Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་དྲག་མོ་སེང་ཞལ་མའི་རྒྱལ་དབྱངས་བ་དན་དཀར་པོ་ཚེ་རྟགས།
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་དྲག་མོ་སེང་ཞལ་མའི་རྒྱལ་དབྱངས་བ་དན་དཀར་པོ་ཚེ་རྟགས།next

བདུད་འདུལ་དྲག་མོ་སེང་ཞལ་མའི་རྒྱལ་དབྱངས་བ་དན་དཀར་པོ་ཚེ་རྟགས།


TN02_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་འདུལ་དྲག་མོ་སེང་ཞལ་མའི་རྒྱལ་དབྱངས་བ་དན་དཀར་པོའི་ཆེ་རྟགས་ཞེས་བྱ་བ། ཧཱུྃཿ ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདེ་སྟོང་མཉམ་རྫོགས་རོལ་པའི་དོན་བསྒོམས་པས། །གཟུང་འཛིན་མཚན་མར་རྟོག་པའི་གཡུལ་ངོ་ལས། །ད་ནི་སྔགས་འཆང་རྣལ་འབྱོར་


TN02_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་རྒྱལ། །ཧཱུྃ་གྲགས་སྟོང་བཟླས་པ་སྔགས་ཀྱི་དཀྱིལ་འཁོར་དུ། །བདེན་ཚིག་རིག་སྔགས་དམོད་པའི་མཚོན་ཆ་ཡིས། །དགྲ་གདོན་ངན་སྔགས་བྱད་མའི་གཡུལ་ངོ་ལས། །ད་ནི་སྔགས་འཆང་རྣལ་འབྱོར་གཡས་སུ་རྒྱལ། །ཧཱུྃ་དག་མཉམ་སྣང་སྲིད་གཞི་བཞེངས་དཀྱིལ་འཁོར་དུ། །འཇིགས་མཛད་རྡོ་རྗེ་སྲིན་མོའི་ལྷར་བསྒོམ་པས། །བར་ཆད་དགྲ་འདྲེ་བྱུར་གསུམ་གཡུལ་ངོ་ལས། །ད་ནི་སྔགས་འཆང་རྣལ་འབྱོར་གཡས་སུ་རྒྱལ། །རྒྱལ་ལོ་བླ་མེད་བླ་མ་དཀོན་མཆོག་གསུམ། །བདུད་ཀྱི་བདུད་ཆེན་རྣམ་པར་རྒྱལ་བའི་དབྱངས། །གྲགས་པ་སྲིད་རྩེའི་བར་དུ་འབར་བ་ཡིས། །སྔགས་འཆང་བདག་ཅག་ཕྱོགས་ལས་རྣམ་པར་རྒྱལ། །རྒྱལ་ལོ། །ལྷ་རྒྱལ་ལོ། །ཞེས་པ་སྤྲང་སྨྱོན་འཇིགས་མེད་པས་ཤར་མར་བྲིས།། །།


previousབདུད་འདུལ་དྲག་མོ་སེང་ཞལ་མའི་རྒྱལ་དབྱངས་བ་དན་དཀར་པོ་ཚེ་རྟགས།next