Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་ཆེན་སྦྱིན་སྲེག
   
   
   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་ཆེན་སྦྱིན་སྲེགnext

ཐུགས་ཆེན་སྦྱིན་སྲེག


TN02_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལས། སྲེག་སྦྱོང་གི་ཆོག་སྒྲིག་ཐར་པའི་འོད་ཅེས་བྱ་བ་བཞུགས།


TN02_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་མི་འགྱུར་རང་བྱུང་སྟོང་པའི་གཤིས། །རྣམ་པ་མ་འགགས་བརྡལ་བ་རྡོ་རྗེའི་ཁམས། །ཅིང་ཡང་སྣང་བ་ཀུན་མཁྱེན་རྗེས་བརྩེའི་ལྷ། །འཇིགས་མེད་འཛམ་གླིང་རྒྱན་དེས་ཤིས་པ་སྩོལ། །གང་ཐུགས་མཁའ་ལ་སྙིང་རྗེ་ཆེན་པོ་ཉིད། །ཆེས་རྒྱས་ཕན་བདེའི་འོད་ཀྱིས་མཁའ་ཁྱབ་འགྲོའི། །སྡུག་བསྔལ་མུན་པ་རང་སར་གྲོལ་བྱེད་པའི། །ལྷག་པའི་ལྷ་མཆོག་བདེ་ཆེན་འཁོར་ལོར་རོལ། །གང་ལ་བརྟེན་ན་ཐུགས་བསྐྱེད་ཡེ་ཤེས་མེས། །ཀུན་དཀྲིས་འཁོར་བའི་བུད་ཤིང་ཉེར་བསྲེགས་ཏེ། །སྒྲིབ་ཚོགས་མ་རིག་མུན་པ་རབ་བཅོམ་ནས། །ཐར་མཆོག་བདེ་ཆེན་ལམ་སྣང་མངོན་དུ་བྱེད། །དེ་ཕྱིར་ཀློང་ཆེན་སྙིང་གི་ཐིག་ལེ་ཡི། །གསང་སྒྲུབ་ཐུགས་ཆེན་སྡུག་བསྔལ་རང་གྲོལ་གྱི། །ཞི་བའི་ཕྲིན་ལས་སྲེག་སྦྱོང་ཆོ་ག་ནི། །གཞུང་ལ་བརྟེན་ནས་དམ་པའི་བཀའ་བཞིན་བཀོད། །དེ་ལ་དང་པོ་སྦྱོར་བ་ནི། ལས་གཞུང་བསྲང་སྟེ་སྒྲུབ་མཆོད་བུམ་བཟླས། གནས་ལུང་ལམ་སྦྱོང་ཡན་ཆད་གྲུབ་ནས། གང་དུ་བྱ་བའི་གནས་སུ་བདག་གི་རྣལ་འབྱོར་


TN02_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྙེན་བཞིན་པས། གཞི་བདག་ལ་དཀར་གཏོར་དང་གསེར་སྐྱེམས། ཨ་ཀཱ་རོས་བརླབས་ཏེ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་


TN02_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཀྱིས་བསྔོ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ་ས་ལ་བཞག་སྟེ། ཧྱ་གྷྲྀ་བའི་སྔགས་ཀྱིས་ཀུན་རྫོབ་ཙམ་དུ་སྦྱངས་ཤིང༌། དོན་དམ་ཆོས་ཐམས་ཅད་གདོད་མ་ནས་སྟོང་ཞིང་བདག་མེད་པར་རྟོགས་པའི་ངེས་ཤེས་ཀྱིས་རྒྱས་བཏབ། ཐབས་སྟེགས་གྲུ་བཞི་བ་བྱུང་གིས་བྱུགས་པའི་ཁར། ཚངས་སྐུད་ཀྱིས་ཐིག་བཏབ་པའི་དབུས་ནས། མཐོ་གང་ཟླུམ་བསྐོར་གྱི་ཕྱི་རུ་མཆུ་དང་ཁ་ཁྱེར་ལ་སོར་བཞི་རེ་ནང་དུ་ཟླུམ་བསྐོར་གཅིག་གི་ནང་དུ་ལྟེ་བར་པདྨས་མཚན་པའི་འདབ་བཞིར་སེམ་མ་བཞི་དང༌། ཕྱི་མར་དབང་ཆེན་སྡེ་བཞིའི་ལྷ་ཚོམ་བཀོད། ཕྱི་ཡི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང༌། ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་རེ་རེ་བྲིས་ཁར། མཐོང་བརྒྱུད་བཞིན་སྲེག་ཁང་ངམ་ཤིང་ཐབ་བརྩིག་ལ་སྤར་བྱེད་ཀྱི་མེ་ཚང་སོགས་འདུ་བྱེད། ཐབ་དང་ཉེ་བར་སློབ་དཔོན་གྱི་གཡས་སུ་སྲེག་རྫས། ཡམ་ཤིང༌། མར་ཁུ། ཏིལ། ཡུངས་ཀར། ཞོ་ཟན། འབྲས། སོ་བ། ནས། སྲན་མ། གྲོ། དུརྦ། ཀུ་ཤ༌།སྨན་སྣ། གོས་ཟུང༌། སོ་རྩི་རྣམས་ཡེ་ཤེས་དང་འཇིག་རྟེན་པ་སོ་སོར་ཚན་གཉིས་བྲེང་ཚར་དང༌། གཡོན་དུ་མཆོད་རྫས། འདས་མ་འདས་ཀྱི་གཏོར་མ། སྨན་རཀ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་མཐའ་སྐོར་དུ་བཤམ། མདུན་དུ་བསང་ཆུའི་སྣོད། རྡོར་དྲིལ། དགང་བླུགས་སོགས་དང༌། གཞན་ཡང་རླུང་གཡབ་དང་ཀུ་ཤའི་ཆུན་པོ་བཞི། ལྕེ་ལྡེ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བྱ། དེ་ནས་བཀྲུ་བྱུགས་དང་གནས་ཡིག་གདགས་པ་སོགས་རོ་ཆས་སུ་གཞུག་པ་རྣམས་རྗེ་བླ་མས་མཛད་པའི་སྒྲིབ་གཉིས་རྣམ་གྲོལ་ལྟར་ལག་ཏུ་བླངས་ནས། སྦྱོང་རྒྱུད་ལས་ལྟུང་བ་སློང་བའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ནང་དུ་མཛུབ་མོ་ལྕགས་


TN02_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་ལྟར་བཅིངས་ནས་གྱེན་དུ་འཕངས་ཤིང༌། ཨོཾ་སརྦ་ཨ་པ་ཡ་ཨཱརྵ་ཎ་བི་ཤྭ་དྷ་ན་བཛྲ་ས་མ་ཡ་ཧཱཾཨུ་ཕཊ། ཅེས་དང་འདོད་རྒྱལ་གྱི་རྒྱས། ཨོཾ་ཤྭ་དྷ་ནི་སརྦ་པཱ་པཾ་ཨ་ན་ཡ་ཧཱཾཨུ་ཕཊ། ཅེས་བརྗོད་པས་ངན་སོང་གསུམ་དང༌། སྡིག་སྒྲིབ་ཐམས་ཅད་སྲེག་རྫས་ལ་ཐིམ་པར་བསམ་པ་མན་ངག་ཏུ་ཆེ་བར་གསུངས་སོ། །གཉིས་པ་དངོས་གཞི་ལ་ལྔ་ལས། དང་པོ་མེ་སྤར་བ་ནི། གང་ཟག་མཆོག་ལ་ཛྭ་ལ་རཾ་ཙམ་གྱིས་མེ་སྤར། ཕལ་པ་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྤར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྤར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་ཀྱི་མེ་སྤར་རོ། །ཡུལ་རྣམ་དྲུག་གི་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྤར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་གཉིས་འགྲུབ་པར་ཤོག །ཨོཾ་བཛྲ་ཛྭ་ལ་རཾ་ཛྭ་ལ་རཾ། ཞེས་པས་མེ་སྤར་ནས། ཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་གཡབ། གཉིས་པ་མཆོད་སྲེག་གི་རྫས་རྣམས་བྱིན་གྱིས་བརླབ་པ་ནི། བསང་ཆུ་འཐོར་ཞིང༌། ཨོཾ་སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་དང་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་རྫས་སོ་སོའི་དངོས་པོ་བདུད་རྩི་ཆེན་པོའི་རང་བཞིན་ཟད་མི་ཤེས་པར་གྱུར། ཨོཾ་བཛྲ་ཨཱརྒྷཾ་སོགས་དང༌། སརྦ་པཉྩ་རྐྟ་བ་ལིང་ཏ་ག་ཎ་ཙཀྲ་པཱུ་ཙ་ཨཱཿཧཱུཾ། ལན་བདུན། ཨོཾ་མ་ཧཱ་བཛྲ་ཧཱཾཨུ་དང༌། ཧཱུཾ། གིས་རྡོར་དྲིལ་བརླབས། དགང་བླུགས་ཐོགས་ལ། ཨོཾ་ཧཱཾཨུ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་གྱིས་ཁ་སྦྱོར་ཞིང༌། ཛྙཱ་ན་པཉྩ་


TN02_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོར་བསམ། ཡམ་ཤིང༌། ཨོཾ་བོ་དྷི་་ཡེ། མར་ཁུ། ཨཱག་ཡེ། ཏིལ་ལ། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ། ཡུངས་ཀར། བཛྲ་སིདྡྷི་ཡེ། ཞོ་ཟན། སརྦ་སཾ་བྷ་ཏེ། འབྲས། བཛྲ་པུཥྟ་ཡ། སོ་བ། བཛྲ་བཱི་ཛཱ་ཡ། ནས། མ་ཧཱ་བེ་གཱ་ཡ། སྲན་མ། མ་ཧཱ་བ་ལ་ཡ། གྲོ། བཛྲ་་རྱཻ། དུརྦ། བཛྲ་ཨ་ཡུ་ཥེ། ཀུ་ཤ། ཨ་པྲ་ཏི་ཧ་ཏ་བཛྲ་ཡེ། སྨན་སྣ། བཛྲ་ཤྲཱི་བ་ཡེ་སྭཱ་ཧཱ། ཞེས་ལན་བདུན་གྱིས། རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཚེ་འདས་ཀྱི་སྡིག་སྒྲིབ་ཉེས་ལྟུང་བསྲེག་བྱའི་རྫས་སུ་གྱུར་པར་བསམ། གསུམ་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི་བསང་ཆུ་འཐོར་ཞིང༌། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་་ཀོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་ཐབ་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ར་སྐྱེས་སྟེང་ན་རཾ་ལས་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་པདྨ་དང༌། གཉིས་པས་ནོར་བུའི་ཕྲེང་བ། གཡོན་དང་པོས་དབྱུག་པ་དང༌། གཉིས་པས་རིལ་བ་སྤྱི་བླུགས་འཛིན་པའོ། །དབྱུག་གུའི་ཕྱག་རྒྱ་དང་བཅས། ཨོཾ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨཱག་ཡེ་མ་ཧཱ་ཏེ་ཛྭ་ཨེ་ཧྱ་ཧི་ས་མ་ཡ་ཛ་ཛཿ ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་ཆུ་དང་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད་ནས། ཛཿཧཱཾཨུ་བཾ་ཧོཿས་གཉིས་སུ་མེད་པར་གྱུར།


TN02_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱག་ཡེ་པདྨ་ཀ་མ་ལཱ་ཡེ་སྟྭཾ། ཞེས་གདན་ཕུལ། ཀུ་ཤ་ཐོགས་ཏེ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ཚངས་པའི་ཡང་དག་བྱེད་པ་སྟེ། །དེ་ཡིས་བདག་ཅག་འཁོར་བཅས་ལ། །བགེགས་རྣམས་མེད་ཅིང་ཞི་བར་མཛོད། །ཅེས་པས་ཐབ་ཀྱི་ཁ་གཡོན་ནས་བརྩམས་ཏེ་གཡས་བསྐོར་དུ་དགྲམ། ཨོཾ་ཨཱག་ཡེ་སྭཱ་ཧཱ། མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་འབུལ་ཞིང༌། ཨོཾ་ཨཱག་ཡེ་དྭི་བྱ་དྭི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བྷ་ཧ་ན་ཡ་ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཚར་གསུམ་གྱིས་འབུལ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱག་ཡེ་མ་ཧཱ་ཏེ་ཛྭ་ཨཱརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སཕྥ་ར་ཎ་ས་མ་ཡེ་ཧཱཾཨུ་ཕཊ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱག་ཡེ་མ་ཧཱ་ཏེ་ཛྭ་པདྱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱཾཨུ་ཕཊ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱག་ཡེ་མ་ཧཱ་ཏེ་ཛྭ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱཾཨུ་ཕཊ། །གཙང་


TN02_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་བདུག་སྤོས་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱག་ཡེ་མ་ཧཱ་ཏེ་ཛཱ་དྷུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱཾཨུ་ཕཊ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་སྣང་གསལ་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱག་ཡེ་མ་ཧཱ་ཏེ་ཛྭ་ཨ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱཾཨུ་ཕཊ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་དྲི་ཆབ་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱག་ཡེ་མ་ཧཱ་ཏེ་ཛྭ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱཾཨུ་ཕཊ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་ཞལ་ཟས་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱག་ཡེ་མ་ཧཱ་ཏེ་ཛྭ་ནེ་ཝི་ཏེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱཾཨུ་ཕཊ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱག་ཡེ་མ་ཧཱ་ཏེ་ཛྭ་ཤཔྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱཾཨུ་ཕཊ། ཅེས་དབུལ། དེ་ནས་བསྲེག་རྫས་རྣམས། ཨོཾ་ཨཱག་ཡེ་ཆེ་གེ་མོའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་ཁོ་ནས་རྫས་སོ་སོ་ནས་ཉི་ཤུ་རྩ་གཅིག་རེ་སོགས་ཀྱིས་ཕུལ་མཐར། ཨོཾ་ཨཱག་ཡེ་མ་ཧཱ་ཏེ་ཛྭ་ཨཱརྒྷཾ་སོགས་


TN02_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། བཞི་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཆོད་པ་ནི། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་ནང༌། །དབྱིངས་རིག་ཟུང་འཇུག་དག་པ་ཆེན་པོའི་ཞིང་ཿ རང་སྣང་ལྷུན་གྲུབ་རི་བོ་པོ་ཏཱ་ལཿ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུསཿ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེང་ཿ ཧྲཱིཿལས་འགྲོ་འདུལ་འཕགས་མཆོག་སྙིང་རྗེའི་ལྷཿ སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས་དབང་སྐུཿ ཞལ་གཅིག་ཕྱག་བཞི་མཉམ་པའི་སྟབས་ཀྱིས་བཞེངསཿ རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ཚུལཿ ལྷག་མ་རྣམ་གཉིས་བགྲང་ཕྲེང་པད་དཀར་འཆང་ཿ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་མཛེསཿ དཀར་དམར་མདངས་ལྡན་རུས་པའི་རྒྱན་གྱིས་སྤྲསཿ ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེསཿ དབུ་གཙུག་རིགས་བདག་འོད་དཔག་མེད་པས་མཚནཿ ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུཿ ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀརཿ ལྷོ་རུ་འོད་ཟེར་ཅན་མ་གསེར་གྱི་མདོགཿ ནུབ་ཏུ་ཀུ་རུ་ཀུལླེ་པད་རག་མདངསཿ བྱང་དུ་ནོར་རྒྱུན་ལྷ་མོ་སྐུ་མདོག་ལྗང་ཿ ཀུན་ཀྱང་རང་རང་རྒྱན་དང་ཆ་ལུགས་རྫོགསཿ སྒོ་བཞིར་དབང་ཆེན་སྡེ་བཞི་ལས་མདོག་ཅནཿ


TN02_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་ཐོད་འཛིན་དོར་སྟབས་འཇིགས་ཚུལ་རྔམསཿ ཁྲོ་བོའི་ཆས་རྫོགས་མེ་དཔུང་ཀློང་ན་འགྱིངསཿ བར་མཚམས་སངས་རྒྱས་བྱང་སེམས་རིག་འཛིན་དང་ཿ དཔའ་བོ་་དམ་ཅན་སྤྲིན་ལྟར་གཏིབསཿ སྣང་སྟོང་སྒྲིབ་གཡོག་བྲལ་བའི་དབྱིངས་ན་གསལཿ ཀུན་ཀྱང་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚནཿ དེ་ལས་འོད་འཕྲོས་རང་བཞིན་གནས་མཆོག་དང་ཿ ཁྱད་པར་སྤྲུལ་པའི་ཞིང་ཁམས་པོ་ཏཱ་ལཿ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་སོགས་ནསཿ ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛཿ སྤྱན་འདྲེན་པ་ནི། ཧྲཱིཿནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནསཿ མགོན་པོ་འོད་དཔག་མེད་པ་གཤེགས་སུ་གསོལཿ སྤྲུལ་པའི་ཞིང་ཁམས་རི་བོ་ཏཱ་ལ་ནསཿ འགྲོ་འདུལ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལཿ ཐུགས་རྗེས་འགྲོ་བ་འདུལ་བའི་ཕོ་བྲང་ནསཿ དཀྱིལ་འཁོར་ལྷ་ཚོགས་མ་ལུས་གཤེགས་སུ་གསོལཿ བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་ལོ་ཀི་ཤྭ་ར་གུ་རུ་དེ་ཝ་་ནྲི་སརྦ་ས་མཱ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི། ཧྲཱིཿ དམིགས་མེད་རང་གྲོལ་ཐུགས་རྗེའི་དཀྱིལ་འཁོར་ལྷརཿ གཤེགས་བྱོན་བཞུགས་སུ་གསོལ་བར་མི་དམིགས་ཀྱང་ཿ གཉིས་སྣང་གློ་བུར་དྲི་མ་སྦྱང་བའི་ཕྱིརཿ དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགསཿ བཛྲ་ས་མ་ཡ་ཏིཥྛ་ཧོཿ ཕྱག་འཚལ་བ་ནི། ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལཿ རང་ཤེས་


TN02_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་བྲལ་བའི་བརྡ་ཕྱག་གརཿ ལྷ་ཆེན་འཕྲུལ་དགའི་རྣམ་འགྱུར་ཇི་བཞིན་དུཿ སྤང་བླང་མེད་པའི་ངང་ནས་བཙལ་བར་བགྱི། ན་མོ་པུ་རུ་ཤ་ཡ་ཧོཿ མཆོད་པ་ནི། ཧྲཱིཿ ཀུན་ཏུ་བཟང་པོའི་རྣམ་རོལ་མཆོད་པའི་སྤྲིནཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་ཿ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔ། ལྷ་མིའི་དཔལ་འབྱོར་མ་ལུས་འབུལ་ལོ་བཞེསཿ ཨོཾ་བཛྲ་ཨཱརྒྷཾ་ནས་ཤཔྟ་རཱུ་པ་ཤཔྟ་གནྡྷེ་རཱ་ས་པརྴེ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧིཿ ཁྱད་པར་གྱི་མཆོད་པ་ནི། ཧྲཱིཿ ཁྱད་པར་རྨད་བྱུང་བདེ་བ་ཆེན་པོའི་རྫསཿ སྨན་གཏོར་རྐྟ་ཚོགས་མཆོད་དངས་རེ་སྤྲོཿ ཤེས་རབ་རིག་མ་བློ་འདས་གཉུག་མའི་གཤིསཿ འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་སྩོལཿ སརྦ་པཉྩ་རྐྟ་བ་ལིང་ཏ་མ་ཧཱ་སུ་ཁ་་་པཱུ་ཙ་ཧོཿ གང་ཟག་མཆོག་ལ་རོ་དང་ལྷ་དབྱེར་མེད་དུ་བསྐྱེད་ནས་མཆོད་པ་དང༌། ཕལ་པ་ལ་ཤ་ཁྲག་རུས་གསུམ་བདུད་རྩིར་བསམ་སྟེ་མཆོད་རྫས་དབུལ་བ་ནི། དགང་བླུགས་ཀྱི་ཁ་དང་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ཀྱི་ལྗགས་ལ་ཧཱཾཨུ་དང་རཾ་ཡིག་སོ་སོར་མཚན་པས་བསྲེག་རྫས་ཀྱི་བདུད་རྩི་དགྱེས་བཞིན་དུ་བཞེས་པར་གྱུར་བར་བསམས་ལ། ན་མཿས་མནྟ་བུདྡྷ་ནཱཾ། ཨོཾ་ཨཱག་ཡེ་སྭཱ་ཧཱ། ཞེས་ལན་བདུན་གྱིས་མར་ཁུས་བཀང་བའི་དགང་བླུགས་ཁ་སྦྱར་ཏེ་གཡས་སུ་བསྐོར་ནས། ཚེ་ལས་འདས་པའི་སྡིག་པ་དང་སྒྲིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ནས། རྫས་གཞན་རྣམས་ལ། ཨོཾ་མ་ཎི་པདྨེ་ཧཱཾཨུ་ཧྲཱིཿ ཆེ་གེ་མོའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སརྦ་


TN02_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་ཁོ་ནས་བརྒྱ་སོགས་ཀྱིས་ཕུལ་ཞིང༌། སླར་ཡང༌། ཏདྱ་ཐཱ། ཨོཾ་ཨ་མི་ཏི་ཨ་མི་ཏེ། ཨ་མི་ཏོད་བྷ་བེ། ཨོཾ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི༌། ཨ་མི་ཏ་ག་མི་ནི་སརྦ་ཀླེ་ཥ། ཀྵ་ཡཾ་ཀ་ར་སྭཱ་ཧཱ། དང་རྩ་རིགས་ལ་ཤམ་བུ་སྦྱར་ནས་ཏིལ་དང་ཡུངས་ཀར་བུང་བསྐྱེད་ལ་དབུལ་ཞིང༌། དེ་དག་རྣམས་ཀྱི་ཚེ་དམིགས་ཡུལ་རྗེས་སུ་དྲན་པའི་དེ་ལ་ཕན་པའི་བསམ་པས་སྔགས་བཟླ་ཞིང་སྲེག་བླུགས་བྱས་པས། བདག་དང་ལྷ་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས་ཏེ་དམིགས་ཡུལ་ལ་ཐིམ་པས་དེ་ཡི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་བསམ་མོ། །རྫས་རྫོགས་པ་དང༌། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ་ས་སོ་རྩི་དང༌། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། གོས་ཟུང་དབུལ། འགྲུབ་ན་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་ངམ། བསྡུ་ན་ཨཱརྒྷཾ་སོགས་ཀྱིས་མཆོད། ཧྲཱིཿ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནསཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་མངའ་དབང་ཅནཿ ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགསཿ སྡུག་བསྔལ་རང་གྲོལ་སྐུ་ལ་ཕྱག་འཚལ་བསྟོདཿ ཚད་མེད་བཞི་ཡིས་འགྲོ་ཀུན་ཐར་ལམ་འདྲེནཿ གང་ལ་གང་འདུལ་ཐུགས་རྗེ་རོལ་པའི་གརཿ ཅིར་ཡང་སྒྱུར་བའི་མཐུ་སྟོབས་རྫུ་འཕྲུལ་ཅནཿ རིགས་བཞིའི་སེམས་མ་རྣམས་ལ་ཕྱག་འཚལ་བསྟོདཿ རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་བསྒྱུར་ཞིང་ཿ ལོག་འདྲེན་འདུལ་ཕྱིར་ཁྲོ་གཏུམ་རོལ་པའི་སྟབསཿ ཐོགས་མེད་བསྒྱུར་བའི་རིགས་བཞིའི་ཧྱ་གྲཱྀཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ ཕྲིན་ལས་བཅོལ་བ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་ཚད་


TN02_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཐུགས་རྗེ་ཆེན་པོས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་ཆེ་གེ་མོའི་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མ་མེད་པར་བྱང་ཞིང་དག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་འགོད་པར་མཛད་དུ་གསོལ། ཞེས་ལན་གསུམ། མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ནས། བཛྲ་མུཿས་ཡེ་ཤེས་པ་གཤེགས། ལྔ་པ་མེ་ལྷ་ལ་གཏང་རག་གཏོང་ཞིང་བསྡུ་བ་ནི། མར་ཁུ་དང་བཅས། ཨོཾ་ཨཱག་ཡེ་ཛྭ་ལ་རཾ། ཞེས་པས་མེ་ལྷ་ཤིན་ཏུ་གསལ་བར་བྱས་ཏེ། བསྲེག་རྫས་ལྷག་མ་རྣམས། ཨོ་ཨཱག་ཡེ་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཕུལ། ཨོཾ་ཨཱག་ཡེ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི། གཏོར་མ་ཕུལ། བཛྲ་ཏཾ་བུ་ལས་སོ་རྩི་དང༌། ཨོཾ་བཛྲ་ཝ་སྟྲ་ཡེ་སྭཱ་ཧཱས་གོས་ཟུང་རྣམས་ཕུལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཡིག་བརྒྱས་ནོངས་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་ལྟའི་དུས་སུ་ཚུར་བྱོན་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །བཛྲ་མུས་ཡེ་ཤེས་པ་ཤར་ལྷོར་གཤེགས། དམ་ཚིག་པ་མེ་འབར་བའི་ཀློང་དུ་ཐིམ་པར་བསམས་ལ་བསྔོ་སྨོན་གྱིས་རྒྱས་གདབ། ཨོཾ་ཨཱཿཧཱུཾ། གིས་རང་ཉིད་བསྲུང་ཞིང༌། ཤི་རྒབ་གཅོད་ཕྱིར་བཀྲ་ཤིས་རྒྱས་པས་མཐའ་བརྒྱན་བར་བྱའོ།། །།


previousཐུགས་ཆེན་སྦྱིན་སྲེགnext