Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱིན་རླབས་ཐུགས་སྒྲུབ་ཀྱི་ཆ་ལག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousབྱིན་རླབས་ཐུགས་སྒྲུབ་ཀྱི་ཆ་ལགnext

བྱིན་རླབས་ཐུགས་སྒྲུབ་ཀྱི་ཆ་ལག


TN02_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་པའི་རྡོ་རྗེ་ལ་ན་མོ། །རྣལ་འབྱོར་པ་གང་ཞིག་གིས་ཀ་པཱ་ལ་ཚེ་དང་ཆོས་ཀྱི་འབྱོར་པ་རྒྱས་པའི་རྟེན་འབྲེལ་གྱི་རྫས་སུ་བཅང་བར་འདོད་པས། ཐོད་པ་དུམ་བུ་གཅིག་པ་སྣུམ་ཞིང་བཀྲག་མདངས་རྒྱས་པ། འཐུག་ཅིང་ཁོད་སྙོམ་པ་དང་སྲབ་ཅིང་མཁྲེགས་ལ་དྭངས་པ་གང་རུང་ལྷ་བའི་ཟམ་འབྲེལ་ཞིང་རུས་འབུར་བཀྲ་བ། ཕྱི་ནང་གི་ངོས་འཇམ་


TN02_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཚང་བུག་གསང་བ། །དབྱིབས་མ་ཡོ་ཞིང་ཤིང་ལོ་འབྲས་བུ་ཆགས་པའི་རི་མོ་ནང་དུ་དུད་པ་ཅན། སྲོག་གི་ཀ་བ་འབུར་ཞིང་སོག་པོ་ཁྲོས་པའི་སྣ་ལྟར་འཇམ་མདངས་རྒྱས་པ། ལྟག་པ་སྲབ་ཅིང་མདུན་ངོས་འཐུག་པ། ནང་ན་མ་བཏོད་པའི་ཤུལ་དུ་གྲགས་པ་བ་ལང་གི་རྗེས་ལྟ་བུའི་ཁུང་བུ་དོད་པ། ཁྱད་པར་བལྟས་པ་ཙམ་གྱིས་ཡིད་དུ་འོང་ཞིང་བག་དྲོ་བ་སོགས་ཡོན་ཏན་དུ་མས་བརྒྱན་པ་ཞིག་ལ་རྡོ་རྗེ་དམེ་བརྩེགས་སམ་བདུད་རྩི་འཁྱིལ་བའི་རིག་སྔགས་ཀྱི་ཆུས་ཟན་ཞིང་གུ་གུལ་བདུག །དྲག་སྔགས་ཚམ་རྔམ་དང་བཅས་པས་བགེགས་བསྐྲད། གཟའ་སྐར་ཚེས་གྲངས་འཕྲོད་སྦྱོར་བཟང་པོ་ལ། ཐོད་བཅུད་ཆང་ཕུད་དང་བདུད་རྩི་སྦྱར་བའམ། འོ་ཕུད་ཆོས་སྨན་གྱིས་སྦག་པས་བཀང་ལ། རཾ་ཡཾ་ཁཾ། ལན་གསུམ། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བརླབས། ཧོ། །ལྕགས་ཀྱུ་ཐབས་ཀྱི་ལོངས་སྤྱོད་ཚོགས། །སྒྲོན་མ་ཤེས་རབ་རང་བཞིན་བཅས། །ཟག་མེད་འདོད་ཡོན་རྒྱ་མཚོ་ཡིས། །བླ་མ་ཨོ་རྒྱན་ཆོས་ཀྱི་རྗེ། །སྤྱོད་འཆང་མཁའ་འགྲོའི་དབང་ཕྱུག་གཙོ། །བློ་ལྡན་མཆོག་སྲེད་ཞལ་དུ་མཆོད། །ཚེ་དབང་གྲུབ་རིགས་རྒྱ་མཚོ་མཆོད། །ཞིང་སྐྱེས་མཁའ་འགྲོ་རྒྱ་མཚོ་མཆོད། །ལྷན་སྐྱེས་དཔའ་བོ་འབུམ་སྡེ་མཆོད། །རྡོ་རྗེ་གར་དང་གླུ་རུ་བཅས། །ཟུང་འཇུག་སྐུ་ཡི་རྣམ་རོལ་གྱིས། །མ་ལུས་བཞེས་ཤིང་བསྣམས་སུ་གསོལ། །བསྣམས་ནས་དགྱེས་པ་སྐོང་བར་མཛོད། །


TN02_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་ཤིང་དངོས་གྲུབ་སྩོལ་བའི་ཕྱིར། །གྲུབ་པའི་རྫས་མཆོག་བྱིན་གྱིས་རློབས། །མ་ཧཱ་ག་ཎ་ཙཀྲ་སུ་ཁ་ཁཱ་ཧི། ཞེས་ཕུད་གཏོར་ཞིང་གཙང་སར་མཆོད། དེ་ནས་ཐོད་སྣོད་བྱི་དོར་བྱ་ཞིང་དྲི་བཟང་གིས་བྱུག་རྩ་བ་གསུམ་གྱི་བསྙེན་སྔགས་དང༌། རྟེན་སྙིང༌། གདུང་རིང་བསྲེལ། ཆོས་སྨན། རིན་པོ་ཆེ་སྣ་ཚོགས། ཟས་སྣ། དར་སྣ། སྟག་གཟིག་རས་མ་བཀྲ་ཤིས་རྫས་རྟགས་སྣ་བདུན་གྱི་གཟུགས་བྲིས་འབུར་སོགས་བཀྲ་ཤིས་དགེ་མཚན་གྱི་ཡོ་བྱད་དུ་མས་ཕྱུར་བུར་གཏམས་པའི་ཕྱི་ནས་དར་ཟབ་ཀྱིས་དྲིལ་ཞིང་མཆོད་གྲལ་དུ་བཞག་སྟེ། ཐོག་མར། སངས་རྒྱས་ཀུན་དངོས་ཨོ་རྒྱན་རྗེ། །མི་ཕྱེད་དད་པས་སྐྱབས་སུ་མཆི། །རང་གཞན་ཕན་དང་བདེ་བའི་ཕྱིར། །གྲུབ་རྫས་བྱིན་རླབས་ཆོ་ག་བྱ། །ཞེས་བརྗོད་དེ། སྭ་བྷཱ་ཝས་སྟོང་པར་སྦྱངས། དམིགས་མེད་སྟོང་པའི་ངང་ཉིད་ལས། །རྩལ་སྣང་བདེ་སྟོང་རོལ་བའི་གར། །ཐོད་སྣོད་རང་བྱུང་གཞལ་མེད་ཁང༌། །དེ་དབུས་པདྨ་ཟླ་བའི་སྟེང༌། །ཧཱུྃ་ཡིག་འབར་དང་ཞུ་བ་ལས། །བློ་ལྡན་བདེ་བ་མཆོག་སྲེད་ནི། །དམར་སེར་ཞལ་གཅིག་རྗེས་ཆགས་ཉམས། །ཕྱག་གཡས་གླེགས་བམ་ཐུགས་ཀར་འཛིན། །གཡོན་པས་བདེ་སྐྱོང་བུམ་པ་བསྣམས། །ཞབས་ཟུང་རྡོ་རྗེ་སྐྱིལ་ཀྲུང་མཛད། །སྐུ་ལ་ཟ་བེར་གསང་གོས་དང༌། །བླ་གོས་ངུར་སྨྲིག་གསར་བ་མནབ། །


TN02_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་གཙུག་འདབ་ལྡན་པད་ཞུ་མཛེས། །ཕྱོགས་བཞིར་ལྷན་སྐྱེས་རྣལ་འབྱོར་མ། །དཀར་དང་སེར་དང་དམར་དང་ལྗང༌། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་གཟུགས། །རྡོ་རྗེ་གར་གྱི་འདུ་འཕྲོ་ཅན། །དགའ་ཆེན་འབར་བའི་ཉམས་ཀྱིས་སྒེགས། །བཞི་ཀའང་གཅེར་བུ་གྲི་ཐོད་འཆང༌། །གྲུ་མོ་གཡོན་ན་ཁ་ཊྭཱཾ་འཛིན། །བརྐྱང་བསྐུམ་པད་ཉིའི་གདན་ལ་རོལ། །གནས་གསུམ་ཨོཾ་ཨཱཿཧཱཾཨུ་གིས་མཚན། །འོད་འཕྲོས་མཁའ་སྤྱོད་ཞིང་ཁམས་དང༌། །དྷུ་མ་ཐ་ལའི་གྲོང་ཁྱེར་ནས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། །ཞེས་བསམ་ལ། བབ་དྲུག་དང༌། ཚིག་བདུན་གྱི་སྤྱན་འདྲེན་དང༌། སྤྲོས་བྲལ་ཆོས་སྐུ་སོགས་ཀྱི་བྱིན་འབེབས་གཟབ་ལ་བྱ། མཐར། ཧཱཾཨུ་ཧཱཾཨུ་ཧཱུཾ། ཞེས་བྱིན་བསྡུ་ཞིང༌། ཛཿཧཱཾཨུ་བཾ་ཧོཿས་བརྟན་པར་བཅིངས་ནས། ཨ་ཏི་པུ་ཧོ། །པྲ་ཏི་པུ་ཧོ། །ཞེས་བཏུད་ནས། ཧཱུྃ། སྣང་བརྟགས་སྣ་ཚོགས་སྣང་བའི་དངོས། །དག་པ་རབ་འབྱམས་ཡེ་ཤེས་ཀྱི། །རྣམ་དག་རིག་པ་རང་སྣང་སྤྲིན། །དགྱེས་དགུར་འཆར་བའི་ལོངས་སྤྱོད་དུ། །བྱིན་རླབས་ཕྱི་ནང་གསང་བ་ཡི། །འདོད་ཡོན་ཡིད་བཞིན་འཇོ་བའི་རྫས། །ཡོ་བྱད་ལྔ་ཡི་ཚོགས་ཆེན་པོས། །རིག་འཛིན་དཔའ་བོ་མཁའ་འགྲོའི་དལ། །དུ་མ་རོ་མཉམ་ཆེན་པོར་མཆོད། །བཞེས་ནས་དངོས་གྲུབ་མཆོག་སྩོལ་མཛོད། །ཨཱརྒྷཾ་


TN02_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཤབྡ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བཱ་ལིང་ཏ་མ་ཧཱ་སུ་ཁ་པུ་ཙ་ཨཱཿཧཱུཾ་གིས་མཆོད། བསྟོད་པ་ནི། ཧཱུྃ། སྣང་གསུམ་བག་ཆགས་མཚན་མ་ཀུན། །རང་གྲོལ་རིག་པ་བུམ་སྐུའི་ལྷ། ཁ་སྦྱོར་ཟུང་འཇུག་འཁོར་ལོ་ཆེ། །རིགས་འདུས་བླ་མ་ཁྱོད་ལ་བསྟོད། །འཕོ་མེད་བདེ་སྟོང་ཏིང་འཛིན་གྱི། །ཆོ་འཕྲུལ་ནམ་མཁའ་གང་བའི་སྤྲིན། །དཀྱིལ་འཁོར་འཁོར་ལོའི་སྤྲོ་བསྡུ་ཅན། །རིགས་བརྒྱའི་སྤྱི་གཟུགས་ཁྱོད་ལ་བསྟོད། །གནས་ཡུལ་ཉེར་བཞིའི་གྲོང་ཁྱེར་ན། །བརྟུལ་ཞུགས་གར་གྱིས་རྣམ་རོལ་པ། །ཞིང་སྔགས་ལྷན་ཅིག་སྐྱེས་པ་ཡི། །མཁའ་འགྲོ་རྣལ་འབྱོར་ཚོགས་ལ་འདུད། །ཅེས་བསྟོད། ཐུགས་ཀར་པད་ཉི་ཟླ་བའི་སྟེང༌། །རྡོ་རྗེ་གསུང་གི་སྙིང་པོ་ཆེ། །ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །གཟི་བྱིན་བཀྲག་མདངས་འབར་བར་དམིགས། །ཞེས་གསལ་སྣང་དང་ང་རྒྱལ་བརྟན་པར་བྱ་ཞིང་བཟླས་པ་ཅི་ནུས་བྱས་ཏེ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། །མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་ཞིང་དགྱེས་པ་བསྐྱེད། འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་འཆི་མེད་གྲུབ་པ་རྣམས་ཀྱི་ཚེ་བཅུད། དྲང་སྲོང་བདེན་ཚིག་གྲུབ་པའི་མཐུ་ནུས་འབྱུང་བ་ཆེན་པོ་བཞིའི་དྭངས་བཅུད། དཔག་བསམ་ཤིང་དང་


TN02_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་མཐུ་སྟོབས་དཔལ་ཡོན་ཐམས་ཅད་འཇའ་སྤྲིན་ཟེར་ཐིག་གི་རྣམ་པར་བསྡུས་ནས་བདེ་སྐྱོང་བརྟེན་པ་དང་བཅས་པའི་ཁམས་དང་དབྱེར་མེད་དུ་ཐིམ་པར་གྱུར། །ཞེས་ཡང་ཡང་དམིགས་ཏེ་བཟླས་པ་བྱ། །བདེ་སྟོང་མི་འགྱུར་བའི་ཡེ་ཤེས་ཆེན་པོས་ཐོད་སྣོད་བྱིན་རླབས་ཀྱི་དམིགས་པ་རྩེ་གཅིག་གི་འདུན་པས་གཞུར་ནས་སྤྱན་དྲངས་ཤིང༌། སྤྱིར་སྣང་བ་དག་པ་རབ་འབྱམས་ཀྱིས་བརྟན་གཡོ་སྒྱུ་འཕྲུལ་ཡེ་ཤེས་ཀྱི་འཁོར་ལོར་རྩལ་སྦྱོང་བའི་ཏིང་ངེ་འཛིན་ཀ་པཱ་ལ་གཅིག་གི་ཁྱོན་ལ་ཕྱོགས་ལྷུང་གི་དྲི་མས་མ་སྦག་པ་གལ་ཆེ། དེ་ལྟར་བསྒྲུབ་པས་སྣང་བ་བག་དྲོ། བྱིན་འུར། སྤྲོ་སེང་བ་སོགས་དང་ཕྱི་ནང་གི་རྟེན་འབྲེལ་གཞན་ཡང་དགེ་བའི་མཚན་ལྟས་བྱུང་བ་ན་ཚོགས་མཆོད་ཕུལ། བཀྲ་ཤིས། མ་ཆགས་ཐོགས་མེད་འཁོར་ལོ་ཆེ། །ཐེག་ཆེན་སྟོབས་ལྡན་གླང་པོ་མཆོག །ཅང་ཤེས་ཤུགས་འཆང་རྟ་ཡི་རྒྱལ། །ཀུན་ལ་དབང་བསྒྱུར་བློན་པོ་དང༌། །ལོག་རྟོག་དཔུང་འཇོམས་དམག་དཔོན་ཆེ། །ཐམས་ཅད་ཀུན་བསྐྱེད་བཙུན་མོར་བཅས། །བསམ་འཕེལ་དོན་གྲུབ་ནོར་བུ་སྟེ། །རིན་ཆེན་བདུན་གྱི་བཀྲ་ཤིས་མཆོག །བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །དབྱིངས་ཕྱུག་ཡུམ་ལྔ་ཚེ་འཛིན་གཙོ། །དཔལ་ལྡན་ནོར་རྒྱུན་ལྷ་མོ་དང༌། །ཟླ་བའི་འོད་སོགས་ལྷ་མོ་བརྒྱད། །རྒྱལ་ཆེན་འཇིག་རྟེན་སྐྱོང་བ་བཞི། །ལྷ་མོ་གཞོན་ནུ་བརྒྱད་བརྒྱད་བཅས། །


TN02_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། །ལྷ་དབང་དྲང་སྲོང་ཆེ་རྣམས་ཀྱི། །ཕྱྭ་གཡང་ཚེ་དང་བསོད་ནམས་སོགས། །ཕུན་ཚོགས་དགེ་ལེགས་སྣང་བ་ཆེའི། །བཀྲ་ཤིས་ཕྱོགས་འདིར་བརྟན་གྱུར་ཅིག །མདོར་ན་བརྟན་གཡོ་སྣོད་བཅུད་ཀྱི། །དགེ་མཚན་ཕན་དང་བདེ་བའི་དཔྱིད། །མ་ལུས་ལུས་པ་མེད་པ་ཡི། །བཀྲ་ཤིས་སྣང་བ་རྒྱས་གྱུར་ཅིག །ཅེས་མེ་ཏོག་གི་ཆར་ཕབ། དེ་ནས་དབྱངས་གསལ་དང་རྟེན་སྙིང་མང་དུ་བརྗོད་ལ། མདུན་བསྐྱེད་ཨ་དི་ཀ་དི་གསེར་ཞུན་མ་ལྟ་བུའི་རྣམ་པར་འོད་དུ་ཞུ་ཀ་པཱ་ལ་འཆི་མེད་གྲུབ་པའི་རྫས་མཆོག་ཏུ་གྱུར་པར་དམིགས་ཤིང་བརྟན་བཞུགས་བྱ། ཚོགས་འཁོར་གྱི་དགའ་སྟོན་ཡང་ཡང་བྱ་ཞིང་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་བཀྲ་ཤིས་བརྗོད་དོ། །ཐོད་པ་དང་པོ་སྒྲུབ་པའི་སྔོན་དང༌། ཕྱིས་བསྒྲུབས་ཟིན་པའི་སྐབས་གཉིས་ཀར་གསོལ་མཆོད་དང་བསང་རླུང་རྟ་མཆོད་པ། འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་གཟུངས་བྲི་ཞིང་རླུང་ལ་འཕྱར་བ་དང༌། སཾ་བྷ་རའི་ཆོ་ག་ལ་བརྟེན་ནས་དྲང་སྲོང་མཆོད་པ། མདོ་སྡེ་བཀྲ་ཤིས་བརྩེགས་པ་ཀློག་འདོན་བྱ་བ་རྒྱབ་ཆོས་སུ་བྱའོ། །དེ་ལྟར་བྱས་པས། རྫས་དང་སྨན་དང་རིགས་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་མདོ་ལས་བཤད་པ་ལྟར་ཕུན་སུམ་ཚོགས་པའི་བདེ་ལེགས་ཀྱི་སྣང་བ་སྟེར་བར་ཐེ་ཚོམ་མེད་དོ། །སྐབས་གཞན་དག་ཏུའང་ཐོད་པ་བཅུད་དང་བཅས་པ་འབྱིན་འབེབས་སྒྲུབ་མཆོད་ཁ་གསོ་བར་བྱ་བ་ཡང་གསུངས་སོ། །ཞེས་པའང་བྱིན་རླབས་ཐུགས་སྒྲུབ་ཀྱི་ཆ་ལག་ཏུ།


TN02_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་ཨ་བྷྱཱས་སྦྱར་བ་བཀྲ་ཤིས།། ༈ །།དེ་ནས་ཐོད་པ་དེ་སུས་ཀྱང་མ་མཐོང་ཞིང་ལག་མ་བརྒྱུད་པར་བང་མཛོད་ཀྱི་ཕུག་གམ། སྐུ་གཟུགས་ཀྱི་རྟེན་གྲལ་ལམ། རང་གི་སྔས་སུ་བཞག་སྟེ་མདུན་རང་ལ་བསྟན་པར་བྱའོ། །སྐབས་སུ་ཉ་སྟོང་བརྒྱད་གསུམ་དང་ཚེས་བཅུའི་སྐབས་ལ་བབས་པའི་ཚེ། སྒྲུབ་མཆོད་སྔར་ལྟར་བྱ་ཞིང་ཁ་གསོ། སྒྲུབ་པ་བྱས་པའི་ཐོད་པ་ལས་སྦྱོར་གང་ཡང་མི་བྱེད་པར་སྦའོ། །དེ་ཡིས་ཐོད་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་དགོས་འདོད་དབང་གི་རྒྱལ་པོ་ལྟར་གྱུར་ནས་ཅི་ལྟར་འདོད་པའི་དངོས་གྲུབ་འབྱུང་ཞིང༌། ཕྲིན་ལས་ཅི་འདོད་འབྱུང་བར་འགྱུར་རོ། །གཞན་ཐོད་པ་གང་འཐད་སྐྱོན་མེད་པ་ལ་ཐོད་གཡོག་བྱ། དེས་ཅི་འདོད་པ་འབྱུང་བ་ནིཿ དཔེར་ན་ཕྱུག་པོ་ཟས་ནོར་མང་པོ་ཡོད་པ་ལཿ བཟའ་བཏུང་གིས་དགྱེས་པ་བྱས་ནས་ཚིག་སྙན་པོས་སློང་ཤེས་ན་ཅི་འདོད་སྦྱིན་པར་བྱེད་ཅིང་ཿ དེ་ལྟར་མ་ཡིན་པས་ནི་ཅི་ཡང་མི་སྟེར་བ་དང་མཚུངས་པརཿ ཐོད་པ་བཟང་པོ་མཆོད་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་བསླངས་པས་འདོད་དགུ་འབྱུང་བར་འགྱུར་ཏེཿ ཐོད་པའི་ནང་དུ་ནོར་བུ་ལ་སོགས་པ་གཅེས་པའི་རྫས་དང༌། ཡོ་བྱད་ཀྱིས་གང་བར་བྱེད་པ་གནད་ཡིན་ནོཿ མཆན་དགོངས་འདུས་ལས་སོ།། །།


previousབྱིན་རླབས་ཐུགས་སྒྲུབ་ཀྱི་ཆ་ལགnext