Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་བི་རཱུ་པའི་མན་ངག་གོང་མའི་གསུང་གི་རྗེས་སུ་འབྲང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་བི་རཱུ་པའི་མན་ངག་གོང་མའི་གསུང་གི་རྗེས་སུ་འབྲང་བ།next

དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་བི་རཱུ་པའི་མན་ངག་གོང་མའི་གསུང་གི་རྗེས་སུ་འབྲང་བ།


TNT11_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་བི་རཱུ་པའི་མན་ངག་གོང་མའི་གསུང་གི་རྗེས་སུ་འབྲང་བ་བཞུགས།


TNT11_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་རིམ་གྲུབ་ཆེན་བི་རཱུ་པའི་མན་ངག་ཏུ་གྲགས་པ་འདི་ལ་དོན་བརྒྱད་དེ། སློབ་མ་ཡོངས་བཟུང་བསྙེན་པའི་ཆོ་ག་དང༌། །ས་ཆོག་སྟ་གོན་གནས་པ་རྣམ་བཞི་དང༌། །དཀྱིལ་འཁོར་འདྲི་ཞིང་རྒྱན་དགྲམ་སྒྲུབ་མཆོད་དང༌། །དབང་གི་ཆོ་ག་མཇུག་གི་བྱ་བའོ། །དེ་ལས་དང་པོ་སློབ་མ་ཡོངས་བཟུང་དང༌། གཉིས་པ་བསྙེན་པའི་ཆོ་ག་ནི། སློབ་དཔོན་རྩེ་མོའི་དབང་ཆུ་ཆེན་མོར་བལྟ་བར་བྱ་ལ། གསུམ་པ་ས་ཆོག་ལ་རྒྱས་པ་ནི་བཟང་པོ་ཡོངས་བཟུང་དང༌། རིན་ཆེན་འབར་བ་ལས་འབྱུང་བ་དང༌། འབྲིང་པོ་ནི་དབང་ཆུ་ཆེན་མོའི་དངོས་བསྟན་ལ་ཕྱིས་ཀྱི་བསྲེ་བསླད་མེད་པའི་ལུགས་སུ་སྦྱར་ཞིང༌། བསྡུས་པ་ནི་འདི་ཙམ་གྱིས་ཀྱང་འགྲུབ་སྟེ། འོག་ནས་འབྱུང་བའི་སྔོན་འགྲོ་གཏོར་མའི་རིམ་པ་དང༌། ས་ལྷ་སྟ་གོན་གྱི་ཆོ་གའི་སྤྱི་དང་ཁྱད་པར་གྱི་ས་བསླངས། ཨ་མྲྀ་ཏ་བཟླ་ཤིང༌། ས་གཞི་བ་བྱུང་གིས་བྱུགས། ཨོཾ་བྷུ་ཁཾ། ནམ་མཁའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ། རྡོ་རྗེ་རང་བཞིན་དུ་གྱུར། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཡུང་


TNT11_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང་ཐལ་བས་སྦྱང༌། ས་གཞི་དེར་སྐྱབས་འགྲོ་ནས་བཟླས་པའི་བར་བདག་བསྐྱེད་རྫོགས་པར་བྱས་ལ། མཐར་མཆོད་བསྟོད་བྱ། ཨོཾ་བཛྲ་ཨུ་དྷིཥྛ་ཞེས་ནམ་མཁར་བཏེག །རང་ཉིད་གཙོ་བོའི་ཐུགས་ཀ་ནས་སྤྲོས་པའི་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་གྱུར། ཧཱུཾ་ཞེས་སྙེམས་པ་དང་བཅས་པས། དཀྱིལ་འཁོར་གྱི་ས་གཞི་བཅགས། སྟོང་པའི་ངང་ལས་པཾ་ལས་པདྨ་ནས། རཀྵ་རཀྵའི་སྔགས་ཀྱི་བར་ཐུན་མོང་གི་སྲུང་འཁོར་བཞིན་བྱའོ། །བཞི་པ་སྟ་གོན་དུ་གནས་པ་ལ། སྟ་གོན་གྱི་དང་པོར་བྱ་བ་དང༌། སྟ་གོན་དངོས་གཉིས་ལས། དང་པོ་ནི། སྔོན་འགྲོ་གཏོར་མ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཨོཾ་མཧཱ་བྷུ་ཏ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཨོཾ་ཨིནྡྲ་ཛ་མ་ཞེས་སོགས་ལན་གསུམ་གྱིས་ཕུལ། པུཥྤེ་སོགས་ཉེར་སྤྱོད་ལྔ་དང༌། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བྱའོ། །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་


TNT11_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོང་དུ་ཡོངས་སུ་རྫོགས་པའི་ཕྱིར་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ་སའི་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བར་འཚལ་ན་ཞེས་པ་ཙམ་མམ། དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན་བསྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བར་དུ་གཅོད་པ་ཐམས་ཅད་བསྲུང་བ་དང༌། དེ་ནས་ཀྱང་བྱང་ཆུབ་མ་ཐོབ་བར་དུ་བར་ཆད་ཐམས་ཅད་བསྲུང་བ་དང་སྟོངས་གྲོགས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་གསང་སྤྱོད་ལྟ་བར་མི་དབང་བ་དེ་དག་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །ཨ་མྲྀ་ཏ་བཟླ། བསངས་སྦྱངས། སྟོང་པའི་ངང་ལས། གནས་ཁཾ་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ་རྟ་བབ་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། མཆོད་རྫས་རྣམས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཞབས་བསིལ། ཞལ་བསིལ། འཐོར་འཐུང༌། མཆོད་ཡོན། མེ་ཏོག།བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས་རོལ་མོ་རྣམས་དྭངས་ཤིང་


TNT11_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་མེད་པ། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐས་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་གྱུར། ཨོཾ་ནི་རི་ཏེ་ཧཱུཾ་ཁཾ་སྭཱཧཱ། ཨོཾ་ནི་ཝི་ཏེ་ཧཱུཾ་ཁཾ་སྭཱཧཱ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱཧཱ། ཨོཾ་ཛཿཧཱུཾ་བཾ་ཧོཿ ཁཾ་རཾ་མཧཱ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་ཐོག་མཐའ་གཉིས་འོག་མ་རྣམས་ལའང་སྦྱར་ཏེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བཻ་ཏེ། ཤཔྟའི་བར་དང༌། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ནི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏ་ན་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨ་ཧྲྀ་ད་ཡ། སན་ཏོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱཧཱ། ལས་ཀྱི་སློབ་མས། ཨོཾ་བཛྲ་བྷུ་མི་ནས། མ་ཚང་བ་མེད་པ་འདི་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ཞེས་སམ། རྡོ་རྗེ་སློབ་དཔོན་དུ་འོས་པ་གསང་སྔགས་འཆང་བ་འདི། ཞེས་བྱ་བ་དང༌། རིག་པ་འཛིན་པའི་དགེ་འདུན་རྣམས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ནི་ཟབ་མོ་ལ་གནས་པར་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཞེས་དང༌། ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཕུང་གིས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པ་དང༌། །ཡོན་བདག་བགེགས་ཞི་ཚོགས་གཉིས་བསགས་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་མཛོད། །ཅེས་བརྗོད། ཚོགས་པས། ཨོཾ་བཛྲ་བྷུ་མི་ནས། མ་ཚང་བ་མེད་པ་


TNT11_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ལ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །བླ་མས་ཀྱང༌། བཛྲ་བྷུ་མི་ནས། མ་ཚང་བ་མེད་པ་འདི་ཉིད། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་ཀྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ། ཞེས་འབུལ། དེ་ནས་བླ་མས། ཐུགས་དམ་ཟབ་མོའི་རིམ་པ་ལ་འཇུག་པར་ཞུ། ཞེས་མཚམས་སྦྱར་ནས། སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པ་བྱ་བའི་བར་བདག་བསྐྱེད་རྫོགས་པར་བསྒོམས་ལ་བཟླས་པའི་རྗེས་སུ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་རླབས་སྩལ་ཏེ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་རྡོ་རྗེའི་གོ་འཕང་ཐོབ་པར་མཛད་དུ་གསོལ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཞེས་པ་ནས། སླར་ཡང་རང་ཉིད་ཕྱག་གཉིས་པར་གྱུར། ཅེས་པའི་བར་བརྗོད། གཉིས་པ་ལ་བཞི་ལས་དང་པོ་ས་ལྷ་སྟ་གོན་ནི། བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་གྱི་དབུས་སུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ། བཾ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞི་བའི་ཉམས་ཅན་རིན་པོ་


TNT11_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ། མིག་ཏུ་གཏི་མུག་རྡོ་རྗེ་མ། ཞེས་སོགས་ཀྱིས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས། རང་གི་སྙིང་ཁའི་ཧཱུཾ་ལས་འོད་འཕྲོས་པས་ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ལ་སོགས་པས་དགུག་གཞུག་བཅིང་དབང་དུ་བྱའོ། །སླར་ཡང་སྙིང་ཁའི་ཧཱུཾ་ལས་འོད་འཕྲོས་པས་དབང་གི་ལྷ་རིག་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུས་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཨོཾ་པྲི་ཐི་བཱི་དེ་ཝཱི་ཞེས་སོ་སོའི་མགོར་སྦྱར་བའི་ནི་རི་ཏེ་ཧཱུཾ་ཁཾ་སྭཱཧཱ། སོགས་ནས། ཤཔྟའི་བར་དང༌། ཨོཾ་ཨཱཿཧཱུཾ། ལན་གསུམ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་གཏོར་མ་བྱིན་གྱིས་བརླབས། ཨོཾ་པྲི་ཐི་བཱི་དེ་ཝཱི་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་ཕུལ། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱཻ་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཤཱཀྱ་སེདྒེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་


TNT11_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ལན་གསུམ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ། སའི་ཕྱོགས་འདིར་བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བཞེང་པར་འཚལ་ན། ས་ཕྱོགས་འདི་བདག་ལ་གནང་ཞིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་ཏུ་གསོལ། ཞེས་གསོལ་བ་བཏབ་བོ། །རིག་པ་འཛིན་པ་ཁྱོད་དཀྱིལ་འཁཽར་གྱི་ལས་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་བྱིན་པར་མོས། ཨོཾ་པྲི་ཐི་བཱི་དེ་ཝི་བཛྲ་མུཿསའི་ལྷ་མོ་ས་དེ་ཉིད་ལ་ཐིམ། གཉིས་པ་ལྷ་སྟ་གོན་ནི། བསངས་སྦྱངས། མདུན་བསྐྱེད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་ནས། གང་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ། དེ་ལྟ་བུའི་བསྲུང་བའི་འཁོར་ལོའི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ཕྱི་དཀར་ལ་ནས། རྩིབས་བཅུ་པ་བྷྲུཾ་གྱིས་མཚན་པ། དེ་རྣམས་རོ་གཅིག་ཏུ་འདྲེས་པ་ནས། དུད་ཁ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་དང་བཅས་པར་གྱུར། ཧཱུཾ་ཤྲཱི་ཧེ་བཛྲ་ཡ་ན་མཿ དབུས་སུ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་སྐུ་མདོག་དུས་མཐའི་སྤྲིན་ནས། གར་དགུའི་རོ་དང་ལྡན་པ་ཉིད། ནཾ་བཛྲ་ནཻ་རཱཏྨ་ན་མཿ དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་པོ་ནས། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །གཾ་གཽ་རཱི་ན་


TNT11_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མཿ ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག་དང༌། གཡོན་ཉ་རོ་ཧི་ཏ་འཛིན་པ། དེ་བཞིན་དུ་སྦྱར་ཏེ། ཙཾ་ཙཽ་རཱི་ན་མཿ ལྷོར་ཙཽ་རཱི་སོགས། བཾ་བཻ་ཏ་ལཱི་ན་མཿ ནུབ་ཏུ་བཻ་ཏ་ལཱི་སོགས། གྷཾ་གྷསྨ་རཱི་ན་མཿ བྱང་དུ་གྷསྨ་རཱི་སོགས། པཾ་པུཀྐ་སཱི་ན་མཿ བྱང་ཤར་དུ་པུཀྐ་སཱི་སོགས། ཤྲི་ཤཱ་ཝ་རཱི་ན་མཿ ཤར་ལྷོར་ཤཱ་ཝ་རཱི་སོགས། ལཾ་ཙཎྜ་ལཱི་ན་མཿ ལྷོ་ནུབ་ཏུ་གདོལ་པ་མོ་སོགས། ཌཾ་ཌོམྦྷི་ནཱི་ན་མཿ ནུབ་བྱང་དུ་གཡུང་མོ་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་ནས། ཐུགས་ཀར་ཐུགས་རྡོ་རྗེ་མ། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ གཽ་རཱི་ལ་སོགས་པའི་སྔགས་རྒྱས་སྟིམ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །ནས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་དང་གཽ་རཱི་ནས། འོད་དཔག་མེད་ཀྱིས་དབུ་བརྒྱན། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཞབས་བསིལ། ཞེས་པ་ནས། རོལ་མོ་རྣམས་དྭངས་ཤིང་


TNT11_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་བཛྲ་ནི་རི་ཏེ་ཧཱུཾ་ཁཾ་སྭཱཧཱ། ཨོཾ་བཛྲ་ནི་ཝི་ཏེ་ཧཱུཾ་ཁཾ་སྭཱཧཱ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱཧཱ། ཨོཾ་ཛཿཧཱུཾ་བཾ་ཧོཿ ཁཾ་རཾ་མཧཱ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾཿ ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ་ནས། ཤཔྟའི་བར་བརྗོད། དེ་ནས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བྷ་ག་ཝཱན་མཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་བཛྲ་ནི་རི་ཏེ་ཧཱུཾ་ཁཾ་སྭཱཧཱ། ལྷ་རྫས་དམ་པའི་ཞལ་བསིལ་འདི། །ནི་ཝེ་ཏེ། ལྷ་རྫས་དམ་པའི་འཐོར་འཐུང་འདི། །སརྦ་སཾ་ཤོ་དྷ་ནི། ལྷ་རྫས་དམ་པའི་མཆོད་ཡོན་འདི། །ཛཿཧཱུཾ་བཾ་ཧོ་ཁཾ་རཾ་མཧཱ་ཨརྒྷཾ་ཨཱཿཧཱུཾ། མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །བདག་གི་དད་པས་དབུལ་ལགས་ཀྱི། །བཞེས་ནས༴ །ཨོཾ་བྷ་ག་ཝཱན་}ོན་དུ་འགྲོ་བའི་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱཧཱ། ཚལ་དག་རོ་ནི་ཕན་པ་དང༌། །གང་ཞིག་དྲི་དང་བདུག་སྤོས་མཆོག །བདག་གི༴ །བཞེས་ནས༴ །དྷུ་པེ་པྲ་ཏཱིཙྪ་སྭཱཧཱ། སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགེ་ཞིང་མུན་པ་རྣམས་སེལ་འདི། །བདག་གི༴ །བཞེས་ནས༴ །དཱི་པཾ་པྲ་ཏཱིཙྪ་སྭཱཧཱ། འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་གི༴ །བཞེས་ནས༴ །གནྡྷཾ་པྲ་ཏཱིཙྪ་སྭཱཧཱ། སྨན་རྣམས་བཅུད་གཙང་ཡིད་གར་འོང༌། །}གས་ཀྱི་ཞལ་ཟས་གཤོས་འདི་དགབདག་གིས༴ །བཞེས་ནས༴ །ནཻ་ཝི་ཏེ་པྲ་


TNT11_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱིཙྪ་སྭཱཧཱ། དྲི་མེད༴ །ལྷ་རྫས་དམ་པའི་རོལ་མོ་འདི། །བཅོམ་ལྡན༴ །བཞེས་ནས༴ །བཛྲ་ཤཔྟ་པྲ་ཏཱིཙྪ་སྭཱཧཱ། གྷནྚེ་ར་ཎི་ཏ་སོགས་བརྗོད། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གོས་སྲབ་པ་འཇམ་པ་ཡང་བ། དྭངས་ཤིང་ཐོགས་པ་མེད་པ་ཟུང་དུ་སྦྱར་བ་དང་ལྡན་པར་གྱུར། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བྷ་ག་ཝཱན་ནས།བཛྲ་ཝསྟྲ་ཡེ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ཕྱོགས་བ༵ཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་རྩ་བའི་བླ་མ་འདི་ཞེས་བྱ་བའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེ་བཙུན་རྡོ་རྗེ་བདག་མེད་མའི༴ རྣལ་འབྱོར་དབང་ཕྱུག་བིརྺ་པའི༴ གྲུབ་ཆེན་ནག་པོ་པའི༴ གྲུབ་ཐོབ་ཌ་མ་རུ་པའི༴ སློབ་དཔོན་ཨ་ཝ་དྷུ་ཏཱི་པའི༴ པཎ་ཆེན་ག་ཡ་དྷ་རའི༴ འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི༴ སེ་སྟོན་ཀུན་རིག་གི༴ ཞང་སྟོན་ཆོས་འབར་གྱི༴ བླ་མ་ས་སྐྱ་ཆེན་པོའི༴ སློབ་དཔོན་བསོད་ནམས་རྩེ་མོའི༴ རྗེ་བཙུན་གྲགས་པ་རྒྱལ་


TNT11_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་གྱི༴ ཆོས་རྗེ་ས་སྐྱ་པཎྜི་ཏའི༴ འགྲོ་མགོན་ཆོས་རྒྱལ་འཕགས་པའི༴ ཞང་དཀོན་མཆོག་དཔལ་གྱི༴ ན་ཟ་བྲག་ཕུག་པའི༴ བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི༴ ས་བཟང་མ་ཏི་པཎ་ཆེན་གྱི༴ ཐེག་ཆེན་ཀུན་དགའ་བཀྲ་ཤིས་ཀྱི༴ རིག་འཛིན་གཞོན་ནུ་བློ་གྲོས་ཀྱི༴ པཎ་ཆེན་རིན་པོ་ཆེ་ཤཱཀྱ་མཆོག་ལྡན་གྱི༴ རིན་པོ་ཆེ་གཞོན་ནུ་ཆོས་གྲུབ་ཀྱི༴ རྗེ་ཀུན་དགའ་གྲོལ་མཆོག་གི༴ རྗེ་རྡོ་རིང་དབོན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་པའམ། ཡང་ན། བྲག་ཕུག་པའི་རྗེས་ལ། རི་ཁྲོད་པ་བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས་པ། བུདྡྷ་ཤྲི་རི་བ། རྗེ་ཀུན་དགའ་བཟང་པོ། པཎ་ཆེན་རིན་པོ་ཆེ། མན་སྔར་བཞིན། ཡང་ན། ཆོས་རྗེ་བསོད་ནམས་རྒྱལ་མཚན། འཇམ་དབྱངས་རིན་ཆེན་རྒྱལ་མཚན། འཇམ་དབྱངས་དཀོན་མཆོག་བཟང་པོ། བདག་ཆེན་བློ་གྲོས་རྒྱལ་མཚན། བྱང་སེམས་ཀུན་དགའ་མཆོག་གྲུབ། རྗེ་གྲོལ་མཆོག །མན་སྔར་བཞིན། ཡང་ན་ཐེག་ཆེན་གྱི་རྗེས་ལ། བྲག་ཐོག་པ་བསོད་ནམས་བཟང་པོའི༴ རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི༴ རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གྱི༴ ཐུགས་སྲས་ཤཱཀྱ་ཀུན་དགའི༴ སློབ་དཔོན་ཡེ་ཤེས་དབང་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་ནོས། ཆོས་ཀྱི་འབྲེལ་བ་ཐོབ་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། དེ་ཝ་པི་


TNT11_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཙུ་སོགས། ཨོཾ་ཨཱཿནཾ་བཛྲ་སོགས། ཨོཾ་ཨཱཿགཾ་ཧཱུཾ་ཕཊ་སྭཱཧཱ། ནས། ཨོཾ་ཨཱཿཌཾ་ཧཱུཾ་ཕཊ་སྭཱཧཱ། ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ རང་གི་ལྕེ་རྩེ། སྨིན་མཚམས། སྤྱི་གཙུག་རྣམས་སུ་ཐིག་ལེ་བྱས་ལ། ཨོཾ་ཨཱཿཧཱུཾ། དེ་ནས། ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀ་ལ་ལྕམ་དྲལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱི་བཞེས་པའི་ཆོས་སྐྱོང་བསྲུང་མ་རྣམས་ཀྱི་ཞལ་དུ༴ གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། ཚནྡྷོ་དང་ཉེ་བའི་ཚ་ནྡྷོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་དཔའ་པཽ་དང་རྣལ་འབྱོར་མ་སྤྲུལ་པའི་སྐུ་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི་ཞལ་དུ༴ ཞིང་སྐྱོང་བཞི་བཅུ་རྩ་བརྒྱད་ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོ་མ་རྣམས་དང༌། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ༴ གཞན་ཡང་གནོད་སྦྱིན། སྲིན་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗོད་བྱེད༌། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ་གྲུབ་པ་རྣམས་ཀྱི་ཞལ་དུ༴ བོད་ཁམས་སྐྱོང་


TNT11_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་དང༌། གནས་བདག་གཞི་བདག།ཡུལ་བདག །གྲོང་བདག །གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ༴ འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས་མྱུར་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་ཨཱཿཧཱུཾ། ཞེས་རང་གིས་ཀྱང་མྱངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དཀར་མོ་རི་དྭགས་སོགས་དང༌། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་དང༌། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱཻ་ཡི་རྡོ་རྗེ་ལ་ཕྱག་འཚལ། །བདག་མེད་མས་ནི་མགུལ་ལ་འཁྱུད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །ཞལ་བརྒྱད་པ་ལ་སྤྱན་གསུམ་པ། །མགོན་པོ་དེ་ལ་གུས་ཕྱག་འཚལ། །སྤྱི་བོའི་སྟེང་ན་ནག་པོ་མཛེས། །དཀར་དང་དམར་པོ་གཡས་དང་གཡོན། །གང་གི་ལྷག་མའི་ཞལ་རྣམས་ནི། །གནག་པ་དེ་ལ་གུས་ཕྱག་འཚལ། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་རཱ་བྷ་བྱི་ལ། །གཡས་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ས་དང་ཆུ་དང་རླུང་དང་མེ། །ཟླ་ཉི་གཤིན་རྗེ་གསང་བ་པ། །གཡོན་པའི་ཕྱག་བརྒྱད་ལ་གནས་པའི། །


TNT11_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ཞབས་བཞི་ཡིས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་གཅེར་བུ་ཉིད། །ཉི་མར་ཞབས་གཡས་བརྒྱད་དང་སྔོ། །གར་མཛད་དེ་ལ་བདག་ཕྱག་འཚལ། །འཁོར་ལོ་བཞི་ཡིས་བདག་ཉིད་མཛེས། །འཛག་པའི་མགོ་བོས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་རྣམ་དག་པའི། །ཕྱག་རྒྱ་ལྔ་ཡིས་ཡང་དག་བརྒྱན། །སྣ་ཚོགས་རྡོ་རྗེ་སྤྱི་བོར་མཚན། །དཔྲལ་བར་རིགས་ཀྱི་བདག་པོ་ཉིད། །དམ་པའི་དགའ་བ་ཡང་དག་ཐོབ། །བདེ་ཆེན་དེ་ལ་བདག་ཕྱག་འཚལ། །གཾ་ལས་སྐྱེས་པའི་གཽ་རཱི་ཤར། ཁ་དོག་གནག་ཅིང་གཡོན་པ་ཉ། །གཡས་པ་ན་ནི་གྲི་གུག་འཛིན། །ཚངས་པ་མནན་ལ་བདག་ཕྱག་འཚལ། །ཙཾ་ལས་སྐྱེས་པའི་ཆོམ་རྐུན་མ། །བཙོད་ཀྱི་ཁ་དོག་ལྷོ་ཕྱོགས་སུ། །ཕྱག་ན་ཕག་དང་ཅང་ཏེ་བསྣམས། །དབང་པོ་མནན་ལ་བདག་ཕྱག་འཚལ། །བཾ་ལས་སྐྱེས་པའི་སེར་མོ་ནུབ། །རོ་ལངས་མ་ནི་ཉེ་དབང་མནན། །ཕྱག་གཡོན་ལྷུང་བཟེད་གཡས་པ་ཡིས། །རུས་སྦལ་བསྣམས་ལ་བདག་ཕྱག་འཚལ། །གྷསྨ་རཱི་ནི་བྱང་གི་སྒོར། །ལྗང་ཁུ་གྷཾ་ལས་བྱུང་བ་ཡི། །ཕྱག་ན་སྤྲུལ་དང་ཐོད་པས་བྲེལ། །དྲག་པོ་མནན་ལ་བདག་ཕྱག་འཚལ། །གཤིན་རྗེ་མནན་ཅིང་པཾ་ལས་བྱུང༌། །གཡོན་པ་དགྲ་སྟ་སེངྒེ་གཡས། །དབང་ལྡན་དུ་ནི་འཇིགས་གཟུགས་མ། །ཕྱག་འཚལ་


TNT11_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པུཀྐ་སཱི་སྔོ་ལ། །རི་ཁྲོད་མ་དཀར་ཤཾ་ལས་བྱུང༌། །མེ་རུ་གནོད་སྦྱིན་སྟེང་དུ་མནན། །གཡོན་ན་གསིལ་བྱེད་གཡས་པ་ཡིས། །དགེ་སློང་འཇིན་ལ་བདག་ཕྱག་འཚལ། །གཏུམ་མོ་ནམ་མཁའི་སྔོ་བསངས་མ། །སྲིན་པོར་ཙཾ་ལས་བྱུང་བ་ཡི། །གཡོན་ན་ཐོང་གཤོལ་འཁོར་ལོ་གཡས། །ཕྱག་འཚལ་སྲིན་པོ་མནན་ཁྱོད་ལའོ། །ཌཾ་ལས་འཁྲུངས་པའི་གཡུང་མོ་ནི། །རླུང་མཚམས་ཐགས་བཟང་རིགས་སྟེང་གཤེགས། །ཕྱག་གཡོན་སྡིགས་མཛུབ་གཡས་རྡོ་རྗེ། །སྣ་ཚོགས་མདོག་ལ་ཕྱག་འཚལ་ལོ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཅེར་བུ་སྤྱན་གསུམ་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཕུང་པོ་ཁམས་ནི་རྣམ་དག་པའི། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །བདེ་རབ་སྟེར་འདི་ཐམས་ཅད་ལ། །དངོས་པོ་ཀུན་ཀྱིས་ཕྱག་འཚལ་ལོ། །ཉིད་ཀྱི་ཕྱག་ན་བཟུང་བ་ཡི། །ཕྱག་མཚན་ས་བོན་ལས་བྱུང་བའི། །བདེ་ཆེན་འདོད་པ་ཐམས་ཅད་ལ། །རྟག་ཏུ་ཡང་དག་ཕྱག་འཚལ་ལོ། །གང་ཞིག་ཉི་ཟླ་ཁ་སྦྱོར་གནས་ས་བོན། །གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས། །ཉིད་ཀྱི་ཉིད་ཀྱི་དཀྱིལ་འཁོར་འདི་ལ་ནི། །འཇིག་རྟེན་གསུམ་པོ་སྤྲུལ་པར་མཛད་དང་ལྡན། །ཉིད་ལས་འདི་དག་ཐམས་ཅད་མ་ལུས་པའི། །ཞི་བའི་བདེ་སྩོལ་རིག་མར་བསྡུད་བྱེད་པའི། །ཤེས་རབ་ཆགས་པས་བདུད་རྩིའི་རོ་ཉིད་ཀྱི། །


TNT11_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་ཞི་མཛད་དེ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་གཙོ་ཀྱཻ་རྡོ་རྗེ། །ལྷ་མོ་འཁོར་ལོ་བཅས་བསྟོད་པས། །བདག་གི་བསོད་ནམས་གང་ཐོབ་པ། །དེས་ནི་འཇིག་རྟེན་དེ་མཚུངས་ཤོག །ཧཱུཾ། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འདྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་འོས། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སེམས་ཅན་བསྟན་ལ་དགའ་བ་དང༌། །གངས་སུ་རྡོ་རྗེའི་སྤྱན་སྔ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་འཛིན་པ་ཡི། །ཧེ་ཞེས་བྱ་བའི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པ་དག་གིས། །འགྲོ་བ་དག་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་སྟེ། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་འབྱོན་པར་མཛད་པའི་རིགས། །ལན་གསུམ་བརྗོད། གསུམ་པ་བུམ་པ་སྟ་གོན་ནི། བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་བྷྲུཾ་བྷྲུཾ་ལས་


TNT11_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་བུམ་པ་གཉིས། ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷའི་གོས་ཀྱི་འགུལ་བ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཉོན་མོངས་པ་ལ་སོགས་པ་བདུད་བཞིའི་ངོ་བོ་ཚངས་པ་སེར་པོ། ནས། ཐགས་བཟང་རིགས་དུད་ཁ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་དང༌། ལས་ཐམས་ཅད་པའི་བུམ་པར་པདྨ་དང་ཉི་མའི་གདན་དང་བཅས་པར་གྱུར། རྣམ་རྒྱལ་བུམ་པའི་དབུས་ཀྱི་གདན་གྱི་སྟེང་དུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་ནས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ། བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་སྐུ་མདོག་དུས་མཐའི་སྤྲིན་ནས། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཡུམ་གྱི་མཁའ་མི་དམིགས་ཏེ། ནས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ཐིག་ལེ་ཆ་དགུར་གྱུར། དེ་རྣམས་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཧཱུཾ་རྣམས་སུ་གྱུར། དེ་རྣམས་ལྷ་མོ་བརྒྱད་བདུད་རྩི་འཁྱིལ་བ་དང་བཅས་པ་དགུར་གྱུར་པ། ཡུམ་གྱི་མཁའ་ནང་ནས་ཕྱིར་སྤྲོས་ཏེ། གདན་སོ་སོའི་སྟེང་དུ་འཁོད་པ་ནི། ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག་དང༌། གཡོན་ཉ་རོ་ཧི་ཏ་འཛིན་པ། ཞེས་སོགས་ཀྱི་ལྷ་མོ་བརྒྱད་གསལ་གདབ། ལས་ཐམས་ཅད་ཀྱི་བུམ་པར་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་སྣ་


TNT11_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཁྲོ་བོའི་ན་བཟའ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ། སོགས་ནས། ཐུགས་ཀར་ཐུགས་རྡོ་རྗེ། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱཻ་རྡོ་རྗེ་ལྷ་དགུ་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་བཅས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ གཽ་རཱི་སོགས་དགུག་གཞུག་དང༌། དབང་བསྐུར་རྒྱས་འདེབས་པ་རྣམས་གཞན་འདྲ་བ་ལ། བདུད་རྩི་འཁྱིལ་བ་ལ། དོན་ཡོད་གྲུབ་པས་དབུ་བརྒྱན། ཨོཾ་བྷ་ག་ཝཱན། ཞེས་སོགས་རེ་རེའི་མགོར་སྦྱར་བའི་ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌། ཧཱུཾ་ཨཾ་གཾ་སོགས་ཀྱི་རྗེས་སུ། ཨོཾ་ཨཱཿཧཱུཾ། ཀྱཻ་རྡོ་རྗེ་ལྷ་དགུ་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །དཀར་མོ་རི་དྭགས་སོགས་དང༌། ཁྱོད་ནི་རྣལ་འབྱོར་མ་སོགས་ཀྱི་མཐར། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །སོགས་ཀྱིས་བསྟོད་ལ། བདག་གིས་ཞལ་ནས་སྔགས་ཀྱི་འོད་ཟེར་དམར་པོ་བྱུང་སྟེ་གཟུང་ཐག་ལ་བརྟེན་ཏེ་སོང་ལྷ་ཐམས་ཅད་ཀྱི་ཐུགས་རྒྱུད་སྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཡབ་ཡུམ་གྱི་སྙིང་པོ་གཉིས་དང༌། འཁོར་གྱི་སྔགས་ཐུང་རྣམས་དང། ལས་བུམ་ལ་འཁྱིལ་པའི་སྔགས་རྣམས་བརྒྱ་རྩ་རེ་བཟླ། སླར་གོང་ལྟར་མཆོད་བསྟོད་བྱ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མ་


TNT11_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་དང་སོགས་ནས། བཟོད་པར་གསོལ་གྱི་བར་དང༌། ཨོཾ་ཨཱཿཧཱུཾ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར། དེ་ནས་གཏོར་མ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར། ཞེས་པ་ནས། ཧ་ཧོ་ཧྲཱིཿ ཞེས་པའི་བར་སྒྲུབ་ཐབས་བཞིན། མདུན་བསྐྱེད་ཀྱི་དུར་ཁྲོད་བརྒྱད་དུ་ཧཱུཾ་བརྒྱད་ཡོངས་སུ་གྱུར་པ་ལས་ཤར་དུ་བརྒྱ་བྱིན་ཞེས་སོགས་ནས། རྡོ་རྗེ་དང་དྲིལ་བུ་འཛིན་པ། དབང་ལྡན་གྱི་དུར་ཁྲོད་ཀྱི་སྟེང་གི་ཆར་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ། ཨོཾ་དགུ་ཡོངས་སུ་གྱུར་པ་ལས། དབུས་སུ་སྐུ་རྡོ་རྗེ་ནས། འཁོར་ལོ་དང་དྲིལ་བུ་འཛིན་པ་སྲིན་པོའི་དུར་ཁྲོད་ཀྱི་འོག་གི་ཆར་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ཨཱཿདགུ་ཡོངས་སུ་གྱུར་པ་ལས། དབུས་སུ་གསུང་རྡོ་རྗེ་ནས། ཐུགས་ཀར་ཧཱུཾ་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ དེ་ནས་དགུག་གཞུག །དབང་ལྷ་སྤྱན་དྲངས་ཏེ་མཆོད་ཅིང་གསོལ་བ་བཏབ་པ་དང་དབང་བསྐུར་བ་རྣམས་སྒྲུབ་ཐབས་ཀྱི་གཏོར་ཆོག་ལྟར་བྱེད་པ་ལས། སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་ལ་རྣམ་པར་སྣང་མཛད། ཕྱོགས་སྐྱོང་བརྒྱད་ལ་མི་བསྐྱོད་པ་ཞེས་པ་ནས་འཕྲིན་བཅོལ་བའི་བར་ཡང་མངོན་རྟོགས་ཀྱི་གཏོར་ཆོག་ལྟར་རོ། །རྗེས་ཆོག་ནི། བསངས་སྦྱངས། རེ་རེའི་མགོར། ཨོཾ་བྷ་ག་ཝཱན། སོགས་སྦྱར་བའི་ཆུ་བཞི་ཉེར་སྤྱོད་རོལ་ཆེན་དང་བཅས་པ་དང༌། ཧཱུཾ་ཨཾ་གཾ་ཙཾ་སོགས་ཀྱི་མཐར།


TNT11_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ། ཀྱཻ་རྡོ་རྗེ་ལྷ་དགུའི་ཞལ་དུ་མཆོད་བ་དམ་པ་འབུལ་ལོ། །དཀར་མོ་རི་དྭགས། སོགས་དང༌། ཁྱོད་ནི་རྣལ་འབྱོར་མ་སོགས་བྱ་ལ། འོག་ཏུ་ཡང་ཕྱི་ནང་ཡིད་བྱུང་བསྟོད་པ་རྣམས་བྱ་ཞེས་འབྱུང་བ་རྣམས་འདི་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཧེུ་རུ་ཀའི་ཡིག་བརྒྱ་ལན་གསུམ། མ་འབྱོར་བ་དང་ཞེས་སོགས་ཀྱི་མཐར། ཨོཾ་བཛྲ་ཨུ་དྷིཥྛ། སྟ་གོན་གྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་སང་སྤྱན་མ་དྲངས་ཀྱི་བར་དུ་མདུན་གྱི་ནམ་མཁར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། སླར་ཡང་ཕྱི་ནང་ཡིད་བྱུང་བསྟོད་པ་རྣམས་བྱ་སྟེ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། རྟེན་ཡོད་པ་རྣམས་ལ་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་ཞེས་སོགས་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་པའི་བར་བརྗོད། སྐུ་གཟུགས་ཀྱི་རྟེན་མེད་ན་དེ་མི་དགོས། དེ་ནས་རྟེན་མེད་པ་རྣམས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་ཞེས་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཡེ་


TNT11_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་གཤེགས་དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿ མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་གསལ་བཏབ་མཆོད་པ་དམན་པ་རྣམས་བསྡུའོ། །དེ་ནས་བཞི་པ་སློབ་མ་སྟ་གོན་ནི། སྐབས་འདིའམ་རྗེས་ཆོག་གི་སྔོན་ལའང་རུང་སྟེ། དེ་ལ་དོན་བཅུ་བཞི་ལས། དང་པོ་ལུས་ཀྱི་བྱ་བ་ནི། སློབ་མ་རྣམས་ཁྲུས་ལེགས་པར་བྱས་ཏེ། སྙིམ་པར་མེ་ཏོག་དང་བཅས་པས་གྲལ་ལ་རིམ་པ་བཞིན་དུ་འཁོད། གཉིས་པ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྐྱེད་པ་ནི། }གས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་སོ། །གསུམ་པ་ནང་དབང་བསྐུར་བ་ནི། སློབ་དཔོན་དཔལ་ཀྱཻ་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སློབ་མ་རྣམས་ཀྱི་ལུས་ལ་ཕོག་པས། སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་འོད་ཀྱི་རང་བཞིན་དུ་གྱུར། སློབ་དཔོན་གྱི་ཞལ་དུ་ཞུགས། ཡུམ་གྱི་མཁར་བབས་པ་ལས། ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་ཐོད་ཁྲག །མཆན་ཁུང་དུ་ཁ་ཊྭཱཾ་ག་དང་བཅས་


TNT11_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པར་གྱུར་པ་ལ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས་ཐུགས་ཀར་འོད་དུ་ཞུ། རྡོ་རྗེ་ལམ་ནས་ཡུམ་གྱི་མཁར་བབས་པ། སློབ་མ་རྣམས་ལ་ཐིམ། ཧཱུཾ་ཞེས་བརྗོད་པས། ཡུམ་གྱི་དཀུ་གཡོན་པ་ནས་ཕྱིར་སྤྲོས་ཏེ་སྟན་ལ་འཁོད། བཞི་པ་ཁྱད་པར་ཅན་གྱི་དོན་ཞུ་བ་ནི། མཎྜལ་དབུལ་ཞིང་ཐལ་མོ་སྦྱར་ཏེ། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་རྗེས་ཟློས་ལན་གསུམ་བྱ། ལྔ་པ་གསང་སྔགས་ལ་སྤྲོ་བ་སྐྱེད་པ་ནི། །བུ་ཚུར་ཐེག་པ་ཆེན་པོ་ཡི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་ཀྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ཏེ། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་


TNT11_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེངྒེ་སྐྱོབ་པ་ཡི། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་སོ། །དྲུག་པ་རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་སྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་རྗེས་བཟློས་བྱེད། བདུན་པ་སྲུང་བ་བྱ་བ་ནི། སློབ་དཔོན་གྱི་རྩ་སྔགས་ལན་གསུམ་བཟླས་ལ། སློབ་མའི་སྤྱི་བོ། མགྲིན་པ། སྙིང་ཁ་རྣམས་སུ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང༌། ཐིག་ལེ་བྱས་པས། སྤྱི་བོར་ཨོཾ་དང་འཁོར་ལོ་ལས་སྐུ་རྡོ་རྗེ། མགྲིན་པར་ཨཱཿདང་པད་མ་ལས་གསུང་རྡོ་རྗེ། ཐུགས་ཀར་ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་བསམ་མོ། །དེ་ནས་ཡང་མས་ནས་ཡར་རེག་ཅིང༌། ཧཱུཾ་ཨཱཿཨོཾ། དེ་བཞིན་དུ་ཡང་ཡས་ནས་མར་རེག་ཅིང༌།


TNT11_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་ཞེས་བརྗོད། སྐུ་གསུང་ཐུགས་རྡོ་རྗེ་དཔག་ཏུ་མེད་པ་སྤྱན་དྲངས་ནས་གནས་གསུམ་དུ་ཐིམ་པས་སློབ་མའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་གྱུར་པར་བསམ་མོ། །བརྒྱད་པ་མཆོད་པ་ནི། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་པ་ལ་སོགས་པའི་སྔགས་དང་བཅས་པས། སྤྱི་བོར་མེ་ཏོག །མདུན་དུ་སྤོས། མིག་སྔར་མར་མེ། སྙིང་གར་བྱུག་པ། ཞལ་དུ་ཞལ་ཟས་རྣམས་སྦྱིན་ནོ། །དགུ་པ་སོ་ཤིང་དོར་བ་ནི། ཨོཾ་ཛི་ཧྭ་བཛྲ་སཾ་བརྟ་ནི་སྭཱཧཱ། ཞེས་སོ་ཤིང་སྦྱིན་ལ། འདི་ནི་རིན་པོ་ཆེ་གསེར་རམ་དངུལ་ལས་བྱས་པར་མོས་ཤིང༌། དེའི་རྩེ་མོ་ནས་འཆའ་བས། སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན། སྡིག་སྒྲིབ་ཐམས་ཅད་ཕྱིར་ཕྱུང་བར་བསྒོམས་ལ། མཎྜལ་གྱི་དབུས་སུ་དོར་ཅིག་ཅེས་བརྗོད་དོ། །ཨོཾ་བཛྲ་ཧ་ས་ཧ། དེ་ལ་སློབ་དཔོན་གྱིས་དངོས་གྲུབ་ལུང་བསྟན་ཏོ།། བཅུ་པ་སྲུང་སྐུད་གདགས་པ་ནི། སྐུད་པ་དམར་པོ་སློབ་མའི་ལུས་ཚད་དང་མཉམ་པ། གསུམ་སྒྲིལ་དུ་བྱས་པ་དེ་ལ། ཧཱུཾ་བཟླས་ཤིང་རྡོ་རྗེའི་མདུད་པ་གསུམ་བྱས་ལ། མི་དམིགས་ཏེ། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་སྐུད་པར་བསྐྱེད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱི་སྟ་གོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུད་པ་བཀུག་སྟེ། གཉིས་སུ་མེད་པར་སྟིམ་ལ། རྩ་བའི་སྔགས་བཟླས་ཤིང་སྐྱེས་པའི་དཔུང་པ་གཡོན་དང༌། བུད་མེད་ཀྱི་གཡས་སུ་བཅིངས་ལ། དེ་ལ་ལག་པ་གཉིས་འཇུས་ཏེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་


TNT11_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲི་ད་ཡ་མེ། ཨ་དྷི་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཅིཏྟཾ་ཤྲཱི་ཡེཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲ་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་བརྗོད་པས་བརྟན་པར་བྱའོ། །བཅུ་གཅིག་པ་ཁྱོར་ཆུ་བླུད་པ་ནི། དྲི་ཞིམ་པོའི་ཆུ་ལ་རྩ་སྔགས་དང༌། ཨོཾ་ཧྲི་བི་ཤུདྡྷ་སརྦ་དྷརྨཿསརྦ་པཱ་པཾ་ནིཥྩ་ཨ་སྱ་བི་ཤུདྡྷེ་ཡ་སརྦ་བི་ཀ་ལྤན་ཨ་པ་ན་ཡ་ཧཱུཾ། ཞེས་གཡས་པའི་ཁྱོར་མོར་ཆུ་ལན་གསུམ་བླུགས་ལ་འཐུང་དུ་གཞུག་གོ ། བཅུ་གཉིས་པ་ཀུ་ཤ་སྦྱིན་པ་ནི། དྷིཿབཟླས་པའི་ཀུ་ཤ་ཆུང་བ་སྔས་སུ་སྦྱིན། ཧཱ་བཟླས་པའི་ཀུ་ཤ་ཆེ་བ་སྟན་དུ་སྦྱིན་ནོ། །བཅུ་གསུམ་པ་ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་བ་སྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་འགའ་ཞིག། འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་


TNT11_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོད་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་འདིར་ནི་དོང་བས་ན། །རང་བྱུང་བསྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་དོ། །དོན་བཅུ་བཞི་པ་རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་ནི། ཁྱེད་རྣམས་སྔར་བྱིན་པའི་ཀུ་ཤ་སྔས་དང་སྟན་གྱིས་ལ། སེངྒེའི་ཉལ་སྟབས་ཞེས་བྱ་བ་གཞོགས་གཡས་པ་ཕོབ་ལ་ཉོལ་ཞིག །སང་ནུབ་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བུ་མཐོང་སྙམ་དུ་ཡིད་ལ་གྱིས་ལ། གཞན་འདོད་ཆགས་ལ་སོགས་པའི་སེམས་མ་སྐྱེད་ཅིག །རྨི་ལམ་ཅི་མཐོང་བ་ཡང་ང་ལ་སྨྲཽས་ཤིག །ཅེས་བསྒོས་སོ་ལ་བཏང་ངོ༌། །ལྔ་པ་དཀྱིལ་འཁོར་འདྲི་ཞིང་རྒྱན་དགྲམ་པ་ལ། ཐོག་མར་ཐིག་ཚོན་བྱིན་རླབས་ནི། དཀྱིལ་འཁོར་གྱི་དབུས་སུ་གདན་གཏིང་བ་ལ་སྣོད་སོ་སོར། དབུས་སུ་རྡུལ་ཚོན་སྔོན་པོ་ལ་ཧཱུཾ། ཤར་དུ་དཀར་པོ་ལ་བྷྲུཾ།


TNT11_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོར་སེར་པོ་ལ་ཨཾ། ནུབ་ཏུ་དམར་པོ་ལ་ཛྲིཾ། བྱང་དུ་ལྗང་ཁུ་ལ་ཁཾ་རྣམས་སློབ་དཔོན་གྱི་རྡོ་རྗེའི་རྩེས་བྲིས། རང་རང་གི་ས་བོན་དང་མཐུན་པའི་ཚོན་སྐུད་ཆུན་པོ་སོ་སོར་བཞག །དེ་རྣམས་ཀྱི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ། གཏོར་མ་དང་བཅས་པ། ཐིག་ཚོན་རྣམས་ཨོཾ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་ལྔའི་སྟེང་དུ། རཾ་ལས་ཉི་མའི་དཀྱིལ་འཁོར་ལྔའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། ཤར་དུ་བྷྲཱུཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་བྷྲཱུཾ་གྱིས་མཚན་པ་ལས། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་གཡས་འཁོར་ལོ་དང་༴ ཡུམ་སངས་རྒྱས་སྤྱན་མ་དཀར་མོ༴ ལྷོར་ཨཾ་ལས་རིན་པོ་ཆེ་སེར་པོ་ཨཾ༴ རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ༴ ཡུམ་རིན་ཆེན་སྒྲོལ་མ་སེར་མོ༴ ནུབ་ཏུ་ཛྲིཾལས་པདྨ་དམར་པོ་ཛྲིཾ༴ འོད་དཔག་མེད་སྐུ་མདོག་དམར་པོ་གཡས་པདྨ༴ ཡུམ་གོས་དཀར་མོ་དམར་མོ༴ བྱང་དུ་ཁཾ་ལས་རལ་གྲི་ལྗང་ཁུ་ཁཾ༴ དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་གཡས་རལ་གྲི༴ ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ༴ ཐམས་ཅད་ཀྱང་རུས་པའི་རྒྱན་གྱིས་བརྒྱན་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་


TNT11_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་སྙིང་ཁའི་ས་བོན་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ། སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། རང་འདྲའི་རིགས་ཀྱིས་བདག་པོས་དབུ་བརྒྱན། དེ་ནས་མཆོད་པ་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ། པཱདྱཾ་དང༌། པུཥྤེ། དྷུ་པེ། ཨཱ་ལོ་ཀེ ། གྷནྡྷེ། ནཻ་ཝི་ཏི། ཤཔྟ་ཨཱཿཧཱུཾ། གིས་མཆོད། ནང་མཆོད་གཏོར་ཞིང༌། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ། ཨོཾ་ཨཱཿཧཱུཾ། རྡོ་རྗེ་དྲིལ་བུ་འཛིན་པས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་པ་ནས། སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད། གཏོར་མ་བསངས་སྤྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་བརྗོད་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱོགས་ལ། ངག་ཏུ། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། རིགས་ལྔ་སོ་སོ་ཞུ་བ་ལས་བྱུང་བའི་ཐིག་ཚོན་དུ་གྱུར། སླར་ཡང་རང་གི་སྙིང་ཁའི་ཧཱུཾ་ལས་འོད་འཕྲོས་པས་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ཚོན་དཔག་ཏུ་མེད་པ་སྤྱན་དྲངས་ནས་དམ་ཚིག་གི་


TNT11_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ཚོན་ལ་ཐིམ་པར་བསམ་ལ། སློབ་དཔོན་གྱི་ལག་པ་གཡོན་པའི་མཐེབ་སྲིན་གྱིས་ཚོན་མཉེ་ཞིང༌། ཡིག་འབྲུ་རྣམས་སུབ། ངག་ཏུ། ཨོཾ་བཛྲ་ཙིཏྟྲ་ས་མ་ཡེ་མ་ཏི་ཀྲ་མ་ཧཱུཾ། དེ་ནས་ཐིག་སྐུད་ཀྱི་སྣེ་མོ་ལས་ཀྱི་རྡོ་རྗེ་ལ་གཏོད་ཅིང༌། ཡེ་ཤེས་ཀྱི་སྲད་བུར་བསམ། ངག་ཏུ་ཛྫཿཛྫཿཛྫཿཞེས་བརྗོད་ཅིང༌། དེ་ནས་སློབ་དཔོན་གྱིས། ཨོཾ་ཕན་ཚུན་རྗེས་སུ་འགྲོ་བ་སྟེ། །ཆོས་ཀུན་ཕན་ཚུན་རྗེས་སུ་འགྲོ། །ཆོས་རྣམས་ཐམས་ཅད་ཤིན་ཏུ་ཡང༌། །ཀུན་ཏུ་འགྲོ་བས་ཆོས་ཀུན་བརྗོད། །ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་སློབ་མས་ཐིག་སྐུད་སོ་སོར་སྒྲིམ། ཡང་སློབ་དཔོན་གྱིས། བརྗོད་སྐབས་སློབ་མས་ཐིག་སྐུད་རྣམས་ཕྱོགས་གཅིག་ཏུ་སྒྲིམ། དེ་ནས་སློབ་དཔོན་གྱི་སྲིན་ལག་གཡས་པས་དྲི་བཟང་བྱུག །ཐིག་སྐུད་རྡོ་རྗེ་ལ་དཀྲི་ཞིང་འཐེབ་སྲིན་གཡོན་པས་བདུད་རྩིར་གཏོར། ཨ་མྲྀ་ཏ་བརྗོད་པས་སྲུང་ངོ༌། །དེ་ནས་སློབ་དཔོན་ནུབ་དང་སློབ་མ་ཤར་དུ་གནས་པས། རང་ཉིད་ཀྱི་ཀྱཻ་རྡོ་རྗེ་དང༌། སློབ་མ་གཽ་རཱིར་གྱུར་ཅེས་བརྗོད། སློབ་དཔོན་གྱི་དྲིལ་བུ་དང་བཅས་པའི་ཁུ་ཚུར་གྱི་ཕྱག་གཡོན་ལྟེ་བའི་ཐད་དུ་བཟུང༌། སློབ་དཔོན་གྱིས་མཐེབ་སྲིན་གཡས་པས་ཐིག་སྐུད་སྟེང་ནས་བཅུས་ཏེ་འོག་ཏུ་ཐིག་ལན་གསུམ་བཏབ་པས། ནམ་མཁའ་གང་བའི་དེ་བཞིན་གཤེགས། །འགྲོ་དོན་མཛད་དུས་འདིར་ལགས་པས། ཁྱེད་རྣམས་འདིར་ནི་གཤེགས་གསོལ་བར། །ཐིག་སྐུད་སྒྲ་ཡི་བསྐུལ་མ་འདེབས། །ཞེས་དང༌། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱིས། །དུས་ཡིད་དེ་ཕྱིར་འདིར་བྱོན་ཅིག །ཅེས་བརྗོད། དཔོན་སློབ་གཉིས་ཀའི་ལུས་ཕབ་སྟེ། ས་ལ་ཡང་དང་པོ་ལན་གསུམ་གདབ། དེ་བཞིན་དུ་


TNT11_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་ཐིག་གཉིས་དང༌། ཟུར་ཐིག་གཉིས་ལའང་ཤེས་པར་བྱའོ། །སློབ་དཔོན་ནུབ་ལ་སློབ་མ་ཤར། །སློབ་དཔོན་ལྷོ་ལ་སློབ་མ་བྱང༌། །སློབ་དཔོན་སྔོན་འགྲོ་ཚངས་ཐིག་གདབ། །སློབ་དཔོན་མེ་མཚམས་སློབ་མ་ནི། །དབང་ལྡན་གནས་པའི་ཤར་ལོགས་དང༌། །སློབ་མས་སློབ་དཔོན་ལ་བསྐོར་ཏེ། །བདེན་བྲལ་གནས་སུ་གནས་བྱས་ནས། །སློབ་དཔོན་གྱིས་ཀྱང་སློབ་མ་ལ། །བསྐོར་ནས་རླུང་དུ་བྱོན་པ་ཡི། །ནུབ་ཀྱི་ལོགས་ཐིག་གདབ་པར་མཛོད། །སློབ་དཔོན་རླུང་ཉིད་དུ་བཞུགས་ནས། །སློབ་མ་དབང་ལྡན་ཕྱིན་པ་ཡིས། །བྱང་གི་ལོགས་ཐིག་གདབ་པ་ཡིན། །སློབ་དཔོན་བསྐོར་ཏེ་མེ་མཚམས་དང༌། །སློབ་མས་བསྐོར་ཏེ་བདེན་བྲལ་དུ། །གནས་པའི་ལྷོ་ཡི་ལོགས་ཐིག་གདབ། །རྡོ་རྗེ་སློབ་དཔོན་དེ་ཉིད་དུ། །བཞུགས་ཤིང་ལས་ཀྱི་རྡོ་རྗེ་ནི། །རླུང་གི་ཕྱོགས་སུ་སོང་བ་ཡིས། །ཟུར་ཐིག་དང་པོ་གདབ་བྱས་ལ། །སློབ་དཔོན་བདེན་བྲལ་དབང་ལྡན་དུ། །སློབ་མ་གནས་པས་དཀྱིལ་འཁོར་གྱི། །ཟུར་ཐིག་གཉིས་པའང་བཏབ་པར་བྱ། །གཡས་བསྐོར་སློབ་དཔོན་དབང་ལྡན་དང༌། །སློབ་མ་མེ་མཚམས་མི་འགྲོ་བའོ། །དེ་ནས་སློབ་དཔོན་གྱིས་རླུང་མཚམས་ནས་ཐིག་སྣ་བསྡུད་པར་བྱའོ། །སློབ་དཔོན་རང་ཉིད་ཀྱིས་རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེའུ་ཆུང་གཉིས་སྦྲེལ། མཛུབ་མོ་གཉིས་རྩེ་སྤྲད་པའི་ཕྱག་རྒྱ་སྤྱི་བོར་ཟློག་ཅིང༌། ངག་ཏུ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧོཿ ཞེས་བརྗོད། སེམས་ཀྱིས་ཡེ་ཤེས་ཀྱི་ཐིག་རྣམས་ནམ་མཁར་བཏེགས་ཏེ། སྟ་གོན་གྱི་ལྷའི་ཐུགས་གར་ཐིམ་པར་བསམ། དེ་ནས་དབུས་སུ་ཕྱིན་ཏེ་ཞལ་ཤར་ལ་ཕྱོགས་པས། རང་


TNT11_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པའི་སྐུ་ཅན་དུ་གྱུར། ཞེས་བརྗོད། གཡོན་སྔོན་འགྲོའི་བཅའ་བཞི་དང༌། ལག་པ་རྡོ་རྗེ་ཁུ་ཚུར་དཀུ་བསྟེན་ནོ། །རང་གི་མིག་གཡས་པ་མ་ལས་ཉི་མ་དང༌། གཡོན་པ་ཊ་ལས་ཟླ་བ། མིག་འབྲས་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེ་མེ་འབར་བར་བསམ་ལ། ཤར་སྒོ་ནས་རིམ་པ་བཞིན་གཡས་སྐོར་གྱིས་ནུབ་སྒོའི་བར་དང༌། ཡང་ནུབ་སྒོ་ནས་རིམ་པ་བཞིན་གཡོན་བསྐོར་གྱིས་ཤར་སྒོའི་བར་དུ་བལྟ་ཞིང་སྒོའི་ཕྱོགས་རེ་རེ་ལ་ཡང༌། ཧིཿཧིཿཞེས་བརྗོད། དེ་ནས་དྲི་བཟང་གི་ཆུས་སྒོའི་རྩ་ཐིག་རྣམས་ཕྱི་ཞིང༌། ངག་ཏུ། ཐར་པའི་སྒོར་འཇུག་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསལ་བར་བགྱིའོ། །ཞེས་བརྗོད། དེ་ནས་སློབ་དཔོན་གྱིས་དབང་ལྡན་ནས་གཡས་སྐོར་གྱིས་རྡོ་རྗེ་ཁུ་ཚུར་གྱིས་ཆ་ཆེན་གཅིག་གི་བར་དུ་ནང་ནས་རིམ་པ་བཞིན་དུ། ནག་པོ་ལྗང་ཁུ་དམར་པོ་སེར་པོ་དཀར་པོ་རྣམས་བྲི་ཞིང༌། ངག་ཏུ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་དགྲོལ་བར་བྱེད། །ཀྱཻ་རྡོ་རྗེ་རྒྱལ་ཆེན་གྱི། །དཀྱིལ་འཁོར་མཉམ་པོ་བྲི་བར་བྱ། །ཨོཾ་བཛྲ་ཙིཏྟ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད། ཕྱི་ནང་གིས་མཆོད་བསྟོད་པས་བསྟོད། ཏིང་ཕོར་ལ་སོགས་པས་བཅད་སྟེང་དུ་རྡོ་རྗེ་བཞག །རཀྵའི་སྔགས་ཀྱིས་བསྲུངས། ཕུར་ཁུང་འགེང་བ་ནི། རིམ་པས་ལྗང་ཁུ་དམར་པོ་དཀར་པོ་སེར་པོ་སྔོན་པོས་དགང་ཞིང༌། སྙིང་པོ་བརྗོད། དེ་ནས་སློབ་མ་རྣམས་ཀྱི་བྲི་བར་


TNT11_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། མཚན་མ་བྲི་བའི་ཚེ་རང་རང་གིས་སྔགས་དང་རྩིག་པ་འདྲི་དུས་སུ་རྩ་སྔགས་བརྗོད། དབང་ལྡན་གྱི་རྩིག་པ་སྦྲེལ་བའི་ཚེ་རོལ་མོའི་སྒྲ་བྱའོ། །དཀྱིལ་འཁོར་ཡོངས་རྫོགས་བྲིས་ཚར་བ་དང༌། སློབ་དཔོན་གྱིས་རྣམ་རྒྱལ་བུམ་པ་རྡོ་རྗེ་དང་བཅས་པ་ལ་ལག་པས་བཟུང༌། གཡོན་དྲིལ་བུ་སིལ། མཆོད་གཡོག་པས་ལས་བུམ་བཟུང་ཞིང༌། སློབ་དཔོན་གྱིས་སྔོན་ལ་སྤོས་སྣ་དང་བཅས་པས། ངག་ཏུ་ཡིག་བརྒྱ་བརྗོད་ཅིང༌། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ། དེའི་རིང་ལ་སྒྲུབ་གྲོགས་པ་རྣམས་ཀྱིས་རོལ་ཆེན་བྱེད། དེ་ནས་སློབ་དཔོན་གྱིས་རྣམ་རྒྱལ་བུམ་པ་གཙོ་བོ་ལ་སོགས་པའི་ལྷ་སོ་སོའི་མདུན་ཕྱོགས་སུ་བཟུང་ཞིང༌། གཙོ་བོ་ལ་སྙིང་པོ་དང་གཞན་རྣམས་ལ་རང་རང་གི་སྔགས་ལན་གསུམ་གསུམ་བརྗོད་པའི་མཐར། བདག་དང་སེམས་ཅན་ཐམས་ཅད་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་བརྗོད་ཅིང༌། བུམ་པ་ལྷ་ལ་འབུལ་བའི་སྟངས་ཀ་ཙམ་བྱས་ནས་རང་གི་མགོར་བོར་བཞག །དེ་ནས་རྡུལ་ཚོན་ལྷག་མ་རྣམས་སྔར་ལྟར་ཕྱི་ནང་གི་མཆོད། དེ་ཉིད་ལྔ་པས་བསྟོད་ལ། བཛྲ་མུཿ ཞེས་བརྗོད། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ཕྱིར་བཀྲོལ་བས། ཡེ་ཤེས་པ་སྟ་གོན་གྱི་ཐུགས་ཀ་དང༌། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །དྲུག་པ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ནི། སྔོན་འགྲོ་གཏོར་མ་ནས་བཟུང༌། བདག་བསྐྱེད་རྫོགས་ཀྱི་བར་ལྷ་སྟ་གོན་བཞིན་ལས་ཉེར་བསྡུའི་སྐབས་འོད་གསལ་དུ་ཞུགས། སླར་ཡང་བདག་ཉིད་ཀྱཻ་རྡོ་རྗེ་གཞལ་ཡས་ཁང་སྲུང་འཁོར་དུར་ཁྲོད་དང་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར། ཅེས་བརྗོད་པ་ནི་ཁྱད་


TNT11_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པར་རོ། །དེ་ནས་བྲིས་པའི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། ཞེས་སོགས་ཐུན་མོང་བའི་བསྲུང་འཁོར་བསྐྱེད་པ་དང༌། ཐགས་བཟང་རིས་དུད་ཁ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་ཞེས་པའི་བར་གཞལ་ཡས་ཁང་གདན་བཅས་སྟ་གོན་གྱི་སྐབས་ལྟར་བྱས་ལ། དེ་ནས། བདག་གིས་སྒོམ་པའི་བསྲུང་བའི་འཁོར་ལོ་དང་མདུན་བསྐྱེད་ཀྱི་བསྲུང་བའི་འཁོར་ལོ་གཉིས་སུ་མེད་པར་གྱུར། བདག་གིས་སྒོམ་པའི་དུར་འཁྲོད་བརྒྱད་དང༌། མདུན་བསྐྱེད་ཀྱི་དུར་ཁྲོད་བརྒྱད་གཉིས་སུ་མེད་པར་གྱུར། བདག་གིས་སྒོམ་པའི་གཞལ་ཡས་ཁང་གདན་དང་བཅས་པ་དང་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་གདན་དང་བཅས་པ་གཉིས་སུ་མེད་པར་གྱུར། རང་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་མཁའ་མི་དམིགས་ཏེ་ཞེས་སོགས་སྒྲུབ་ཐབས་བཞིན། ཡུམ་གྱི་པདྨར་བབས་པས་ཐིག་ལེ་ཆ་གཉིས་སུ་གྱུར། ཆ་གཅིག་རྡོ་རྗེའི་ས་གཞི་རྭ་བ་དྲ་བ་གུར་བླ་རེ། ཡེ་ཤེས་ཀྱི་མེ་འབར་བའི་བསྲུང་བའི་འཁོར་ལོར་གྱུར་པའི་ནང་དུ། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་པ་གསུམ་ནས། དེའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་བྷྲུཾ་གྱིས་མཚན་པ། དེ་རྣམས་རོ་གཅིག་ཏུ་འདྲེས་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ནས། གདན་དང་བཅས་པར་གྱུར།


TNT11_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་བར་བརྗོད་དོ། །ཆ་གཅིག་ཆ་དགུར་གྱུར་པ་གདན་སོ་སོའི་སྟེང་དུ་འཁོད་པ་ནི། དབུས་ཀྱི་ཐིག་ལེ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་ཞེས་པ་ནས། མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་དང༌། ཤར་གྱི་ཐིག་ལེ་གཽ་རཱི་ནག་མོ་གཡས་གྲི་གུག་སོགས་དང༌། ལྷོའི་ཐིག་ལེ་ཙཽ་རཱི༴ ནུབ་ཀྱི་ཐིག་ལེ་བཻ་ཏ་ལཱི༴ བྱང་གི་ཐིག་ལེ་གྷསྨ་རཱི༴ བྱང་ཤར་གྱི་ཐིག་ལེ་པུཀྐ་སཱི༴ ཤར་ལྷོའི་ཐིག་ལེ་ཤཱ་བཱ་རཱི༴ ལྷོ་ནུབ་ཀྱི་ཐིག་ལེ་གདོལ་པ་མོ༴ ནུབ་བྱང་གི་ཐིག་ལེ་གཡུང་མོ་ཁ་དོག་སྣ་ཚོགས་ཞེས་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཞེས་པའི་བར་གྱིས་གསལ་བཏབ། མཁའ་ནང་གི་གཙོ་བོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་ཕུང་པོ་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས་དབུས་ཀྱི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ནི། བདུད་བཞིའི་སྟེང་དུ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་སྐུ་མདོག་ཞེས་པ་ནས། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་བརྗོད། མཁའ་ནང་གི་གཽ་རཱི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་ཕུང་པོ་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། ཚུར་འདུས་ཤར་གྱི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ནི་ཚངས་པའི་གདན་ལ། གཽ་རཱི་ནག་མོ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་


TNT11_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། མཁའ་ནང་གི་ཙཽ་རཱི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ཚོར་བའི་ཕུང་པོ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས་ལྷོའི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ནི། དབང་པོའི་གདན་ལ་ཙཽ་རཱི་དམར་མོ། ཞེས་སོགས་ཞལ་ཕྱག་ཀུན་ལ་གསལ་བཏབ། མཁའ་ནང་གི་བཻ་ཏ་ལཱི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་འདུ་ཤེས་ཀྱི་ཕུང་པོ་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད། ཚུར་འདུས་ནུབ་ཀྱི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ནི་ཉེ་དབང་གི་གདན་ལ་བཻ་ཏ་ལཱི་སེར་མོ་སོགས་དང༌། མཁའ་ནང་གི་གྷསྨ་རི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་འདུ་བྱེད་ཀྱི་ཕུང་པོ་སྦྱངས། བྱ་བ་གྲུབ་པའི་ཡེ་ཤེས་ལ་བཀོད། ཚུར་འདུས་བྱང་གི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ནི། དྲག་པོའི་གདན་ལ་གྷསྨ་རཱི་ལྗང་གུ་སོགས་དང༌། མཁའ་ནང་གི་པུཀྐ་སཱི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སའི་ཁམས་སྦྱངས། བྱམས་པ་ཚད་མེད་པ་ལ་བཀོད། ཚུར་འདུས་བྱང་ཤར་གྱི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ནི་གཤིན་རྗེའི་གདན་ལ་པུཀྐ་སཱི་སྔོན་མོ་ཞེས་སོགས་དང༌། མཁའ་ནང་གི་ཤཱ་ཝ་རཱི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ཆུའི་ཁམས་སྦྱངས། སྙིང་རྗེ་ཚད་མེད་པ་ལ་བཀོད། ཚུར་འདུས་ཤར་ལྷོའི་མཚན་མ་དང་རོ་གཅིག་ཏུ་


TNT11_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་ནི། ནོར་བདག་གི་གདན་ལ། ཤཱ་ཝ་རཱི་དཀར་མོ་ཞེས་སོགས་དང༌། མཁའ་ནང་གི་གདོལ་པ་མོ་དཔག་ཏུ་མེད་སྤྲོས། སེམས་ཅན་ཐམས་ཅད་ཀྱི་མེའི་ཁམས་སྦྱངས། དགའ་བ་ཚད་མེད་པ་ལ་བཀོད། ཚུར་འདུས་ལྷོ་ནུབ་ཀྱི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ནི། སྲིན་པོའི་གདན་ལ་གདོལ་པ་མོ་སྔོན་མོ་ཞེས་སོགས་དང༌། མཁའ་ནང་གི་གཡུང་མོ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་རླུང་གི་ཁམས་སྦྱངས། བཏང་སྙོམས་ཚད་མེད་པ་ལ་བཀོད། ཚུར་འདུས་ནུབ་བྱང་གི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ནི། ཐགས་བཟང་རིས་ཀྱི་གདན་ལ་གཡུང་མོ་ཁ་དོག་སྣ་ཚོགས་པ་ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་དང༌། མཁའ་ནང་གི་གཞལ་ཡས་ཁང་དཔག་ཏུ་མེད་པ་སྤྲོས། སྣོད་ཀྱི་འཇིག་རྟེན་གྱི་དྲི་མ་སྦྱངས། དག་པའི་འཇིག་རྟེན་གྱི་ཁམས་ལ་བཀོད། ཚུར་འདུས་གཞལ་ཡས་ཁང་ལ་ཐིམ། མཁའ་ནང་གི་དུར་ཁྲོད་བརྒྱད་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་དང་རྣམ་ཤེས་ཚོགས་བརྒྱད་སྦྱངས། འཁོར་འདས་རོ་མཉམ་གྱི་ཡེ་ཤེས་ལ་བཀོད། ཚུར་འདུས་དུར་ཁྲོད་བརྒྱད་ལ་ཐིམ། མཁའ་ནང་གི་བསྲུང་བའི་འཁོར་ལོ་དཔག་ཏུ་མེད་པ་སྤྲོས། བགེགས་དང་ལོག་འདྲེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། སྐུ་གསུང་


TNT11_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། ཚུར་འདུས་བསྲུང་བའི་འཁོར་ལོ་ལ་ཐིམ། ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ་ནས། ཐུགས་ཀར་ཐུགས་རྡོ་རྗེ་མ་ཞེས་པའི་བར་བརྗོད་ལ། དངོས་གཞི་དང་པོའི་ཚེ་ལག་པས་རྡོ་རྗེ་གསོར་ཞིང་ངག་ཏུ་ཨཥྟ་བཟླ སྟ་གོན་གྱི་ལྷ་ནམ་མཁར་བཞུགས་པ་ལ། ཨོཾ་བྷ་ག་ཝན། ཞེས་སོགས་ལན་གཅིག ཨོཾ་ནི་རི་ཞེས་སོགས་ཆུ་བཞི་ཕུལ། ཨོཾ་བྷ་ག་ཝན་སོགས། གཽ་རཱི་ལ་སོགས་པའི་སྔགས་རྒྱས་དགུག་གཞུག་བྱ། དེ་ནས། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་ནས་ཡེ་ཤེས་དགུག་གཞུག་དང་དབང་བསྐུར་རྒྱས་གདབ་རྣམས་ལྟ་སྟ་གོན་བཞིན་བྱ། དེ་ནས་ཧཱུཾ་ཤྲཱི་ཧེ་བཛྲ་ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ༴ སོགས་ཡིག་བརྒྱ་ཅི་རིགས་བཟླ། དེ་བཞིན་དུ། ནཾ་ནཻ་རཱཏྨ་ཨོཾ་ཤྲཱི། ཞེས་སོགས་དང༌། གཾ་གཽ་རཱི་ཨོཾ་ཤྲཱི་བཛྲ༴ ཞེས་སོགས་ནས། ཌཾ་ཌོམྦྷི་ནཱི་ཨོཾ་ཤཱི་བཛྲ་ཧེ་རུ་ཀ༴ ཞེས་སོགས་བཟླ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། ཞེས་པའི་མཐར། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་བྱོན་ཏེ། ཤར་ཕྱོགས་ཀྱི་སྒོ་ཁང་དུ་འཁོད་པར་གྱུར། ཞེས་བརྗོད། དེ་ནས་མཆོད་པ་བྱིན་རླབས་ནས་བརྩམས་ཏེ། ཆུ་བཞི་ཉེར་སྤྱོད་གོས་ཟུང་ནང་མཆོད། ཡིད་བྱུང་བསྟོད་པ་


TNT11_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྟ་གོན་གྱི་སྐབས་སུ་བཤད་པ་བཞིན་བྱས་ལ། རང་གི་ལྕེ་ལ་བདུད་རྩི་མྱངས་ཏེ། ཨོཾ་ཨཱཿཧཱུཾ། དེ་ནས་སྒྲུབ་གྲོགས་གཅིག །ཨཥྟ༴ བཟླ་ཞིང་དཀྱིལ་འཁོར་བསྲུང་དུ་བཅུག །རང་ཉིད་གྲོགས་དང་བཅས་པ་སྒྲུབ་ཁང་གི་ཕྱིའམ། དཀྱིལ་འཁོར་དང་ཡོལ་བས་བར་དུ་ཆོད་པའི་སར་ཕྱིན་ལ། ཇི་ལྟར་འོས་པའི་སྟེགས་ལ་གཏོར་མ་གཅིག་དང༌། དེའི་གཡས་སུ་ཆུ་བཞི་དང༌། གཡོན་དུ་ཉེར་སྤྱོད་ལྔ་མདུན་ནས་རྒྱབ་ཏུ་སྦྲེང་ཚར་དང༌། མདུན་དུ་ནང་མཆོད་ཀྱང་བཤམས། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། གཏོར་མའི་སྟེང་གི་ནམ་མཁར་ཨ་ལས་བྱུང་བའི༴ ཞེས་པ་ནས། ཡིད་ལ་འདོད་པ་ཀུན་གྲུབ་ཤོག་གི་བར་སྟ་གོན་གྱི་གཏོར་ཆོག་བཞིན་བྱས་ལ། ཕྱོགས་སྐྱོང་བ་ཁྱེད་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་བསྲུང་བ་དང༌། དེང་ནས་ཀྱང་བྱང་ཆུབ་མ་ཐོབ་བར་དུ་བསྲུང་བ་དང༌། སྡོང་གྲོགས་མཛོད། རྡོ་རྗེའི་གླུ་བླངས། ཕུན་སུམ་ཚོགས་པ༴སོགས་དང༌། རིགས་སུ་སྐྱེ་དང༴ སོགས་ཀྱི་སྨོན་ལམ་བཏབ། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱ་སརྦ་པཱ་པཾ་ནི་ཙ་ཨ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀ་ལྤཱན་ཨ་པ་ན་ཡ་ཧཱུཾ། གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ། ཞེས་བརྗོད། དེའི་ཚེ་སློབ་མས་མཆོད་ཡོན་གྱི་ཆུས་གཏོར་སྣོད་ལ་བསྐོར་ཏེ་ལྷག་མ་གཏོར་མ་འགྲོ་ཕྱོགས་སུ་སྦྲེངས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ།


TNT11_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནུ་པ་ལ་ཡ་བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲི་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡེ། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿམུཿ ཞེས་ཡི་གེ་བརྒྱ་པ་བཅོ་ལྔ་པ་དང༌། ཨཥྟ། བཟླ་ཞིང༌། གཏོར་མ་རོལ་མོ་དང་བཅས་པས་ས་གཙང་སར་སྐྱལ་ཏེ། རོལ་མོ་རྒྱུན་ཆགས་དང་བཅས་པས་སློབ་དཔོན་གྱིས་རྟིང་མནན་ནས་ནང་དུ་ལོག་སྟེ། ཡི་གེ་བརྒྱ་པ་བཟླ་ཞིང༌། ཤོང་ན་དངོས་སུ་དཀྱིལ་འཁོར་ལ་བསྐོར་བ་གསུམ་མམ་བདུན་ལ་སོགས་པ་བྱ། མི་ཤོང་ན་འདོད་སྣམ་གྱི་སྟེང་ནས་བྱས་པར་བསམ་ལ། དེ་ནས་རྡོ་རྗེ་ཐལ་མོ་སྦྱར་ཏེ། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། ཏིང་ངེ་འཛིན་མི་གསལ་བ་དང༌། }གས་མ་དག་པ་དང༌། བྱིང་བ་དང་རྒོད་པའི་དབང་དུ་གྱུར་པ་དང༌། ཆོ་ག་ལྷག་པ་དང་ཆད་པར་གྱུར་པ་དང༌། མཆོད་པའི་ཡོ་བྱད་མ་འབྱོར་བ་དང་ཉམས་པ་ལ་སོགས་པ་དཀྱིལ་འཁོར་བསྒྲུབ་པ་ལ་སྐྱོན་དུ་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་བཟོད་པར་མཛད་དེ། ལྷག་ཆད་ཁ་སྐོང་བར་མཛད་དུ་གསོལ། སྒྲུབ་མཆོད་ཞག་སྦྲེལ་བྱེད་ན་དངོས་གཞི་ཉི་མ་དང་པོ་ལ། བུམ་པ་སྒྲུབ་མི་དགོས་ཕྱི་མ་རྣམས་ལ་སྐབས་འདིར་བུམ་སྐྱེད་སྔར་ལྟར་བྱའོ། །བདུན་པ་དབང་གི་ཆོ་ག་ལ། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་


TNT11_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་གཉིས་ལས། དང་པོ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས༴ སོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པའི་བར་བརྗོད། ལས་བུམ་གྱི་ཆུས་ཁ་བཤལ། དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། བདག་མེད་མ་ཡིས་མགྲྀན་འཁྱུད་པའི༴ ཞེས་སོགས། ལན་གསུམ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་གྱིས་ནི་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པས། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་བཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་


TNT11_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། ཁྱེད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་ལ་ལོག་པར་མི་སྤྱད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་སྤང་མི་བྱ། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། ཁྱེད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་གཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་ཡང་དག་བཤད། །ཅེས་དམ་ཚིག་བསྒྲགས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༴ ཞེས་སོགས་རྒྱུན་བཤགས་ལན་གསུམ་དང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༴ ཞེས་སོགས་རིགས་ལྔའི་སྡོམ་གཟུང་ལན་


TNT11_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱས་ལ། ཨཱ་ཁཾ་བཱི་ར་ཧཱུཾ། ལན་གསུམ། མིག་དར་དང་མེ་ཏོག་བཟུང༌། ཨ་མྲྀ་ཏ་བཟླ་ཞིང་ལས་བུམ་གྱི་ཆུ་གཏོར། བུ་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དང༌། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེ་ཡིས་བུ་ལ་ཅི་ཞིག་བྱ། ཞེས་དང༌། སངས་རྒྱས་མཆོག་གི་དམ་ཚིག་གོ །རང་གི་སྙིང་ཁར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡ་མི། རྡོ་རྗེ་སྙིང་ཁར་གཏུགས་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་ཞུགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཧཱུཾ་ཛཿཧཱུཾ། ཞེས་ནང་དུ་ཞུགས་པར་མོས། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་གྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས་ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་དང༌། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་དང༌།


TNT11_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །ཞེས་དང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། ཨོཾ་པཉྩ་ཨ་མྲྀ་ཏ་ཨུད་ཏ་ཀ་ཋཿཋཿཋཿ ཞེས་ནང་མཆོད་དམ་བུམ་ཆུ་མྱང་བ་དང༌། དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ངས་འདི་བྱོས་ཤིག་ཅེས་བྱ་བ་སྟེ་ཁྱོད་ཀྱི་བྱ་དགོས་སོ། །ང་ལ་ཡང་བརྙས་པར་མ་བྱེད་ཅིག་བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏ་རེ། ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་མཎྜལ་དབུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། རང་གི་རྐང་པ་གཉིས་ཀྱི་འོག་ཏུ་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་བ་དན་གྱིས་མཚན་པ། རྐང་མཐིལ་གཉིས་སུ་ཡི་གེ་ཛྷཻཾ་ལྗང་ཁུ་རེ་རེ། སྙིང་ཁར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་ལྟེ་བ་ལ་ཧཱུཾ། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཨཱཿ སྤྱི་བོར་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བ་འཁྲིགས་པ་ལྟ་བུའི་དབུས་སུ་ཧ། རྐང་པའི་འོག་ཏུ་རླུང་གཡོས་པས་རྐང་མཐིལ་གི་ཛྷཻེཾ་མེར་འབར་ཏེ། ལོང་བུའི་རྩ་ནང་ནས་ཞུགས། བརླའི་རྩའོ་ཆེའི་ནང་ན་ཡར་ཞུགས་ནས་


TNT11_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་མདོའི་མེ་དང་འདྲེས་ནས་ཆེར་འབར་བ། དེའི་སྟོབས་ཀྱིས་སྙིང་ཁའི་ས་བསྲོས། མགྲིན་པའི་ཆུ་སྐོལ། རྐང་འོག་གི་རླུང་གིས་གྱེན་ལ་བཏེག །སྤྱི་བོའི་རླུང་གིས་ཐུར་ལ་མནན། དེའི་དུས་སུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ཏེ། ཁ་བ་ཆེན་པོ་བབ་པ་བཞིན་དུ་བ་སྤུའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ་པར་གྱུར། ཧཱུཾ་ཨཱ་ཧ་ཛྷཻཾ་ཨ་བེ་ཤཱ་ཡ། སྟཱཾ་བྷ་ཡ། སྟཾ་བྷ་ཡ། ར་ར་ར་ར། །ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུཾ་ཨཱ་ཧཱ་ཛྷེཾེཾེཾ། ཞེས་ལན་མང་དུ་བརྗོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞགཏིཥྛ་བཛྲ། ཞེས་བརྗོད། དེ་བཞིན་གཤེགས་པ་ཀུན་ཀྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་གྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་ལན་གསུམ་གྱི་གསོལ་བ་བཏབ་བོ། །ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་བདག་ལ་གསོལ། །འདོད་ཆགས་རྡོ་རྗེ་བདག་ལ་སྐྱོབས། །ཡིད་དང་ཕྲག་དོག་ཆེན་པོ་ཀུན། །རྡོ་རྗེ་ཀུན་ཀྱི་དམ་ཚིག་མཆོག །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ། །རྡོ་རྗེ་ཅན་ཀུན་བདག་དགྱེས་མཛོད། །ཅེས་བསྟོད། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཨོཾ་པྲ་ཏཱིཙྪ་གྲྀཧྣ་སྟཱཾ། ཨི་མཾ་སཏྭ་མཧཱ་བ་ལ། རྡོ་རྗེ་སེམས་དཔའ་དེང་


TNT11_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ། མིག་དར་དབྱེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། ཁྱེད་ཀྱང་སངས་རྒྱས་རིགས་སུ་སྐྱེས། །དམ་ཚིག་ཐམས་ཅད་སྐྱོང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་ལ་ལྷུང་གྱུར་བ། །དེ་ནི་ཁྱོད་ཀྱི་ཧེ་རུ་ཀ ། ཞེས་བརྗོད། ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དེ་རིང་བདག་གིས་མཐོང༌། །ཨོཾ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོ། རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ༴ སོགས་ལན་གསུམ་བརྗོད། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་སྐུར་གྱུར། སྟེང་དུ་བླ་བྲེ་གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་བསྐོར་ཀུན་དུ་དུང་དང༌། རྔ་བོ་ཆེ་དང༌། འཕན་དང་མེ་ཏོག་གི་འཕྲེང་བ་ལ་སོགས་པ་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར། ཨོཾ་ནི་རི༴ སོགས་ནས། ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། ཞེས་ཆུ་བཞིས་སྦྱངས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ། བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ།


TNT11_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཏིལ་དང༌། ཨོཾ་ཧཱུཾ་ཌ་ཌི་ཏ་ཕཊ། ཅེས་ཆུས་སྦྱངས། བདག་གི་བྱུར་དང་སྐལ་པ་ངན་པ་དང༌། བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་གྱུར་ཅིག ཨོཾ་ཕུན་སུམ་ཚོགས་པ་མངའ་བ༴ སོགས་བརྗོད་ཅིང༌། བདག་ཅག་འཁོར་དང་བཅས་པ་རྣམས་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཨོཾ་སྭ་བྷཱ་ཝཱ༴ སོགས་དང༌། བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་གཉིས་ཀ་མི་དམིགས་ཏེ་སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། གཉིས་ཀ་མི་བསྐྱོད་པ་ཀྱཻ་རྡོ་རྗེ་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ་ཕྱག་གཡས་བརྒྱད་རྡོ་རྗེ་དང༌། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་གཏི་མུག་རྡོ་རྗེ་མ་(《ཛཾ》+རྣ་བར་ཞེ་སྡང་རྡོ་རྗེ་མ། སྣར་སེར་སྣ་རྡོ་རྗེ་མ། ཁར་འདོད་ཆགས་རྡོ་རྗེ་མ། དཔྲལ་བར་ཕྲག་དོག་རྡོ་རྗེ་མ། ལྟེ་བའམ་སྙིང་ཁར་བདག་མེད་རྡོ་རྗེ་མ། སྤྱི་བོར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ།)ཐུགས་ཀར་ཐུགས་རྡོ་རྗེ་མ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ། ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ


TNT11_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

(《ཛཾ》+ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤཱ་ཡ་ཧཱུཾ། ཨོཾ་བཛྲ་བཻ་ཏ་ལཱི་བནྡྷ་བཾ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ)སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། དབང་རྫས་ལ་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྣམ་རྒྱལ་བུམ་པའི་ཆུར་གྱུར། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། ཁྱོད་ཀྱིས་འདི་ལ་དབང་བསྐུར་སྩོལ།སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། ཁམས་གསུམ་ཀུན་ཀྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་མཆོད་པ་ལྔས་མཆོད། དེ་ལྟར་ན་ཆུའི་དབང་ཐོབ། ཞེ་སྡང་དག་རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་སྐྱོད་པའི་གོ་འཕང་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཨོཾ་སྭ་བྷཱ་ཝ༴ སོགས་དང༌།


TNT11_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་དབང་རྫས་དབུ་རྒྱན་གཉིས་ཀ་མི་དམིགས་ཏེ་སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཨཾ་ལས་རིན་པོ་ཆེ་སེར་པོ་ཨཾ་གིས་མཚན་པ་དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། གཉིས་ཀ་རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་སྐུ་མདོག་སེར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ་ཕྱག་གཡས་བརྒྱད་རིན་པོ་ཆེ། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི༴ ནས། མིག་སོགས་བྱིན་གྱིས་རླབས་པ་དང༌། ཡེ་ཤེས་པ་གཞུག་པ་དང༌། དབང་གི་ལྷ་སྤྱན་དྲངས་ནས་གསོལ་བ་གདབ་པ་སྔར་ལྟར་བྱ་བ་ལས། དབང་རྫས་ལ་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམ་པར་ཞུགས༴ ཞུ་བ་ལས་བྱུང་བའི་དབང་རྫས་རིན་པོ་ཆེའི་དབུ་རྒྱན་དུ་གྱུར༴ དེ་ནས་སྔར་ལྟར་དབང་གི་ལྷ་ལ་གསོལ་བ་གདབ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༴ ནས། རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི་བཛྲ་རཱ་ག་ཏ་བཛྲ་ཤཱ་ལེ་ཧོ། ཡང་ཆུ་དབང་བསྐུར། ཨོཾ་བཛྲི་བྷ་ཝ༴ སོགས། ཞེས་གསུང་ཞིང་༴ ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དེ་ནས་མཆོད་པ་ལྔས་མཆོད། དེ་ལྟར་ན་ཅོད་པན་གྱི་དབང་


TNT11_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་གོང་འཕང་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སྭ་བྷ་ཝ༴ སོགས་དང༌། བདག་དང་དབང་རྫས་རྡོ་རྗེ་གཉིས་ཀ་མི་དམིགས་ཏེ༴ ཛྲིཾ་ལས་པདྨ་དམར་པོ་ཛྲིཾ་གིས་མཚན་པ་ལས༴ འོད་དཔག་མེད་ཀྱཻ་རྡོ་རྗེ་སྐུ་མདོག་དམར་པོ་ཞལ་བརྒྱད༴ ཕྱག་གཡས་བརྒྱད་པདྨ༴ ཡུམ་གོས་དཀར་མོ་དམར་མོ། དབང་རྫས་ལ་དབང་བསྐུར༴ འོད་དཔག་མེད་ཀྱིས་དབུ་བརྒྱན། དབང་རྫས་ཀྱི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པ་ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། སངས་རྒྱས་ཀུན་ཀྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་སྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱི་ལོང་ཞེས་དང༌། ཨོཾ་བཛྲི་བྷ་ཝ༴ ནས། འོད་དཔག་མེད་ཀྱིས་དབུ་བརྒྱན། དེ་ལྟར་ན་རྡོ་རྗེའི་དབང༌། འདོད་ཆགས་དང་འདུ་ཤེས་ཀྱི་(《ཛཾ》+ཕུང་པོ་གནས་གྱུར་)སོ་སོར་རྟོག་པའི་ཡེ་ཤེས་(《ཛཾ》+མངོན་དུ་བྱས་)འོད་དཔག་མེད་ཀྱི་(《ཛཾ》+གོ་འཕང་མངོན་དུ་གྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །)སྭ་བྷཱ་ཝ༴ སོགས། བདག་དང་དབང་རྫས་དྲིལ་བུ་གཉིས་ཀ༴ ཁཾ་ལས་རལ་གྲི་ལྗང་ཁུ་ཁཾ་གིས་མཚན་པ། དོན་ཡོད་གྲུབ་པ༴ ཀྱཻ་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་བརྒྱད༴ གཡས་བརྒྱད་རལ་གྲི༴ གཡོན་བརྒྱད་དེ་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་


TNT11_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་སྒྲོལ་མ་ལྗང་ཁུ༴ དབང་རྫས་ལ་དབང་བསྐུར༴ དོན་ཡོད་གྲུབ་པས་དབུ་བརྒྱན། དབང་རྫས་ཀྱི་དོན་ཡོད་གྲུབ་པ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། ཨོཾ་བཛྲ་ཨ་དྷི་པ་དྷི་སྟྭཾ། ཨ་བྷི་ཥིཉྩ་མཾ། ཏིཥྛི་བཛྲ་ས་མ་ཡ། ཞེས་དང༌། ཨོཾ་བཛྲི་བྷ་ཝ༴ དོན་ཡོད་གྲུབ་པས་དབུ་བརྒྱན། དེ་ལྟར་ན༴ དྲིལ་བུའི༴ ཕྲག་དོག༴ འདུ་བྱེད་ཀྱི༴ བྱ་བ་གྲུབ་པའི་ཡེ་ཤེས༴ དོན་ཡོད་གྲུབ་པའི༴ སྭ་བྷཱ་ཝ། སོགས། བདག་ཉིད་མི་དམིགས་ཏེ༴ ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་འཁོར་ལོ་དཀར་པོ་བྷྲུཾ་གྱིས་མཚན་པ༴ བདག་ཉིད་རྣམ་པར་སྣང་མཛད་ཀྱཻ་རྡོ་རྗེ་སྐུ་མདོག་དཀར་པོ༴ ཕྱག་གཡས་བརྒྱད་འཁོར་ལོ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ༴ སླར་ཡང་ཐུགས་ཁའི་ས་བོན་ལས། འོད་ཟེར་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་(《ཛཾ》+ཨོཾ་བཛྲ་ས་མཱ་ཛཿ)བཅོམ་ལྡན་དེ་བཞིན་གཤེགས་པ༴ སོགས་ཀྱིས་གསོལ་བ་གདབ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱཻ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་དང༌། ཨོཾ་བཛྲི་བྷ་ཝ་ནས། རྣམ་པར་


TNT11_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་ཀྱི་དབུ་བརྒྱན། དེ་ལྟར་ན་མིང་གི་དབང་༴ གཏི་མུག་དང་གཟུགས་ཀྱི་(《ཛཾ》+ཕུང་པོ་གནས་གྱུར།) ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་(《ཛཾ》+མངོན་དུ་བྱས།) རྣམ་པར་སྣང་མཛད་ཀྱི་(《ཛཾ》+གོ་འཕང་མངོན་དུ་འགྱུར་བའི་སྐལ་བ་ཅན་ཏུ་བྱས་པ་ཡིན་ནོ། །)དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོག་མེད་དག །སངས་རྒྱས་ཡེ་ཤེས་ལྟ་བར་བྱ། །སྭ་བྷཱ་ཝ་སོགས། བདག་ཉིད་མི་དམིགས་ཏེ།(《ཛཾ》+སྟོང་པའི་ངང་ལས་པཾ་ལས་པདྨ་དང༌།)ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོའི་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ།(《ཛཾ》+དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། བདག་ཉིད)རྡོ་རྗེ་སེམས་དཔའ་ཀྱཻ་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་བརྒྱད། ཞེས་སོགས་ཕྱག་མཚན་མི་བསྐྱོད་པ་བཞིན། (《ཛཾ》+ཕྱག་བཅུ་དྲུག་པ་ཞབས་བཞི་པ། ཕྱག་གཡས་བརྒྱད་རྡོ་རྗེ་དང༌། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ།)ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་སོགས།(《ཛཾ》+གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི། མིག་སོགས་བྱིན་གྱིས་རླབས་པ་དང༌། ཡེ་ཤེས་པ་བཞུགས་པ་དང༌། དབང་གི་ལྷ་སྤྱན་དྲངས་ནས་གསོལ་བ་གདབ་པ་ནི། མིག་ཏུ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣང་བ་སེར་སྣ་རྡོ་རྗེ་མ། ཁར་འདོད་ཆགས་རྡོ་རྗེ་མ། དཔྲལ་བར་ཕྲག་དོག་རྡོ་རྗེ་མ། ལྟེ་བའམ་སྙིང་གར་བདག་མེད་རྡོ་རྗེ་མ། སྤྱི་བོར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་


TNT11_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྡོ་རྗེ་མ།) ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ དགུག་གཞུག་བྱ། (《ཛཾ》+ཨོཾ་བཛྲ་གཽ་རཱི་ཨ་ཀརྵ་ཡ་ཛཿ ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤཱ་ཡ་ཧཱུཾ། ཨོཾ་བཛྲ་བཻ་ཏ་ལཱི་བནྡྷ་བཾ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ ཆུ་དབང་ནི། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་བའི་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ། སརྦ་ཏ་ཐཱ་ག་ཏ། )ཨོཾ་བཛྲི་བྷ་ཝ་སོགས་ཀྱི་ཆུ་དབང་བསྐུར། སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་སེམས་དཔས་དབུ་བརྒྱན།(《ཛཾ》+དེ་ནས་སྔར་ལྟར་དབང་གི་ལྷ་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། ཁྱོད་ཀྱི་འདི་ལ་དབང་བསྐུར་སྩོལ། །)འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ། ཏིཥྛ་ཨེ་ཥ་སྟྭཾ་བཛྲ་དྷ་ར་ཡ་མི་བཛྲ་སཏྭ་ཧི། ཧི་ཧི་ཧི་ཧཱུཾ། བརྟུལ་ཞུགས་ཀྱི་དབང་ངོ༌། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ་ལ། མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་པོས་བདག་ལ་སྩལ་ནས་ཀྱང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་


TNT11_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་འཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་ཀྱི་དམ་ཚིག་དང༌། །སྡོམ་པའང་བླ་ན་མེད་པ་སྩོལ། །ཞེས་ལན་གསུམ་བརྗོད། འདི་དེ་སངས་རྒྱས་ཐམས་ཅད་ཀྱི༴ ནས། ཧི་ཧི་ཧི་ཧཱུཾ། ཞེས་དང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམ་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །ཨོཾ་མཧཱ་བཛྲ་ཧཱུཾ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་དང༌། ཨ་སྲིད་པ་ངོ་བོ་ཉིད་ཀྱི་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་གྱུར། །རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པ། ལོ་བཅུ་དྲུག་ལོན་པ་ལྟ་བུས་འཁྱུད་པ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཅིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་དུ་བདེ་བ་དམ་པའི་ཐབས། །དམ་ཚིག་


TNT11_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷར་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཞེས་སུ་གྲགས། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། སོགས་(《ཛཾ》+།གསང་གསུམ་གནས་ལས་བྱུང་བ་ཡི། ཁམས་གསུམ་ཀུན་ཀྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན།)ཨོཾ་བཛྲི་བྷ་ཝ་ནས་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག་ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། དབང་གི་ལྷ་ཐམས་ཅད་རང་ཉིད་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿ ཨོཾ་བཛྲ་པུཥྤེ༴ སོགས། ཨོཾ་སུ་པྲ་ཏིཥྛི་བཛྲ་ཡེ་སྭཱཧཱ། ཞེས་བརྗོད། རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཉིད། །གཞལ་མེད་ཁང་ཞེས་བཤད་པ་ནི། །སེམས་ནི་གཞལ་མེད་ཁང་བརྩེགས་ཉིད། །དེ་ཡི་ཕྱི་རོལ་གྲུ་བཞི་ནི། །མཉམ་པ་ཉིད་ཀྱི་རང་བཞིན་ནོ། །གང་ཞིག་བྱམས་པ་ལ་སོགས་སེམས། །ཐིག་སྐུད་བཞིར་ནི་བརྗོད་པའོ། །རྡོ་རྗེའི་ཐིག་ཏུ་གང་བཤད་པ། །ཆོས་ནི་རྗེས་སུ་དྲན་པའོ། །ལྟ་བ་ཀུན་ལས་རྣམ་གྲོལ་བ། །


TNT11_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཐིག་ཏུ་བརྗོད་པ་ཡིན། །རྒྱན་གང་ཡང་དག་བཤད་པ་ནི། །ཚུལ་ཁྲིམས་སོགས་ཀྱི་སྡོམ་པའོ། །དབང་པོ་ལྔ་ཡི་སེམས་གང་ཡིན། །རྭ་བ་ལྔར་ནི་འབྱུང་བ་ཉིད། །གང་ཞིག་སྒོ་ཞེས་བཤད་པ་ནི། །རྣམ་པར་ཐར་པ་རྣམ་པ་བཞི། །རྟ་བབས་ཀ་བ་བཞི་པོ་ནི། །ཡང་དག་སྤོང་བ་བཞི་ཞེས་བརྗོད། །དྲན་པ་ཉེར་བཞག་བཞི་པོ་ནི། ཁ་ཁྱེར་བཞིར་ནི་བརྗོད་པ་ཉིད། །སྒོ་ཁྱུད་བཞི་ནི་གང་ཡིན་པ། །རྫུ་འཕྲུལ་རྐང་པ་རྣམ་པ་བཞི། །དེ་བཞིན་མེ་ཏོག་འཕྲེང་རྒྱན་པ། །བྱང་ཆུབ་ཡན་ལག་བདུན་པོ་ཡིན། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་པོ་ཞེས་བརྗོད་དོ། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་རབ་ཏུ་གྲགས། །གང་ཞིག་དོ་ཤལ་བཤད་པ་ནི། །ཉོན་མོངས་ཐམས་ཅད་གཅོད་པ་སྟེ། །ཀུན་ཏུ་གཅོད་པའི་ངོ་བོ་ཡིན། །ཉོན་མོངས་འཕྲོག་པའི་དྲ་བ་ཉིད། །ཚོགས་གཉིས་དག་པའི་སྦྱོར་བ་ཡིས། །འཁོར་ལོ་བསྐོར་བ་གང་ཡིན་པ། །ཉོན་མོངས་ཕྱེད་ནི་གཅོད་པས་ན། །དོ་ཤལ་ཕྱེད་པ་ཉིད་དུ་བརྗོད། །ཕུང་པོ་ལྔ་དང་འབྱུང་བ་བཞི་སྟེ། སྦྱང་བྱ་དགུ་པོ་རྣམ་པར་དག་ཅིང༌། དོན་དམ་ཡེ་ཤེས་ལྔ་དང་ཚད་མེད་བཞི་སྟེ། ཆོས་ཉིད་རིགས་དགུའི་ངོ་བོ་ལྷ་དགུ་ཉིད་དོ། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་དེ་ཉིད་གསུམ་བརྗོད་པའོ། །དེང་ནས་བརྩམ་སྟེ་རྫོགས་སངས་རྒྱས། །སྲས་དང་བཅས་ལ་རྣམ་རོལ་ཞིང༌། །རྡོ་རྗེ་


TNT11_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། ཨ། སྒེག་དང་བཅས་པའི་འཕྲེང་བ་འཕངས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡི་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། གི་དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུལ་བའི་འཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱི། ཧོཿ རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱི་ནི་ཚིམ་པར་གྱིས། །ཧཱུཾ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། བྷྲུཾ། ཆོས་ཀྱི་མེ་ནི་ལེགས་སྤར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་མདོངས་པ་ལ། །ཡེ་ཤེས་སྒྲོན་མེ་སྤར་བར་གྱིས། པྲ་རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བགོས། གྷ་མཆོད་པའི་རྗེས་གནང་ངོ༌། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །


TNT11_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་མིག་ཐུར་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཞེས་མེ་ལོང་དང༌། ཨ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བའི། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་དྲིལ་བུ་དང༌། ཧོཿ དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག །ཅེས་མདའ་གཞུ་དང༌། ཨོཾ་བཛྲ་སཏྭ་ཨཱཿ རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པར་ཤེས་པར་གྱིས་ཤིག །ཅེས་མེ་ལོང་གཉིས་པ་བསྟན། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ག་རྭཾ། ཨོཾ་བཛྲ་གྷཎྜེ་ཨཱཿ ཨ། དེང་ནས་རྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར། ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་


TNT11_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་བཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། ཁྱོད་ལ་རྟག་ཏུ་བསྲུང་བར་མཛོད། །ཅེས་འཁོར་ལོ་དུང་དྲིལ་བུ་པོ་ཏི་བཟུང་སྟེ་ཆོས་བཤད་དང༌། སེམས་ཅན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་ཚིག་རྐང་དང་པོ་གསུམ་འདྲ་བ་བྱས་ལ། རྡོ་རྗེ་འཁོར་ལོ་རབ་ཏུ་བསྐོར། །རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །དེ་ལྟར་ན་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ། རྡོ་རྗེའི་འཁོར་ལོ། རིན་ཆེན་འཁོར་ལོ་བསྐོར། པདྨའི་འཁོར་ལོ། སྣ་ཚོགས་འཁོར་ལོ་རྣམས་བསྐོར་ཅིག །ཅེས་སྤྲུལ་བཤད་ཀྱི་རྗེས་གནང་ངོ༌། །དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་ཞུགས་ཏེ་མཐོང༌། བུམ་པའི་དབང་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་དག །དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང༌། ལམ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་བརྗོད་གསང་དབང་ཞུ་བའི་ཕྱིར་དུ་མཎྜལ་ཕུལ་ལ། ཁྱོད་ནི་རྣལ་འབྱོར་མ་(《ཛཾ》+ཚོགས་ཡོངས་སུ་བསྐོར། ཁྱོད་


TNT11_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། ཁྱེད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པ་རྡོ་རྗེ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་)ཡིད་ཀྱིས་དགྱེས། ཞེས་བསྟོད། བཅོམ་ལྡན་ཞི་བ་ཆེན་པོ་ཀྱཻ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་ལན་གསུམ་བརྗོད། ཨོཾ་ཨཱཿཧཱུཾ་མིག་དར་བཅིང༌། ཡབ་ཡུམ་ཐབས་ཤེས་སྙོམས་པར་ཞུགས་པའི་སྒྲས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ནས་ཞུགས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་རྡོ་རྗེའི་ལམ་ནས་ཡུམ་གྱི་ཁར་བབས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་བདག་གི་ལྕེ་ཐོག་ཏུ་བཞག །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གི་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱི་དབང་བསྐུར་རོ། །ཨ་ཧོ་མཧཱ་སུ་ཁ་ཧོཿ ཞེས་བརྗོད། ཨོཾ་ཨཱཿཧཱུཾ། གིས་མིག་དར་བསལ། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ས་


TNT11_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ས་འོག་ས་སྟེང་རྣམས་སུ་བྷུར་བྷུ་ཝ་སྭ། གང་ལ་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱི་མགྲིན་གཅིག་ཏུ་བྱང་ཆུབ་ཆེན་པོར་ལུང་བསྟན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདི་ཡི་མཐུ་ཡིན་ནོ། །ཞེས་བརྗོད་དེ་ལུང་བསྟན་པའོ། །དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་ཏེ་མཐོང༌། གསང་བའི་དབང་ཐོབ། གཙོ་བོར་ངག་གི་དྲི་མ་དག །དམ་ཚིག་ཤ་ལྔ་བདུད་རྩི་ལྔའི་རིལ་བུ་བསྟེན་པ་དང༌། ལམ་ཙཎྜ་ལི་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་བརྗོད། ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། ཁྱོད་ནི་རྣལ་འབྱོར་མ་ཚོགས༴ སོགས་ཀྱིས་བསྟོད། བཅོམ་ལྡན་ཞི་བ་སོགས་གོང་བཞིན་གསོལ་བ་བཏབ། ཨོཾ་ཨཱཿཧཱུཾ༌། མིག་དར་བཅིང་བླ་མས་བདག་ལ་རིག་མ་གཏད་དེ། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །བཟུང་ཤིག་བཟུང་ཤིག་སེམས་དཔའ་ཆེ། །བཟུང་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་གསུངས་པར་བསམ། དེས་ཀྱང་འདི་སྐད་ཅེས། བཤང་གཅི་དག་ནི་བཟའ་བ་དང༌། ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པར། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཞེས་དྲིས་པ་ལ།


TNT11_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བཤང་གཅི་དག་ནི་བཟའ་བ་དང༌། ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་ཅིས་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པར། །བདག་ནི་ཅི་དགར་སྤྲོ་གྱུར་ཏོ། །ཞེས་ལན་བཏབ། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གལ་ཏེ་ཆོ་ག་བཞིན་བསྟེན་ན། །དེའི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྟེན་པ་ལ་སོགས་པ། །བྱ་བ་པདྨར་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །བདག་ཉིད་ཧེ་རུ་ཀ་ཡབ་ཡུམ་རྗེས་སུ་ཆགས་པ་སྙོམས་པར་ཞུགས་པས་ལུགས་འབྱུང་དང་ལུགས་བཟློག་གི་དགའ་བཞི་མངོན་དུ་བྱས་པར་གྱུར། ཞེས་བརྗོད། ཨོཾ་ཨཱཿཧཱུཾ། གདོང་གཡོགས་ཕྱེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། ཁྱོད་ཀྱི་ནམ་ཡང་མི་བྱའོ། །མཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་དམ་ཚིག་བཤད། རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ནི། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཉིད་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་སྤང་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་


TNT11_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་དོར་ནས་ནི། དཀའ་ཐུབ་ཀྱིས་ཀྱི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བར་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ཞེས་པས་དབུགས་དབྱུང་བ་བྱ། ཅུང་ཟད་སྤྲོས་པ་ལ་དགའ་ན། སྔགས་དང་རྒྱུད་རྣམས་འཛིན་འགྱུར་བའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་དང༌། སྔགས་དང་རྒྱུད་རྣམས་འཛིན་འགྱུར་བར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་ཀྱི་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །སྔགས་བཤད་ཚུལ་གྱིས་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་དྲིན་དུ་བཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། ཁྱོད་ལ་རྟག་ཏུ་བསྲུང་བ་མཛོད། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་དབུགས་དབྱུང་བྱ། ཤིན་ཏུ་སྤྲོས་པ་ལ་དགའ་ན། སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་སྡུག་བྱམས་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །


TNT11_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ལུས་ལ་དེས་མི་སྨད། །ཆོས་ལ་ཡིད་གཉིས་སྤང་བྱ་ཞིང༌། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་བཟུང་མི་བྱ། །སྐལ་ལྡན་སེམས་ཅན་བསླུ་མི་བྱ། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །བུད་མེད་ཉིད་ལ་སྨད་མི་བྱ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་བཟུང་བར་བྱ། །གཙུག་གཏོར་རྟག་ཏུ་བཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་བཀང་བར་བྱ། །རྟག་ཏུ་དཀྱིལ་འཁོར་གཞེད་བར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱྀན། །ཕྱག་རྒྱ་བཅིང་བ་རྣམ་སྤངས་ཤིང༌། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབས་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླ་ཞིང༌། །བསམ་གཏན་ཉིད་ཀྱང་རྣམ་པར་སྤྱད། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང༌། །རྟག་པ་རུ་ནི་བཤད་པར་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛཾ་བྷ་ལ་ལ་ཆུ་སྦྱིན་ཞིང༌། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང༌། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་བརྗོད། འདི་དག་དབུགས་དབྱུང་དུ་བཞེད་ཀྱང་གཅིག་ཏུ་དེ་ལྟར་མ་ངེས་ལ། དབང་གསུམ་པ་ཁོ་ན་དང་འབྲེལ་བའང་མིན་མོད། དབང་སྤྱིའི་དམ་


TNT11_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཡིན་པའི་ཕྱིར་སྐབས་འདིར་བརྗོད་ན་ལེགས་པར་ཡང་འགྱུར་རོ། །རྡོ་རྗེ་གུར་ལས་འདི་དག་སྤྱིར་དམ་ཚིག་དུ་བཤད་པ་ཡིན་གྱི། ཆོ་གའི་སྐབས་སུ་གསུངས་པ་མིན་པས་མཐའ་གཅིག་ཏུ་དགོས་པའང་མིན་ནོ། །དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཞུགས་ཤིང་མཐོང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཙོ་བོར་སེམས་ཀྱི་དྲི་མ་དག །དམ་ཚིག་བུད་མེད་ལ་མི་སྨོད་པ་དང༌། ལམ་ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་བརྗོད། དེ་ནས་དབང་བཞི་པའི་ཕྱིར་མཎྜལ་ཕུལ་ལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པས། །དབང་བསྐུར་གསུམ་པོ་བདག་ལ་གནང༌། །རྣམ་པ་ཀུན་ཀྱི་མཆོག་ལྡན་པའི། །བཞི་པ་ཡང་ནི་བྱིན་གྱི་རློབས། །ལན་གསུམ་བརྗོད། ཨོཾ་ཨཱཿཧཱུཾ། གདོང་བཅིང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་ཐར་སྦྱིན་ཞི་བ་ཉིད། ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་བརྗོད་ཅིང་དོན་བསམ། ཨོཾ་ཨཱཿཧཱུཾ། གདོང་གཡོགས་བསལ། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཅུག་པ་དང་ནི་མཐོང་བ་ཡིས། །དེ་རིང་སྡིག་ལས་རྣམ་གྲོལ་འགྱུར། །དེ་རིང་ཁྱོད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །མི་ཐུབ་པ་དང་མི་འཆི་བ། །ཞེས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཞེས་བརྗོད་དེ།


TNT11_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཟེངས་བསྟོད་པའོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་མཐོང༌། དབང་བཞི་པ་ཚིག་ཙམ་གྱི་སྒོ་ནས་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །དམ་ཚིག་དགོངས་ཏེ་གསུངས་པ་དང༌། ལམ་རྡོ་རྗེའི་རྦ་རླབས་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་བརྗོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་བརྗོད། དེ་ནས་དབང་བཞི་ཡོངས་སུ་རྫོགས་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ་ལ། དེང་ནས་རྩམས་ཏེ་དག་བྲན་དུ། ནས། ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །ཀྱེ་རྡོ་རྗེ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་ཀྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་ཀྱི་མཆོག །གདོན་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་ཀྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་


TNT11_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་ཀྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་ཀྱི་ཡིད་ལ་ཞུགས། །སེམས་ཅན་ཀུན་ཀྱི་ཡབ་གྱུར་ཞིང༌། །འདོད་ཆགས་སྙེམས་པའི་དམ་ཚིག་མཆོག །ཞེས་ལན་གཅིག་དང༌། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་བདག་ལ། ཁྱོད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་ཀྱིས་སྒྲིབ་མེད་མཐོང་བར་ཤོག །དེའི་རྗེས་སུ་གཏོར་མ་རྣམས་གོང་ལྟར་འབུལ་ལོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། བདག་འཇུག་ཉིད་འདོན་པ་སྤོས་པས་འགྲུབ་སྟེ་འོན་ཀྱང་ལག་ལེན་ནི་མཐོང་བ་བརྒྱུད་པ་ལས་ཤེས་པར་བྱའོ། །བརྒྱད་པ་མཇུག་གི་ཆོ་ག་ནི། མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས་ཏེ། ཕྱི་ནང་ཡིད་བྱུང་བསྟོད་ཐུང་རྣམས་བྱ། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་ཉམས་པ་དང༌། །སོགས་ཀྱི་བཟོད་པར་གསོལ། སྒྲུབ་མཆོད་ཞག་སྦྲེལ་ཡིན་ན་དངོས་གཞི་ཉི་མ་སྔ་མ་རྣམས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟན་བཞུགས་བྱ། རས་བྲིས་དང༌། ཉི་མ་ཕྱི་མ་ལ་ཡང་རྟེན་གཞན་ལ་བརྟན་བཞུགས་བྱ། རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ན། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ལན་གསུམ་གྱི་མཐར། རོལ་མོའི་སྒྲ་དང་


TNT11_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ། ཨ་ཀཱ་རོ༴ སྔགས་བཟླ་བཞིན་དུ། རྡོ་རྗེའི་རྩེ་མོས་དབང་ལྡན་ནས་བརྩམས། རྩིག་པ་ཐོག་མར་སུབ། ལྷ་མཚན་རྣམས་དང་པོར་བསྡུས། ལྷག་མ་རྣམས་ཕྱགས་ཏེ་སྣོད་དུ་བླུགས་ལ། ཆུ་བོར་སྤྱན་འདྲེན་ཚུལ་ནི་སྤྱི་དང་འདྲ། ནང་དུ་འོང་ནས་ཐིག་རྣམས་བཀྲུ་ཞིང༌། སྔར་ཕུར་བུ་དངོས་སུ་བཏབ་ཡོད་ན་ཕྱུང༌། སྨོན་ལམ་ཅི་འགྲུབ་གདབ། ཀུན་རྫོབ་ཆོས་རྣམས་ཀུན་ཀྱི་སྟོང་པའི་གཞི། །དོན་དམ་ཆོས་ཉིད་བདེ་བ་ཆེན་པོའི་དབྱིངས། །སྙིང་རྗེ་སྟོང་ཉིད་ཧེ་དང་བཛྲ་དག །གཉིས་སུ་མེད་དེས་བཀྲ་ཤིས་དགེ་ལེགས་སྩོལ། །དམིགས་མེད་ཐུགས་རྗེས་འགྲོ་ལ་ཆགས་པའི་སྤྱན། །ཡེ་ཤེས་མིག་གཅིག་མིག་བྲལ་མིག་གི་མཆོག །ཇི་ལྟ་ཇི་སྙེད་གཟིགས་པ་ཀུན་ནས་སྤྱན། །བཀྲ་ཤིས་སྤྱན་དེས་གཟིགས་ཤིང་དགེ་ལེགས་སྩོལ། །ཕྲག་དོག་མེད་པའི་ཕྲག་དོག་ཐམས་ཅད་པ། །བྱམས་པའི་ཐུགས་མཆོག་འགྱུར་བ་མེད་པའི་སླད། །ཡན་ལག་མེད་པའི་རྡོ་རྗེ་ཡན་ལག་ནག །བཀྲ་ཤིས་སྐུ་དེ་སྟོན་པས་དགེ་ལེགས་སྩོལ། །གདོད་ནས་རང་བཞིན་གྱིས་གྲུབ་སྦྱིན་པ་དང༌། །སྙན་སྨྲ་དོན་སྤྱོད་དོན་དང་མཐུན་པའི་ཞབས། །ཆ་མེད་ཀུན་འགྲོ་ཀུན་ལ་བཀྲ་ཤིས་པ། །ཀུན་ནས་ཞབས་དེས་བགྲོད་ཅིང་དགེ་ལེགས་སྩོལ། །རང་བཞིན་འགྱུར་མེད་རྣམ་པ་བརྒྱད་ཀྱི་ཞལ། །གཟུགས་མེད་གཟུགས་བཟང་ཞལ་མེད་ཞལ་བཟང་པོ། །སྒྲ་མེད་ཆོས་སྒྲ་མཁའ་ཁྱབ་སྒྲོགས་པའི་ཞལ། །བཀྲ་ཤིས་སྒོ་དེ་འབྱེད་ཅིང་དགེ་ལེགས་སྩོལ། །ཕུང་པོ་ཁམས་དང་དབང་པོ་རྣམས་


TNT11_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི། །མར་ངོའི་ཚེས་རྣམས་ཀུན་ཀྱི་སྟོང་པའི་གཞི། །དོན་དམ་གཞན་སྟོང་བཅུ་དྲུག་བཀྲ་ཤིས་ཅན། །ཀུན་ནས་ཕྱག་དེས་སྐྱོང་ཞིང་དགེ་ལེགས་སྩོལ། །ཡར་ངོའི་ཚེས་དང་འཛག་བཅས་དགའ་བ་རྣམས། །གདོད་ནས་ངོ་བོ་ཉིད་ཀྱི་འགགས་པའི་གཞི། །འགྱུར་མེད་དགའ་བ་དེ་ཉིད་བཅུ་དྲུག་གིས། །བདེ་སྟོང་བཀྲ་ཤིས་གནས་འདིར་སྦྱིན་གྱུར་ཅིག །ཡི་གེ་མེད་ཅིང་བརྗོད་དུ་མེད་པའི་དབྱིངས༌། །སྟོང་པ་ཆེན་པོ་ཡི་གེ་ལྔ་ཡི་བདག། སངས་རྒྱས་མངའ་བདག་བཀྲ་ཤིས་ཅོད་པན་ནི། །རྟག་པར་ཐོད་དུ་འཆིང་བས་དགེ་ལེགས་སྩོལ། །ཕྱི་ནང་གློ་བུར་དྲི་མ་གདུག་པ་ཅན། །འདུལ་བར་མཛད་ཕྱིར་བདེ་གཤེགས་སྙིང་པོ་མཆོག ཁྲོ་བོའི་སྐུར་སྟོན་བདུད་འདུལ་བཀྲ་ཤིས་ཀྱི། ཁྱེད་ལ་གེགས་མེད་བཀྲ་ཤིས་མཛད་གྱུར་ཅིག །བདེ་གཤེགས་སྙིང་པོ་དགྱེས་པ་རྡོ་རྗེ་ཤ །ཤ་མེད་ཤ་བཟང་དོན་དམ་ཤ་གང་ཡིན། །འཕགས་མ་པུཀྐ་སཱིའི་བཀྲ་ཤིས་ཀྱིས། །གནས་འདིར་རྟག་ཏུ་ཤིས་པར་མཛད་གྱུར་ཅིག །དོན་དམ་གཞན་སྟོང་དགྱེས་པ་རྡོ་རྗེ་ཁྲག །རྡུལ་མེད་རྡུལ་བྲལ་ཆོས་སྐུའི་ཁྲག་གང་ཡིན། །འཕགས་མ་ཤཱ་བཱ་རཱིའི་བཀྲ་ཤིས་ཀྱིས། །གནས་འདིར་བཀྲ་ཤིས་ཉི་མ་འཆར་གྱུར་ཅིག །རང་བཞིན་འོད་གསལ་བདེ་སྟོང་ཡེ་ཤེས་ཀྱི། ཁུ་བ་གང་ལགས་གདོལ་པ་མོར་གསུངས་པ། །དཔེ་མེད་དོན་དམ་ཁུ་བའི་བཀྲ་ཤིས་ཀྱིས། །གནས་འདིར་བཀྲ་ཤིས་ཟླ་བ་འཆར་གྱུར་ཅིག །འདུས་མ་བྱས་དབྱིངས་བདེ་གཤེགས་སྙིང་པོ་


TNT11_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །རྐང་དང་ཚིལ་བུ་པྲ་ཕབ་བརྒྱད་མཚུངས་གང༌། །འཕགས་མ་གཡུང་མོའི་བཀྲ་ཤིས་རྒྱ་མཚོ་ཡིས། །གནས་འདིར་བཀྲ་ཤིས་རྒྱ་མཚོ་བསྐྱེལ་གྱུར་ཅིག །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག །དགྱེས་པ་རྡོ་རྗེའི་པགས་པ་རྣམ་དག་གང༌། །བྱང་ཆུབ་ཡན་ལག་བདུན་གྱིས་བཀྲ་ཤིས་ཀྱིས། །གནས་འདིར་བཀྲ་ཤིས་ཡན་ལག་འཕེལ་གྱུར་ཅིག །རྟེན་འབྲེལ་ལས་འདས་གཞོམ་དུ་མེད་པའི་དབྱིངས། །དགྱེས་པ་རྡོ་རྗེའི་རུས་མཆོག་ཆོས་ཉིད་ཀྱི། །བདེན་པ་བཞི་པོའི་བཀྲ་ཤིས་རི་བོ་ཡིས། །གནས་འདིར་བཀྲ་ཤིས་རི་དབང་སྤེལ་གྱུར་ཅིག །ཟླ་ཉི་གདོད་ནས་འགགས་པའི་ཟླ་ཉི་གཞན། །རྡོ་རྗེ་ཟླ་བ་དྲི་མེད་འོད་དང་ནི། །རྡོ་རྗེ་ཉི་མ་སྣང་ཆེན་བྱིན་རླབས་ཀྱིས། །ཤིས་བརྗོད་མཆོག་འདི་ཡང་དག་འགྲུབ་གྱུར་ཅིག །སྙིང་ཁའི་རྩ་བརྒྱད་ལྟེ་བར་བཅས་པ་ལ། །རྟག་ཏུ་བཞུགས་པའི་དགྱེས་རྡོར་ལྷ་དགུ་ཡི། །བྱིན་རླབས་མཐུ་སྟོབས་མཁའ་ཁྱབ་བདེན་པའི་མཐུས། །ཤིས་བརྗོད་འདི་དག་ཇི་བཞིན་འགྲུབ་གྱུར་ཅིག། །།ཅེས་པ་དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱིས་ལས་རིམ་གྲུབ་ཆེན་བི་རུ་པའི་མན་ངག་དུ་གྲགས་པའི་ངག་འདོན་མདོ་ཙམ་བརྗོད་པ་སྟེ། རྒྱས་པར་སློབ་དབོན་རྩེ་མོས་མཛད་པའི་དཀྱིལ་ཆོག་དང༌། བླ་མ་འཕགས་པའི་བདག་འཇུག་རྒྱས་བསྡུས་རྣམས་སུ་བལྟ་བར་བྱའོ། །སྤྱིར་དཀྱིལ་ཆོག་གི་ལུགས་འདི། རིན་ཆེན་འབར་བ་དང་ནག་པོ་གཞུང་འགྲེལ་གཉིས་ན། ཕན་ཚུན་དུ་བསྡུས་པ་ལྟ་བུར་ཡོད་ཅིང༌། ཡན་ལག་ཕྲ་མོ་མང་པོ་དེ་


TNT11_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་མི་འབྱུང་བར། མན་ངག་ཁོ་ནའི་དབང་དུ་བྱས་པའང་སྣང་ལ། རྒྱབ་བརྟེན་དུ་གཞུང་དེ་ཉིད་ལ་སྦྱངས་ན། ངེས་པ་རྙེད་པ་ལ་གནད་ཆེའོ། །ཞེས་པའང་རྒྱལ་ཁམས་པ་ཏཱ་ན་ར་ནཱ་ཐས་སྦྱར་བ་སྟེ། སྒྲུབ་གནས་ཀྱི་རྒྱལ་པོ་ཇོ་ནང་གི་འདབས། དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་གྱི་གཙུག་ལག་ཁང་དུ་ལོ་གསར་པའི་ཚེས་ལའོ། །ཡི་གེ་པ་ནི་ཀུན་དགའ་ལེགས་པས་བྲིས། དགེ་བས་ཚེ་འདིར་སངས་རྒྱས་ཐོབ་པར་ཤོག །དགེ་ལེགས་འཕེལ། །


TNT11_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་བི་རཱུ་པའི་མན་ངག་གོང་མའི་གསུང་གི་རྗེས་སུ་འབྲང་བ།next