Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་བརྟན་མཆོད་ཆོག
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousགནས་བརྟན་མཆོད་ཆོགnext

གནས་བརྟན་མཆོད་ཆོག


TN02_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དབང་གནས་བརྟན་འཁོར་བཅས་མཆོད་པའི་ཆོ་ག་འཕགས་པ་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།། །།


TN02_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དབང་གནས་བརྟན་འཁོར་བཅས་མཆོད་པའི་ཆོ་ག་འཕགས་པ་དགྱེས་པའི་རོལ་མོ་ཞེས་བྱ་བ། དཔལ་་སེངྒེ་ལ་ཕྱག་འཚལ་ལོ། །ཐུབ་དབང་གནས་བརྟན་འཁོར་བཅས་ལ་ཕྱག་མཆོད་འབུལ་བར་འདོད་པས། ཐོག་མར་གོང་དུ་རྟེན་གསུམ་ཅི་འབྱོར་བ་བཤམས་པའི་མདུན་དུ་སྟེགས་བུའི་ཁར་མཆོད་པ་སྣ་ཚོགས་གཙང་ཞིང་གྱ་ནོམ་པར་བཀོད། སྤོས་ཀྱི་དྲི་ཞིམ་པོས་བདུག །གསོ་སྦྱོང་ལ་གནས་པར་བྱས་ཏེ། བདེ་བའི་སྟན་ལ་འདུག་ནས། སྐྱབས་སེམས་སྔོན་དུ་གཏོང༌། དེ་ནས། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་ཁོར་ཡུག་


TN02_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གི་ས་གཞི་འདི་དག་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟར་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་གཞིར། །གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ལེགས་པས་མཛེས་ཤིང་ལྷུན་སྟུག་པ། ཡངས་ཤིང་རྒྱ་ཆེ་བ། སྟེང་གི་ཤར་ལྷོར་ཁྲུས་ཀྱི་ཆོས་ཟང་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་པད་ཟླའི་གདན། མཐའ་བསྐོར་ཀུན་ཏུ་སེང་ཁྲི་པད་ཟླའི་གདན་གྲངས་མེད་པ་དང༌། ཕྱི་ནང་ཀུན་ཏུ་ཡང་ཆོ་རིགས་དང་འཚམས་པར་


TN02_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང༌། ན་བཟའ་དང༌། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ། ཕུང་པོ་གསུམ་པའི་མདོ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པ་འབྱུང་བར་གྱུར་ཅིག །མཆོད་པའི་སྤྲིན་གཟུངས་ལན་བདུན་སོགས་བཟླ་ཞིང་བྱིན་གྱིས་བརླབ། དེ་ནས་སྤོས་བཏུལ་ཏེ། ཐལ་མོ་སྦྱར་ལ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེ་བུ་འདུལ་བས་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་་རྒྱལ་པོ་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་བཅུ་དྲུག་སོགས་སློབ་མ་དུལ་བ་མཐའ་ཡས་པའི་ཚོགས་དང་བཅས་པ་དེང་འདིར་བདག་ཅག་ལ་སོགས་པ་འགྲོ་བ་མང་པོའི་བསོད་ནམས་ཀྱི་ཞིང་དུ་སྤྱན་འདྲེན་ཅིང་མཆིས་ན། སྟོན་པས་བདག་ཅག་ལ་ཐུགས་བརྩེ་བ་ཉེ་བར་བཞག་སྟེ་ཡོན་ཏན་ཚད་མེད་པ་བཀོད་པའི་ཕོ་བྲང་གི་གནས་འདིར་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང༌། ཇི་ལྟར་སྔོན་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་ཏེ་འཇིག་


TN02_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་རྣམས་ལ་ཐུགས་བརྩེ་བ་དང༌། ལྷ་དང་མི་རྣམས་ཀྱི་དོན་དང༌། གྲུབ་པ་དང་བདེ་བ་བླ་ན་མེད་པར་བྱ་བའི་ཕྱིར་གྲོང་ཁྱེར་རྒྱུ་བར་མཛད་དེ། སྟོན་པ་དུལ་བ་འཁོར་དུལ་བ་དང་ལྡན་པ། ཟླ་བ་སྐར་མའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། །བརྒྱ་བྱིན་ལྷའི་འཁོར་གྱིས་བསྐོར་བ་ལྟ་བུ། ཚངས་པ་ཚངས་རིས་ཀྱི་འཁོར་གྱིས་བསྐོར་བ་ལྟ་བུ། ཁྱུ་མཆོག་ཅང་ཤེས་ལྟར་དབང་པོ་རྣམས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། །སྤྲིན་ཆུ་དང་བཅས་པ་ལྟ་བུ། གླང་པོའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། ཛམ་བུ་ཆུ་བོའི་གསེར་གྱི་མཆོད་སྡོང་ལྟར་དཔལ་གྱིས་ལྷང་ངེ་ལྷན་ནེ་ལྷམ་མེར་འཕགས་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ། ཀུན་ཤེས་ཀོའུ་དིནྱ་ལ་སོགས་པ་ཉན་ཐོས་ཆེན་པོ་དང༌། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་བསྐོར་ཏེ་སངས་རྒྱས་ཀྱི་སྤྱོད་ལམ་མཐོང་ན་མི་མཐུན་པ་མེད་པས་སྐྱེ་རྒུ་རྣམས་ལ་བསོད་ནམས་ཀྱི་ཞིང་ཉེ་བར་བསྒྲུབས་པ་དེ་བཞིན་དུ་དེང་འདིར་བདག་ཅག་ལ་སོགས་པ་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་སྐྱབས་མཛད་པ་དང༌། བསོད་ནམས་ཉེ་བར་བསྒྲུབ་པའི་སླད་དུ་དེ་


TN02_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དང་འཕགས་པའི་གནས་བརྟན་རྣམས་བསྟན་པ་ལ་མངོན་པར་དགའ་བའི་ལྷའི་འཁོར་བསོད་ནམས་ཆེན་པོ་རྣམས་དང་ཐབས་གཅིག་ཕོ་བྲང་གི་གནས་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་རློབ་པར་ཅིག་ནང༌། སྤོས་རོལ་ཆེར་བྱ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭམ། དེ་ནས་ཁྲུས་བུམ་སོགས་ཁྲུས་ཀྱི་ཡོ་བྱད་སྟ་གོན་དུ་བྱས་ཏེ་འདུལ་བ་ནས་གསུངས་པའི་ཁྲུས་སྟེགས་གསལ་བཏབ་ལ། ཁྲུས་ཀྱི་འབབ་སྟེགས་ཤིན་ཏུ་དྲི་ཞིམ་པ། །གླང་པོའི་རྨིག་མཐིལ་ལྟ་བུར་ཟླུམ་པའི་ཞབས། །ཀ་དམ་མེ་ཏོག་འདྲ་བའི་སྙིང་པོ་ཅན། །ལྷ་མི་དགའ་བ་སྐྱེད་བྱེད་འདུན་ས་དེར། །སངས་རྒྱས་མི་མཆོག་སློབ་མའི་ཚོགས་སུ་བཅས། །དགེ་མཚན་ཤིས་པའི་ཞབས་པད་ཉེར་བཀོད་དེ། །འདག་ཆལ་རྡུལ་ཁམས་འདྲེན་པའི་ཞབས་བསིལ་ཆུས། །ཉེ་རེག་ཁྲུས་ཀྱི་ཆོ་ག་རྣམ་པར་བསྟར། །ཇི་ལྟར་བདེ་གཤེགས་བལྟམས་པ་ཙམ་ཉིད་ནས། །ལྷ་དབང་ཀླུ་རྒྱལ་རྣམས་ཀྱིས་ཁྲུས་གསོལ་ལྟར། །དེང་འདིར་ལྷ་ཡི་ཆུ་ནི་དག་པ་ཡིས། །སྟོན་མཆོག་སློབ་མར་


TN02_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་སྐུ་ཁྲུས་གསོལ། །དྲི་ཞིམ་སྤོས་ཆུས་གང་བའི་བུམ་པ་དང༌། །གླུ་གར་རོལ་མོའི་བྱེ་བྲག་རྣམ་མང་སོགས། །ཕུལ་བྱུང་མཆོད་པའི་ཡོ་བྱད་སྣ་ཚོགས་པས། །ཐུབ་དབང་གནས་བརྟན་རྣམས་ལ་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་ལ་སྒྲིབ་པ་མི་མངའ་ཡང༌། །བདག་གཞན་སྒོ་གསུམ་ཉེས་ཚོགས་སྦྱང་བའི་ཕྱིར། །གཙང་མ་ཆབ་ཀྱི་ཁྲུས་གསོལ་འདི་བགྱིས་པས། །སྐྱོན་མེད་རྣམ་དག་སྐུ་མཆོག་ཐོབ་པར་ཤོག །མེ་ལོང་ལ་རས་ཀྱིས་དབྱི་ཞིང༌། རེག་འཇམ་ལྷ་རྫས་དར་གྱི་ཕྲེང་བ་དང༌། །གཙང་ཞིང་ངད་ལྡན་ཀ་ཤིའི་རས་བཟང་གིས། །དྲིལ་ཕྱིས་མཆོད་པའི་རི་མོ་འདི་བྱས་པས། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམ་དག་ཤོག །ན་བཟའ་ཕུལ་ལ། དྲི་མེད་མཚན་ལ་སྒྲིབ་གསལ་མི་མངའ་ཡང༌། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །དེ་ནས། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཕྱག་མཆོད་དང་པོ་ལ་སྤྱི་བྱེ་བྲག་


TN02_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། དང་པོ་ནི། ཐབས་མཁས་ཐུགས་རྗེས་་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང༌། །གསེར་བེའུ་བ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །དགེ་བསྙེན་དྷར་མཱ་ཏ་དང་རྒྱལ་ཆེན་བཞི། །འཁོར་དང་བཅས་པའི་ཞབས་ཀྱི་པདྨོ་ལ། །ཕྱག་འཚལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས། །གཉིས་པ་ལ་གཙོ་བོ་དང་འཁོར་གྱི་ཕྱག་མཆོད་གཉིས་ལས། དང་པོ་ནི། ལངས་ཏེ་ཕྱག་འཚལ་བའམ་ཐལ་མོ་སྦྱར་བ་བཏུད་དེ། སྟོན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེན་པོ་དང་ལྡན་པ། །རིག་པ་གསུམ་ཤིན་ཏུ་བརྙེས་པ། །བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་གནས་པ། བསྡུ་བའི་དངོས་


TN02_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཡུན་རིང་པོ་ནས་སྦྱངས་པ་མཛད་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། །ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། །ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། ཕྱོགས་བཅུར་སྙན་པ་ཡང་དག་པར་རྒྱས་པ། མཉམ་མེད་་རྒྱལ་པོ། ཁྱུ་མཆོག ། སེང་གེ ། ཐུབ་པ། འཇིག་རྟེན་གྱི་བླ་མ། སྟོབས་བཅུ་མངའ་བའི་ཞབས་ཀྱི་པདྨོ་ལ་རྣམ་པར་བཏུད་དེ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཅི་ནུས་ཀྱི་མཐར། སྟོན་པ་བཅོམ་ལྡན་འདས་་ཐུབ་པའི་སྤྱན་སྔར་མཆོད་པའི་རྫས་སྣ་ཚོགས་ཀྱི་སྤྲིན་རབ་འབྱམས། མནྡྷ་ར་བ་དང་པུཎྜ་རི་ཀ་ལ་སོགས་པའི་མེ་ཏོག་ལྷན་ཅིག་སྐྱེས་པ་དང་སྦྱར་བ་ལས་བྱུང་བའི་བདུག་སྤོས། མུན་པའི་ཁམས་མཐའ་དག་རྣམ་པར་སེལ་བའི་མར་མེ། སྨན་དང་དྲིའི་བྱུགས་པ་སྣ་ཚོགས། ལྷའི་ཞལ་ཟས་བཟའ་


TN02_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་བཏུང་བའི་ཁྱད་པར་རོ་མཆོག་བརྒྱ་ལྡན། རོལ་མོ་སིལ་སྙན་གྱི་སྒྲ་དབྱངས་སྙན་པར་འབྱུང་བ་ལ་སོགས་པ། བདེན་པ་དང་མོས་པའི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་ཀུན་ནས་ཁྱབ་པའི་མཆོད་སྤྲིན་ཚད་མེད་པར་སྤྲུལ་ཏེ་མཆོད་དོ། །གསོལ་ལོ། །རིམ་གྲོར་བགྱིའོ། །གང་ཡང་བདག་ཅག་རྣམས་ཐོག་མ་མེད་པའི་སྲིད་པ་ནས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་སོགས་པས་སེམས་ཟིལ་གྱིས་ནོན་ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཇི་སྙེད་ཅིག་བྱས་ཤིང་བསགས་པ་དེ་དག་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས་སོ། །ཕྱོགས་བཅུ་དུས་གསུམ་གྱི་འཕགས་པ་དང་སོ་སོའི་སྐྱེ་བོའི་རྒྱུད་དུ་གཏོགས་པ། མཐོ་རིས་ཀྱི་ལམ་དང་ལྡན་པ་རྣམས་དང༌། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དང་ལྡན་པ་རྣམས་དང༌། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བའི་ལམ་དང་ལྡན་པ་ཡང་རུང་སྟེ། དགེ་བའི་རྩ་བ་གང་དག་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་རྗེས་སུ་ཕྲག་དོག་མེད་པའི་སེམས་ཀྱིས་ཡི་རང་བར་བགྱིའོ། །སངས་རྒྱས་འཇིག་རྟེན་


TN02_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒྲོན་མ་གང་དག་འཚོ་ཞིང་གཞེས་པ་དེ་དག་གི་སྤྱན་སྔར་གདུལ་བར་བྱ་བའི་སེམས་ཅན་གྱི་ཁམས་ཐམས་ཅད་སྨིན་པ་དང་གྲོལ་བར་བྱེད་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བ་དང༌། །མྱ་ངན་ལས་མི་འདའ་བར་ཡུན་རིང་དུ་བཞུགས་པར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་ཤིང་གསོག་པར་འགྱུར་བའི་བསོད་ནམས་བྱ་བའི་དངོས་པོ་མཐའ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་ཡན་ལག་བདུན་པ་ཕུལ་མཐར་གསོལ་བ་གདབ་པ་ནི། དེང་འདིར་ཐུབ་དབང་གནས་བརྟན་འཁོར་བཅས་གདན་འཛོམས་པའི་སྤྱན་སྔར། སྟོན་པ་བཅོམ་ལྡན་འདས་་ཐུབ་པའི་མཚན་ནས་བརྗོད་ཅིང་ཡིད་ལ་བྱས་པ་དང་ཕྱག་མཆོད་ཕུལ་བ་ལ་བརྟེན་ནས། བདག་ཅག་ལ་སོགས་པའི་སེམས་ཅན་སྒྲིབ་པ་དང་སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་པས་གཟིར་ཞིང་གདུངས་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་བདེ་བ་དམ་པའི་མཆོག་ལ་རེག་པར་གནས་པར་གྱུར་ཅིག །ཕྱི་དང་ནང་གི་མི་མཐུན་པའི་ཚོགས་གང་ཞིག །གདོན་དང་རིམས་དང་དུག་གི་འཇིགས་


TN02_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མྱ་ངན་དང་ཡིད་མི་བདེ་བ་ལ་སོགས་པ་ལུས་ཀྱི་གནོད་པ་དང༌། སེམས་ཀྱི་གདུངས་པ་སྣ་ཚོགས་པ་ཐམས་ཅད་ཞི་བར་གྱུར་ཅིག །ཚེ་རབས་ཐམས་དུ་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་གནས་ཀྱི་ཁམས་ཐམས་ཅད་དུ་མི་འཕོ་ཞིང་བདེ་བ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཀུན་ཏུ་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་བཤེས་གཉེན་དམ་པ་ཚུལ་བཞིན་དུ་བསྟེན་ཏེ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ནུས་པར་གྱུར་ཅིག །འཁོར་བའི་ཕུན་ཚོགས་ཀྱི་འབྱོར་པ་མཐའ་དག་སྙིང་པོ་མེད་པ་ཆུ་ཤིང་གི་སོ་ནམས་ལྟར་ཤེས་ཏེ་སྲིད་པ་ཐམས་ཅད་ལ་མི་ལྟ་བའི་ཐར་འདོད་རྒྱུན་ཆད་མེད་པར་གྱུར་ཅིག །ཆོས་འདུལ་བ་ཚངས་པར་སྤྱོད་པའི་ཡོན་ཏན་རིན་པོ་ཆེ་བཞི་ཡི་བདག་ཉིད་ཅན་ཡོངས་སུ་ཐོས་ནས་དུས་གསུམ་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པར་ཤོག་ཅིག །མཐའ་ཡས་པའི་སེམས་ཅན་གྱི་ཁམས་རྒྱ་མཚོ་སྲིད་པའི་གཅོང་རོང་ཟབ་མོ་ལས་བསྒྲལ་བ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱ་བ་དང་མི་འབྲལ་བར་གྱུར་ཅིག །རྒྱལ་བའི་སྲས་ཀྱི་སྤྱོད་པའི་སྒོ་རྒྱ་མཚོ་ཡོངས་སུ་


TN02_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ཕ་རོལ་རུ་ཕྱིན་པ་དྲུག་གི་བརྟུལ་ཞུགས་ལས་ནམ་ཡང་མི་ཉམས་པར་གྱུར་ཅིག །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སྟོན་པའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པའི་སྨོན་ལམ་གྱི་མཐུ་གྲུབ་པ་སྡེ་སྣོད་འཛིན་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱང་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་བསྟན་པ་འཛིན་པའི་ཕྲིན་ལས་ཀྱི་གོ་སྐབས་ཡངས་པར་གྱུར་ཅིག །བསྟན་འཛིན་དགེ་འདུན་གྱི་སྡེ་རྣམས་ཀྱང་ཚུལ་ཁྲིམས་དང་ལྟ་བ་མཆོག་ལ་གནས་ཤིང༌། ཀློག་པ་ཐོས་བསམ་དང་འཕགས་པའི་མི་སྨྲ་བ་ལ་གནས་པ་རྣམ་པར་དག་པས་ཐུབ་བསྟན་ལུང་རྟོགས་ཀྱི་བདག་ཉིད་འཇིག་རྟེན་ན་ཡུན་རིང་དུ་སྐྱོང་བར་གྱུར་ཅིག །ལྷ་དང་མིར་བཅས་པའི་སྐྱེ་རྒུའི་འཇིག་རྟེན་ཐམས་ཅད་ལེགས་ལམ་དགེ་བ་བཅུའི་བརྟུལ་ཞུགས་མཆོག་ལ་གནས་ཤིང༌། །གནས་སྐབས་ཕན་པ་དང་མཐར་ཐུག་བླ་ན་མ་མཆིས་པའི་ཡེ་ཤེས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །གཉིས་པ་འཁོར་རྣམས་ལ་ཕྱག་མཆོད་འབུལ་བ་ནི། འཕགས་པ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ས་མཐོར་


TN02_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཏེ། ཁམས་གསུམ་པའི་ཡུལ་ལས་ཤིན་ཏུ་འདས་པ། ལེན་པ་མེད་པར་སེམས་ཟག་པ་རྣམས་དང་བྲལ་བ་ཙནྡན་སྦང་བ་ལྟ་བུར་བསིལ་བ་ཐོབ་པ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་སྣང་བ་མངོན་དུ་གྱུར་ཅིང༌། སྟོན་པ་བཅོམ་ལྡན་འདས་་རྒྱལ་པོའི་སྤྱན་སྔར་སླད་མའི་དུས་སུ་བདེ་བར་གཤེགས་པའི་ཆོས་ཀྱི་མཛོད་དམ་པ་འཇིག་རྟེན་ན་ཡོངས་སུ་སྐྱོང་བར་འཕགས་པའི་ཚིག་ངེས་པའི་ཞལ་གྱིས་བཞེས་པ། གནས་བརྟན་ཡན་ལག་འབྱུང་སློབ་མ་དུལ་བའི་ཚོགས་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ཆིག་སྟོང་སུམ་བརྒྱ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཅི་རིགས་ཀྱི་མཐར། འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་གི་སྤྱན་སྔར་སོགས། ཡན་ལག་བདུན་པ་དང༌། དེང་འདིར་ཐུབ་དབང་གནས་བརྟན་འཁོར་བཅས་གདན་འཛོམ་པའི་སྤྱན་སྔར། འཕགས་པ་ཡན་ལག་འབྱུང་བའི་མཚན་ནས་བརྗོད་ཅིང་སོགས་གསོལ་བ་འདེབས་པ་སྔར་བཞིན་བྱ། གཞན་རྣམས་ལའང་དེའི་འགྲེས་ཀྱི་ཁ་བསྒྱུར་དམིགས་བསལ་དུ་ཡན་ལག་འབྱུང་ཞེས་པའི་མལ་དེར། མ་ཕམ་པ༴ ནགས་ན་གནས༴ དུས་ལྡན༴ རྡོ་རྗེ་མོའི་བུ༴ བཟང་པོ༴ གསེར་བེའུ༴ གསེར་ཅན་མཆོག༴ བ་ཀུ་ལ༴ སྒྲ་གཅན་འཛིན༴ ལམ་ཕྲན་བསྟན༴ བསོད་སྙོམས་


TN02_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལེན༴ ལམ་ཆེན་པ༴ ཀླུའི་སྡེ༴ སྦེད་བྱེད༴ མི་ཕྱེད་པ༴ ཞེས་བསྒྱུར། ཆིག་སྟོང་སུམ་བརྒྱ་ཞེས་པའི་ཚབ་ཏུ། ཆིག་བརྒྱ༴ སྟོང་བཞི་བརྒྱ༴ ཆིག་སྟོང་ཆིག་བརྒྱ༴ ཆིག་སྟོང་༴ སྟོང་ཉིས་བརྒྱ༴ ལྔ་བརྒྱ༴ བདུན་བརྒྱ༴ དགུ་བརྒྱ༴ སྟོང་ཆིག་བརྒྱ༴ སྟོང་དྲུག་བརྒྱ༴ ཆིག་སྟོང་༴ དགུ་བརྒྱ༴ སྟོང་ཉིས་བརྒྱ༴ སྟོང་བཞི་བརྒྱ༴ ཆིག་སྟོང་༴ ཞེས་བསྒྱུར་བ་མ་གཏོགས་ཐམས་ཅད་འདྲ། དེ་ནས། གནས་བརྟན་ཆེན་པོ་རྣམས་ཁ་ན་མ་ཐོ་བ་མེད་པའི་སྲི་ཞུས་མཆོད་དེ་དགེ་བའི་རྩ་བ་བསྐྱེད་པ་དགེ་བསྙེན་་ཏ་མངོན་པར་ཤེས་པ་དང་རྫུ་འཕྲུལ་གྱི་རྣམ་པར་རོལ་པས་ཀུན་ཏུ་རྩེན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཅི་འགྲུབ་མཐར། དངོས་བཤམས་གཟུངས་རིག༴ སོགས་ཀྱི་ཡན་ལག་བདུན་པ་འབུལ། དགེ་བསྙེན་་ཏའི་མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བ་ལ་བརྟེན་ནས་བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བ་དང༌། བདུད་དང་མུ་སྟེགས་ལྟ་བ་ངན་པའི་ཕྱོགས་ཐམས་ཅད་ཀྱིས་མི་ཕྱེད་པ་ཐོབ་པར་གྱུར་ཅིག །ཕན་བདེའི་རྩ་ལག་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་བསྟན་འཛིན་ཆེན་པོ་རྣམས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་པར་གྱུར་ཅིག །ཕྱོགས་དུས་


TN02_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བདེ་སྐྱིད་རྫོགས་ལྡན་གྱི་བསྐལ་པ་ཆེན་པོས་མཐའ་ཡས་པའི་སྐྱེ་རྒུ་རྣམས་ལ་ཕན་པ་དང་བདེ་བའི་དགའ་སྟོན་རྒྱུན་མི་ཆད་པར་གྱུར་ཅིག །དེ་ནས། དེ་བཞིན་གཤེགས་པ་དང་གནས་བརྟན་ཆེན་པོ་རྣམས་ཁ་ན་མ་ཐོ་བ་མེད་པའི་སྲི་ཞུས་མཆོད་དེ་དགེ་བའི་རྩ་བ་བསྐྱེད་པ། དཀར་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། །མིག་མི་བཟང་དང༌། རྣམ་ཐོས་སྲས་ལ་སོགས་པ་ལྷའི་དགེ་བསྙེན་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སོགས་ཅི་རིགས་མཐར། དངོས་བཤམས་གཟུངས་རིག༴ སོགས་ཡན་ལག་བདུན་པ་དང༌། དཀར་ཕྱོགས་སྐྱོང་བའི་ལྷ་ཆེན་པོ་རྣམས་ཀྱི་མཚན་ནས་བརྗོད་ཅིང་སོགས། གསོལ་འདེབས་བྱ་ཚུལ་་ཏའི་སྐབས་བཞིན་ནོ། །དེ་ནས་མཇུག་ཏུ་མཎྜལ་ཚོམ་བུ་སོ་བདུན་མ་ཕུལ་ཏེ། ཁ་བསྒྱུར། མ་ཚང་བ་མེད་པ་འདི་ཉིད་ཐུབ་དབང་གནས་བརྟན་འཁོར་བཅས་གདན་འཛོམ་པ་ཆེན་པོར་གྱུར་པའི་སྤྱན་སྔར་རྩེ་གཅིག་གུས་པའི་ཡིད་ཀྱིས་འབུལ་བར་བགྱིའོ། །ཞེས་པ་ཙམ་མིན་པ་སྤྱི་ནས་འབྱུང་བ་ལྟར་བྱ་ཞིང༌། སྔར་བཤད་པའི། ཐབས་མཁས་ཐུགས་རྗེ་སོགས་ཀྱི་ཕྱག་མཆོད་དང༌། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། དགེ་ལ་ཡི་རང་


TN02_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བདུན་པ་ཕུལ། མཐར། བཅོམ་ལྡན་གདན་འཛོམ་ཆེན་པོ་དགོངས་སུ་གསོལ། །ཐུབ་དབང་གནས་བརྟན་འཕགས་པའི་ཚོགས་རྣམས་ཀྱི། །མཚན་མཆོག་ཐོས་དང་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང༌། །གནས་སྐབས་མཐར་ཐུག་མི་མཐུན་ཕྱོགས་ཀུན་ཞི། །བདེ་སྐྱིད་ཆོས་ལྡན་དཔལ་འབྱོར་རབ་ཏུ་འཕེལ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་འཚོ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་ལྡན། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །རྟག་ཏུ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ་པ་དང༌། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཞེས་གསོལ་འདེབས་བྱ། དེ་ནས། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་གི་


TN02_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་དང་བཅས་པ་རྣམས་གདན་འཛོམ་པ་ཆེན་པོར་གྱུར་པའི་སྤྱན་སྔར། བདག་ཅག་ལ་སོགས་པ་འགྲོ་བ་མང་པོའི་དོན་དུ་སྐྱབས་མཛད་པར་བསྐུལ་ཞིང་གསོལ་བ་བཏབ་པའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་བག་མེད་པ་དང་ཉོན་མོངས་པ་མང་བའི་དབང་གིས་ཆོ་གའི་སྦྱོར་བ་མ་ཚང་བ་དང༌། གཙང་སྦྲ་མ་ཐོན་པ་དང་ཉེས་སྤྱོད་ཀྱི་དྲི་མས་སྦགས་པར་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་མགོན་པོ་ཐུགས་རྗེ་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་པར་མཆི་ན། སྙིགས་མའི་དུས་ཀྱི་སེམས་ཅན་རང་ཞིན་ངན་པ། །ཆོ་ག་ཉམས་པ་དང༌། རྣམ་པར་མ་དུལ་བའི་ངང་ཚུལ་ཅན་ལགས་པས། ཅི་ནས་ཐུགས་བརྩེ་བར་དགོངས་ཏེ་ཚངས་པ་མཆོག་སྩོལ་ཞིང་བཟོད་པར་མཛད་དུ་གསོལ། ཞེས་བརྗོད་ནས། གཤེགས་སུ་གསོལ་བ་ནི། སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་ཅག་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པ་ལགས་ཀྱིས་སླར་ཡང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་པ་རྣམས་སུ་གདུལ་བྱའི་འགྲོ་བ་གཞན་དང་གཞན་གདུལ་བའི་དབང་གི་ཕྱིར་གཟུགས་སྐུའི་རྣམ་པར་རོལ་པ་ཚད་མེད་པས་གཤེགས་ཤིང༌། ད་དུང་ཡང་བདག་ཅག་ཐུགས་རྗེ་ཆེན་པོའི་སྤྱན་རས་ཀྱིས་རྟག་ཏུ་བཙའ་བར་ཅི་


TN02_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གནང༌། འཕགས་པ་ཉན་ཐོས་ཀྱི་གནས་བརྟན་ཆེན་པོ་རྣམས་ཀྱང་འཇིག་རྟེན་ལ་ཐུགས་བརྩེ་བས་སྙིགས་དུས་ཀྱི་མཐར་ཡང་ཛམ་བུའི་གླིང་འདིར་དམ་པའི་ཆོས་སྐྱོང་བའི་ཕྱིར་ལྗོངས་ནས་ལྗོངས་རྒྱུ་ཞིང༌། ཤས་ཆེར་གང་དུ་བཞུགས་པའི་རིའི་རྒྱལ་པོ་གངས་ཅན་དང༌། བྱ་རྒོད་ཕུང་པོ་དང་ཁ་ཆེའི་རྒྱུད་ལ་སོགས་པ་རྣམས་སུ་སླན་ཆད་ཀྱང་ཕྱོགས་འདིར་ཡང་དང་ཡང་དུ་གདན་འཛོམ་མཛད་པར་དགོངས་ཤིང་འབྱོན་པར་ཅི་གནང༌། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་རོལ་མོ་བྱ་ཞིང༌། །མཇུག་ཏུ་བསྔོ་སྨོན་དང༌། བཀྲ་ཤིས་རྒྱ་ཆེར་བྱའོ། །དེའང་ཆོ་ག་རྒྱས་པར་སྤྲོ་ན་དངོས་བསྟན་ལྟར་དང༌། དེ་ལས་བསྡུ་ན་སྟོན་པ་ལ་ཕྱག་མཆོད་ཡན་ལག་ལྷག་མ་རྣམས་གསོལ་འདེབས་དང་བཅས་པའི་མཐར་གནས་བརྟན་རྣམས་ཀྱི་ཕྱག་མཆོད་བརྗོད་དེ། མཐར། འཕགས་པའི་ཚོགས་དེ་དག་གི༴ ཞེས་ཁ་བསྒྱུར་ཏེ་ཡན་ལག་ལྷག་མ་རྣམས་དང་གསོལ་འདེབས་བཅུ་དྲུག་པོ་ཚར་གཅིག་གིས་འགྲུབ་པར་བྱ་ཞིང༌། གསོལ་འདེབས་ཀྱི་ཚེ། འཕགས་པའི་གནས་བརྟན་ཆེན་པོ་རྣམས་ཀྱི་མཚན་བརྗོད་ཅིང་༴ ཞེས་བསྒྱུར། ཤིན་ཏུ་བསྡུ་ན་སྟོན་པ་དང་གནས་བརྟན་རྣམས་ཀྱི་ཕྱག་མཆོད་སོ་སོར་ཕུལ་ནས་ཡན་ལག་ལྷག་མ་རྣམས་དང་གསོལ་འདེབས་ལན་གཅིག་གིས་འཐུས་ཤིང་ཏ་དང་རྒྱལ་ཆེན་རྣམས་ལ་ཕྱག་མཆོད་ཀྱི་མཐར། དངོས་བཤམས་གཟུངས་རིག༴ དང༌། དགེ་བསྙེན་་ཏ་དང་


TN02_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་སྐྱོང་བའི་ལྷ་ཆེན་པོ་རྣམས་ཀྱི༴ ཞེས་བསྒྱུར་ནས་གསོལ་འདེབས་སྟབས་གཅིག་ཏུ་བྱས་པས་འགྲུབ་བོ། ༈ །ཞར་བྱུང་གཟུངས་བུམ་བསྒྲུབ་ན་མཇུག་གི་གཏང་རག་མཆོད་བསྟོད་མགོར། ཐུབ་དབང་གནས་བརྟན་རྣམས་ཀྱི་སྐུ་ལས་འོད་ཟེར་བདུད་བརྩིའི་རང་བཞིན་དུ་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་བརྗོད་ནས། མུ་ནེའི་གཟུངས་ཅི་རིགས་བཟླའོ། །ཆོ་ག་འདིའི་སྤྱན་འདྲེན་སྐབས་་ཏ་དང་རྒྱལ་ཆེན་རྣམས་ཀྱི་སྤྱན་འདྲེན་དངོས་སུ་མི་འབྱུང་བ་ནི། གཙོ་བོ་ཐུབ་དབང་དང༌། གནས་བརྟན་བཅས་སྤྱན་དྲངས་ན་གཞན་ནི་དེ་དང་ལྷན་ཅིག་ཏུ་འབྱོན་ཞིང་བྱིན་གྱིས་རློབ་པར་སྔོན་དམ་བཅས་པའི་ཕྱིར་མི་དགོས་པ་ཡིན་ནོ། །འོ་ན་སྟོན་པ་སྤྱན་དྲངས་པས་ཆོག་གིས། །གཞན་མི་དགོས་པར་རིགས་པ་མཚུངས་སོ་ཞེ་ན། མི་མཚུངས་ཏེ། དེ་བཞིན་གཤེགས་པ་འཁོར་བྱང་སེམས་ཁོ་ནས་བསྐོར་བ་ལ་ཕྱག་མཆོད་ཕུལ་བའི་སྐབས་གཞན་ཡང་ཡོད་པས། འདིར་འཁོར་གྱི་གཙོ་བོ་གང་དང་ལྷན་ཅིག་ཏུ་འདྲེན་པའི་དམིགས་བྱེད་དགོས་པའི་ཕྱིར་རོ། །བླུན་པོ་དག་ན་རེ། གནས་བརྟན་བཅུ་དྲུག་ཐེག་ཆེན་པ་ཡིན་ནམ་མིན། ཡིན་ན་ཁྱོད་ཀྱིས་ད་ལྟ་བྱང་སེམས་ཁོ་ནས་བསྐོར་བ་ཞེས་པའི་ཚིག་ལས་གནས་བརྟན་འདི་རྣམས་བྱང་སེམས་མིན་པར་ཤུགས་ཀྱིས་བསྟན་པ་དང་འགལ་ཞིང༌། མིན་ན་དེ་དག་ལ་གསོལ་བ་འདེབས་པའི་ཚེ་རྒྱལ་སྲས་ཀྱི་སྤྱོད་པ་མི་ཉམས་པར་གསོལ་བ་འདེབས་ཚུལ་དེ་མི་འཐད་དེ། འདེབས་ཡུལ་ཉིད་རྒྱལ་སྲས་མིན་པའི་ཕྱིར་རོ་ཞེ་ན། འདི་རྣམས་བྱང་འཕགས་ཡིན་པར་སྔོན་གྱི་དམ་པ་དག་གསུངས་མོད། གལ་ཏེ་མིན་དུ་ཟིན་ཀྱང་སྐྱོན་ཕྱི་མ་དག་གཏན་མེད་དེ།


TN02_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཉན་ཐོས་དང་བཅས་པ་ལ་མཆོད་པ་འབུལ་བའི་ཚེ་ཡང་ཉན་ཐོས་ཀྱི་དགེ་འདུན་མཆོད་པའི་བསོད་ནམས་རྫོགས་བྱང་གི་རྒྱུར་བསྔོ་མི་རུང་བར་འགྱུར་ཏེ། འདིར་ཡང་ཕྱག་མཆོད་ཕུལ་བ་ལ་བརྟེན་ནས་ཞེས་སོགས་རིགས་པ་ཤིན་ཏུ་མཚུངས་པའི་ཕྱིར་དང༌། གཞན་བརྗོད་བྱ་མང་དུ་ཡོད་ལ། གནས་བརྟན་འདི་རྣམས་བྱང་འཕགས་ཡིན་དུ་ཆུག་ཀྱང༌། སྐྱོན་སྔ་མ་མེད་དེ། དེ་ནི་ཡོངས་སུ་གྲགས་པ་དང༌། སྣང་ཚུལ་ཇི་ལྟར་བསྟན་ཚུལ་ནས་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་གི་ཆོ་ག་ཡོངས་སུ་རྫོགས་ཏེ། ཚུལ་འདི་ལྟར་འབད་པས་ནི་སངས་རྒྱས་ཀྱི་བསྟན་པ་རྒྱས་ཤིང༌། དགེ་འདུན་གྱི་སྡེ་འཕེལ་བ་དང༌། རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པ་དང༌། ཚེ་རིང་བ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་སོགས་ཕན་ཡོན་ཟད་མི་ཤེས་པ་ཡོད་དོ། །ཞེས་པའང་མདོ་སྨད་རྡོ་རོང་གི་སྤྲང་འཁྱམས། འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་རང་ལོ་ཉི་ཤུ་པ་ཤིང་སྤྲེལ་ཧོར་ཟླ་དགུ་པའི་ཡར་ངོས་ཀྱི་གྲལ་ཚེས་བརྒྱད་ལ་བབས་པ་ཟླ་བ་གྲོ་བཞིན་གྱི་དགའ་མ་དང་ལྷན་ཅིག་རྩེ་བའི་འགྲུབ་སྦྱོར་བཟང་པོའི་ཉིན་བྲིས་པ་འདིས་ཀྱང་རྒྱལ་བསྟན་ཡོན་ཏན་རིན་པོ་ཆེའི་རྩ་ལག་འཇིག་རྟེན་ན་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལམ།། །།


previousགནས་བརྟན་མཆོད་ཆོགnext