Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་བླ་མ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་འབྱུང་གནས།
   
   
   


 
previousདཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་བླ་མ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་འབྱུང་གནས།next

དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་བླ་མ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་འབྱུང་གནས།


TNT05_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་བླ་མ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས། ཨོཾ་སྭཱ་སྟི། ཆོས་ཀུན་རང་བཞིན་གདོད་ནས་རྣམ་པར་དག་པའི་ངོ་བོ་ཉིད།། དང་པོའི་སངས་རྒྱས་བདེ་བ་ཆེན་པོའི་དགའ་བ་ལྷན་ཅིག་སྐྱེས། །དུས་གསུམ་རྒྱལ་བ་མ་ལུས་ཀུན་གྱི་ཡེ་ཤེས་སྒྱུ་མའི་གཟུགས། །ངེས་པ་དོན་གྱི་བླ་མ་མཆོག་གི་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་ཆེན་ཕྱག་ན་རྡོ་རྗེ་ཨིནྡྲ་བྷཱུ་ཏི་དང༌།། ཀླུ་ཡི་རྣལ་འབྱོར་མ་དང་བི་པུ་ཀལྤ་ས་ར་ཧ། །ཀླུ་སྒྲུབ་ཡབ་སྲས་བཞི་དང་ཟླ་གྲགས་སློབ་པའི་རྡོ་རྗེ་དང༌། །ནག་པོ་པ་དྲེས་དེ་ཝཱ་ཀ་ར་མགོས་ལོ་ཁུག་པ་དང༌།། མང་ར་སངས་རྒྱལ་ཡེ་ཤེས་སེང་གེ་ཉི་སེང་ཉི་མ་ལྕམ། །རྔོག་སྟོན་འཕགས་ལྷ་ཐང་སྤེ་བ་དང་གསེར་ལྡེངས་གཞོན་ནུ་འོད། །ཆོས་སྐུ་འོད་ཟེར་འཕགས་འོད་བུ་སྟོན་རིན་ཆེན་རྣམ་རྒྱལ་དང༌། །དཔལ་མཆོག་དོན་གྲུབ་ཙནྡྲ་ཤྲཱི་འཁྲུལ་ཞིག་ཚུལ་རྒྱལ་བ། །མཁྱེན་རབ་མཆོག་གྲུབ་དཀོན་མཆོག་དཔལ་བཟང་བཀྲ་ཤིས་རྒྱལ་མཚན་དང༌། །དཔལ་ལྡན་ཆོས་བཟང་ཀུན་མཁྱེན་སྒྲོལ་མགོན་ཡེ་ཤེས་རྒྱ་མཚོའི་ཞབས། །བློ་གྲོས་རྣམ་རྒྱལ་ངག་དབང་འཕྲིན་ལས་ཀུན་བཟང་རྒྱལ་དབང་ དཔལ། །ཚེ་དབང་ནོར་བུ་འཕྲིན་ལས་ཤིང་རྟ་བསྟན་པའི་ཉིན་མོར་བྱེད། །ཚེ་དབང་ཀུན་ཁྱབ་ཀརྨ་རཏྣ་འོད་གསལ་འགྱུར་བ་མེད། །ཆོས་འཕེལ་རྒྱ་མཚོ་ངག་དབང་ཆོས་འཛིན་བསྟན་


TNT05_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྲགས་པའི་ཞབས། །ཐུབ་བསྟན་འགྱུར་མེད་ཀུན་དགའི་རིག་པ་འཛིན་པའི་མཆོག་གི་ཞབས། །རྡོ་རྗེ་འཆང་དངོས་རྩ་བརྒྱུད་བླ་མ་དམ་པ་ཐམས་ཅད་ལ། །སྙིང་ནས་གསོལ་བ་འདེབས་སོ་བདག་རྒྱུད་དག་པར་བྱིན་གྱིས་རློབས། །བསོད་ནམས་འདི་ཡིས་ཡང་ཡང་སྐྱེ་བའི་རིམ་པ་རྣམས་སུ་ཡང༌། །འགྲོ་བའི་དོན་བསྒྲུབ་དོན་ལ་འཇིག་པ་མེད་པར་དགའ་བ་དང༌། །སྐུ་ཡི་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོ་པས་དབང་བསྐུར་བ། །བདེ་ཆེན་རོལ་བ་ལྷན་ཅིག་དེ་ཡི་གོ་འཕང་ཐོབ་པར་ཤོག །ཅེས་དཔལ་གསང་འདུས་མི་བསྐྱོད་རྡོ་རྗེའི་བླ་མ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་རྫོགས་སོ། །སྨན་མཆོད་སྐབས་སུ། ཟག་མེད་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ། ཞེས་ཁ་བསྒྱུར་བར་བྱའོ།། །།


previousདཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་བླ་མ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་འབྱུང་གནས།next