Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུན་དྲུག་གི་རྣལ་འབྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཐུན་དྲུག་གི་རྣལ་འབྱོར།next

ཐུན་དྲུག་གི་རྣལ་འབྱོར།


TN02_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་དྲུག་གི་རྣལ་འབྱོར། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །འགྲོ་ལ་ཕན་ཕྱིར་རྫོགས་པའི་བྱང་ཆུབ་སྒྲུབ། །སེམས་ཅན་བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ། །བདེ་དང་མི་འབྲལ་བཏང་སྙོམས་ངང་གནས་ཤོག །མདུན་མཁར་རིན་ཆེན་པདྨ་ཉི་ཟླའི་སྟེང༌། །རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །མཚན་དཔེའི་གཟི་འབར་རབ་འབྱམས་དཔའ་བོ་དང༌། །སྤྲིན་ཕུང་རྣམ་པར་སྤྲོ་བཞིན་བཞུགས། །ཕྱི་ནང་གསང་བའི་མཆོད་སྤྲིན་མཎྜལ་བཅས། །


TN02_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པ་ཆེན་པོས་འབུལ་གྱིས་བཞེས་སུ་གསོལ། །སངས་རྒྱས་ཀུན་དངོས་དངོས་གྲུབ་རྩ་བ་རུ། །མཐོང་ནས་རྣམ་པ་ཀུན་གྱིས་མཉེས་བྱེད་ཤོག །ཛ་ཧཱུྃ་བཾ་ཧོ་བླ་མ་རང་ལ་བསྟིམ། །སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་འཆང༌། །ཐབས་ཤེས་རང་བཞིན་རྡོ་རྗེ་དྲིལ་བུར་བཅས། །རང་སྣང་ཕྱག་རྒྱར་འཁྱུད་པའི་བདེ་བས་དགྱེས། །དགེ་ཚོགས་ཅི་མཆིས་མ་གྱུར་འགྲོ་ལ་བསྔོ། །སྐྱེ་ཞིང་སྐྱེ་བར་སྡོམ་གསུམ་མིག་བཞིན་སྲུང༌། །ཡོངས་རྫོགས་རྒྱལ་བའི་ཆོས་ཚུལ་ལེགས་བཟུང་ནས། །གང་འདུལ་ཐབས་ཀྱིས་འགྲོ་བའི་དོན་བྱེད་ཤོག། །།


previousཐུན་དྲུག་གི་རྣལ་འབྱོར།next