Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་བུའི་སཱཙྪ་གདབ་པའི་ཆོ་ག
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousབྱང་བུའི་སཱཙྪ་གདབ་པའི་ཆོ་གnext

བྱང་བུའི་སཱཙྪ་གདབ་པའི་ཆོ་ག


TN02_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སཱ་ཙྪ་གདབ་པའི་ཆོ་ག་བཞུགས་སོ། །


TN02_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྗེས་ཀྱི་རིམ་པ་ལ། རུས་བུ་བསྡུ་བ་ནི། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ལག་གཉིས་དཔུང་པར་བསྣོལ་བས་སེ་གོལ་གཏོགས་ཤིང༌། ཨོཾ་བཛྲ་ས་མ་ཡ་ཛཿ ཛཿཧཱཾཨུ་བཾ་ཧོཿ ཞེས་བརྗོད་པས་རུས་བུ་བསྡུས་ལ། ཟངས་གཞོང་སོགས་སུ་བཞག །གཉིས་པ་རུས་སྦྱོང་ནི། དེའི་སྟེང་དུ་མཉྫིུ་སྨན་དང་དྲི་བཟང་གིས་བཀང་བའི་བུམ་པ་དང༌། ཉེ་ལོགས་སུ་བ་བྱུང་དང་ག་བུར་གུར་གུམ་སོགས་དྲི་བཟང་གི་ཆུའི་སྣོད་ཀྱང་སོ་སོར་བཤམས། ལས་གཞུང་སྔར་བཞིན་བསྲང་ངམ་མིན་ཀྱང་རུང་སྟེ། རུས་བུའམ། བྱང་ཐལ་གྱི། སྟེང་དུ་ཟླ་བའི་གདན་ལ་ཡི་གེ་ཨཿ དཀར་པོ་འོད་ཟེར་འཕྲོ་བ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱཾཨུ་ཧྲཱིཿ ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷླུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨཱརྷ་ཏེ་


TN02_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

མ་བུདྡྷ་ཡ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ཨཱརྷ་དེ་བྷྱཿ མ་བུདྡྷེ་བྷྱཿ ན་མཿ ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་སཱ་ཏྭ་ཡ། མ་ཧཱ་ཀཱ་རུ་ཎྀ་ཀ་ཡ། །ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨེཊྚེ་བིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་བ་རེ་ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མཱ་པ་ན་ཡེ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་སཾམྱཀ་སཾ་བུདྡྷ་ཡ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨ་ཨ་པཱ་ར་ཎ་བི་ཤུད་དྷེ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། ཨ་ཧ་ཤ་ས་མ།


TN02_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་པདྨོ་ཨུཥྞཱི་ཥ་བྷི་མ་ལེ་ཧཱུྃ་ཕཊ། སོགས་གཟུངས་སྔགས་མང་དུ་བཟླས་པའི་ཆུས་རུས་ཐལ་དག་པར་བཀྲུ་ཞིང་ཞིབ་ཏུ་བཏགས་ནས་བུམ་ཆུ་དང་བ་བྱུང་གི་ཆུས་བསྐྲུན་པའི་ས་དང་ལྷན་ཅིག་ཏུ་བརྫིས་ལ། འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ། འཇིམ་པ་བསངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུཾ་ལས་འཇིམ་པ་རིན་པོ་ཆེའི་ཕུང་པོར་གྱུར། རང་གི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། འཇིམ་པ་ལ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར། པར་བསམ་ལ་ལག་པ་གཡོན་པའི་མཐེ་བོས་མཐེ་ཆུང་མནན་པ་ལས་ཁ་ཡར་བསྟན་ལ་གཡས་པའང་དེ་བཞིན་བྱས་ལ་ཁ་སྦུབ་པའི་བར་དུ་འཇིམ་པ་བཞག་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ནཱ་ཡ། པྲ་བྷཱ་ར་ཛ་ཡ་ཏ་ཐཱ་ག་ཏ་ཡ། ཨཱརྷ་ཏེ་མ་་ཡ། །ཨོཾ་སུཀྵྨེ་སུཀྵྨ། ས་མ་ས་མ་ཡེ། ཤནྟེ་དེནྟེ། ཨ་ས་མ་རོ་སེ། ཨ་ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏི། མ་ཧཱ་དེ་ཛ། ནི་ར་ཀུ་ལེ། ནེ་ར་ཝ་ཎེ། སརྦ་བུདྡྷ་ཨ་་ན་ཨ་་ཏེ་སྭཱ་ཧཱ། ཞེས་ལན་ཉེར་གཅིག་གམ། ཨོཾ་ཛི་ན་ཛིཀ་སྭཱ་ཧཱ། ཉེར་གཅིག་དང་རྩ་སྔགས་བཟླ་ཞིང་བྱིན་རླབས་ཀྱིས། ན་མཿས་མནྟ་བུདྡྷ་ནཾ། ཨོཾ་བཛྲ་ཨ་ཡུ་ཥི་སྭཱ་ཧཱ། རྡོ་རྗེའི་སྲོག་ཐོབ་པར་བསམ་ལ་འཇིམ་པ་བཅད། ཨོཾ་བཛྲོད་བྷ་ཝ་ཡེ་སྭཱ་ཧཱ། ཡེ་ཤེས་རྡོ་རྗེ་འབྱུང་བར་བསམ་ལ་འབི་འབི་བྱ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཡེ་ཤེས་རྡུལ་བྲལ་དུ་བསམ་ལ་སྣུམ་བྱུགས། ཨོཾ་་་གརྦྷེ་སྭཱ་ཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་བརྐོས་ཕོར་དུ་བཅུག །ཨོཾ་བཛྲ་མུཏྒ་ར་ཨ་ཀོ་ཊ་ཡ་ཨ་ཀ་ཊོ་ཡ་ཧཱཾཨུ་ཕཊཿ སྭཱ་ཧཱ།


TN02_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པར་བསམ་ལ་བརྡུངས། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཡེ་ཤེས་ཀྱི་སྙིང་པོ་ཁོང་དུ་ཆུད་པར་བསམ་ལ་གུར་གུམ་གྱིས་བྲིས་པའི་ཡིག་དྲུག་གམ་རྟེན་འབྲེལ་སྙིང་པོ་སོགས་གཟུངས་སུ་གཞུག་པའམ། མ་འབྱོར་ན་སྔགས་དེ་དག་གིས་བཏབ་པའི་མེ་ཏོག་གཟུངས་ཀྱི་རྣམ་པར་འབུལ། ཨོཾ་་ར་ཏེ་སྭཱ་ཧཱ། ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསམ་ཞིང་ཕྱིར་འདོན། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པར་བསམ་ལ་མེ་ཏོག་འཐོར། རབ་གནས་ཅུང་ཟད་རྒྱས་པར་འདོད་ན་མཆོད་པ་དང་བུམ་པ་འབྱོར་ན་བཤམས་མ་འབྱོར་ན་ཡིད་ཀྱིས་སྤྲུལ་པ་རང་ལྷར་གསལ་བས་སུམྦྷ་ནིས་བགེགས་སྦྱངས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སོགས་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་ཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཞི་ཞིང་འཛུམ་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱ་དམར་པོ་ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་རྣམ་སྣང་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛ། ཛཿཧཱཾཨུ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ཁྱེད་


TN02_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར་རྡོ་རྗེ་སེམས་དཔའི་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་་ནས་ཤབྡའི་བར་གྱིས་མཆོད། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །ཞེས་དང༌། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཅེས་མཆོད་ཅིང་བསྟོད། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཞེས་སྤྱན་དབྱེ། ཨོཾ་ཨཱཿཧཱུཾ། ཏིང་ངེ་འཛིན་གྱིས་བསྐྱེད་པ་རྣམས་འོད་དུ་ཞུ་བ་ལས། མཆོད་རྟེན་སོ་སོའི་རྣམ་པར་གྱུར། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་རྟེན་འདི་ལ་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རྟེན་འདི་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་ལན་གསུམ་གཏོར། སླར་ཡང་


TN02_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཞིན། ཨོཾ་བཛྲ་པུཥྤེ་སོགས་མཆོད་བསྟོད་རྟེན་འབྲེལ་སྙིང་པོ་དང་ཤིས་བརྗོད་ཅི་རིགས་བྱའོ། །དེ་ལྟ་བུའི་མཆོད་རྟེན་གཅིག་བཏབ་པས་བྱེ་བ་སྙེད་བཏབ་པར་འགྱུར་ཞིང་ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་ཞིང༌། མི་འཁྲུགས་པའི་གཟུངས་ཆོག་ལས་ཀྱང༌། འདིའི་མིང་བྲིས་པ་ལ་གཟུངས་སྔགས་བརྗོད་པར་བྱེད་ཅིང༌། མཆོད་རྟེན་འབུམ་བྱས་པ་ལ་གདུགས་དང་རྒྱལ་མཚན་དང༌། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ་ཡང་ན་ཆུ་ཀླུང་དུ་བཏབ་ན་དེ་དམྱལ་བ་ལ་སོགས་པ་ལས་ཐར་བར་འགྱུར་རོ། །ཡང་ན་དེ་ལྟར་མཆོད་རྟེན་བྱས་ནས་མཇུག་ཏུ་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ་སྔར་བཞིན་ལེགས་པར་མཆོད་ལ། འཕགས་པའི་གསོལ་ནས་ཡོན་ཕུལ་ཏེ། ལེགས་པར་མཆོད་ནས་འདི་ཆེ་གེ་མོའི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའམ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་ཞེས་སོགས་གསུངས་པ་བཞིན་ནོ། །ཅེས་རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མས་སོ།། །།


previousབྱང་བུའི་སཱཙྪ་གདབ་པའི་ཆོ་གnext