Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
ཙིའུ་དམར་ལ་ཕྲིན་བཅོལ།
   
   
   
   
   
   
   


 
previousཙིའུ་དམར་ལ་ཕྲིན་བཅོལ།next

ཙིའུ་དམར་ལ་ཕྲིན་བཅོལ།


TN02_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཙིའུ་དམར་ཕྲིན་བཅོལ་ལས། འཇུག་པའི་ཕྲིན་ལས་གསར་པའི་རྒྱལ་རྔ་རྡུངས། རྣལ་འབྱོར་སྐུ་ཚེ་ཆོས་སྲིད་འབྱོར་པ་ལ། །བར་གཅོད་བསམ་སྦྱོར་ངན་པའི་འཁྲུལ་འཁོར་རིགས། །མཐུ་སྟོབས་རྩེ་བརྒྱ་འབར་བས་ཕྱེར་བཏགས་ནས། །སྒྲུབ་མཆོག་དབུ་འཕང་དགུང་དང་མཉམ་པར་བསྟོད། །དོན་བརྒྱུད་འཕོ་བ་ཐོབ་པའི་རྟེན་འབྲེལ་གཤིས། །བརྒྱུད་འཛིན་བུ་སློབ་ཡར་ངོའི་ཟླ་ལྟར་རྒྱས། །གྲུབ་ཐོབ་བརྒྱུད་པས་རི་སུལ་གང་ནས་ཀྱང༌། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ལམ་སྲོལ་ཐོད། །སྣང་བ་དབང་དུ་འདུས་པའི་རྟེན་འབྲེལ་གྱིས། །ཕོ་རྒྱུད་རང་དབང་མེད་པར་བརྟན་པ་ཕྲོགས། །སྡེ་དཔོན་དྲེགས་པའི་རྔམ་སེམས་ཟིལ་གྱིས་ནོན། །བན་བཙུན་ཕོ་མོའི་སྣང་བློ་གཡེང་དུ་ཆུགས། །རྩ་རླུང་ལས་སུ་རུང་བའི་རྟེན་འབྲེལ་གྱིས། །མོ་རྒྱུད་བདེ་སྐྱོང་འཁོར་ལོའི་རྩ་འཁོར་དཀྲུགས། །མཛངས་དང་གཡོ་སྒྱུའི་རྫུན་ཕུགས་རང་སར་རྡིབ། །འབྲེལ་ཚད་དགེ་ལ་སྦྱོར་བའི་རྟེན་འབྲེལ་སྒྲིགས། །བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་བདེན་མཐུ་ཡིས། །ཤུགས་སྒྲོལ་དམོད་པའི་ལས་ལ་མ་ལྟོས་པར། །དོ་བསྔོ་ཕོད་དུ་འཛུགས་པའི་དགྲ་བོ་རྣམས། །གྲི་འཐབ་དམར་བཤལ་དྲག་པོས་དུས་མཐའ་སྟུངས། །སྣོད་བཅུད་རྟེན་འབྲེལ་ལོག་པའི་ཕྱོགས་བསྒྱུར་ནས། །བསྟན་འགྲོ་དཀྲུགས་པའི་ཕུང་ཁྲོལ་ཚེར་མ་ཅན། །གསར་སྐྱེས་ནག་ཕྱོགས་དམ་སྲི་འགོང་པའི་དཔུང༌། །མཐའ་དག་མངོན་སྤྱོད་ལས་ཀྱིས་ཆམ་ལ་ཕོབ། །སོགས། དཀྱུས་ལྟར་དུ་དམིགས་བསལ་གྲུབ་ཆེན་དགོན་པའི་


TN02_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་རིམ་ལ་རྡོ་གྲུབ་ཆེན་གསུམ་པ་འཇིགས་མེད་བསྟན་པའི་ཉི་མས་མཛད།


previousཙིའུ་དམར་ལ་ཕྲིན་བཅོལ།next