Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་དཔལ་ཆེན་འདུས་པའི་སྒྲུབ་ཁོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་དཔལ་ཆེན་འདུས་པའི་སྒྲུབ་ཁོགnext

ཐུགས་སྒྲུབ་དཔལ་ཆེན་འདུས་པའི་སྒྲུབ་ཁོག


TN02_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་དཔལ་ཆེན་འདུས་པའི་སྒྲུབ་ཁོག་ཅུང་ཟད་ཡང་གསལ་དུ་བྱས་པ་རིན་པོ་ཆེའི་ཟ་མ་ཏོག་རྣམ་པར་འབྱེད་པ་ཞེས་བྱ་བ་བཞུགས་སོ། །


TN02_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་བཛྲ་དྷ་རཱ་ཡ། །སྲིད་ཞིའི་སྤྱི་དཔལ་ཆེ་བའི་མཆོག །ཧེ་རུ་ཀ་དཔལ་བླ་མ་ལ། །བཏུད་ནས་སྒྲུབ་ཆེན་བཀའ་བརྒྱད་ཀྱི། །སྒྲུབ་པའི་ཁོག་དབུབ་ཉུང་གསལ་འགོད། །རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་སྒྲུབ་པའི་ཁོག་དབུབ་ཟ་མ་ཏོག་ཅུང་ཟད་ཡང་གསལ་བྱས་ནས་བརྗོད་པ་ལ། སྤྱིའི་དོན་དང༌། བྱ་བའི་ལས་རིམ་བཤད་པ་གཉིས་ལས། དང་པོ་ནི། ཕྱག་རྒྱ་བཞིའི་ཆིངས་སུ་བཅིང་སྟེ་གསུངས་པ་བསྡུ་ན། དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་དང་དཀྱིལ་འཁོར་གྱི་ལས་རིམ་རྣམས་ཐབས་ཤེས་ཀྱི་ཚུལ་དུ་འབྲེལ་བར་བསྒྲུབས་པས་ཕ་རོལ་ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་རླབས་པོ་ཆེ་མྱུར་དུ་འདུམས་ནས་སློབ་པའི་རིག་འཛིན་གསུམ་དང་མི་སློབ་ལམ་ལྷུན་གྲུབ་རིག་འཛིན་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་གོ་འཕང་ལ་སྦྱོར་བའོ། །གཉིས་པ་ལ་ཕུན་སུམ་ཚོགས་པ་ལྔས་


TN02_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བཟུང་བ། ལས་ཀྱི་རིམ་པས་དཀྱིལ་འཁོར་བཅའ་བ། དེ་ཉིད་བསྙེན་ཅིང་སྒྲུབ་པའི་རིམ་པ་སྟེ་གསུམ་ལས། དང་པོ་ནི། ཇི་སྐད་དུ། སྟོན་པ་གནས་དང་འཁོར་དང་དུསཿ ཡོ་བྱད་ལ་སོགས་གཞིར་ལྡན་ནསཿ ཞེས་གསུངས་པ་ལྟར་ཚུལ་བཞིན་ཚོགས་པར་བྱའོ། །གཉིས་པ་ལ། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ། ས་ཆོག་དང་མཚམས་གཅོད་གཉིས། དང་པོ་ལའང་ལྔའི། དང་པོ་ས་བརྟག་པ་ནི། སྤྱིར་སྒྲུབ་གནས་ཀྱི་སྐྱོན་ཡོན་གཞན་དུ་རྒྱས་པར་བཤད་པ་དང༌། རང་གཞུང་ལས་ཀྱང༌། གྲུབ་ཐོབ་ཞབས་ཀྱིས་བཅག་པ་དང་ཿ སོགས་ཀྱི་མཚན་ཉིད་ཤེས་པ་དང༌། བྱེ་བྲག་ཏུ་ལྟོ་འཕྱེ་བརྟགས་ཏེ་བརྐོས་པའི་རོ་ལྔ་བསལ་བའི་ཤུལ་ཁེངས་པ་བཟང༌། མ་ཁེངས་ན་ངན་པས་སྦྱིན་སྲེག་སོགས་སེལ་ཐབས་བྱའོ། །གཉིས་པ་བསླང་བ་ནི། གཞི་དེ་གཟུགས་ཅན་གྱིས་བདག་ན་རིན་དང་ཚིག་གིས་བསླང༌། མི་སྣང་བ་ལ་བསླང་བ་ནི། གྲུབ་ན་


TN02_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མར་གནས་པ་ལ་ཆ་གསུམ་དང་བསྡུ་ན་གསེར་སྐྱེམས་དང་གཏོར་མ་དཀར་ཟླུམ་མཐེབ་ཀྱུ་རིལ་བུས་མཚན་པ་བཤམ། བྱེ་བྲག་ཏུ་ས་ལྷར་མཎྜལ་ཟླུམ་པོ་བ་བྱུང་དང་དྲིས་བྱུག་པ་ལ་མེ་ཏོག་གི་ཚོམ་བུ་བཀོད་པའི་མདུན་དུ་ཉེར་སྤྱོད་དང་གཏོར་མ་དཀར་ཟླུམ་མཐེབ་རིལ་ཅན་བཤམ། བདག་བསྐྱེད་སྤྲོ་ན་དཔལ་འདུས་ལས་གཞུང་རྒྱས་བསྡུས་ཅི་རིགས་ཉེར་བསྡུ་ལྷར་ལྡང་གི་བར་དུ་བྱས་ལ། གཙོ་བོའི་ང་རྒྱལ་ཙམ་ལ་གནས་པས་ས་ཆོག་ལ་འཇུག །དེ་ལྟར་བྱེད་ན་དཀྱིལ་འཁོར་གྱི་སྟེགས་བུའི་གོང་དུ་བདག་བསྐྱེད་གཏོར་མ་ཕྱི་ནང་གི་མཆོད་པ་དང་བཅས་པའང་སྔོན་དུ་བཤམ་དགོས། འདི་ཀའི་སྒྲུབ་ཁོག་སོགས་ལས་བདག་ཉིད་ཡི་དམ་གྱི་སྐུར་གསལ་བས་ཞེས་པ་ཙམ་ལས་མི་སྣང་བས་ཉིན་ཞག་དེའི་ཁོངས་སུ་བདག་གི་རྣལ་འབྱོར་རྒྱས་པ་སོང་ཟིན་ན་འདིར་ཐུན་མཚམས་ལྷའི་ང་རྒྱལ་གསལ་འདེབས་ཙམ་གྱིས་ཆོག་པ་འདྲ། གང་ལྟར་ཡང་དེ་ནས་ཆ་གསུམ་གཏོང་ན་ཕྱི་རོལ་དུ་ཕྱིན། མ་གྲུབ་ན་ཅི་བདེ་བར་གཉུག་མར་གནས་པའི་གཞི་བདག་གཏོར་མ་དང་གསེར་སྐྱེམས་འབྲུ་གསུམ་གྱིས་བརླབ། ཨ་ཀ་རོས་བསྔོས་ཏེ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། དེ་ནས་གཙོ་བོ་སའི་ལྷ་མོ་ལ་སློང་བའི་ཕྱིར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་པཾ་ལས་སའི་ལྷ་མོ་གསེར་བཙོ་མའི་མདོག་ཅན་བུམ་པ་བསྣམ་པ་བསྐྱེད་ནས། ཨོཾ་པྲི་ཐཱི་དི་དྷེ་ཝི་ས་མ་ཡ་ཛཿཛཿ ཞེས་བརྗོད་པས་སའི་ལྷ་མོ་ལ་ཀླུ་གཉན་ས་བདག་གིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་ཨཱཿཧཱུྃ་གིས་མཆོད་པ་བརླབ། རང་སྔགས་ལ། ཨཱརྒྷཾ་པུཥྤེ་སོགས་བཏགས་པས་ཉེར་སྤྱོད་དང༌། ཨ་ཀ་རོས་གཏོར་མ་


TN02_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སོགས། ཅེས་བརྗོད་པས་སོགས་ནས། བཛྲ་མུཾ་གྱིས་རང་གནས་སུ་བཏང་ངོ༌། །གསུམ་པ་ས་དབང་དུ་བྱ་བ་ནི། དབང་མཆོག་གི་ཕུར་བུ་མདུན་དུ་བཀོད་ལ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུར་གྱུར་པར་བསམས་ཏེ་ཕུར་བུ་བླང་ལ། དཀྱིལ་འཁོར་གང་དུ་བྱ་བའི་ས་ལ་གདབ་ཅིང༌། ཧཱུྃ་་ཀྲི་ཏ་ཧཱཾཨུ་ཕཊ། ཅེས་ལན་བདུན་བཟླས་པས། ཕུར་བུ་ལས་འཕྲོས་པའི་འོད་ཟེར་དམར་པོས་ས་གཞི་ཁྱབ་ཅིང་བདག་གི་དབང་དུ་གྱུར་པར་བསམ་མོ། །བཞི་པ་སྦྱོང་བ་ནི། སློབ་དཔོན་གྱི་ལག་གཡས་སོར་མོ་ལྔ་ཕྲལ་བ་རྡོ་རྗེ་རྩེ་ལྔ་པར་བསམས་ནས་རྡོ་རྗེ་དང་བཅས་པས་དཀྱིལ་འཁོར་གྱི་སའི་སྟེང་ཁོར་ཡུག་ཏུ་བསྐོར་ཞིང་ས་ལ་བཞག །གཞན་རྣམས་ཀྱིས་ཀྱང་ལག་གཡས་རྡོ་རྗེ་དང་བཅས་ས་ལ་རེག་ཚུལ་བྱས་ཏེ། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ལན་གསུམ་བསྣུན་པས། རྡོ་རྗེ་ལས་བྱུང་བའི་འོད་ཟེར་གྱིས་སྣོད་བཅུད་དུ་འཛིན་པ་སྦྱངས། ཨོཾ་བྷུ་ཁཾ་ཞེས་བརྗོད་པས་ས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་པར་བསྒོམ། འདིར། ཨོཾ་མེ་དི་ནི་བཛྲ་བནྡྷ་བནྡྷ་ཧཱཾཨུ་ཧཱུྃ་ཕཊ། ཅེས་བརྗོད་པས་རྡོ་རྗེའི་རང་བཞིན་གྱི་ས་གཞིར་གྱུར་པར་བསམ་པས་ས་བཟུང་བའང་སྙིང་པོའི་དོན་གསལ་ལས་བཤད། ལྔ་པ་སྲུང་བ་ནི། སློབ་དཔོན་སྟེགས་བུའི་དབུས་ནས་ཞལ་མདུན་དུ་ཕྱོགས་པས། རང་ཉིད་ཡི་དམ་དུ་གསལ་བའི་མིག་གཉིས་ཉི་ཟླ་མིག་འབྲས་ཧཱུྃ་ལས་


TN02_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དཔུང་འབར་བས་བགེགས་དང་ལོག་པར་འདྲེན་པའི་ཚོགས་ལ་གཟིར་བས་རྣམ་སྨིན་གྱི་ལུས་བསྲེགས་ཤིང་སེམས་ཆོས་ཉིད་ཀྱི་ངང་དུ་ར་རོས་པར་བསམ་ལ། རྐང་པ་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཞིང༌། ཨོཾ་་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་བརྗོད། སྤྲོ་ན་རྒྱུད་ཕུར་ལྟར་ཁྲོ་བཅུའི་སྟང་སྟབས་ཀྱང་བྱ་བར་གསུང༌། ཕུར་གདབ་གྲོལ་ཐིག་དབང་རྣམས་ལས་ཁ་བསྐང་བ་ནི། ཧཱཾཨུ་བདག་ཉིད་དཔལ་གྱི་ཐུགས་ཀ་ནས། ཁྲོ་རྒྱལ་་རཱ་ཛ་འཕྲོས། །དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་ཐོ་བ་ལྕགས་ཀྱུ་ཐོགས། །འཕྲོས་པས་ཕྱོགས་བཅུར་རབ་སྤྲོས་པས། །ཕྱོགས་སྐྱོང་བཅུ་པོ་བཀུག་ནས་ནི། །ཕྱོགས་བཅུ་ཀུན་ཏུ་གདན་དུ་བཏིང༌། །ཕོ་མོ་གན་རྐྱལ་ཁ་སྦུབ་བསྣོལ། །ཧཱཾཨུ་བཞིའི་སྔགས་དང༌། ཨོཾ་ཨིནྡྲ་ཡེ། ཨཱག་ཡེ། ཡ་མ་ཡེ། ནི་རི་ཏི་ཡེ། ཝཱ་རུ་ཎ་ཡེ། ཝ་ཡ་ཝི། ཀུ་བེ་ར། ཨ་ཤྭ་ན་ཡ། སུརྱ་ཙནྡྲ། པྲ་ཏི་བྷྱ། ཏི་ར་བཾ། ཛཿཧཱཾཨུ་བཾ་ཧོ། །ཞེས་བརྗོད་ནས་ཁྲོ་ཕུར་སྐྱེད་པ་ནི། ཧཱཾཨུ་བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཕྱོགས་སྐྱོང་བཅུ་ཡི་གདན་སྟེང་དུ། །འབར་བའི་ཧཱཾཨུ་བཅུ་འཕྲོས་པ་ལས། །འཕྲོ་འདུས་ཁྲོ་བོ་བཅུ་རུ་གྱུར། །ཧཱཾཨུ་ཀར་རྣམ་རྒྱལ་དབྱུག་སྔོན་རྒྱལ། །གཤིན་རྗེ་མི་གཡོ་རྟ་མགྲིན་རྒྱལ། །འདོད་རྒྱལ་བདུད་རྩི་ཁམས་གསུམ་རྒྱལ། །སྟོབས་པོ་ཆེ་རྣམས་རིམ་བཞིན་བསྒོམ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །


TN02_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྟོད་ཁྲོ་ཚུལ་མཚོན་ཆ་འཛིན། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་པ། །ཕྱོགས་སྐྱོང་བཅུ་ཡི་སྤྱི་བོར་བཏབ། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །སྤྲུལ་པ་ཡང་སྤྲུལ་བསམ་ལས་འདས། །བར་ཆད་བགེགས་དཔུང་མ་ལུས་པ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱ། །ཞེས་པའི་མཐར་སྟེང་ཕུར་ཤར་གྱི་ཤར་དང༌། འོག་ཕུར་ནུབ་ཀྱི་ནུབ་ཏུ་གདབ་པ་དང༌། དེ་བཞིན་དུ་ཕྱོགས་བཞི་གཡས་བསྐོར་དང་མཚམས་བཞི་གཡོན་བསྐོར་དུ། ཨོཾ་བཛྲ་ཀྲོ་དྷ་ཧཱཾཨུ་ཀ་ར་ཧཱུྃ་སོགས་རང་སྔགས་དང་བསྟུན་ནས་གདབ་ཅིང༌། ཁྲོ་བཅུའི་ཕུར་པས་ཕྱོགས་བཅུའི་གདོན་བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐལ་བྱུང་དུ་ཕུག་པ་འོག་གཞི་དབང་ཆེན་གསེར་གྱི་ས་གཞི་ལ་སྦྲགས་པས་གཡོ་འགུལ་མེད་པར་གྱུར། སླར་ཡང་ཕུར་བུ་ལས་བྱུང་བའི་འོད་ཟེར་རྡོ་རྗེའི་ར་གུར་དུ་གྱུར་པ་ཕྱོགས་བཅུ་ཀུན་ཏུ་འཁྲིགས། ཨོཾ་བཛྲ་རྐྵ་རྐྵ་ཧཱཾཨུ་ཧཱཾཨུ་ཕཊ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེའི་གྱད་འགྲོས་ཀྱིས་བསྐོར་བས་ཀྱང་འགྲུབ་བོ། །སྐབས་འདིར་རྒྱབ་རིམ་གྱི་དཔུང་དུ། ས་ཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན། བཤགས་སྐོང༌། ཞི་བའི་སྦྱིན་སྲེག །མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར། གཟུངས་མདོ་སྒྲོགས་པ། ཁྱད་པར་གནས་ཀྱི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་རྣམས་འདོན་པ་སོགས་རང་ངམ་གཞན་གྱིས་ཀྱང་དགེ་བའི་དཔུང་སྐྱེད་ཅིང་འགྲུབ་བྱའོ། །གཉིས་པ་མཚམས་གཅོད་ལའང་ལྔ་ལས།


TN02_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཕྱི་མཚམས་གཅད་པ་ནི། སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་ཅུ་རྩ་བཞིའི་སར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུ་རྟེན་ནམ་སྔགས་བྱང་རྒྱལ་མཚན་དང་བཅས་པ་བཙུགས་པའི་མདུན་དུ། སྟེགས་ཁེབ་ལྡན་གྱི་ཁར་མེ་ཏོག་གི་ཚོམ་བུའི་སྟེང་དུ་གཏོར་མ་གོང་ལྟར་དང༌། དེའི་མདུན་དུ་གཡོན་ནས་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཤམ་ལ། ཤར་གྱི་མཆོད་གཏོར་རཾ་ཡཾ་ཁཾ་དང༌། ཨོཾ་ཨཱཿཧཱཾཨུ་གསུམ་གྱིས་བརླབ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཡུལ་འཁོར་སྲུང་འཁོར་བཅས། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱཾཨུ་བཾ་ཧོས་བསྟིམ། ཨོཾ་དྷྲྀ་ཏ་རཥྟ་ཧཱཾཨུ་ཧཱཾཨུ་ཛཿ ཞེས་བཟླ། རང་སྔགས་དེ་ལ་ཨཱརྒྷཾ་སོགས་བཏགས་པས་ཉེར་སྤྱོད་དང༌། ཨ་ཀ་རོས་གཏོར་མ་ཕུལ་ལ། ཧཱཾཨུ་རི་རབ་གླིང་བཞིའི་ཤར་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་ཡུལ་འཁོར་སྲུང༌། །ཕྱོགས་བསྲུང་རེ་བ་སྐོང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །དྲི་ཟའི་གདོན་རྣམས་མཚམས་གཅོད་ཅིག །ཅེས་ཕྲིན་ལས་བཅོལ། ཏིཥྛ་བཛྲས་མེ་ཏོག་འཐོར་ལ་བརྟན་པར་བྱ། དེ་བཞིན་དུ་གཞན་གསུམ་སོ་སོར་ཡང་རིགས་འགྲེ་བས། ལྷོར་མཆོད་གཏོར་བྱིན་བརླབ་ཀྱི་འཕྲོར། རི་རབ་ཀྱི་ལྷོ་ཕྱོགས་ནས་སོགས། ཞེས་སོ་སོར་བསྒྱུར། གཉིས་པ་བར་མཚམས་ཀྱི་ནང་ཚན་དམ་སྲི་མནན་པ་ནི། དུག་ཤོག་ལ་རཱུ་པ་བྱ་མགོ་ཅན་གྱི་སྙིང་གར་ཏྲི་ཡིག་མཐར། ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་ཛ༔ ཞེས་བྲིས་ལ་དུག་ཁྲག་བྱུག་པ་བྲུབ་ཁུང་དུ་བཀོད་ནས། གསེར་སྐྱེམས་གཏོང༌། ཨེ་ཡཾ་རཾ་ཛྭ་


TN02_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ཞེས་དམིགས་བྱ་བསྐྱེད་ལ། ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་ཡ་མ་དམ་སྲི་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཱངྐུ་ཤ་ཛ༔ ཛཿཧཱཾཨུ་བཾ་ཧོ། ཞེས་དགུག་གཞུག་བྱས་ནས་དེའི་སྙིང་གར་ཕུར་པ་གདབ་ཅིང༌། ཨཱརྱ་ཨ་ཙ་ལ་དམ་སྲི་བནྡྷ་བནྡྷ་མཱ་ར་ཡ་ཧཱཾཨུ་ཕཊ་ཅེས་བཟླ། ཐུན་རྫས་ཀྱིས་བྲབ་ལ་ཐོད་པ་མཚན་ངན་དུ་བཅུག་སྟེ་སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དོང་ནང་དུ་བསྐྱུར། རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། གོང་གི་ཨ་ཙ་ལའི་སྔགས་བརྗོད་བཞིན་པས་འབྱུང་བ་ལྔའི་རྒྱས་བཏབ་ནས་མི་མངོན་པར་བྱེད། དེའི་སྟེང་དུ་དཔོན་སློབ་རྣམས་ཧཱཾཨུ་བཞི་པའི་སྔགས་ཟློ་བཞིན་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས། ཧཱཾཨུ་དམ་སྲི་བྱ་བའི་སྡིག་ཅན་ཁྱོད༔ སོགས་ལས་གཞུང་ལྟར་བྲོ་བརྡུང་ངོ༌། །གསུམ་པ་སྒོ་བྱང་གདགས་པ་ནི། རོ་རས་སམ་ར་སོག་ལ་གཤིན་རྗེའི་


TN02_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྔགས་བྱང་དང་བཅས་པ་བྲིས་ཏེ་སྒོའི་ཡ་ཐེམ་ཕྱི་མར་བཏགས། དེའི་མདུན་དུ་དམར་གཏོར་མཐེབ་རིལ་ཅན་དང་ཉེར་སྤྱོད་བཅས་བཤམ་པ་འབྲུ་གསུམ་གྱིས་བརླབ། བཛྲ་ས་མ་ཛཿས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱཾཨུ་བཾ་ཧོས་བསྟིམ། ཨཱརྒྷཾ་སོགས་ཀྱིས་མཆོད། ཀྲོ་དྷ་ཡ་མ་རཱ་ཛ་ཨི་དཾ་བ་ལ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིས་གཏོར་མ་བསྔོ། ཧཱཾཨུ་ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། ཁྱོད་ཀྱི་གཡོག་དང་འཁོར་ལགས་ན། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །བདག་གིས་འབྲས་བུ་མ་ཐོབ་བར། །སྒོ་འདི་ཚུན་ཆད་མ་བཏང་ཅིག །ཅེས་མེ་ཏོག་འཐོར། བཞི་པ་གསང་མཚམས་ལ་མ་ཊཾ་བསྒྲལ་བ་ནི། མ་ཊཾ་གྱི་གཟུགས་མགོ་བོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་བསྟན་པ་གན་རྐྱལ་དུ་བཞག་ལ། སྟེགས་བུའི་ཤར་ངོས་སུ་སློབ་དཔོན་ཞལ་ནུབ་ཏུ་ཕྱོགས་ཏེ་ཡི་དམ་གྱི་ང་རྒྱལ་ལ་གནས་པས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཧཱཾཨུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །སོགས་ནས། བདུད་དང་ལོག་འདྲེན་ཐམས་ཅད་ཨ་ཀརྴ་ཡ་ཛཿ ཏྲི་ཡཾ་ཛཿཛཿ ཧཱཾཨུ་བཾ་ཧོ་ཞེས་དགུག་ཅིང་བསྟིམ། སྙིང་རྗེས་ཁྱོད་བསྒྲལ་དམ་ཚིག་ནི། །སོགས་ནས། རྣམ་པར་ཤེས་པ་མྱ་ངན་འདའ། །ཞེས་བརྗོད། སློབ་དཔོན་གྱི་ཞབས་གཡས་པས་ངོར་སྟབས་ཀྱིས་མ་ཊཾ་གྱི་གཟུགས་མནན་ཚུལ་བྱས་ལ། ཧཱཾཨུ་ཆོས་ལ་ལྟ་དང་གང་ཟག་ལྟ། །སོགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ། །ཅེས་རྩེ་གསུམ་གྱི་ཕྱག་རྒྱ་སྙིང་གར་བསྣུན་པས་གཟུགས་ཕུང་ཧྲིལ་གྱིས་ཞིག་པའི་ཁོག་པ་བྲོས་སྦྱོང་བ་ནི། ཧཱཾཨུ་སྟོང་གསུམ་སྟོང་གི་ལོ་ཀ་ན། །སོགས་ནས། པུཥྟིཾ་སྭཱ་ཧཱ། བ་ཤཾ་སྭཱ་ཧཱ། མཱ་ར་ཡ་


TN02_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་བར་བརྗོད་ལ་མ་ཊཾ་གྱི་གཟུགས་སོ་སོར་གཏུབ་ནས་སྟེགས་བུའི་ལྷོ་ནུབ་ཏུ་མགོ །ཤར་དུ་སྙིང༌། ལྷོ་རུ་ལག་གཡས། ནུབ་ཏུ་མཚན་མ། བྱང་དུ་རྐང་གཡོན། ཤར་ལྷོར་ནང་ཁྲོལ། ནུབ་བྱང་དུ་ལག་གཡོན། བྱང་ཤར་དུ་རྐང་གཡས་ཏེ་ཕྱོགས་མཚམས་སོ་སོར་བཀོད། །འདི་ནི་འོག་ཏུ་འབྱུང་བའི་བྱིན་འབེབ་ཀྱི་ཚིག་རིས་དང་བསྟུན་པར་ཟད་ཀྱི། འགོད་ཚུལ་གཞན་ཡང་ཡོད་དོ། །དེ་ནས། བདག་གི་ཐུགས་ཀ་ནས་བྷྲཱཾཨུ་་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་མཐའ་བསྐོར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བར་གྱུར་པར་བསམ་ཞིང་ཁུ་ཚུར་དཔུང་མགོར་བསྣོལ་དབྱེ་དང་བཅས། ཧཱཾཨུ་པྲ་བེ་ཤ་ཡ་ཕཊ། ཅེས་ལན་བདུན་གྱིས་སྤྲུལ་པ་དཀྱིལ་འཁོར་གྱི་སྒོ་ཕྱེ། ཧཱཾཨུ་ཧཱཾཨུ་ཧཱཾཨུ་ཧ་ན་ཧ་ན་ཕཊ་ཕཊ་ཕཊ་ཅེས་རྡོ་རྗེའི་གར་འགྲོས་ཀྱིས་ལན་གསུམ་བསྐོར་ནས་དཀྱིལ་འཁོར་གྱི་ནང་དུ་ཚུད་པར་བསྒོམ་མོ། །ལྔ་པ་འབར་བ་ལྟ་སྟངས་སོགས་ལྔས་ནང་མཚམས་གཅོད་པ་ནི། ཧཱཾཨུ་བདག་ཉིད་ཞེ་སྡང་རྡོ་རྗེ་ཡིཿ སོགས་ནས། ཨེ་ཧཱཾཨུ་ཕཊཿ བར་ལས་གཞུང་ལྟར་བྱ། གཉིས་པའི་དཀྱིལ་འཁོར་བཞེངས་པ་དངོས་ཀྱི་ལས་རིམ་སོགས་ལ་ཟ་མ་ཏོག་ལས་ཐིག་གི་འདེབས་ཚུལ་བཤད་པའི་གོང་དུ་སྟ་གོན་གསུམ་སྨོས་པ་གྲོལ་ཏིག་དབང་རྣམ་ལས་བཤད་པའི་གོ་རིམ་དང་མཐུན་ཡང༌། འདིར་སྙིང་པོའི་དོན་གསལ་དང་བསྟུན་པའི་དབང་དུ་བྱས་ན་བཞི་སྟེ། ཐིག་ལས། སྟ་གོན། རེ་ཁཱ་འབྱེད་པ། སྒྲུབ་རྫས་དང་རྒྱན་དགོད་པའོ། །དང་པོ་ནི། ཐིག་གང་དུ་འདེབས་པའི་གཞི་དེར་བདུད་རྩི་ལྔ་དང་བ་བྱུང་ལྔས་བྱུག་ཅིང༌། ཨོཾ་བཛྲ་ཨ་མྲྀ་ཏ་མཎྜལ་ཧཱུཾ། ཁྲག་ཆེན་གྱིས་བྱུག་ཅིང༌།


TN02_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་རྐྟ་མཎྜལ་ཧཱུཾ། གླད་ཆེན་གྱིས་བྱུག་ཅིང༌། ཨོཾ་ཀཾ་ཀ་ཡཱ་ལ་མཎྜལ་ཧཱུཾ། ཞེས་བརྗོད་ཅིང་ཁྱེམ་མེད་པར་བྱུག །ཐིག་སྐུད་ཀྱི་རྒྱུ་དཔའ་བོས་རིན་གྱིས་ཉོས་པའི་རས་བལ་ལ་གཞོན་ནུ་མས་བཀལ་བའི་སྲད་བུ་ཚོན་སྣ་ལྔ་པ་སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་ལ་སྦོམ་ཕྲ་སྒོའི་ཉི་ཤུ་ཆར་ཕྱེས་པ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་ལ་གནས་པ་ཤར་དང་ཐིག་གཡོག་ཡུམ་དུ་གསལ་བ་ནུབ་ཏུ་གནས་པས་འདེབས་པར་ཟ་མ་ཏོག་ལས་བཤད་ཀྱང༌། དབང་གི་སྤྱི་དོན་དང་གྲོལ་ཐིག་དབང་རྣམས་ལས་སློབ་དཔོན་ཤར་དང༌། སློབ་མ་ནུབ་ཏུ་ཕྱོགས་པ་སྟེ་བལྟས་ནས་འདེབས་པར་བཤད་པས་དེ་ལྟར་དགོས་སམ་སྙམ། དེའང་ཐིག་སྐུད་ཨོཾ་ཧཱཾཨུ་ཏྲཾ་ཧྲཱིཿཨཱཿ ཞེས་བརྗོད་པས་རིགས་ལྔའི་ངོ་བོར་གྱུར་པ་ནུབ་ནས་ཤར་དུ་དྲངས་པ། བྷྲཱཾཨུ་ཛྙཱ་ན་མ་དཱ་ལ་ཧཱུཾ། ཞེས་ལན་གསུམ་བརྗོད་ཅིང་སེ་གོལ་གཏོགས་པ་དང་བཅས་ནམ་མཁའི་དབྱིངས་ལ་ཡེ་ཤེས་ཀྱི་ཐིག་ཚངས་ཐིག་གཉིས་སམ་བཞི་དང་བརྒྱད་ལ་སོགས་པ་གཡས་བསྐོར་དུ་གདབ་ཅིང་ཐིག་གི་སྒྲ་ལས་བྲི་བྱའི་དཀྱིལ་འཁོར་ནམ་མཁའ་ལ་བཀྲ་ལམ་གྱིས་གསལ་བ་ལ་མཆོད་བསྟོད་བྱ། དེ་ནས་ལས་ཐིག་གདབ་པ་ནི། ཐིག་སྐུད་ལུགས་སུ་ཡོད་ན་དང༌། མེད་ན་དེའི་ཡེ་ཤེས་པ་བཛྲ་མུཾ་གྱིས་གཤེགས་པ་བདུད་རྩི་ལྔ་དང་དཀར་ཆལ་གྱིས་སྔགས་ལ་གདབ་ཚུལ་ནི། ཤར་ནས་ནུབ་ཐད་ཚངས་ཐིག་གདབ། །ལྷོ་བྱང་ཚད་ནས་གཉིས་པ་གདབ། །ཕྱོགས་བཞི་ཚད་ནས་མཚམས་གཞི་གདབ། །དཀྱིལ་འཁོར་ཆེ་ཆུང་ཇི་ཙམ་པའི། །ཏོག་ནས་དབུས་ཀྱི་ལྟེ་བའི་བར། །ཆ་མཉམ་གསུམ་གསུམ་རེ་རེ་ཡང༌། །གསུམ་ཆར་དབྱེ་བ་ཆ་ཆེན་རེ། །ཀུན་ཀྱང་ནང་ནས་རིམ་པ་བཞིན། དང་པོ་ཕྱེད་གདབ་ཕྱི་མའང་


TN02_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། །གཉིས་པ་ཆ་བཞིར་བགོ་བར་བྱ། །གསུམ་བཞི་མི་གདབ་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱི་མའང་གདབ། །དབུས་ཀྱི་ལྟེ་བ་འཁོར་ལོའི་ས། །ཆ་ཆེན་གཅིག་དང་ཆ་ཕྲན་གཅིག །བསྐོར་བ་མུ་ཁྱུད་ནང་མ་ལ། །དེའི་ཕྱིར་ཆ་ཆེན་གཅིག་དང་ནི། །ཆ་ཕྲན་གཅིག་བསྐོར་རྩིབས་བརྒྱད་ཀྱི། །ཕྱི་ཐིག་མུ་ཁྱུད་ཆ་ཕྲན་གཅིག །དབུས་ཀྱི་ལྟེ་བ་ཆོས་འབྱུང་སྟེ། །ཕྱི་རོལ་ཆ་ཆེན་གསུམ་པོ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ནང་མ་གཉིས་པོ་ཆ་བཞིར་དབྱེ། །ཕྱི་མའི་དབུས་དོར་མཐའ་གཉིས་གདབ། །རྟ་བབས་དང་པོ་ཀ་རྒྱན་མཉམ། །གཉིས་པ་གསུམ་པ་གཅིག་ཕྱིར་བསྐྱེད། །བཞི་པ་གཉིས་བསྐུམ་ལྔ་པ་གཅིག །ཕྱིར་འཕྱར་དྲུག་པ་གཉིས་སུ་བསྐུམ། །བདུན་པ་བརྒྱད་པ་རེ་རེ་འཕྱར། །སྣམ་བུ་གསུམ་པའི་ཕྱི་ཐིག་དང༌། །ཚངས་ཐིག་རྒྱ་གྲམ་ཐེབས་མཚམས་ནས། །ཆ་ཕྲན་གཉིས་བསྐོར་གླང་རྒྱབ་དབུས། །སྣམ་བུ་དང་པོའི་ཕྱི་ཐིག་དང༌། །སྒོ་ཚད་གཡས་གཡོན་ཕྲད་མཚམས་ནས། །ཆ་ཕྲན་གཉིས་རེས་གཡས་གཡོན་དང༌། །མུ་རན་ཆ་ཕྲན་རེ་རེས་བསྐོར། །སྣམ་བུ་གསུམ་པའི་ཕྱི་ཐིག་དང༌། །ཚངས་ནས་གཉིས་ཕྱིན་འཛོམ་པ་ནས། །བཟུང་སྟེ་ཀ་རྒྱན་རྩེ་མོ་དང༌། །དེ་ནས་ཕྲེང་གཉིས་གཅིག་ཕྱིར་ཕྱིན། །སྣ་ཚོགས་རྡོ་རྗེས་ཕྱི་མཐའ་བསྐོར། །པདྨ་ཆོས་འཁོར་གདུགས་ཀྱི་ས། །ཆ་ཆེན་ཕྱི་མ་རང་འགྲིགས་འགྱུར། །སྣ་ཚོགས་པད་འཁོར་ཆ་ཆེན་ཕྱེད། །འོད་ལྔའི་མུ་ཁྱུད་ཆ་ཕྲན་གཅིག །དུར་ཁྲོད་ཆ་ཆེན་རྡོ་ར་ཕྱེད། །མེ་རི་ཆ་ཆེན་གཅིག་རྣམས་སོ། །གཉིས་པ་གསུམ་གྱི་དང་པོ་ལྷ་སྟ་གོན་ནི། ལྷ་གནས་རྣམས་སུ་དྲིའི་ཐིག་ལེ་བྱས་པ་ལ་མེ་ཏོག་གི་ཚོམ་


TN02_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བཀོད། མདུན་དུ་མཆོད་པ་བཤམ། མཁྱེན་བརྩེའི་དགོངས་རྒྱན་གྱི་འགྲོས་སྦྱར་བ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། ལས་གཞུང་ལྟར་མཆོད་པ་བྱིན་གྱིས་བརླབ། ཧཱཾཨུ་རང་བྱུང་རིག་པ་བདག་མེད་དེ་བཞིན་ཉིད༔ སོགས་ནས། མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ ཞེས་པའི་བར་གྱིས་ལྷའི་འཁོར་ལོ་རྫོགས་པར་བསྐྱེད། ཧཱཾཨུ་རང་ལས་ཤར་བའི་དཔལ་ཆེན་ལྷ༔ སོགས་ནས། ཨོཾ་ཧཱཾཨུ་ཏྲཾ་ཧྲཱིཿཨཱཿའི་བར་གྱིས་བྱིན་རླབས་དབང་བསྐུར་བྱ། ཧཱཾཨུ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨཱརྒྷཾ་ནས་ཤབྡའི་བར་དང༌། སརྦ་པཉྩ་རཀྟ་བཱ་ལིངྟ་ཁཱ་ཧི། ཞེས་པས་མཆོད་བསྟོད་སོགས་ཕྲུག་གཅིག་ཏུ་བྱས་མཐར། །སྒྲུབ་སྔགས་འབྲུ་བཅུ་བཞི་པ་དང༌། སྤྱི་དྲིལ་གྱི་བཟླས་པ་ཅི་རིགས་བྱ། །སླར་ཡང་སྔ་མ་མཆོད་བསྟོད་བསྡུས་པ་གཏོང༌། དེ་ནས། རང་གི་ལྕེ་ཧཱཾཨུ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསྒོམ་ལ། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། ཁྱེད་རྣམས་མཆོད་དང་སེམས་ཅན་དོན། །ནང་པར་དཀྱིལ་འཁོར་འབྲི་འཚལ་བས། །ཐུགས་ཀྱིས་དགོངས་ཏེ་གནང་བར་མཛོད། །ཅེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་གི་ནམ་མཁར་བཏེག་པར་བསམ་ཞིང་སེམས་མ་རྡོ་རྗེ་མའི་རྒྱ་དང་བཅས། ཨོཾ་བཛྲོད་


TN02_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་ལྷན། ཞེས་བརྗོད། སྤྱི་དོན་ལྟར་དམ་ཚིག་པ་རང་ལ་བསྡུས་ཏེ་ཡིག་བརྒྱ་བརྗོད། རེ་ཞིག་ཚོམ་བུ་མཆོད་པ་དང་བཅས་བསྡུའོ། །གཉིས་པ་བུམ་པ་སྟ་གོན་ནི། བུམ་པ་གཉིས་ཆས་འཇུག་སོགས་སྔོན་འགྲོས། མཐའ་མཆོད་པས་བསྐོར། བདག་འཇུག་དབང་དོན་རྒྱ་མཚོ་ལྟར་བསྒྲུབ། དེ་མཐར་བུམ་པ་མཆོད་པ་དང་བཅས་པ་རེ་ཞིག་གཙང་སར་བསྡུའོ། །གསུམ་པ་སློབ་མ་ལྷག་གནས་ནི་སྤྱི་དོན་སྙིང་པོའི་དོན་གསལ་ལྟར་རམ། དེ་ལས་རྒྱས་པར་སྤྲོ་ན་གྲོལ་ཐིག་རིག་འཛིན་བཀའ་བརྒྱད་དང་འདིའི་རིག་འཛིན་ཞི་དྲག་མ་བུའི་ཚུལ་དུ་གསུངས་པས་མཁྱེན་བརྩེའི་དགོངས་རྒྱན་ལྟར་བྱས་ཀྱང་རུང༌། དབང་བསྐུར་དང་མ་འབྲེལ་བའི་ཚེ་ལྷག་གནས་དེ་དག་གི་འབྱིན་འཇུག་ཀྱང་ཤེས་པར་བྱའོ། །གསུམ་པ་རེ་ཁཱ་འབྱེད་པ་ནི། ཚོན་སྣ་ལྔ་པོ་མདོག་རིགས་ཀྱིས་དབྱེ་བས་ཕྱོགས་བཞི་དབུས་དང་ལྔར་བཀོད་དེ་རིགས་ལྔའི་ས་བོན་བྲིས་ལ་བཞག །ལས་ཆུས་འཐོར་ཞིང་བསང་སྦྱང༌། སྟོང་པའི་ངང་ལས་ཚོན་སྣ་ལྔ་ཨོཾ་ཧཱཾཨུ་སྭཱ་ཨཾ་ཧཱ་ལས་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་ཅན་དུ་གྱུར། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་རྡུལ་ཚོན་ལ་ཐིམ་པས་ཡེ་ཤེས་ལྔའི་རང་བཞིན་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ་འབྲུ་ལྔ་བརྒྱ་རྩ་བརྒྱད་བཟླས་པས་བརླབས་ཏེ། ཚོན་ཐོབ་མངོན་རྟོགས་བཞིན་མ་འདྲེས་པར་བྲིས་ལ། ལྷ་མཚན་དགོད་པ་ནི་ཡིག་འབྲུ་ཕྱག་མཚན་སྐུ་མདོག་དང་མཚུངས་པའི་ཐིག་ལེ་སོགས་ཅི་རིགས་པ་བཀོད། དེ་ལྟར་གྲུབ་ནས་ཡི་གེ་བརྒྱ་པས་ཉམས་ཆག་བཤགས། དཀྱིལ་འཁོར་ལ་བརྟག་ཅིང་ཆད་ན་གསོ།


TN02_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་ན་དབྱི། སྐྱོན་དང་བྲལ་བར་མཐོང་ན་སྟ་གོན་གྱི་དུས་ཀྱི་ནམ་མཁའི་ལྷ་ཛཿཧཱཾཨུ་བཾ་ཧོའི་སྔགས་དང་ཕྱག་རྒྱ་དང་བཅས་པས་དཀྱིལ་འཁོར་ལ་བསྟིམ། རྟེན་འབྲེལ་སྙིང་པོ་བཟླས་པས་མེ་ཏོག་གཏོར་ཞིང་ཤིས་པ་བརྗོད། ཐིག་ཚོན་གྱི་ལྷག་མའི་ཡེ་ཤེས་པ་བཛྲ་མུཿས་གཤེགས་ལ་མི་མངོན་པར་བསྡུའོ། །བཞི་པ་རྒྱན་བཀོད་ནི། གནས་ཁང་བྱི་དོར་བྱ་ཞིང་ས་རྒྱན་གནམ་རྒྱན་སོགས་ཀྱིས་མཛེས་པར་བརྒྱན་ལ། དཀྱིལ་འཁོར་གྱི་དབུས་སུ་ལྕགས་སམ་ཙནྡན་སེང་ལྡེང་གང་རུང་གི་ཕུར་བུའི་མགུལ་དུ་དར་ལེ་བརྒན་ལ་གསེར་རམ་མཚལ་གྱིས་གཙོ་བོའི་སྔགས་བྱང་བྲིས་པ་བཀོད། ཐོད་སྐུ་ཡོད་ན་སྒྲུབ་ཕུར་ལ་རྒྱབ་རྟེན་ཅིང་ཞལ་ཤར་སྒོར་ཕྱོགས་པར་བཞག །ཐོད་སྐུ་མ་འབྱོར་ན་སྒྲུབ་ཕུར་ཙམ་ལའང་བརྟེན་རུང༌། དེ་དག་གང་ཡང་གཙོ་བོའི་སྔགས་ཀྱི་ཛབ་དབྱངས་སྤོས་རོལ་དང་བཅས་པས་གཟི་བྱིན་བསྐྱེད་དེ་བཀོད། དཀྱིལ་འཁོར་གྱི་མཐའ་བསྐོར་ཁྲོ་བོ་བཅུའི་ཕུར་པ་འབྱོར་ན་སོ་སོའི་སྔགས་བཟླ་ཞིང་ཕུར་གདན་ལ་བཀོད། གཞན་ཡང་ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་དང་བཅས་པ་བཞི་རྣམས་ཚོན་སྐུད་སྣ་ལྔའི་དྲྭ་བས་སྦྲེལ། ཕྱོགས་བཞིར་འཕན་བཞི་དང༌། མཚམས་བཞིར་རྒྱལ་མཚན་བཞི། ཡོལ་བ། བླ་རེ་དར་གྱི་ལྡ་ལྡི་ལ་སོགས་པས་མཛེས་པར་བརྒྱན། སྒྲུབ་དབང་སོགས་དང་འབྲེལ་ཚེ་སྒྲུབ་ཕུར་གྱི་མདུན་དུ་རྣམ་རྒྱལ་བུམ་པ་དང༌། གཡས་སུ་དབུ་རྒྱན། རྒྱབ་ཏུ་རྡོ་རྗེ། གཡོན་དུ་དྲིལ་བུ་སོགས་དང༌། ལས་བུམ་ཀྱང་དབང་གཞུང་བཞིན་དུ་འདུ་བྱའོ། །དཀྱིལ་འཁོར་གྱི་ཤར་སྒོ་ནས་བཟུང་ཆུ་གཉིས་སྔོན་འགྲོས་ཉེར་སྤྱོད་ལྔ་སོགས་ཐུན་མོང་གི་མཆོད་པ་ལྔ་དང༌། དབང་པོའི་མེ་ཏོག་ལ་


TN02_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ནང་མཆོད། དཔལ་གྱི་བཤོས་བུ་ཤ་ཁྲག་གིས་བརྒྱན་པའི་གཏོར་མ། རྩ་བརྒྱད་ཡན་ལག་སྟོང་ལས་སྦྱར་བའི་སྨན། དཔའ་བོའི་སྙིང་ཁྲག་པདྨ་རྐྟ་ལ་སོགས་པའི་ཚད་ལྡན་གྱི་རྐྟ་སོ་ལྔ་སྟེ་གསང་སྔགས་བླ་མེད་ཀྱི་ནང་གི་དམ་རྫས་དང༌། གསང་བ་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་ག་འུའམ་ཟླ་གམ་སྟེ། གཞན་ཡང་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་དང་ཕྱི་ནང་གི་མཆོད་པ་བྱེ་བྲག་ཅི་འབྱོར་པ་གཙང་ཞིང་དག་པས་མཐའ་བསྐོར་ཞིང་བཀོད་ལེགས་པར་བཤམ་མོ། །དོན་གསུམ་པ་སྒྲུབ་ཅིང་མཆོད་པའི་རིམ་པ་ལ་གསུམ་གྱི་དང་པོ། སྒྲུབ་པ་པོ་རྣམས་གནས་སུ་དགོད་པ་ནི། དཀྱིལ་འཁོར་གྱི་ཤར་སྒོར་རྡོ་རྗེ་རྒྱལ་པོ་གྲལ་གྱི་དབུས་སུ་བཞུགས་པའི་འཁོར་དུ། རྡོ་རྗེ་རྒྱལ་ཐེབས་དང་རྡོ་རྗེ་ལས་པ། གིང་མཚམས་པ། སྤྱན་པ། དུས་མཚམས་པ། ཕྱག་ཚང་བ་སོགས་སྒྲུབ་ཆེན་ལ་འདུ་བར་འོས་པའི་མཆེད་ལྕམ་རྣམས་གྲལ་ཕྱག་དང་བཅས་སོ་སོའི་སྟན་ལ་འཁོད་དེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང༌། དེ་ནས་རྡོར་དྲིལ་བྱིན་རློབ་ནི། ཧཱཾཨུ་ཡེ་ཤེས་འབར་བའི་རྡོ་རྗེ་ཆེ། ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་རྣམས་སྐུར་བཞུགས་པས། །དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ། །མ་ཧཱ་བཛྲ་ཧཱཾཨུ་ཞེས་ལན་གསུམ་གསོར། ཧཱཾཨུ་ཤེས་རབ་ཆེན་པོའི་རང་བཞིན་ནི། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས། །འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །མ་ཧཱ་གཎྜེ་ཧོཿ ཞེས་དྲིལ་བུ་འཁྲོལ་བ་གསུམ་སྟེ། དེ་ཁོ་ན་ཉིད་


TN02_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ནི་རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ། ༈ །གཉིས་པ་སྒྲུབ་པའི་ཕྲིན་ལས་གཞུང་བསླང་བ་ནི། ལས་གཞུང་གི་སྔོན་འགྲོ་ནས་བཟུང་དཔལ་ཆེན་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་ལྟར་ལྷ་བསྐྱེད་ནས་བསྟོད་པའི་བར་མཐར་ཆགས་སུ་གྱེར་ལ། འཛབ་ཀྱི་ཚེ། བྷྲཱཾཨུ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཞེས་པས་འཛབ་ཁང་ཕྱེ་ལ་བདག་མདུན་གཉིས་སུ་ཕྱེས་ནས། དཀྱུས་ལྟར་འཛབ་དགོངས་གསལ་བཏབ་སྟེ། ཐུན་རིང་ཞི་བའི་སྔགས་སྟོང༌། གཙོ་སྔགས་སྟོང༌། སྤྱི་དྲིལ་སུམ་བརྒྱ། ལས་སྦྱོར་ལྔ་བཅུ་ལྟ་བུས་མཚོན་བཟླས་པ་ཅི་ལྟར་རིགས་པ་བྱ། བར་མཚམས་རྣམས་སུ་སྟོང་ཚིགས་མཆོད་པ་དང༌། ལས་སྦྱོར་གྱི་སྔགས་མཐར། དྲང་སྲོང་དམོད་བཟློག་གི་ཐལ་རྡེབ་བྱེད། །ཐུན་མཐར་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་དང༌། གཞུང་གི་བསྟོད་པ་བཏང༌། །ཡི་གེ་བརྒྱ་པས་ནོངས་པ་བཤགས། ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་ལྷག་མ་དཀྱིལ་འཁོར་གྱི་བྱང་ཤར་དུ་བཙོན་དུ་བཟུང༌། ཚིམ་པ་དྲུག་ལྡན་གྱི་སྨོན་ལམ་གདབ། སླར་ཡང༌། ཧཱཾཨུ་རང་བྱུང་རིག་པ་བདག་མེད་དེ་བཞིན་ཉིདཿ སོགས་ནས་བཟུང་ཐུན་གཉིས་པའི་ལས་གཞུང་བསྲང་ཞིང་བཟླས་པ་ཚོགས་མཆོད་ཀྱི་མཐར་ཐུག་གི་བར་བཏང༌། དེ་ལྟ་བུའི་རིམ་པས་དུས་གསུམ་མམ་བཞིར་ལས་གཞུང་གྱེར། ཐུན་ཕྱི་མ་རྣམས་སུ་ཅུང་ཟད་བསྡུས་པ་ལ་དགའ་ན་རྗེ་བླ་མས་མཛད་པའི་ཕྲིན་ལས་སྙིང་པོ་ལྟར་བགྱིས་ཀྱང་རུང༌། དུས་གསུམ་མམ་དྲུག་ཏུ་ཉུལ་ལེ་བསྐྲད་པ་ནི། སྤྲོ་ན་དགུག་གཞུག་སྔོན་དུ་འགྲོ་བས་ཕུར་ཐུན་དང་བཅས་གུ་གུལ་བདུག་ཅིང་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་


TN02_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་བསྐུལ་བྱ་སྟེ། རྔ་རོལ་དང་བཅས། ཧཱཾཨུ་ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས། སོགས་གྱེར་ཞིང་ཐུན་གྱིས་བྲབ་ལ་གཟིར་རོ། །དེའི་རྗེས་འབྲེལ་དུ་རིག་འཛིན་བྱིན་འབེབས་ནི། སྒྲུབ་པ་པོ་རྣམས་གཡབ་དར་དང་རོལ་མོ་ཐོགས་ཏེ་དཀྱིལ་འཁོར་བསྐོར་ཞིང་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས། ཧཱུཾ། བསྐལ་པ་སྲིད་པའི་དང་པོ་ལ། སོགས་ནས། ཤནྟིཾ་གརྦྷའི་བྱིན་ཕོབ་ཅིག །ཅེས་ཐོད་ཕྲེང་རྩལ་གྱི་འཛབ་དབྱངས་དང་བཅས་པ་བྱའོ། །སྲོད་ཐུན་གྱི་མཐར་ཆོས་སྐྱོང་སྤྱི་བྱེ་བྲག་གི་བསྐང་གསོ་དང་ཐུགས་དམ་བསྐུལ་བ་ཆད་ཐོ་བརྟན་སྐྱོང་སོགས་མཇུག་ཆོག་རྣམས་དཀྱུས་བཞིན་རྫོགས་པར་བྱས་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག་གོ །གསུམ་པ་དངོས་གྲུབ་བླང་བ་ནི། སྒྲུབ་པ་ཐོན་ལ་ཉེ་བའི་ཚེ། །མཾ་ས། ཟླ་རྒྱས། ཟླ་ཁྲོམ་སོགས་དངོས་གྲུབ་ཀྱི་རྫས་གསར་པ་བཤམ། མཆོད་པ་རྙིང་པ་ཁ་གསོ་ཞིང་གསར་པ་རྒྱས་པར་བཤམ། ནང་པར་ལས་གཞུང་བསྲང་སྟེ་རྩ་བའི་བཟླས་པ་ཅི་རིགས་པ་བྱས་རྗེས་མཆོད་ཕྲེང་རྒྱས་པ་དང༌། ལས་གཞུང་ལྟར་སྨན་མཆོད་ཕུལ། བསྟོད་པ་རྫོགས་ནས། ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར། སྒྲུབ་རྫས་རྣམས་ལ་དངོས་གྲུབ་བསྡུ་བ་དང༌། ཐུགས་དམ་བསྐུལ་བའི་དམིགས་འདུན་དང་བཅས། རྩ་སྔགས་མཐར། ཀཱ་ཡ། སམྦྷོ་ཀཱ་ཡ། ནིརྨ་ཀཱ་ཡ། ཙིཏྟ་སིདྡྷི་ཕ་ལ་ཧཱུཾཿ ཞེས་བརྒྱའམ་ཉེར་གཅིག་སོགས་བཟླས་ལ། ཉུལ་ལེ་བསྐྲད། རིག་འཛིན་གྱི་བྱིན་འབེབས་རྒྱས་པར་བྱས་མཐར། སྒྲུབ་རྫས་རྣམས་བཏེག་སྟེ་གཞུང་གི་དངོས་གྲུབ་བླང་


TN02_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚིག་གིས་གནས་གསུམ་དུ་གཏུགས་ཤིང་སྒྲུབ་གཏོར་གྱི་ཆ་ཤས་མྱང༌། སླར་ཡང་གཏང་རག་གི་མཆོད་བསྟོད་བྱས་ལ་དངོས་གྲུབ་ཀྱི་རྫས་དང་ཚོགས་འཁོར་ལ་ལོངས་སྤྱོད། སྤྲོ་ན་གོང་གི་དངོས་གྲུབ་བསྡུ་བའི་སྔགས་ཀྱི་མཇུག་ཏུ་བདག་འཇུག་དབང་དོན་རྒྱ་མཚོས་བདག་དབང་བླང་བའི་མཐར། ཉུལ་ལེ་འདུལ་བ་དང་བྱིན་འབེབས་སྔོན་འགྲོས་སྔར་བཞིན་དངོས་གྲུབ་བླང་ངོ༌། །གཞན་དོན་དུ་དབང་བསྐུར་བྱེད་ནའང་སྐབས་འདིར་བྱ་སྟེ། དེ་ལ་བཟླས་པའི་སྐབས་སུ་བུམ་པ་སྒྲུབ་པའང་དགོས་སོ། །དེ་ནས་སྦྱིན་སྲེག་ནི་སྒྲུབ་ཁང་གི་ཕྱི་རོལ་ལྷོ་ཕྱོགས་སམ་དཀྱིལ་འཁོར་མདུན་ངོས་སུ་རྒྱས་པའི་མེ་ཐབ་ཏུ་མེ་ལྷའི་མཆོད་བསྟོད་འདོད་གསོལ་དང་རྗེས་ཐོག་དེར། སྭཱ་བྷཱ་ཝས་སྦྱང༌། མེ་ལྷའི་ལྟོ་བ་འབར་ཞིང་སྲེག་པའི་ཀློང་ཿ བྷྲཱཾཨུ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁང་ཿ སོགས་ནས། ཨ་ཙནྡྲ་མཎྜ་ལའི་བར་གཞུང་ལྟར་སོང་བ་དང༌། དཀྱིལ་འཁོར་གྱི་ལྷ་རྣམས་མཚོན་པ་མེ་ཏོག་གི་ཚོམ་བུའམ་དབུ་རྒྱན་གྱི་བརྡས་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་མཐར། དེའི་ཕྱག་གིས་བླང་སྟེ། ཨོཾ་གུ་རུ་ཤྲི་སོགས་རྩ་སྔགས་བརྗོད་ཅིང་མེ་ཏོག་ཅུང་ཟད་ཐབ་ཏུ་དོར་ལ། ཆེ་མཆོག་བཛྲ་ཐོད་ཕྲེང་རྩལཿ སོགས་ནས། མ་འདྲེས་ཡོངས་རྫོགས་ཆེན་པོར་གསལཿ ཞེས་པའི་བར་གྱིས་གསལ་གདབ། ཧཱཾཨུ་བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །སོགས་སྦྱིན་སྲེག་ཟ་མ་ཏོག་ལྟར་ལ། ཐབ་ཏུ་དངོས་གྲུབ་བླང་བའི་རྫས་དང་གཏོར་མ་ནས་ཀྱང་ཅུང་ཟད་འབུལ་བར་གསུང༌། སླར་ཡང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་


TN02_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ཉིད་ལ་ཐིམ་པར་བསམས་ཏེ་སྔར་བཞིན་མེ་ཏོག་གི་བརྡས་སྒྲུབ་དཀྱིལ་དུ་སྤྱན་དྲང༌། དེ་ནས་ཆོས་སྐྱོང་གི་གཏང་རག་རྒྱས་པར་གཏོང༌། སྔར་བཙོན་དུ་བཟུང་བའི་ལྷག་མ་དང་སྒྲུབ་པ་པོ་རྣམས་ཀྱིས་རོལ་པའི་ལྷག་མ་བསྡུས་ཏེ་ལྷག་ཆོག་བྱ་ཞིང་རྒྱལ་ཐོའི་ཕྱི་རོལ་དུ་དོར། ཆོས་སྐྱོང་གི་གཏོར་མ་ཐོག་སྟེང་སོགས་གཙང་སར་གཤེགས། ལས་གཞུང་གི་བསྐུལ་ནས་ཉེར་བསྡུ་ལྷར་ལྡང་བར་རྫོགས་པ་དང༌། ཐོ་བཞི་དང་སྒོ་བྱང་གི་ལྷ་སོ་སོའི་མདུན་དུ་མཆོད་པ་བཤམས་ལ། བསང་སྦྱང་བྱིན་རླབས་དྲངས་བསྟིམ་མཆོད་པ་གཏོར་མ་བསྔོ་བ་རྣམས་སྔར་ལྟར་དང༌། ཧཱཾཨུ་རི་རབ་གླིང་བཞིའི་སོགས་དང༌། ཧཱཾཨུ་ལྷ་སྲིན་སྡེ་བརྒྱད་སོགས་ཀྱི་མལ་དུ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་ཕྲིན་ལས་བཅོལ། ཏིཥྛ་བཛྲ་གྱིས་མེ་ཏོག་འཐོར་བས་བརྟན་བཞུགས་བྱ་བའམ། ཡང་ན་གཤེགས་སུ་གསོལ་ལ་ཐོ་བྱང་རྣམས་བཀྲོལ། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་དེ་བཟོད་པར་གསོལ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་དང༌། བཛྲ་མུཾཿགྱིས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་གཤེགས། རས་བྲིས་ཡིན་ན་བརྟན་བཞུགས་བྱ། ཐོད་སྐུ་ལ་སོགས་པའི་སྒྲུབ་རྫས་དང་རྒྱན་རྣམས་བསྡུས་ཏེ་དབེན་པར་འཇོག་སློབ་དཔོན་གྱིས། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་དྲན་པས་དྲིལ་བུ་དཀྲོལ་ཞིང༌། ཨ་ཀ་རོའི་སྔགས་བརྗོད་བཞིན་པས། ལག་གཡས་པའི་རྡོ་རྗེས་དབང་ལྡན་གྱི་རྩིགས་པ་ནས་བརྩམས་ཏེ་ལྟེ་བའི་བར་རེ་ཁཱ་གསུམ་འཐེན་ཞིང་དམ་ཚིག་གི་


TN02_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྙིང་གའི་ཐིག་ལེ་ལ་འདུས་པར་བསམ་སྟེ་ལྷ་མཚན་ཅུང་ཟད་བླང་བ་མགོ་བོར་བཀོད། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ཤིང་ཐིག་ཤུལ་དྲི་བཟང་གི་ཆུས་དབྱི། ཁྲོ་བཅུའི་ཕུར་བུ་རྣམས་འོག་ནས་རིམ་པར་ཧཱཾཨུ་མཛད་ཀྱི་རྒྱ་དང༌། སུཾབྷ་ནིའི་སྔགས་ཀྱིས་དབྱུང་ཞིང༌། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷྱ་ལོ་ཙ་ནི་སརྦ་ཨཱརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བཟླ་བཞིན་ཕུར་རྩེ་འོ་མས་བཀྲུ། རྡུལ་ཚོན་ཕྱགས་པའི་སྔོན་དུ་ཕུར་བུ་བསྡུ་བའི་ཕྱག་བཞེས་ཀྱང་ཡོད་མོད། འདིར་ནི་རང་གཞུང་ཟ་མ་ཏོག་ལྟར་བྱས་སོ། །འདིར་ཞི་ཁྲོ་ངན་སོང་སྦྱོང་བ་ལྟར་མར་མེའི་སྨོན་ལམ་གདབ། དེ་ནས་ལས་གཞུང་གི་བསྔོ་སྨོན་ཤིས་བརྗོད་ཀྱི་མཐར་ཐུག་པར་བྱའོ། །རྡུལ་ཚོན་རྣམས་ལས་ཅུང་ཟད་ཕྲིན་ལས་ཀྱི་དོན་དུའང་བཟུང་ཞིང༌། བྱིང་རྣམས་གཏེར་དུ་སྦ་བའོ། །ཡང་ན་དབུ་རྒྱན་དཀོན་ལ་མཆོད་རྫས་ཀྱིས་སྣ་དྲངས་ཏེ་ཆུ་ཀླུང་ཆེན་པོར་འདོར། འདིར་མཁྱེན་བརྩེའི་དགོངས་རྒྱན་ལས། སྤྲོ་ན་ཆོ་ག་སྦྱོར་བའང་ཡོད་ཅེས་གསུངས་པའི་ཤུགས་ཀྱིས་ཆོ་ག་མ་བྱས་ཀྱང་མི་རུང་བ་མེད་པར་བསྟན་པ་འདྲ་ཡང༌། །ཆོ་ག་བྱེད་ན་རྒྱུན་དུ་གནས་པའི་ཆུ་འགྲམ་དུ་མཎྜལ་ལ་པདྨ་འདབ་བརྒྱད་བྲིས་པའི་དབུས་དང་འདབ་མ་ལ་ཚོམ་བུ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད། ཀླུ་སྨན་བཏབ་པའི་འོ་མ་གཏོར་མ་དང་བཅས་པ་དང༌། དེ་ལས་མཐོ་བའི་སྟེགས་སྟེང་རྡུལ་ཚོན་བཀོད། མཆོད་གཏོར་འབྲུ་གསུམ་གྱིས་བརླབ། རྟེན་བསང་སྦྱང༌། སྟོང་པའི་ངང་ལས་ཝཾ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱཾཨུ་ལས་རྡོ་རྗེ་ཧཱཾཨུ་གིས་མཚན་པ་ལས་རྡོ་རྗེ་སེམས་


TN02_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་སྣང་གི་ཡུམ་དང་བཅས་པའོ། །སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛས་སྤྱན་དྲང༌། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པ། སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་གྱུར། ཨོཾ་བཛྲ་སྟྭ་ཨཱཥྟ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་ཨཱརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལག་གཡོན་གདེངས་ཀའི་ཚུལ་དང༌། གཡས་མཆོག་སྦྱིན་གྱི་རྒྱས། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱིས་རྒྱུ། པདྨ་པདྨ་ཆེན་པོ་དང༌། དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་པོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེ་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཚི་ལུ་དང༌། །ཚི་


TN02_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཆེན་པོ་རྣམས་དག་གོ །ཨོཾ་་་ཨཱ་གཙྪ་ཨ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་་ཝ་ཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་པ་གསུམ་གྱིས་གཏོར་མ་ཕུལ་ནས། གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་དང༌། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང༌། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །ཞེས་ཕྲིན་ལས་གསོལ་ནས་ཤིས་བརྗོད་དང༌། བཟོད་གསོལ་བྱས་པའི་མཐར། གཙྪ་གཙྪ། ཨོཾ་ཨཱཿཧཱུྃ་མུཾ་ཞེས་རོལ་མོའི་སྒྲ་དང་བཅས་པས་ཀླུ་རྣམས་གཤེགས། ཛཿཧཱཾཨུ་བཾ་ཧོས་རྡོར་སེམས་རང་ལ་བསྟིམ། རྡུལ་ཚོན་མཆོད་གཏོར་ཚོམ་བུ་རེ་ཁཱ་དང་བཅས་ཆུར་གཤེགས། རྡུལ་ཚོན་གྱི་སྣོད་ཆུས་བཀང་སྟེ་ནང་དུ་ལོག་ནས་སྤྱན་མའི་སྔགས་བཟླ་བཞིན་དཀྱིལ་འཁོར་ཁང་པ་སོགས་ལ་བསང་གཏོར་བྱ། སླར་ཡང་རྡོ་རྗེའི་གླུ་གར་སོགས་བཀྲ་ཤིས་དགའ་སྟོན་གྱིས་མཐའ་རྒྱས་སུ་བྱའོ། །བཀའ་གཏེར་སྙིང་པོ་རིག་འཛིན་ཐུགས་སྒྲུབ་ཀྱི། །སྒྲུབ་ཆེན་ཁོག་དབུབ་བཅུད་བསྡུས་ཟ་མ་ཏོག །ཅུང་ཟད་གསལ་བར་ཕྱེས་འདིས་སྐལ་བཟང་ལ། །དངོས་གྲུབ་རིན་ཆེན་འབྱོར་པ་སྦྱིན་གྱུར་ཅིག །ཅེས་པའང་མཁས་བཙུན་དམ་པ་འཇིགས་


TN02_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འོད་གསལ་གྱིས་འདི་འདྲ་ཞིག་གྱིས་ཞེས་ལྷག་བསམ་དག་པས་ཡང་ཡང་བསྐུལ་བ་ལྟར། འཇིགས་མེད་བསྟན་པའི་ཉི་མས་སྨྲས་རིམ་བཞིན་བསྐུལ་བ་པོ་ཉིད་ཀྱིས་ཡི་གེར་བྲིས་པ་ཕྱོགས་དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག། །།


previousཐུགས་སྒྲུབ་དཔལ་ཆེན་འདུས་པའི་སྒྲུབ་ཁོགnext