར་གྱི་ཕྱག་མཚན་སྦྱིན་པར་སྤྲོ་ན། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཕྱག་མཚན་བིང་དང་པར་བུའི་དབང་བསྐུར་རོ། །གཎྜི་ཀ་ཊོ་ར་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནི་ཕྲིན་ལས་ཕྱག་མཚན་གྱི་དབང་ཞེས་བྱའོ། །བླ་མ་མགོན་པོར་གསལ་བའི་གར་དགུའི་ཉམས་རྣམས་སློབ་མ་ལ་འཕྲོས། སློབ་མ་རྣམས་ཀྱང་གར་དགུའི་ཉམས་


SPN001_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རབ་ཏུ་འབར་བའི་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཐམས་ཅད་ཚར་བཅད། སྙིང་གའི་ས་བོན་ལས་བྱུང་པའི་མཆོད་པའི་འོད་ཟེར་ཕྱོགས་བཅུར་སྤྲོས་པས་རྒྱལ་བ་མཐའ་དག་དགྱེས་པར་གྱུར། རྡོ་རྗེ་ཁྲོ་བོ་རྣམས་ཀྱི་ནི། །ཡོན་ཏན་རྨད་བྱུང་གར་དགུ་སྟེ། །སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་པར་བྱེད། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །གར་ཉམས་ཕུལ་བྱུང་དབང་བསྐུར་རོ། །ནྲྀ་ཏྱ་ཨ་བྷི་ཥིཉྩི་ཧཱུྃ། དེ་ནི་གར་ཉམས་ཕུལ་བྱུང་གི་དབང་ངོ་། །བླ་མ་མགོན་པོའི་འོད་ཀྱིས་སློབ་མ་མགོན་པོར་གནས་པར་བསྐུལ། དེའི་འོད་ཀྱིས་གནོད་བྱེད་ཐམས་ཅད་བསྐྲད་པར་བསྒོམ། རྩ་སྔགས། ཨུ་ཙ་ཏ་ཡ་ཕཊ། བླ་མ་མགོན་པོའི་འོད་ཀྱིས་སློབ་མ་མགོན་པོར་གནས་པ་བསྐུལ། དེའི་འོད་ཀྱིས་གནོད་བྱེད་ཐམས་ཅད་བསད་པར་སྒོམས། རྩ་སྔགས། མཱ་ར་ཡ་ཧཱུྃ་ཕཊ། བླ་མ་མགོན་པོའི་འོད་ཀྱིས་སློབ་མ་མགོན་པོར་གནས་པར་བསྐུལ། དེའི་འོད་ཀྱིས་གནོད་བྱེད་ཐམས་ཅད་རྨོངས་པར་སྒོམས། རྩ་སྔགས། བིད་དེ་ཤ་ཡ་ཕཊ། བླ་མ་མགོན་པོའི་འོད་ཀྱིས་སློབ་མ་མགོན་པོར་གནས་པར་བསྐུལ། དེའི་འོད་ཀྱིས་གནོད་བྱེད་ཐམས་ཅད་རེངས་པར་སྒོམས། རྩ་སྔགས། བནྡྷ་ཤ་ཡ་ཕཊ། ཞི་རྒྱས་དབང་དགུག་རྣམས་རྒྱས་པར་བསྒོམ་པ་ཕྲིན་ལས་ཀྱི་


SPN001_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྟེ། བླ་མ་མགོན་པོའི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་སྒོམས། རྩ་སྔགས། ཤྭནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་སྐུ་ལས་འོད་ཟེར་སེར་པོ་གསེར་མདོག་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་སྒོམས། རྩ་སྔགས། པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་སྐུ་ལས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས། སྣང་སྲིད་དབང་དུ་བསྡུས་པར་སྒོམས། རྩ་སྔགས། ཝ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་སྐུ་ལས་འོད་ཟེར་ལྗང་ནག་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས། དགྲ་བགེགས་ཐམས་ཅད་ཚར་བཅད་པར་སྒོམས། རྩ་སྔགས། མཱ་ར་ཡ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པ་རྣམས་ཀྱང་ཕྲིན་ལས་ཀྱི་རྗེས་སུ་གནང་བའོ། །དེ་ལྟརདབང་དགུ་པོ་འདི་དག་གང་ཡང་རུང་བ་རེ་རེ་འམ། གསུམ་ཚན་གང་རུང་ངམ་ཚང་བར་སློབ་མ་སྣོད་དུ་རུང་མི་རུང་གི་དབྱེ་བས་བརྟག་ལ་སྦྱིན་ནོ། །ཤིན་ཏུ་སྐལ་པ་མཆོག་དང་ལྡན་པ་དག་སླར་ཡང་མཎྜལ་ཕུལ་ཏེ་ཞེས་གསུངས་པས། ད་ཐུན་མོང་མ་ཡིན་པའི་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བ་ལ་དང་པོར་བུམ་པའི་དབང་གི་དོན་དུ་མཎྜལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ལྡན་ཁྲག་འཐུང་ཆེན་པོ་ཡིས། །


SPN001_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བུམ་པའི་དབང་བསྐུར་སྩོལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་ཇི་ལྟར་གསོལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་སློབ་མ་རྣམས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་དབང་གི་སྟེགས་སུ་གནས་པ་ལ། ༀ་དཾ་ཥྚོཏྐ་ཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བུམ་ཆུ་དང་སློབ་མ་རྣམས་ཧཱུྃ་ཡིག་མཐིང་ནག་ལས་བྱུང་བའི་དཔལ་ཐུགས་ཀྱི་མགོན་པོ་མཐིང་ནག་རྡོ་རྗེས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པ། ཡུམ་རྡོ་རྗེ་མཁའ་འགྲོ་མ་རྡོ་རྗེ་དང་མེ་ལོང་འཛིན་པས་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་། རུས་པ་དང་། རིན་པོ་ཆེ་ལ་སོགས་རྒྱན་དུ་མས་བརྒྱན་པ། གནས་གསུམ་དུ་ༀ་ཨཱཿཧཱུྃ། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་ཐིམ། ཐུགས་ཀྱི་མགོན་པོ་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་ཆུར་གྱུར། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པ་ནམ་མཁའ་གང་བའི་ལྷ་ཚོགས་ལ་མངོན་པར་བསྐུལ། ཁྲོ་བོ་རྣམས་ཀྱི་བགེགས་བསྐྲད། ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་


SPN001_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་མཆོད། བཅོམ་ལྡན་འདས་ནག་པོ་ཆེན་པོ་སོགས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་གང་བ་ཅུང་ཟད་ཡོ་བར་འཛིན་པས་སྤྱི་བོ་ནས་དབང་བསྐུར་བར་མོས་པ་གྱིས། བུམ་པ་སྤྱི་བོར་རེག་ཅིང་། རྡོ་རྗེ་འཛིན་པ་རྡོ་རྗེའི་བདག །དཔལ་ལྡན་ཁྲག་འཐུང་ཆེན་པོ་ཡི། །ཞེ་སྡང་འཇོམས་བྱེད་ཆུ་ཡི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ༀ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཇི་ལྟར་བལྟམས་པ་སོགས་ནས། དག་པ་བཟང་པོས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཨཱ་ཧཱུྃ། བུམ་ཆུ་བླུད། དེ་ལྟར་ཆུའི་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་དག །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་ཐོབ། ཆུ་ཡི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེ་ནས་དབུ་རྒྱན་སྔར་ལྟར་བསངས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དབུ་རྒྱན་དང་སློབ་མ་རྣམས་ཧཱུྃ་ཡིག་སེར་པོ་དག་ལས་བྱུང་བའི་དཔལ་ཡོན་ཏན་གྱི་མགོན་པོ་སེར་པོ་རིན་པོ་ཆེས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པ། ཡུམ་རིན་ཆེན་མཁའ་འགྲོ་མ་ནོར་བུ་དང་དཔག་བསམ་འཛིན་པས་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་། རུས་པ་དང་། རིན་པོ་ཆེ་ལ་སོགས་པ་རྒྱན་དུ་མས་བརྒྱན་པ། གནས་གསུམ་དུ་ༀ་


SPN001_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་ཐིམ། ཡོན་ཏན་གྱི་མགོན་པོ་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་དབུ་རྒྱན་དུ་གྱུར། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་པ་ནམ་མཁའ་གང་བའི་ལྷ་ཚོགས་ལ་མངོན་པར་བསྐུལ། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། བཅོམ་ལྡན་འདས་ནག་པོ་ཆེན་པོ་སོགས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བར་སྒོམས། དབུ་རྒྱན་སྦྱིན་ཞིང་། རྡོ་རྗེ་འཛིན་པ་རྡོ་རྗེའི་བདག །དཔལ་ལྡན་ཁྲག་འཐུང་ཆེན་པོ་ཡི། །ང་རྒྱལ་འཇོམས་བྱེད་ཅོད་པན་དབང་། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །ༀ་རཏྣ་མུ་ཀུ་ུཊཾ་ཨ་བྷི་ཥིཉྩ་ཏྲྃ། ཇི་ལྟར་བལྟམས་པ་སོགས་ཆུ་ཡིས་དབང་བསྐུར། དེ་ལྟར་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དག །མཉམ་ཉིད་ཡེ་ཤེས་ཀྱི་དབང་ཐོབ། ཆུ་ཡི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། དེ་ནས་རྡོ་རྗེ་བསངས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དང་། སློབ་མ་རྣམས་ཧཱུྃ་ཡིག་དམར་


SPN001_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་བྱུང་བའི་དཔལ་གསུང་གི་མགོན་པོ་དམར་པོ་པདྨ་དམར་པོས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པ། ཡུམ་པདྨ་མཁའ་འགྲོ་མ་ན་བཟའ་དང་པདྨ་འཛིན་པས་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་། རུས་པ་དང་། རིན་པོ་ཆེ་ལ་སོགས་རྒྱན་དུ་མས་བརྒྱན་པ། གནས་གསུམ་དུ་ༀ་ཨཱཿཧཱུྃ། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་ཐིམ། གསུང་གི་མགོན་པོ་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེར་གྱུར། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པ་ནམ་མཁའ་གང་བའི་ལྷ་ཚོགས་ལ་མངོན་པར་བསྐུལ། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་བའི་ལྷ་མོ་རྣམས་ཀྱིས་མཆོད། བཅོམ་ལྡན་འདས་ནག་པོ་ཆེན་པོ་སོགས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་རྡོ་རྗེའི་དབང་བསྐུར་བར་སྒོམས། རྡོ་རྗེ་ལག་ཏུ་གཏད་དེ། རྡོ་རྗེ་འཛིན་པ་རྡོ་རྗེའི་བདག །དཔལ་ལྡན་ཁྲག་འཐུང་ཆེན་པོ་ཡི། །འདོད་ཆགས་འཇོམས་བྱེད་རྡོ་རྗེའི་དབང་། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །ༀ་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿཇི་ལྟར་བལྟམས་པ་སོགས་ཆུ་ཡིས་དབང་བསྐུར། དེ་ལྟར་རྡོ་རྗེའི་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་དག །སོར་རྟོག་ཡེ་ཤེས་ཀྱི་དབང་


SPN001_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། ཆུ་ལྷག་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་དྲིལ་བུ་བསང་སྦྱངས། སྟོང་པའི་ངང་ཡས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དྲིལ་བུ་དང་སློབ་མ་རྣམས་ཧཱུྃ་ཡིག་ལྗང་གུ་ལས་བྱུང་བའི་ཕྲིན་ལས་ཀྱི་མགོན་པོ་ལྗང་གུ་སྣ་ཚོགས་རྡོ་རྗེས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པ། ཡུམ་ལས་ཀྱི་མཁའ་འགྲོ་མ་རལ་གྲི་དང་རྒྱ་གྲམ་འཛིན་པས་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་། རུས་པ་དང་། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། གནས་གསུམ་དུ་ༀ་ཨཱཿཧཱུྃ། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་ཐིམ། ཕྲིན་ལས་ཀྱི་མགོན་པོ་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་དྲིལ་བུར་གྱུར། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པ་ནམ་མཁའ་གང་བའི་ལྷ་ཚོགས་ལ་མངོན་པར་བསྐུལ། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། བཅོམ་ལྡན་འདས་ནག་པོ་ཆེན་པོ་སོགས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་དྲིལ་བུའི་དབང་བསྐུར་བར་སྒོམས། དྲིལ་བུ་སྦྱིན་ཞིང་། རྡོ་རྗེ་འཛིན་པ་རྡོ་རྗེའི་བདག །དཔལ་ལྡན་ཁྲག་འཐུང་ཆེན་པོ་ཡི། །ཕྲག་དོག་འཇོམས་


SPN001_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དྲིལ་བུའི་དབང་། །དེང་འདིར་ཁྱེད་ལ་བསྐུར་བར་བྱ། །ༀ་བཛྲ་གཎྜེ་ཨ་བྷི་ཥིཉྩ་ཨཱཿཇི་ལྟར་བལྟམས་པ་སོགས་ཆུ་ཡིས་དབང་བསྐུར། དེ་ལྟར་དྲིལ་བུའི་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་དག །བྱ་གྲུབ་ཡེ་ཤེས་ཀྱི་དབང་ཐོབ། ཆུ་ཡི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། །དེ་ནས་སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དབང་རྫས་དང་སློབ་མ་རྣམས་ཧཱུྃ་ཡིག་དཀར་པོ་ལས་བྱུང་པའི་དཔལ་སྐུའི་མགོན་པོ་དཀར་པོ་འཁོར་ལོས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པ། ཡུམ་སངས་རྒྱས་མཁའ་འགྲོ་མ་བུམ་པ་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་། རུས་པ་དང་། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། གནས་གསུམ་དུ་ༀ་ཨཱཿཧཱུྃ། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་ཐིམ། སྐུའི་མགོན་པོ་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་རྡོར་དྲིལ་དུ་གྱུར། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པ་ནམ་མཁའ་གང་བའི་ལྷ་ཚོགས་ལ་མངོན་པར་བསྐུལ། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། བཅོམ་ལྡན་འདས་


SPN001_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེན་པོ་སོགས་ཕྱོགས་བཅུའི་བདེ་བར་གཤེགས་བ་རྣམས་ཀྱིས་རྡོ་རྗེའི་མིང་གི་དབང་བསྐུར་བར་སྒོམས། སློབ་མའི་སྤྱི་བོར་རྡོ་རྗེ་དྲིལ་བུ་གསིལ་ཞིང་། རྡོ་རྗེ་འཛིན་པ་རྡོ་རྗེའི་བདག །དཔལ་ལྡན་ཁྲག་འཐུང་ཆེན་པོ་ཡི། །གཏི་མུག་འཇོམས་བྱེད་མིང་གི་དབང་། དེང་འདིར་ཁྱེད་ལ་བསྐུར་བར་བྱ། །ༀ་བཛྲ་ན་མ་ཨ་བྷི་ཥི་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཇི་ལྟར་བལྟམས་པ་སོགས་ཆུ་ཡིས་དབང་བསྐུར། དེ་ལྷར་མིང་གི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །ཆོས་དབྱིངས་ཡེ་ཤེས་ཀྱི་དབང་ཐོབ། ཆུ་ཡི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་དོན་དུ་མཎྜལ། དེ་ནས་སློབ་དཔོན་ནག་པོ་ཆེན་པོའི་དབང་བླང་བར་འདོད་པས་འདིའི་རྗེས་ཟློས། འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་རྟག་ཏུ་སློབ་དཔོན་བགྱི། །ལན་གཅིག །དཀྱིལ་འཁོར་གྱི་དབུས་སུ་སེང་གེ་དང་། གླང་པོ་ཆེ་དང་། རྟ་མཆོག་དང་། རྨ་བྱ་དང་། ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་། པདྨ་དང་ཉི་མ་ལ་གནས་པའི་རྡོ་རྗེའི་སློབ་མ་ཧཱུྃ་མཐིང་ཁ་ལས་བྱུང་བའི་དཔལ་ནག་པོ་ཆེན་པོ་ཆོས་ཉིད་མི་འགྱུར་བའི་མདོག་དང་ཐབས་དང་


SPN001_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕྱག་དང་། རྣམ་པར་རྟོག་པའི་དྲི་མ་མ་ལུས་འཇོམས་ཤིང་ཉོན་མོངས་པའི་ལྗོན་ཤིང་གཅོད་པའི་ཁྲག་དང་བཅས་པའི་ཐོད་པ་དང་། མེ་ལྕེའི་ཕྲེང་བ་འཕྲོ་བའི་གྲི་གུག་ཐུགས་ཀ་དང་སྙན་གྱི་ཐད་དུ་འཛིན་པ། སྟོང་པ་ཉིད་དང་སྙིང་རྗེའི་ཞབས་སྐྱིལ་ཀྲུང་ཕྱེད་པའི་ཚུལ་དུ་འགྱིང་བས་གནས་ཤིང་། རྒྱན་དང་ཆ་ལུགས་བདག་ཉིད་རྡོ་རྗེ་ལྟ་བུའི་བདེ་བས་དགྱེས་བར་བྱེད་ཅིང་། བཙན་སྟབས་འཁྱིལ་བའི་གར་གྱིས་རོལ་པ། རྣམ་པར་བཀྲ་བའི་ལྷའི་གོས་ཀྱིས་ཡང་དག་པར་བཀླུབས་པ། རིན་པོ་ཆེ་དང་རུས་པའི་རྒྱན་ལ་སོགས་པས་ཀུན་ནས་བརྒྱན་ཅིང་། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོས་གང་བའི་སྐུ་ཅན། རབ་ཏུ་འབར་བའི་མེའི་དབུས་ན་རྣམ་པར་མཛེས་པ། དེའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ནག །སྐུ་གསུང་ཐུགས་ཀྱི་སྙིང་པོས་བསྐོར་ཞིང་འོད་དང་བཅས་པའོ། །རྡོ་རྗེ་སློབ་དཔོན་བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་དཔལ་ནག་པོ་ཆེན་པོའི་སྐུ་གྲངས་མེད་པ་མདུན་དུ་གཤེགས་པར་གྱུར། ༀ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཨརྒྷཾ་སོགས་ཀྱིས་མཆོད། ནག་པོ་ཆེན་པོ་བཅོམ་ལྡན་འདས། །གདུག་པ་མ་ལུས་འདུལ་མཛད་ཅིང་། །ཁམས་གསུམ་ལས་རྒྱལ་དྲག་ཤུལ་ཅན། །དཔའ་བོ་


SPN001_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལ་ཕྱག་འཚལ། །ཞེས་པས་བསྟོད། དཔལ་ཆེན་རྡོ་རྗེ་འཛིན་དབང་པོ། །མཐའ་ཡས་ཐུགས་རྗེའི་སྟོབས་མངའ་བ། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །འདི་ལ་འཇུག་ཅིང་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་སློབ་མ་གཉིས་སུ་མེད་པར་ཞུགས་ཤིང་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་སྒྲུབ་པ་ལ་ཆུ་ནང་དུ་སྣང་བའི་ཉི་ཟླའི་གཟུགས་ལྟ་བུའི་སངས་རྒྱས་རྣམས་ལས་ལྷག་པ་ནམ་མཁར་གནས་པའི་ཉི་ཟླ་འོད་འབར་བ་ལྟ་བུའི་རྡོ་རྗེ་སློབ་དཔོན་དུ་གྱུར་ཞིང་། སླར་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གྱི་ཚོགས་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿནམ་མཁའ་གང་བའི་དེ་བཞིན་གཤེགས་པ་སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པས། བུམ་པ་དཀར་པོ་བྱང་ཆུབ་སེམས་ཀྱིས་གང་བ་ཕྱག་གིས་ཅུང་ཟད་ཡོ་བ་འཛིན་པ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་པས་དབང་བསྐུར་བཞིན་པ་དང་། རྣམ་རྒྱལ་གྱི་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ངོ་བོས་དབང་བསྐུར་བར་གྱུར་པ་ནི། བུམ་པའི་ཁ་རྒྱན་རྡོ་རྗེ་དང་བཅས་པ་སློབ་མའི་སྤྱི་བོར་རེག་ལ། དབང་བསྐུར་རྡོ་རྗེ་ཆེན་མོ་ནི། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །རྡོ་རྗེ་གསང་བ་


SPN001_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱུང་བ། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ་སྭཱ་ཧཱ། ཞེས་དབང་བསྐུར་བས། བདེ་བ་ཆེན་པོ་ཕུན་སུམ་ཚོགས་པར་གྱུར་པའི་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་ཅིང་། དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་རྣམས་ཡེ་ཤེས་སེམས་དཔའི་ངོ་བོར་བཅུག་པར་གྱུར། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། རྡོ་རྗེ་ལག་པ་གཡས་སུ་གཏད་ལ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཐབས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཟུངས་ཤིག །དྲིལ་བུ་གཡོན་དུ་བྱིན་ལ། ཨཱཿལས་བྱུང་བའི་དྲིལ་བུ་ཤེས་རབ་དེ་ཁོ་ན་ཉིད་ཀྱི་དྲིལ་བུ་གསུང་གི་དམ་ཚིག་ཟུངས་ཤིག །འཁྱུད་པའི་ཚུལ་བྱེད་དུ་བཅུག་ལ། འཁྱུད་པས་ཡུམ་དང་བཅས་པ་སྦྱོར་བ་ཁ་སྦྱོར་གྱི་རིམ་པས་ཕྱག་རྒྱ་སྐུའི་དམ་ཚིག་ཟུངས་ཤིག །ཡང་རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་ལ། རྡོ་རྗེ་དང་ནི་དྲིལ་བུ་ལོངས། །རྡོ་རྗེ་ལ་ནི་རབ་ཏུ་གནས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །དེ་དག་ནི་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེ་ནས་བཟླས་པའི་ལུང་གི་དོན་དུ་འདིའི་རྗེས་ཟློས་མཛོད། ༀ་མ་ཧཱ་ཀཱ་ལི་ཏྲག་རཀྵ། མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿༀ་ཤྲི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡཀྵ་གུ་ན་ཧྲཱིཿད་ཧཱུྃ་ཕཊ་ཛཿསྭཱ་ཧཱ། ༀ་ཏྲག་རཀྵ་དུན་ཏིང་མ་བྷྱོ། ༀ་མ་ཧཱ་ཀཱ་ལ་ཀཱ་


SPN001_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡ་ཤཱ་ས་ནཾ། ཨུ་པ་ཀ་རི་ནཱཾ་ཨེ་ཥཱ་པཤྩི་མ་ཀཱ་ལོ་ཡཾ། དུཾ་དུཾ་རཀྵ་ཚལ་པ་ཧ་ལ་དུཥྚཾ་ཤ་ཏྲཱུྃ་ཏ་ཐཱ་རུ་ཏྲི་པི་ཏི། དྷ་མི་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎ། ཡ་དཱི་པྲ་ཏི་ཛྙ། སྨ་ར་སི་ཏ་དཱ། ཨི་དཾ་མ་མ་དུཥྚཾ་ཤཱ་ཏྲཱུྃ་དེ་བ་བྷ་སི་དྷ་ན་མི། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ནང་སྒྲུབ་དང་གསང་སྒྲུབ་ཀྱི་སྔགས་སྦྱིན། བདུད་ལ་སོགས་པ་གཞོམ་པའི་ཕྱིར་ཡང་དག་པའི་མདའ་གཞུ་སྦྱིན་པ་ནི། ཆོས་ཉིད་གཞུ་ལ་ཡེ་ཤེས་མདའ། །ཕྱོགས་མཚམས་སྟེང་འོག་ཀུན་ཏུ་འཕང་། །བདུད་རྣམས་བཅོམ་པས་དེ་བཞིན་གཤེགས། །ཐམས་ཅད་རྗེས་སུ་མཉེས་པར་གྱིས། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ། ཞེས་མདའ་གཞུ་སྦྱིན། ཕྱོགས་མཚམས་སུ་འཕང་བར་མོས་ལ་སྔགས་འདིའི་རྗེས་ཟློས། ཨ་ནུ་རཱ་ག་ཡ་མི། ཅེས་མདའ་འཕང་ཚུལ་བྱེད་བཅུག །ཁྲོ་བོའི་རྡོ་རྗེས་མཚན་པའི་གསེར་གྱི་ཐུར་མས་སློབ་མའི་མིག་གིས་སྒྲིབ་གཡོགས་ཌཱཾ་སེར་པོར་གནས་པ་གསལ་བར་མོས། མིག་ཐུར་ཐོགས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་མུན་བསལ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནཻ་ཏྱ་ཨ་


SPN001_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཧཱ་ར་པ་ཏྲ་ལཾ་ཧྲཱིཿཞེས་བརྗོད་དེ་སྒྲིབ་གཡོགས་བསལ་བས་མིག་སྨན་བྱུགས་པའི་ཚུལ་བྱའོ། །ཨ་ཡིག་ལས་སྐྱེས་པའི་མེ་ལོང་འདི་བསྟན་པས་ཆོས་ཐམས་ཅད་གཟུགས་བརྙན་དང་། སྒྱུ་མ་ལྟ་བུར་རྟོགས་ཤིང་ཁོང་དུ་ཆུད་པར་མོས་མཛོད། མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་དག་དང་མཚུངས། །དག་ཅིང་གསལ་ལ་རྙོགས་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་མཉམ་པར་བྱུང་། །རང་བཞིན་མེད་ཅིང་གནས་དང་བྲལ། །ཆོས་རྣམས་དེ་ལྟར་ངས་ཤེས་ནས། །སེམས་ཅན་དོན་ནི་མཚུངས་མེད་གྱིས། ཁྱོད་ནི་འདྲེན་པ་རྣམས་སུ་སྐྱེས། །ཞེས་བརྗོད། དེ་ནས་གསང་བའི་དབང་བསྐུར་དོན་དུ་མཎྜལ། གསང་བའི་དབང་གི་དོན་དུ་འདིའི་རྗེས་ཟློས། རྡོ་རྗེ་འཛིན་པ་ནག་པོ་ཆེ། །མཆོག་གི་བདེ་བའི་གཏེར་ཆེན་པོ། །མཁའ་འགྲོ་ཀུན་གྱི་དབང་ཕྱུག་གིས། །བདག་ལ་གསང་བའི་དབང་བསྐུར་སྩོལ་། །ཞེས་གསོལ་བ་བཏབ། གསང་བའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་མཛོད། བླ་མ་མགོན་པོ་བཻ་ཏཱ་ལི་དང་སྦྱོར་བ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་བུ་ག་བཻ་ཡིག་གིས་མཚན་པ། ཨ་ལས་སྐྱེས་པའི་པདྨ་འདབ་མ་གསུམ་པ་ཊཱྃ་ཡིག་སེར་པོས་མཚན་བའི་ཟེའུ་འབྲུ་ཅན་ཐབས་དང་ཤེས་རབ་ཀྱིས་འགྱུར་བ་ཡང་དག་པའི་སྤྱོད་ལམ་གྱིས་གནས་


SPN001_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླ་མའི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀུགསྤྱི་བོ་ནས་ཞུགས། བདེ་བ་དམ་པ་མྱོང་བར་འདོད་པའི་མེས་ཞུ། དབུས་སུ་གནས་པའི་རྩའི་ལམ་ནས་བརྒྱུད་དེ་ལྷན་ཅིག་གནས་པའི་གནས་བླངས་པའི་བྱང་སེམས། སློབ་མའི་ལྕེ་ཐོག་ཏུ་བཞག་པས་ལུས་ཐམས་ཅད་ཁྱབ། རྩ་གནས་བཞིར་དགའ་བ་བཞི་ཉམས་སུ་མྱོང་བར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་རོ། །ༀ་མ་ཧཱ་ཀཱ་ལ་རེ་མ་ཏི་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་། ཐོད་པའི་བདུད་རྩི་ཐོད་པ་གཞན་དུ་སྤེལ་ལ། ༀ་ཨཱཿཧཱུྃ། ཞེས་ཧུབ་གསུམ་གྱིས་རོལ། རྩ་འཁོར་སྦྱང་པའི་དམིགས་པ་རྒྱས་པར་བྱ། གསང་བའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །དེ་ལྟར་དབང་བསྐུར་བས། བླ་མ་མགོན་པོ་ཡབ་ཡུམ་ལས་བྱུང་བའི་བདུད་རྩིས་ལུས་ཐམས་ཅད་གང་། ཟག་པ་མེད་པའི་བདེ་བ་ཕུལ་དུ་བྱུང་བ་རྒྱུད་ལ་སྐྱེས། རླུང་རྡོ་རྗེའི་བཟླས་པ་ལ་སོགས་པ་སྔགས་བཟླས་བའི་སྐལ་བ་འཇོག །ལོངས་སྤྱོད་རྫོགས་པའི་སྐུ་མཉམ་པ་ཉིད་དང་། སོ་སོར་རྟོག་པའི་ཡེ་ཤེས་མཐར་ཕྱིན་པར་བྱེད་པའི་ལམ་གྱི་མཆོག་ཏུ་གྱུར་པ་གསང་བའི་དབང་བླ་ན་མེད་པའོ། །དེ་ནས་ཤེས་


SPN001_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དོན་དུ་མཎྜལ། ཤེར་དབང་གི་དོན་དུ་འདིའི་རྗེས་ཟློས། གང་གི་སྲིད་ལས་རྣམ་གྲོལ་ལམ། །བདེ་དང་སྟོང་པ་དབྱེར་མེད་པ། །རྡོ་རྗེ་འཛིན་པ་ཁྱོད་ཉིད་ཀྱིས། །ཤེས་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ། བྷ་གའི་དཀྱིལ་འཁོར་ཆེན་པོ་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་མཛོད། དཀྱིལ་འཁོར་གྱི་གཙོ་མོ་ལས་སྤྲུལ་པའི་ལྷ་མོས་ཁྱེད་ཅག་རྣམས་འདྲི་བའི་ཚུལ་གྱིས་སྨྲས་པ། བདེ་ཆེན་ལ་དགའ་ཉིད་དམ་བུ། །ཁྲག་ལ་སོགས་པ་ཟ་བྱེད་ཅིང་། །པདྨའི་དཀྱིལ་འཁོར་བརྩམ་པ་ན། །བུ་ཡིས་སྨྲས་ཏེ་ཅི་བདེ་བར། །ཞེས་པ་ལ་ལན་གདབ་པའི་ཚུལ་གྱིས་འདིའི་རྗེས་ཟློས་མཛོད། དཔའ་མོ་བདག་ནི་ཅི་མི་སྤྲོ། །ཇི་ལྟར་གསུངས་པའི་དམ་ཚིག་རྣམས། །ཡོན་ཏན་དམ་པ་བསྐྱེད་པའི་ཕྱིར། །ཉམས་པ་མེད་པར་བསྲུང་བར་བགྱི། །དེ་སྐད་ཅེས་གསོལ་བ་བཏབ་པ་ལས། ལྷ་མོ་དེ་ཉིད་ཀྱང་བཅོམ་ལྡན་འདས་བཻ་ཏཱ་ལིར་གསལ་བས་ཆོས་ཀྱི་འབྱུང་གནས་ཀྱི་དཀྱིལ་འཁོར་སྟོན་བཞིན་བས། ཨ་ཧོཿབདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བརྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་


SPN001_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་རྟག་ཏུ་བཞུགས། །བཛྲ་བྷཉྫ་མོ་ཀྵ་ཧོཿཞེས་སྨྲ་བར་བྱེད་པ་རྡོ་རྗེ་སློབ་དཔོན་གྱིས་ལག་ཏུ་གཏད་པའི་མོས་པ་མཛོད་ཅིག །ཞེས་རིག་མའི་ཙཀླི་སྦྱིན་པའི་མེ་ལོང་སིནྡྷཱུ་རའི་དཀྱིལ་འཁོར་སྤྱི་བོར་བཞག་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཤེས་རབ་མཆོག་གི་དབང་བསྐུར་རོ། །ༀ་མ་ཧཱ་ཀཱ་ལ་རེ་མ་ཏི་པྲཛྙ་ཛྙ་ན་ཨ་བྷི་ཥིཉྩ་ཧཱུྃ། སིནྡྷཱུ་ར་སྙིང་གར་བྱུགས། སློབ་མ་མགོན་པོར་གསལ་བ་ལ་བླ་མས་མཁའ་འགྲོ་མ་དུ་མ་སྦྱིན་པས་དཔལ་ལྡན་ལྷ་མོ་སྙིང་གར་ཐིམ་པར་སྒོམས། ཤེས་རབ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །དེ་ལྟར་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་། ཙནྜ་ལིའི་མན་ངག་དམ་པ་བསྒོམ་པའི་སྐལ་བ་བཞག །ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་ལམ་གྱི་ངོ་བོ་ཤེས་རབ་ཡེ་ཤེས་ཀྱི་དབང་བླ་ན་མེད་པའོ། །དེ་ནས་བཞི་པའི་དབང་བསྐུར་བའི་དོན་མཎྜལ། ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་འདིའི་རྗེས་ཟློས་མཛོད། གང་ཞིག་མེད་བཞིན་སྣང་བ་པོ། །སྐྱེ་མེད་ལས་སྐྱེས་སྤྲོས་བྲལ་ཐུགས། །དོན་དམ་རྡོ་རྗེ་ནག་པོ་ཆེས། །བཞི་པའི་དབང་བསྐུར་བདག་ལ་སྩོལ། །ཞེས་གསོལ་བ་བཏབ། དོན་དམ་པའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་བཅིང་བར་མཛོད།


SPN001_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་པའི་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། ལུས་མ་བཅོས་པ་རྡོ་རྗེ་སྐྱིལ་ཀྲུང་། ངག་མ་བཅོས་པ་བརྗོད་པ་དང་བྲལ་བ། སེམས་མ་བཅོས་པ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ། མཉམ་ཉིད་གདོད་ནས་དག་པ་ཆེན་པོ། དགག་པ་དང་། སྒྲུབ་པའི་ཚུལ་དང་བྲལ་བའི་ཆོས་ཉིད་ཀྱི་ངང་ལ་མཉམ་པར་ཞོག་མཛོད། ཅེས་བརྗོད་ལ་མཉམ་པར་བཞག །དེ་མཚོན་པའི་ཕྱིར་གྲི་གུག་ལག་ཏུ་གཏད་ད ེ། ལམ་འདི་ཉིད་ཕྱིན་ཅི་མ་ལོག་པར་མཚོན་ན་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྡོ་རྗེ་དང་རྣམ་པར་རྟོག་པའི་བག་ཆགས་མ་ལུས་པ། གཅོད་པར་འགྱུར་བའི་གྲི་གུག་སྟེ་འདི་ནི་བརྡ་ཙམ་དུ་ཤེས་པར་གྱིས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །ཡེ་ཤེས་ཆེན་པོས་དབང་བསྐུར་རོ། །ༀ་མ་ཧཱ་ཀཱ་ལ་རེ་མ་ཏི་ཙ་ཏུར་ཨརྠ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རིག་སྟོང་དབྱེར་མེད་པའི་དོན་ངོ་སྤྲད། དོན་དམ་པའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །དེ་ལྟར་དབང་བསྐུར་བས་བྱ་བ་དང་མི་བྱ་བའི་མཐའ་དང་བྲལ་བ་ཡིན་ཡང་། ཀུན་རྫོབ་ལྟར་ཚིག་གི་ཡུལ་དུ་མ་གྱུར་པ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བའི་སྐལ་བ་བཞག །ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པའི་ལམ་གྱི་གཙོ་བོ་བཞི་བའི་དབང་བླ་ན་མེད་པ་སྟེ་འདི་


SPN001_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

དག་དངོས་གཞིའི་དོན་ནོ། །མཆོག་གི་དབང་གསུམ་པོ་རེ་རེ་ཞིང་ཡང་རོལ་མོ་ལ་སོགས་པ་སྔར་བཞིན་བྱའོ། །དེ་ནས་རིགས་ལྔའི་རྗེས་སུ་གནང་བ་ནི། ལག་ཏུ་འཁོར་ལོ་གཏད་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་འཛིན་དུ་བཅུག་ལ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱིས་སེམས་ཅན་གཏི་མུག་ཅན་རྣམས་ཀྱི་དོན་གྱིས་ཤིག །རྡོ་རྗེ་ལག་ཏུ་བྱིན་ལ། ས་གནོན་དང་མཉམ་པར་བཞག་པས། དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱིས་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་དོན་གྱིས་ཤིག །རིན་པོ་ཆེ་ལག་ཏུ་བྱིན་ལ། མཆོག་སྦྱིན་དང་མཉམ་བཞག་གིས། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་སེམས་ཅན་ང་རྒྱལ་ཅན་རྣམས་ཀྱི་དོན་གྱིས་ཤིག །པདྨ་


SPN001_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་བྱིན་ལ། མཉམ་བཞག་གི་ཕྱག་རྒྱས། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །པདྨའི་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱིས་སེམས་ཅན་འདོད་ཆགས་ཅན་རྣམས་ཀྱི་དོན་གྱིས་ཤིག །སྣ་ཚོགས་རྡོ་རྗེ་ལག་ཏུ་བཞག །སྐྱབས་སྦྱིན་དང་མཉམ་བཞག་གིས། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །རྒྱ་གྲམ་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱིས་སེམས་ཅན་ཕྲག་དོག་ཅན་རྣམས་ཀྱི་དོན་གྱིས་ཤིག །རིགས་ལྔའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག་པའི་རྗེས་སུ་གནང་བའོ། །དེ་ནས་སློབ་དཔོན་སྤྲུལ་སྐུའི་ཆ་ལུགས་ལག་གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་འཛིན་པ་སྙིང་གར་བཟུང་བ་དང་། གཡས་པ་མི་འཇིགས་པའི་ཕྱག་རྒྱས། དེ་རིང་ངས་ཁྱོད་ལུང་བསྟན་ཏེ། །འོད་དཔག་མེད་པ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པ་ན། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭ། མ་འོངས་པ་ན་རིགས་ཀྱི་གསང་མཚན་དང་མཐུན་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། གང་འདི་


SPN001_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ལུང་བསྟན་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པ་ཡིན་ཏེ། སྙིགས་མའི་དུས་ཀྱི་སེམས་ཅན་འདུལ་བར་དཀའ་བ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅན་གཅིག་ཏུ་བསྡུས་པའི་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་གྱུར་པས་བདེ་བ་ལ་འགོད་པར་གསུངས་པའི་ཕྱིར་རོ། །དེས་ན་ཁྱོད་ཀྱིས་དེང་ཕན་ཆད་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྒོ་ནས་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །ཞེས་རྗེས་གནང་ལུང་བསྟན་བྱས་ལ། ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །རྒྱལ་བའི་སྲས་པོ་བརྟས་གྱུར་པས། །དེ་ནི་བདུད་ལས་རྣམ་རྒྱལ་པ། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་དབུགས་དབྱུང་། དེ་ནས་གཏོར་མ་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་སྲུང་མ་མཐའ་དག་སྡུད་པའི་དཀྱིལ་འཁོར་དུ་གྱུར། པར་བསྐྱེད་ལ་སྤོས་རོལ་དབྱངས་དང་བཅས་ཏེ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །འདིར་གཤེགས་འདི་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྲས་མཆོག་ནག་པོ་འཇིགས་པའི་གཟུགས། །འདིར་གཤེགས་འདི་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རི་རབ་མཆོག་གི་སྟེང་ཤེད་ནས། །


SPN001_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། །འདིར་གཤེགས་འདི་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མཐོང་བ་ཙམ་གྱིས་བདུད་ཀྱི་དཔུང་། །ཀུན་ནས་སྐྲག་པར་བྱེད་པ་སྟེ། །མ་ཧཱ་ཀཱ་ལ་ཁྱེད་ཀྱི་ཞལ། །འདི་ལ་དེ་རིང་བསྟན་དུ་གསོལ། །ལས་བཞི་གྲུབ་པ་ཆེན་པོ་བརྒྱད། །སྐད་ཅིག་ཡུད་ཀྱིས་འགྲུབ་བྱེད་པ། །སྔགས་ཀྱི་དངོས་གྲུབ་ཆེན་པོ་དེའང་། །འདི་ལ་དེ་རིང་སྩལ་དུ་གསོལ། །བྱམས་པའི་ཐུགས་ཀྱིས་འདི་ལ་དགོངས། །བརྩེ་བའི་སྤྱན་གྱིས་འདི་ལ་གཟིགས། །ལུང་བསྟན་རྗེས་སུ་གནང་བ་ཡི། །བཀའ་སྩལ་འདི་ལ་གནང་དུ་གསོལ། །བྷྱོ། མ་ཅིག་སྨིན་མཚམས་མཛོད་སྤུ་ཡི། །འོད་ཟེར་གྱི་ནི་དྲྭ་བ་ལས། །སྐུ་ཡི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛཿ། ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །སྐུ་ཡི་དངོས་གྲུབ་སྩལ་དུ་ུགསོལ། །མ་ཅིག་ལྗགས་ཀྱི་དབང་པོ་ཡི། །འོད་ཟེར་གྱི་ནི་དྲྭ་བ་ལས། །གསུང་གི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛུ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །མ་ཅིག་ཐུགས་ཀྱི་དཔལ་བེའུ་ཡི། །འོད་ཟེར་གྱི་ནི་དྲྭ་བ་ལས། །ཐུགས་ཀྱི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཏི། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །ཐུགས་


SPN001_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ༀ་ཨཱཿཧཱུྃ། ཞེས་གཏོར་མ་མགོར་བཀོད། སྨིན་མཚམས་མགྲིན་པ་སྙིང་ག་གསུམ་དུ་གཏུགས་ལ་རོལ་མོ་བྱ། སླར་ཡང་མགོར་བཀོད་ལ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་དྷ་ན་སང་ཀྲྀ་ཏ། གུ་རུ་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་སད་ན་ལེགས། སྟག་ནམ་མཁའི་ལྷ་བཟུང་། སྔགས་རབ་ཉི་ཤུ་རྩ་བརྒྱད། སྐྱེས་མཆོག་ཀརྨ་པཀྴི་ལ་སོགས་ཞལ་སྦྱོར་པར་ནག་གི་བརྒྱུད་པ་རྣམས་དང་། ཌོམྦྷི་ཧེ་རུ་ཀ་ཆེན་པོ། བི་ན་པ། ལྭ་བ་པ། ཨིནྡྲ་བྷུ་ཏི། ཙཪྱ་པ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ། དུས་གསུམ་མཁྱེན་པ་ལ་སོགས་པ་ཞལ་སྦྱོར་སྙན་བརྒྱུད་ཀྱི་བླ་མ་རྣམས་དང་། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ། པུ་རང་པ་ཞངས་བཙུན་དར་མ་རིན་ཆེན། གཙང་ལ་སྟོད་ཀྱི་ཁྱུང་པོ་སྟག་ཤམ་ཅན། ཀྱུ་ར་རྒྱལ་བ་ཡེ་ཤེས། ཕྱག་བླ་ཆེན་མགོན་པོ། སྟོང་དཔོན་ཤེས་རབ་མགོན་པོ། ཆོས་ཀྱི་རྗེ་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་ཡུམ་རྐྱང་བརྒྱུད་པ་རྣམས་དང་། སློབ་དཔོན་ཨརྞ་པ། མལ་གྱོ་ལོ་ཙཱ་བ། གཉལ་པ་ཉི་མ་འབར། གཉལ་པ་ཇོ་སྲས། འགྲོ་མགོན་རས་ཆེན། རིན་པོ་ཆེ་སྤོམ་བྲག་པ། ཆོས་རྗེ་ཀརྨ་པ། བླ་མ་


SPN001_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་རས། ཆོས་རྗེ་རིན་པོ་ཆེ་རང་བྱུང་རྡོ་རྗེ་ལ་སོགས་བ་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བཀའ་དང་དམ་ལས་མ་འདའ་བར། དཔལ་ནག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་སྒྲུབ་པ་པོ་འདི་ཡི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་ཕྲིན་ལས་དང་སྡོང་གྲོགས་མཛད་དུ་གསོལ། ཅེས་དང་། རྩ་སྔགས་མང་དུ་བརྗོད། དཀྱིལ་འཁོར་གཞལ་ཡས་སོགས་ཀྱིས་བཀྲ་ཤིས་བརྗོད། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་དམིགས་ལ་དམ་རྫས་ལོངས་སྤྱོད། དེ་ནས་ཁྱེད་རྣམས་དཔལ་ཡེ་ཤེས་ཀྱི་མགོན་པོའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་ཟབ་མོ་ཐོབ་པས་ཡིད་དགའ་བ་ཆེན་པོས་འདིའི་རྗེས་ཟློས། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་ནི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་འབྲས་བུར་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །ཞེས་གཟེངས་བསྟོད། དེ་ལྟར་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེར་ནག་ཅན་ཡབ་ཡུམ་གྱི་དབང་བཞི་རྫོགས་པར་ཐོབ་པ་ཡིན་པས་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཁྱད་པར་བྱ་ནག་ཁྱི་ནག་ལ་རྡོ་མི་བརྡེག་པ་དང་། བླ་མ་མགོན་པོ་དབྱེར་མེད་ཀྱི་མོས་གུས་བརྟན་པོས་གསོལ་མཆོད་བསྙེན་སྒྲུབ་མི་ཆགས་པ་སོགས།


SPN001_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བཞི་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ཞེས་དང་། ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་སོགས་ཀྱིས་ལུས་འབུལ། བསྔོ་བ་སྨོན་ལམ་བྱ། གཏོར་ཚོགས་རྒྱས་པར་བྱ་བ་སོགས་རྗེས་ཀྱི་ཆོ་ག་ཅི་རིགས་པར་བྱ་སྟེ། དཔལ་ནག་པོ་ཆེན་པོའི་དབང་རྒྱས་པར་བླང་བའི་ཆོ་གའོ། །གལ་ཏེ་གཏོར་མ་ཙམ་ལ་བརྟེན་པར་འདོད་ན། རྟེན་གཏོར་བྱིན་གྱིས་བརླབས་སྟེང་དུ་མགོན་པོ་བསྒོམ། རྒྱུན་གཏོར་རྒྱས་པར་འབུལ། བཟླས་པ་དང་མཆོད་བསྟོད་རྫོགས་པའི་ཚེ་མཎྜལ་ཕུལ། གསོལ་བ་གདབ། སྐྱབས་སེམས་སྔོན་ཏུ་འགྲོ་བའི་ཏིང་ངེ་འཛིན་རྒྱས་པར་བྱ་སྟེ་ཡེ་ཤེས་ཕབ་ལ། སླར་ཡང་མཎྜལ་གསོལ་གདབ་བྱས་ནས། དབང་དགུ་པོ་གང་རུང་རེའམ། གསུམ་ཚན་ནམ་དགུ་ཆར་བྱིན་ཞིང་གཏོར་མ་མགོར་བཀོད་དེ། བཀའ་བསྒོ་བཟླས་ལུང་སྦྱིན། གཏོར་མ་འབུལ་བའི་ལྷག་མ་དངོས་གྲུབ་ཏུ་ལོངས་སྤྱོད། དེ་ལྟར་ན་དབང་སོ་སོར་དགུ་དང་། དགུ་པོ་རྫོགས་པ་གཅིག་དང་བཅུ། དེའི་སྟེང་དུ་དབང་བཞི་རྫོགས་པའི་མཆོག་དབང་སྟེ་བཅུ་གཅིག་གོ། །ད་ལྟ་ནི་གཏོར་དབང་ཆུང་ངུ་ཙམ་དུ་ལས་གཞན་སྦས་ཏེ་མི་སྣང་བར་བཛད་པ་ཡིན་ནོ། །འདི་དག་རྗེ་མར་པའི་མན་ངག་དང་། འགྲོ་མགོན་རས་ཆེན་གྱི་དབང་ཆོག་ཆེན་མོ་ལས་བསྡུས་ཏེ་བླ་མའི་ཞལ་གདམས་ལྟར་བྲིས་སོ། །མ་ཧཱ་ཀཱ་ལའི་དབང་གི་ཚུལ། །མདོར་བསྡུས་མན་ངག་ཇི་བཞིན་བྲིས། །གཞན་ལ་མེད་པར་ངེས་


SPN001_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །རབ་ཏུ་གསང་ཞིང་སྦ་བར་བྱ། །དཔལ་ནག་པོ་ཆེན་པོའི་དབང་གི་ཆོ་གའི་རིམ་པ་མཁའ་སྤྱོད་པས་མོས་པ་ལྷུར་བྱས་ཏེ། མཚུར་གྱི་ཕུ་འཇིག་རྟེན་དབང་པོ་ཞལ་གཟིགས་ཀྱི་གཙུག་ལག་ཁང་དུ་བྲིས་པའོ། །ཞེས་དང་དགའ་སྟོན་གྱི་ཆོ་ག་ལ་སོགས་ཀྱི་མཐའ་རྒྱན་འདི་ནི་ཅུང་ཟད་རྒྱས་པའོ། །བསྡུས་པར་ན་གཏོར་མ་གནས་ལྔར་བཀོད་བ་དང་། སྔགས་ཀྱི་རྗེས་སུ་ཟློས་པ་ཙམ་ཡང་རུང་སྟེ། དེང་སང་ཡོངས་སུ་གྲགས་པ་ནི་དེ་ཙམ་མོ། དབང་བཞི་བསྡུས་ཏེ་བསྐུར་བའི་ཚུལ་འདི་ནི་ཤིན་ཏུ་ཟབ་པ་སྟེ་སྦ་བར་བྱས་སོ། །རིགས་བསྡུས་སོགས་ཀྱི་ཆོ་ག་ནི་གཞན་དུ་ཤེས་སོ། །མ་ཧཱ་ཀཱ་ལ་ལྕམ་དྲལ་གྱི། །ཞལ་གདམས་སྨིན་བྱེད་ཆོ་གའི་ཁྲིགས། །བརྗོད་ལ་འགལ་བ་རྣམས་བཤགས་ཤིང་། །དགེ་བས་སངས་རྒྱས་ཀུན་འགྲུབ་ཤོག །མ་ཧཱ་ཀཱ་ལ་ཞལ་སྦྱོར་གྱི་དབང་རིམ་ཤོག་དྲིལ་དག་ཏུ་འཐོར་བ་བསྡུས་ཏེ་མཁའ་སྤྱོད་དབང་པོས་གནོད་མཛེས་མཁར་དུ་བགྱིས་པའོ། །ཞེས་པ་རྗེ་མཁའ་སྤྱོད་དབང་པོས་མཛད་པའི་མ་ཡིག་བུ་ཡིག་གཉིས་བྱུང་བ་བཅོས་བསླད་མེད་པར་ཀརྨ་ཨ་རཱ་གས་གབ་སྤྲད་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། འཁྲུགས་བསལ་པ་དང་འགྲེས་བཤང་བ་ཙམ་མ་གཏོགས་བཅོས་བསླད་མེད་པས་ཡིད་ཆེས་ཀྱི་གནས་སུ་བྱའོ། །དེ་ལྟར་ཡེ་ཤེས་མགོན་པོ་ལྕམ་དྲལ་གྱི་དཀྱིལ་འཁོར་དབང་ཆེན་དཔལ་མཁའ་སྤྱོད་པས་མཛད་པའི་ཡིག་ཆ་རྣམས་ཨ་རཱ་གས་གབ་སྤྲད་པ་དེ་ཉིད་སོར་བཞག །སྔོན་འགྲོ་དངོས་གཞི། དབང་དོན་ངོ་སྤྲོད་མཚམས་སྦྱོར་རྣམས། རྗེ་མཐོང་བ་དོན་ལྡན་གྱི་གསུང་ཇི་ལྟ་བར་བཀོད་པ་འདི་རྗེས་འཇུག་སྐལ་ལྡན་རྣམས་ཀྱི་དོན་དུ་བླ་མ་མགོན་པོ་དབྱེར་མེད་འགྲོ་མགོན་རས་ཆེན་


SPN001_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེས་རབས་ཕྲེང་འཛིན་སི་ཏུ་པདྨའི་མིང་ཅན་གྱིས་དཔལ་སྤུངས་ཆོས་འཁོར་དུ་སྤེལ་བ་ལ། འགལ་བ་མཆིས་ན་བཤགས་ཤིང་དགེ་བས་སྒྲུབ་བརྒྱུད་བསྟན་པ་མི་ནུབ་རྒྱལ་མཚན་སྲིད་རྩེར་བསྒྲེང་བའི་རྒྱན་དུ་ཤོག །སརྦ་མདྒ་ལཾ། དགེའོ། །དགེའོ། །དགེའོ།། །།


previousརྗེ་མཁའ་སྤྱོད་དབང་པོས་མཛད་པའི་མ་མགོན་ཞལ་སྦྱོར་གྱི་དབང་བཞི་ཡོངས་རྫོགས་རྒྱན་དབང་དང་བཅས་པའི་ཡིག་སྣ་གཉིས་གབ་སྤྲད་འཁྲུགས་བསལ་བལྟས་ཆོག་ཏུ་བཀོད་པ། next