Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་ལ་གསོལ་འདེབས།
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་ལ་གསོལ་འདེབས།next

ཐུགས་རྗེ་ཆེན་པོ་ལ་གསོལ་འདེབས།


TN02_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་འདེབས་ཀྱི་ཚུལ་དུ་ཡིག་དྲུག་ཟློ་བར་འདོད་པས། །སངས་རྒྱས་ཆོས་ཚོགས་སོགས་སྐྱབས་སེམས་ལན་གསུམ། ཨོཾ་སྭཱ་བྷ་བ་སོགས། སྟོང་པའི་ངང་ལས་ཞིང་མཆོག་བདེ་བ་ཅན། །ཕུལ་བྱུང་འབྱོར་པ་རྒྱ་མཚོས་གང་བའི་དབུས། །རང་མདུན་ནམ་


TN02_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་པད་དཀར་ཟླ་བའི་སྟེང༌། །འཇིག་རྟེན་དབང་ཕྱུག་སྟོན་ཀའི་ཟླ་བའི་མདོག །ཞལ་གཅིག་ཕྱག་བཞི་རྩ་ཕྱག་ཐལ་མོ་སྦྱར། །ཐ་གཉིས་བགྲང་ཕྲེང་པདྨ་དཀར་པོ་བསྣམས། །དར་གྱི་ན་བཟའ་རི་དྭགས་ལྤགས་པ་དང༌། །སྣ་ཚོགས་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས། །ཅོད་པན་འོད་དཔག་མེད་ཀྱི་སྣང་བས་མཛེས། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གསལ། །ཞེས་དམ་ཡེ་གཉིས་མེད་དུ་བལྟས་ཏེ། མོས་གུས་ཆེན་པོས་ཕྱག་འཚལ་བཞིན། རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །རྣམ་དག་ཡེ་ཤེས་རང་བཞིན་སྐུ་མདོག་དཀར། །གཞན་ཕན་རོ་གཅིག་དགྱེས་པའི་ཞལ་རས་ནི། སྙིང་རྗེ་ངོ་གཉིས་པ་སྤངས་པས་ཞལ་གཅིག །ཅེས་པའི་དོན། །བྱམས་པའི་འཛུམ་ལྡན་ཤེས་རབ་སྙིང་རྗེའི་སྤྱན། གདུལ་བྱའི་ཁམས་དབང་མཁྱེན་པའི་མཆན། །ཚད་མེད་ཕྱག་བཞིའི་དང་པོ་ཐལ་སྦྱར་གྱིས། །སྟོང་ཉིད་སྙིང་རྗེ་སྦྱོར་བའི་ཐེག་མཆོག་མཚོན། །བགྲང་ཕྲེང་འཇིག་རྟེན་འདྲེན་པའི་བརྩེ་བ་ཆེ། །པད་དཀར་སྲིད་པས་མི་གོས་ཤེས་རབ་མཆོག །སྙིང་རྗེ་རི་དྭགས་དུལ་བའི་གཡང་གཞི་དང༌། །འདོད་ཡོན་རྒྱན་གྱུར་དར་དང་རིན་ཆེན་སྤྲས། །བྱང་ཆུབ་སེམས་གཉིས་པད་ཟླའི་གདན་ཁྲི་ལ། །མཉམ་བཞག་རྡོ་རྗེ་སྐྱིལ་ཀྲུང་གཡོ་མེད་བཞུགས། །མཐོང་བས་མཆོག་སྟེར་ཐོས་པས་སྡིག་འཕྲོགས་ཤིང༌། །དྲན་པས་མཚུངས་མེད་དགའ་བའི་དཔལ་སྐྱེད་པ། །


TN02_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་ཡོན་ཏན་ཕུང་པོ་གཅིག་པུའི་སྐུ། ཁྱོད་ཞབས་པདྨོར་དང་བས་ཕྱག་བགྱིད་དོ། །ཇི་སྙེད་སུ་དག་སོགས། བྱང་ཆུབ་ཕྱིར་བསྔོའོ། །བར་བརྗོད། མཎྜལ། དེ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་ཡིག་རྡོ་རྗེ་གསུམ་མཆོག་འདུས་པའི་དངོས། །སངས་རྒྱས་བསྐུལ་བའི་སྔགས་རྣམས་དེ་ཡིས་འདྲེན། །རྡོ་རྗེ་རྩེ་མོར། དམ་བཅའ་བ་དང༌། ཞེས་པ་དེ་ཡིན། མཆན། །མ་ཎི་རྣམ་པར་མི་རྟོག་འཇིག་རྟེན་དུ། །བསམ་ཡས་ཆོས་ཀྱི་ཆར་འབེབས་ཤེས་རབ་སྟེ། །པདྨེ་དམིགས་པའི་རྡུལ་བྲལ་སྙིང་རྗེ་ཆེ། །སྲིད་གསུམ་ཆུ་ཡི་རྒྱན་བྱེད་འབོད་པའི་བརྡ། འབོད་པ་ཞེས་པ་འགྲེང་བུའི་བཤད་པ་རེད། །ཧཱཾཨུ་ཞེས་འཁོར་བའི་སྡུག་བསྔལ་འཇོམས་པའི་མཆོག །རྩེ་གཅིག་ཡིད་ཀྱིས་རིག་སྔགས་ལེགས་བཟླས་པས། །ཐུགས་དམ་རྒྱུད་བསྐུལ་སྐུ་ཡི་གནས་རྣམས་ལས། །འོད་འཕྲོས་རྒྱལ་བ་ཀུན་གྱི་ཐུགས་རྗེ་གཡོས། །འགྲོ་དྲུག་སྒྲིབ་སྦྱངས་བདག་རྒྱུད་བྱིན་གྱིས་རླབས། །དོན་གཉིས་ཕུན་ཚོགས་དངོས་གྲུབ་སྩལ་བར་གྱུར། །ཞེས་དམིགས་ནས་ཉོན་མོངས་པ་སོགས་ཀྱི་རྣམ་རྟོག་དང་མ་འདྲེས་པའི་ཡིད་ཀྱིས་བཟླ། ཐུན་མཐར། རྩེ་གཅིག་དང་བས་ཁྱོད་སྐུ་རྗེས་དྲན་ཞིང༌། །གང་མཚན་རིག་སྔགས་དབྱངས་ཀྱིས་ལེགས་བོས་ཏེ། ཁྱོད་ལ་གསོལ་འདེབས་རེ་བའི་ཡིད་ཅན་བདག །ཐུགས་རྗེས་ཟུངས་ཤིག་མགོན་པོ་སྙིང་རྗེའི་གཏེར། །སྐྱེ་བ་ཀུན་ཏུ་དལ་འབྱོར་ཚང་བའི་རྟེན། །


TN02_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ནས་བདེ་གཤེགས་བསྟན་ལ་རབ་འབྱུང་ཞིང༌། །བརྟུལ་ཞུགས་དྲི་མེད་མིག་གི་འབྲས་བུ་བཞིན། །གཅེས་སྦྲས་ཆེན་པོས་སྲུང་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་སྨོན་ལམ་དག་པའི་ནུས་མཐུ་ཡིས། ཁྱོད་ཀྱི་སྤྱན་སྔར་པདྨོའི་སྟན་ཐོབ་སྟེ། །རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་བཞིན། ཁྱོད་མཉེས་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། །དེ་ཚེ་ཁྱོད་ཀྱིས་ཐེག་མཆོག་བསྟན་པའི་གནད། །མཐའ་དག་ཚང་བར་འདོམས་ཤིང་གདམས་པ་བཞིན། །བརྩོན་འགྲུས་ཆེན་པོས་ཉིན་མཚན་བར་མེད་དུ། །སྒྲུབ་ལ་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །དམ་ཆོས་སྒྲུབ་ལ་བར་དུ་གཅོད་པ་ཡི། །ཕྱི་ནང་འགལ་རྐྱེན་མཐའ་དག་ཉེར་ཞི་ཞིང༌། །གནས་གྲོགས་ཡོ་བྱད་དད་བརྩེ་ཤེས་རབ་སོགས། །མཐུན་རྐྱེན་འབད་མེད་འབྱོར་བར་བྱིན་གྱིས་རློབས། །རང་དོན་སྒྲིབ་བྲལ་ཞི་བའི་ཁང་བཟང་དུ། །ཟག་མེད་ཆོས་ཀྱི་འབྱོར་པས་མངོན་དགའ་ཞིང༌། །གཞན་དོན་མཁའ་ཁྱབ་ཐུགས་རྗེའི་ཕྲིན་ལས་ཀྱིས། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ། །འཕགས་མཆོག་དགྱེས་ཤིང་འཛུམ་པའི་མདངས་ཕྱུངས་ཏེ། །སྟོན་ཀའི་ཟླ་གཞོན་ཤར་ནས་འོངས་པ་བཞིན། །ཚུར་བྱོན་སྙིང་དབུས་དད་་དད་པ་ནི་པདྨོའི་གདན་ཡིན་ཏེ། །འཕགས་པ་རྣམས་གདུལ་བྱའི་རྒྱུད་ལ་རྟེན་ཅིང་བཞུགས་པའི་གནས་ནི་དེ་ཡིན་པའི་ཕྱིར་རོ་ཞེས་བཤད་


TN02_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མཆན། པའི་པདྨོ་རུ། །བྱང་ཆུབ་བར་དུ་འབྲལ་མེད་བཞུགས་པར་གྱུར། །བཟང་པོ་སྤྱོད་པའམ། འཇམ་དཔལ་དཔའ་བོས༴ སོགས་བསྔོ་སྨོན་བྱའོ། །ཞེས་པའང་སྡོམ་བརྩོན་གཞུང་ལུགས་སྨྲ་བ་ཀུན་དགའ་བློ་གྲོས་ཀྱིས་འདི་འདྲ་བྲིས་ཞེས་ནན་གྱིས་བསྐུལ་ནས། སྤྲང་རྒན་བསྟན་ཉིས་གང་དྲན་མགྱོགས་པར་བྲིས་པ་དགེ་ལེགས་འཕེལ།། །།


previousཐུགས་རྗེ་ཆེན་པོ་ལ་གསོལ་འདེབས།next