Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  collapse section
   
སྔགས་ཀྱི་སྲུང་མ་ལ་བསྟོད་ཅིང་ཕྲིན་ལས་འཆོལ་བའི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   


 
previousསྔགས་ཀྱི་སྲུང་མ་ལ་བསྟོད་ཅིང་ཕྲིན་ལས་འཆོལ་བའི་རིམ་པ།next

སྔགས་ཀྱི་སྲུང་མ་ལ་བསྟོད་ཅིང་ཕྲིན་ལས་འཆོལ་བའི་རིམ་པ།


TN02_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་སྔགས་ཀྱི་སྲུང་མ་ལ་བསྟོད་ཅིང་ཕྲིན་ལས་འཆོལ་བའི་རིམ་པ་བདུད་ལས་རྣམ་པར་རྒྱལ་བའི་རྔ་སྒྲ་ཞེས་བྱ་བ། ན་མ་ཤྲཱི་མ་ཧེ་ཤྭ་ར་ཧེ་རུ་ཀ་ཡ། ཧེ་རུ་ཀ་དཔལ་འབར་བའི་བཀའ་ཡིས་བསྟན་སྲུང་གཙོ་མོར་དབང་བསྐུར་བ། །ཤེས་རབ་ཕར་ཕྱིན་མ་མོའི་གཟུགས་འཆར་དབྱིངས་ཕྱུགས་རྡོ་རྗེ་རལ་གཅིག་མ། །སྒྲུབ་ལ་མི་མཉམ་བྱམས་པའི་མ་ཁྱོད་སྔགས་བདག་དྲེགས་པའི་དམག་དཔུང་བཅས། །པདྨའི་སྔགས་རྒྱུད་སྐྱོང་བར་ཞལ་བཞེས་ཐུགས་དམ་མ་གཡེལ་དུས་འདིར་དགོངས། །ཡེས་ཤེས་གཟི་ཆེན་ཉི་མའི་སྤྱན་གྱིས་བདུད་སྡེའི་དཀྱིལ་འཁོར་སྲེག་མཛད་ཅིང་། །ཁྲོས་པའི་གད་མོ་དྲག་པོར་དགོད་པས་བགེགས་ཀྱི་གྲོང་རྣམས་ཚལ་པར་འགས། །ཐུགས་རྗེའི་ནུ་བུམ་མཛེས་པར་དུད་ལས་དངོས་གྲུབ་འཛད་མེད་རྒྱུན་འཇོ་བའི། །ཁྱོད་ཀྱི་ངོ་མཚར་རྒྱ་མཚོ་འཕྱུར་བའི་དབའ་རླབས་རིང་པོ་ཕྱོགས་འདིར་སྤྲོས། །གདུག་སེམས་རླུང་གིས་ཉེ་བར་བསྐྱོད་པས་ཕ་རོལ་སྦྱོར་བ་ནག་པོའི་སྤྲིན། །དུག་མཚོན་མེ་སོགས་འཇིགས་བརྒྱའི་སྐྱིན་ཐང་ལྷོག་ལྷོག་ཁོལ་ཞིང་འོངས་པ་རྣམས། །ཕྱིར་བཟློག་དམོད་པའི་མཐོར་རླུང་ཆེན་པོས་རྡུལ་ཙམ་མེད་པར་


TN02_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བཤིགས་པའི་ཤུལ། །དགེ་ལེགས་ཉི་གཞོན་སྣང་བའི་གོས་ཀྱིས་ཕྱོགས་ཀུན་ལི་ཁྲི་ལྡན་པར་མཛོད། །ལྗོངས་འདིར་ཕན་བདེའི་འབྱོར་བ་འཕྲོགས་ཤིང་འཐབ་རྩོད་དབུལ་ཕོངས་ནད་ལ་སོགས། །བྱུར་གྱི་མིག་མང་རྣམ་པར་རྩེ་བའི་མ་རུངས་ནག་ཕྱོགས་འབྱུང་པོའི་སྡེ། །སྲིད་པ་ཟ་བྱེད་འབར་བའི་ཞལ་ཧོམ་གནས་ས་གདངས་ལྟར་བཞད་པའི་ཀློང་། །ལྗགས་དམར་དུས་མཐའི་མེ་ཕུང་གཡོ་འདྲས་སྐད་ཅིག་ཉིད་དུ་དྲོངས་ལ་ཟོ། །དྲག་ཤུལ་གར་གྱི་རླུང་ཆེན་བསྐྱོད་པས་སྟོང་གསུམ་ཀུན་ནས་རབ་འཁྲུགས་སམ། །ཁྱོད་ཀྱིས་ས་འོག་འཇིག་རྟེན་དཀྲུགས་བྱེད་རོལ་པའི་རྫུ་འཕྲུལ་གར་མཛོད་ལ། །བདག་ཅག་ལག་འགྲོའི་གདོན་ལ་གཏད་དང་ཕུང་སེལ་བཅུག་པའི་མངལ་རྒྱ་རྣམས། །སྤྲུལ་ཏེ་ཕས་རྒོལ་བྱད་མའི་བྲང་ལ་ཁུ་ཚུར་དྲག་པོས་ཆད་པ་ཕོབ། །གཞན་ཡང་ཆེ་བཙན་དབང་ཕྱུག་གྲུབ་པས་བསྟན་པ་སྲུང་བར་གཉེན་ལྡན་པ། །དཔལ་འབར་རྡོ་རྗེ་ནག་པོ་ཆེ་དང་རྡོ་རྗེ་ལེགས་པ་སྒྲ་གཅན་ནག །དུར་ཁྲོད་བདག་མོ་ཡང་ལེ་བེར་སོགས་འཇིག་རྟེན་སྐྱོང་བའི་ཚོགས་རྣམས་ཀྱིས། དངོས་གྲུབ་བར་ཆད་བགེགས་རྣམས་མ་ལུས་དྲག་པོ་ལུས་ཀྱི་གཡུལ་དུ་རློག །མདོར་ན་ཐབས་མཆོག་ལྟེ་བ་རབ་


TN02_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བརླིང་ཤེས་རབ་དམ་པའི་མུ་ཁྱུད་ཅན། །ལས་བཞིའི་རྩིབས་སྟོང་རྣམ་པར་བཀྲ་བའི་འཁོར་ལོ་རིན་ཆེན་ཁྱོད་ཀྱི་མཐུས། །བདུད་དང་ཕྱིར་རྒོལ་ལས་ཉོན་རྣམ་རྟོག་དགྲ་རྣམས་ཀུན་ལས་རྒྱལ་གྱུར་ཏེ། །རྣམ་གྲོལ་སྐུ་བཞིའི་རྒྱལ་ཐབས་དབང་སྒྱུར་ས་གསུམ་དགེ་བའི་བཀྲ་ཤིས་སྩོལ། །ཅེས་པའང་པདྨ་རྡོ་རྗེ་དང་བློ་བཟང་ཆོས་ལྡན་གཉིས་ཀྱི་ངོར། །༡བསྟན་པའི་ཉི་མས་འབར་བ་སྨིན་ཟླའི་ཉེར་དགུ་ལ་སྦྱར་བ་རྣམ་བཞིའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་རྒྱུར་གྱུར་ཅིག །


previousསྔགས་ཀྱི་སྲུང་མ་ལ་བསྟོད་ཅིང་ཕྲིན་ལས་འཆོལ་བའི་རིམ་པ།next