Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འདུས་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousརིག་འདུས་བརྒྱུད་འདེབས།next

རིག་འདུས་བརྒྱུད་འདེབས།


TN02_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བརྒྱའི་དབང་ཕྱུག་ཀུན་བཟང་རྡོ་རྗེ་སེམས། །དྲུག་པའི་རྒྱལ་ཚབ་པྲ་ཧེ་བཛྲ་དང༌། །དངོས་གྲུབ་མཆོག་བརྙེས་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ་རྡོ་རྗེ་ཡེ་ཤེས་སྩོལ། །བརྟུལ་ཞུགས་མཐར་ཕྱིན་མཁས་པ་ཤྲཱི་སེང༌། །ཟག་མེད་འཇའ་ལུས་རབ་གྲུབ་ཡེ་ཤེས་མདོ། །ཐེག་མཆོག་སྙིང་པོའི་ཤིང་རྟ་བི་མའི་ཞབས། །གསོལ་བ་འདེབས་སོ་རྡོ་རྗེ་ཡེ་ཤེས་སྩོལ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང༌། །འཇམ་དཔལ་སྤྲུལ་པ་མངའ་བདག་ཁྲི་སྲོང་དང༌། །གངས་ཅན་མུན་སེལ་བེ་རོ་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ༴ སྙིང་ཐིག་བརྡའ་འགྲོལ་ཀུན་མཁྱེན་དྲི་མེད་འོད། །ཟབ་གཏེར་བཀའ་བབས་རིག་འཛིན་འཇིགས་བྲལ་གླིང༌། །ལྷ་སྲས་ཟློས་གར་ཀུན་བཟང་གཞན་ཕན་ཞབས། །གསོལ་བ་


TN02_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ་རྡོ་རྗེ་ཡེ་ཤེས་སྩོལ། །གདམས་པའི་མཛོད་འཛིན་རྒྱལ་བའི་མྱུ་གུ་དང༌། །མཁས་དང་གྲུབ་པའི་འཁོར་སྒྱུར་མདོ་སྔགས་གླིང༌། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་རྡོ་རྗེ་ཡེ་ཤེས་སྩོལ། །རྒྱལ་ཐབས་སྤྱི་བླུགས་དབང་ཆུས་རྒྱུད་སྨིན་ཞིང༌། །སྤྱི་ཁྱད་ལྷག་པའི་དམ་ཚིག་རྣམ་པར་དག །ཏིང་འཛིན་ལྔ་དང་གབ་པ་བཞི་ཡི་གནད། །ཡོངས་རྫོགས་བསྐྱེད་རིམ་ཟབ་མོས་གཞི་བཟུང་སྟེ། །སྙན་བརྒྱུད་ཡིད་བཞིན་ནོར་བུའི་རྫོགས་རིམ་དང༌། །མ་བསྒོམ་སངས་རྒྱས་ཕོ་ཉའི་ལམ་བརྟེན་ནས། །ཕུང་ཁམས་སྒྲིབ་བྲལ་དབྱིངས་སུ་དག་པའི་རྩལ། །ལྔ་ལྡན་འཇའ་ལུས་རྡོ་རྗེར་སྨིན་པར་ཤོག། །།


previousརིག་འདུས་བརྒྱུད་འདེབས།next