Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་གསལ་བ།
   
   
   
   


 
previousདཔལ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་གསལ་བ།next

དཔལ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་གསལ་བ།


TNT11_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བ་བཞུགས།


TNT11_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སངས་རྒྱས་རྣམ་སངས་རྒྱས། །སྟོང་པའི་ཡབ་གཅིག་ལྷག་པའི་ལྷ། །གཅིག་པུ་བདེ་བ་ཆེ་རང་བཞིན། །རང་བྱུང་བཅོམ་ལྡན་ལ་ཕྱག་འཚལ། །རྒྱུད་འདི་གཙོར་བྱེད་ཉུང་བའི་ཕྱིར། །ཆོ་ག་རབ་རྒྱས་ཉེར་མཁོ་མེད། །ཟབ་མོའི་ཆོས་མཆོག་མི་ནུབ་ཕྱིར། །དོན་ཚང་མདོར་བསྡུས་ཙམ་ཞིག་འབྲི། །དེ་ལ་འདིའི་དཀྱིལ་ཆོག་རིམ་པ་གསལ་བ་ཞེས་བྱ་བ། བྲམ་ཟེ་ཆེན་པོའི་གཞུང་དུ་གྲགས་པ་འདི་ལས། ས་ཆོག་གི་རིམ་པ་ལ་ཆོ་ག་སྤྱི་ནག་པོ་སྤྱོད་པས་མཛད་པའི་བདེ་མཆོག་གི་དཀྱིལ་ཆོག་དང་འདྲ་རུང་བ་ལས། གསོལ་བཏབ་དང་གཏོར་སྔགས་སོགས་མི་འདྲ་བ་མང་དག་དང་བཅས་པ་འབྱུང་མོད་ཀྱི། ས་ཆོག་ནི་གསང་བ་སྤྱིའི་ཆོ་གའི་རྗེས་སུ་འབྲངས་པས་དོན་གྲུབ་ཅིང་ལེགས་པར་འགྱུར་བའི་ཕྱིར། གཞན་དུ་ཤེས་པར་བྱ་ལ། ཆོ་ག་ལྷག་མ་རྣམས་པ། མི་འཇིགས་པའི་གཞུང་འགྲེལ་ལས་ཀྱང༌། ལག་ལེན་འདེབས་རུང་དུ་གསུངས་མོད་ཀྱི། རྒྱུད་


TNT11_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་དཀྱིལ་ཆོག་རང་རྐང་ཚུགས་པ་ཕྱོགས་འདིར་འགྱུར་བ་ནི་རིམ་པ་གསལ་བ་གཅིག་བུ་ཡིན་པའི་ཕྱིར། ཆོ་ག་ལྷག་མ་རྣམས་གཙོ་བོར་དེའི་རྗེས་སུ་བགྲང་བར་བྱའོ། །དེ་ཡང་དང་པོར་སྟ་གོན་གྱི་བྱ་བ་ལ། སྔོན་དུ་བྱ་བའི་རིམ་པ་དང༌། སྟ་གོན་དངོས་སོ། །དང་པོ་ནི། སྔོན་འགྲོ་གཏོར་མ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་རྣམས་བཛྲ་ས་མཱ་ཛཿ ཨ་རྒྷཾ་ནས ཤཔྟའི་བར་གྱིས་མཆོད། ཨོཾ་བུདྡྷཱ་ཀ་པཱ་ལ་བཛྲ་ཙེ་ཊེ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་སྒྲུབ་ཐབས་ཀྱི་གཏོར་ཆོག་ལྟར་བརྗོད། དེ་ནས་འཕྲིན་བཅོལ་སྤྱི་དང་མཐུན་པར་ཡང་བྱས་ནས། རོལ་མོའི་སྒྲ་དང་བཅས་ཏེ་གཏོར་མ་ཕྱི་རོལ་དུ་དོར་རོ། །དེ་རྗེས་གནས་དང་ཡོ་བྱད་བྱིན་གྱིས་བརླབས་པ་ཡང་བདེ་དགྱེས་སོགས་སྤྱི་དང་འདྲའོ། །དེ་ནས་སྒྲུབ་ཐབས་ལྟར། སྐྱབས་འགྲོ་ནས་བཟླས་པའི་བར་དང༌། དཀྱིལ་འཁོར་ཉེར་བསྡུ་ཏེ། མངོན་རྟོགས་རྒྱས་པ་རྫོགས་པར་སྒོམ། གཉིས་པ་


TNT11_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་དངོས་ནི། དཀྱིལ་འཁོར་གྱི་ས་གཞིའམ་མཎྜལ་ལ་ས་ལྷའི་མཆོད་གཏོར་ཚོམ་བུ་དང་བཅས་པ་བཀོད། ཨོཾ་ཧཾ། ཧཾ་གི་སྒྲ་དང་ཧཱུཾ་གི་འོད་ཀྱིས་བསྐུལ་ནས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བྱུང༌། ཚོམ་བུའི་སྟེང་དུ་བྱོན་པ་ནི་སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་བའི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་པ། རྒྱན་དང་ན་བཟའ་དཀར་པོ་ཅན་དུ་གྱུར། འབྲུ་གསུམ་གྱིས་མཆོད་པ་བྱིན་གྱིས་བརླབས། ཨོཾ་པྲི་ཐི་ཝཱི་དེ་ཝཱི་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ། པུཥྤེ། དྷཱ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྟ་ཨཱཿཧཱུཾ་གཏོར་མ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲི། ཨོཾ་པྲི་ཐེ་ཝཱི་དེ་ཝཱི་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བྷ་ལིང་ཏ་ཡེ་སྭཱཧཱ། ལན་གསུམ། ཨོཾ་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཧེ་རུ་ཀ་དཔལ་དཔའ་བོ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་


TNT11_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། ཨོཾ་པྲི་ཐི་ཝཱི་དེ་ཝཱི་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ་པར་གྱུར། དེ་རྣམས་སའི་ལྷ་མོའི་སྟ་གོན་ནོ། །དེ་དག་བསལ་ཏེ་དཀྱིལ་འཁོར་གྱི་ས་གཞིའམ། མཎྜལ་ལ་ལྷ་དང་གྲངས་མཉམ་པའི་ཚོམ་བུ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། དཀྱིལ་འཁོར་གྱི་དབུས་སུ་པད་ཉི་རོའི་གདན་ལ། ཧཱུཾ་དང་རྡོ་རྗེ་ལས། བཅོམ་ལྡན་འདས་ཡབ་ཡུམ་གྲུབ་པ་ན། ནོར་བུ་དང་ནོར་བུའི་འོད་ཟེར་གྱི་ཚུལ་གྱིས་རྣལ་འབྱོར་མ། ཉི་ཤུ་རྩ་བཞི་ཡང་གྲུབ་པ་ནི། དབུས་སུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ༴ ནས། བརྩེད་འཇོའི་རོལ་པ་ཅན་ནོ། །དེའི་ཕྱི་རོལ་ཤར་དུ་ཕྲེང་བཟང་མ༴ སོགས། དབང་ལྡན་ལ་སོགས་པའི་མཚམས་བཞི་ལ། གཡས་བསྐོར་གྱི༴ ནས། ཐོད་པའོ། །དེའི་ཕྱི་རོལ་ཤར་དུ་དགེ་བའི་སྐེ་རགས་ཅན་མ༴ ནས། སྡུད་བྱེད་མའོ། །དེའི་ཕྱི་རོལ་ཤར་དུ་སྒྲོལ་བྱེད་མ༴ ནས། རླུང་དུ་གྲགས་ཆེན་མའོ། །དེའི་ཡང་ཕྱི་རོལ་ཤར་དུ་མཛེས་སྡུག་མ། བྱང་དུ་ནོར་འཛིན་མ། ནུབ་ཏུ་སྐལ་བཟང་མ། ལྷོར་ཡིད་འོང་མ་སྟེ། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་པོ༴ ནས། ཟླ་བའི་རྒྱུན་རབ་ཏུ་འབབ་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཨོཾ༴ ནས། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་


TNT11_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར། གོ་ཆ་གནས་གསུམ་བྱིན་རླབས། ཡེ་ཤེས་པ་བསྟིམས་པ། དབང་བསྐུར་རྒྱས་བཏབ། མཆོད་པ། བསྟོད་པ། ནང་གི་བདུད་རྩི་མྱངས་བ། ཕྱི་རོལ་གྱི་བདུད་རྩི་བྱིན་གྱིས་བརླབས་པ་རྣམས་མངོན་རྟོགས་ལྟར་བྱ། སྙིང་པོའི་མཐར་འབྲུ་གསུམ་བཏགས་པ་ལན་གསུམ་བརྗོད་པས་ནང་མཆོད་ཕུལ། སྤྲོས་པ་ལ་དགའ་ན། མཆོད་བསྟོད་རྣམས་རྒྱས་པ་དངོས་གཞིའི་སྐབས་ནས་ཁ་བསྐང་བས་ཆོག་གོ །གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ཨོཾ་བུདྡྷ་ཀ་པཱ་ལི་ནི་བ་ལིཾ་གྲྀྀཧྞ་ཞེས་པ་ནས། ཀུན་འགྲུབ་ཤོག །གི་བར་གྱི་འཕྲིན་ལས་བཅོལ། སྤོས་དང་བཅས་པས་རྡོར་དྲིལ་འཛིན་པས། གཉིས་མེད་ཡེ་ཤེས་ལས་བྱུང་བའི། ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །སྣ་ཚོགས་བདེ་མར་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་མ། །རིགས་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པས། །ནངས་པར་དཀྱིལ་འཁོར་བྲི་བར་བྱ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་བོ། །མཆོད་པ་ཁགསོས་ཏེ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། རྩ་བརྒྱད་པོ་ལས་བྱུང་བའི། ཞེས་


TNT11_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས། ཁྱོད་ལ་བདག་འདུད་དོ། །ཞེས་པའི་བར་གྱིས་མཆོད་བསྟོད་དང༌། སྙིང་པོའི་མཐར་འབྲུ་གསུམ་སྦྱར་བས་ནང་མཆོད་ཕུལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་གར་ཐིམ། དེ་རྣམས་ལྷ་སྟ་གོན་ནོ། །དེ་ནས་རྒྱས་པར་ན། ལྷ་གྲངས་དང་མཉམ་པའི་བུམ་པ་བྱ་སྟེ། གཙོ་བོའམ་བྱང་སྒོའི་ལྷ་མོ་གང་རུང་ལས། ལས་བུམ་ལོགས་སུ་མི་བྱེད་པ་ལྟར་ན། བུམ་པ་ཉེར་ལྔ་ཡིན་ལ། ལོགས་སུ་བྱེད་པ་ལྟར་ན་ཉེར་དྲུག་གོ །འོན་ཀྱང་དེར་སང་གི་ལག་ལེན་ལྟར་ན། ལས་བུམ་ལོགས་སུ་བྱེད་ཅིང་ལྷ་བུམ་གཅིག་ལ་བསྡུ་བ་ཡིན་པས། བུམ་པ་གཉིས་སྤྱི་དང་མཐུན་པར་བཤམས། ཨོཾ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨའི་སྟེང་དུ་ཨ་ལས་ཟླ་བའི་གདན་རེ་རེ། དེའི་སྟེང་དུ་པཾ་ལས་རིན་པོ་ཆེ་བུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་བཅིངས་དང༌། དཔག་བསམ་གྱིས་ཤིང་གི་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་དབུས་སུ། པད་ཉིའི་གདན་གྱི་སྟེང་དུ། གཡོན་སྐོར་གྱི་ཨ་ཨཱ་ཨི་ཨཱི་ནས། ཧཱུཾ་ཡིག་དེ་ཉིད་ཀྱི་སྣང་བ་ལས་གྲུབ་སྟེ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ནས། རོལ་པ་ཅན་ནོ། །ཤར་དུ་ཕྲེང་


TNT11_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མ། ཞེས་པ་ནས། བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པའི་བར། ལྷ་སྟ་གོན་གྱི་སྐབས་དང་སྒྲུབ་ཐབས་བཞིན་བྱ། རྩ་བརྒྱད་པོ་ལས་བྱུང་བའི་ནས། བདག་འདུད་དོ། །ཞེས་མཆོད་བསྟོད་དང༌། སྙིང་པོའི་འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་འདྲེས་པས། ལྷ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར། གཙོ་བོའི་སྙིང་པོ་ཉིད་ཅི་འགྲུབ་ཏུ་བཟླའོ། །ལས་བུམ་གྱི་ནང་དུ་ཧཱུཾ་དང་སྣ་ཚོགས་རྡོ་རྗེ་ལས། ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ཁུ། ལྗང་དཀར་སེར་བའི་ཞལ་གསུམ་ཕྱག་དང་པོ་གཉིས་ཀྱིས་སྣ་ཚོགས་རྡོ་རྗེ་དང་ཐོད་ཁྲག་འཛིན་པས། རང་སྣང་གི་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འབར་བ་དང་ཁ་ཊྭཱཾ་ག་བསྣམས་པ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་བདུད་རྩི་འཁྱིལ་བ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླས་པའི་མཐར། བུམ་པ་གཉིས་ཀར་ལ་ཐུན་མོང་དུ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རྡོ་རྗེ་དང་ནི༴ སོགས་དང༌། འཇིགས་པའི་ཧཱུཾ་སྒྲ༴ སོགས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང༴ སོགས་ཀྱིས། བཟོད་པར་གསོལ། དུང་ཕོར་གྱི་ནང་གི་ཧེ་རུ་ཀ་ཡང་ཞུ་བར་


TNT11_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། མེ་ཏོག་དང་སྤོས་ལ་སོགས་པས་མཆོད་དོ། །སྐབས་འདིར་གཏོར་མ་འབུལ་བར་བཤད་པ་འགའ་ཞིག་ལ་ཡོད་ཀྱང༌། འདིར་བུམ་པ་ལ་གཏོར་མ་མེད་ལ། མདུན་བསྐྱེད་ལ་གོང་གི་དེས་ཆོག་པས་འདིར་མི་དགོས་སོ། །བུམ་བསྐྱེད་ཀྱི་སྐབས་འདིར། རིམ་པ་གསལ་བ་དང༌། གཞུང་འགྲེལ་དང༌། འགྲེལ་པ་ཡེ་ཤེས་ལྡན་གསུམ་ནས་སོ་སོར་ཅུང་ཟད་མི་འདྲ་བ་ཙམ་ཁོ་ན་བཤད་ཀྱང༌། རྒྱུད་ལས། མདོག་དང་མཚན་མར་ལྡན་པ་ཡི། །དེ་བཞིན་གཤེགས་རྣམས་ས་བོན་གྱི། །འོད་ཟེར་གྱི་ནི་རྣམ་པར་བསམ། །བདག་ཉིད་ཆེན་པོ་གྲགས་ཆེན་པོ། །བུམ་པ་རུ་ནི་ཞུགས་ཙམ་གྱིས། །དམ་ཚིག་དཀྱིལ་འཁོར་ཞུ་བར་གྱུར། ཞེས་གསལ་བར་གསུངས་པའི་རྗེས་སུ་འབྲངས་པའོ། །འདིར་ལས་བུམ་མི་བྱེད་ན་བུམ་པ་གཅིག་གིས་ཀྱང་རུང་བར་མངོན་ནོ། །དེ་རྣམས་བུམ་པ་སྟ་གོན་ནོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས། མཎྜལ་ཕུལ། ཐལ་མོ་སྦྱར་ནས། འདིའི་རྗེས་ཟློས་བྱེད་དེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། མགོན་པོས་བདག་ནི་གཞུག་


TNT11_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མ་རྣམས་ཞལ་དུ་བཅུག །ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་འབར་བས་སྡིག་སྒྲིབ་ཐམས་ཅད་བསྲེགས། ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པའི་རྣམ་པས་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་ཕྱུང་ཤིང༌། ཧཱུཾ་ཞེས་གསང་བའི་མཁའ་ནས་སྤྲོས་ཏེ། ཕྱི་རོལ་དུ་པད་ཉི་ལ་འཁོད་པར་མོས། བུ་ཚུར་ཐེག་པ་ཆེན་པོ་ལ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་གང་བཞུགས་པ། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་ཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བཟུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་སློབ་དཔོན་གྱིས་


TNT11_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། དེ་ནས་སློབ་མས་རྒྱུན་བཤགས་ལན་གསུམ་བྱ་སྟེ། བདག་གིས་སྡིག་པ་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་དང༌། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །མ་ལུས་སོ་སོར་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་དང༌། །ཚོགས་དག་ལ་ནི་ཡི་རང་ངོ༌། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་ཐོད་པ་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་དཔའ་བོ་དང༌། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་སོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །བྱང་ཆུབ་མཆོག་སེམས་བསྐྱེད་པར་བགྱི། །བདག་གི་དགེ་བའི་ལས་རྣམས་ཀྱིས། །སངས་རྒྱས་མྱུར་དུ་བསྒྲུབས་བྱས་ཏེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི། །སློབ་མ་སྐད་ཅིག་གིས་ཧེ་རུ་ཀར་བསྐྱེད་པའི་གནས་གསུམ་


TNT11_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དྲིའི་ཐིག་ལེ་དང༌། ཨོཾ་ཨཱཿཧཱུཾ་ལས་འཁོར་ལོ་དང༌། པདྨ་དང་རྡོ་རྗེ་རྣམས་ཡིག་འབྲིས་མཚན་པ་ལས་འོད་འཕྲོས་པས། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ནུས་པ་བཀུག་ནས་བསྟིམས་ལ། སྤྱི་བོར་མེ་ཏོག །མདུན་དུ་སྤོས། སྤྱན་ལ་མར་མེ། ཐུགས་ཀར་དྲི། ཞལ་དུ་ལྷ་བཤོས། སྙན་ལ་རོལ་མོ་རྣམས་འབུལ་ལོ། །དེ་ནས་ཨུ་དུམ་ཝ་རའམ། ཨ་ཤྭཏྠ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ། རྩེ་མོ་མེ་ཏོག་ལྡན་པ་ལ། ཨོཾ་ཧཱུཾ་ཧེ་བྷ་ག་ཝ་ཏི་མུ་ཁཾ་པ་རི་ཤུདྡྷཾ་ཀུ་རུ་སྭཱཧཱ། ཞེས་ལན་བདུན་བསྔགས་པ་ལག་ཏུ་བྱིན་ནས་ཤར་རམ་བྱང་དུ་ཁ་བལྟས་ཏེ། དོར་བ་ལས་དངོས་གྲུབ་ལུང་བསྟན། དེ་ནས། ཨོཾ་ཧྲིཿབི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནི་ཙ་ཨ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་པས་ཁྱོར་ཆུ་བླུད་ནས། གཙོ་བོའི་སྙིང་པོ་བཟླས་པའི་སྲད་བུ་དམར་པོ་ལ་མདུད་པ་གསུམ་དང་ལྡན་པས། སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས། བྱིས་པའི་མགུལ་དུ་བཅིངས་པ་ལ། འབྲུ་གསུམ་བརྗོད་ནས། ཀུ་ཤ་བྱིན་གྱིས་བརླབས་ཏེ་སྔས་དང་སྟན་དུ་སྦྱིན་པར་བྱའོ། །དེ་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་རྙེད་དཀའ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །བླ་མེད་པར་བྱེད་ནུས་པ་ཡིན། །གཉིས་མེད་ཟབ་མོའི་སྤྱོད་ཡུལ་འདིས། །སེམས་ཅན་


TNT11_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐོབ་བྱེད་པའོ། །དང་པོ་བསྐལ་པ་གྲངས་མེད་ནས། །བསགས་པའི་སྡིག་པ་གང་དང་གང༌། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །ཞེས་བརྗོད་ཅིང་དོན་ཡང་བཤད་ནས། ཀུ་ཤའི་སྟན་ལ་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ལ་རྨི་ལམ་རྟོག་ཤིག །ནངས་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ། །ཞེས་བསྒོ་བར་བྱའོ། །དེ་ནས་ཐུན་མོང་མ་ཡིན་པའི་བསྲུང་བ་ནི། སློབ་དཔོན་གྱི་ལག་པ་གཡོན་པ་དྲིས་བྱུགས་ཤིང༌། མེ་ཏོག་གི་བཀྲ་ཤིས་པར་ཟླ་བའི་དཀྱིལ་འཁོར་བསྒོམས་ལ། སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་བྱང་སེམས་སུ་ཞུ་བ་ཟླ་བ་ལ་ཐིམ། དེ་བཞིན་དུ་མགྲིན་པར་ཡང་གསལ་བཏབ་ནས། སློབ་མའི་སྤྱི་བོར་ལག་པ་བཞག་ལ། ཨོཾ་བུདྡྷ་ཨ་ཏ་ཆེ་གེ་མོའི་ཀཱ་ཡ་ཨདྷི་ཏིཥྛ་ཡནྟུ་མ་ཙ་ལ་མ་ཙ་ལ། ཏིཥྛ་ཏིཥྛ། ཧ་ར་ཧ་ར། བི་དྷ་ར་བི་དྷ་ར། དྲ་བ་དྲ་བ། བྷོ་བྷ་ག་ཝན་སརྦ་བུདྡྷ་ཀ་པཱ་ལ་བཛྲ་སྱ་ཡ་ཀ་ཏཾ་མ་ལ་ཀཱ་ཡ་ཤཱི་གྷྲཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾཾ་ཧཱ་ཧཱ། ཞེས་ལན་བདུན་བཟླས། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཟླ་བ་ཞུ་ནས་སློབ་མའི་ལུས་ལ་ཐིམ་པར་བསམ་མོ། །དེ་རྣམས་སློབ་མ་སྟ་གོན་ནོ། །དེ་ནས་དཀྱིལ་འཁོར་གྱི་ཉི་མ་ལ། ནངས་པར་སྔར་ལངས་ཏེ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས། ཐོད་པའི་ནང་དུ་བཞག་པའི་ཐིག་སྐུད་ལྔ་སོ་སོའི་ས་བོན་ལས་རྒྱལ་བ་རིགས་ལྔར་བསྐྱེད། མཆོད་བསྟོད་བྱས་ཏེ་


TNT11_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བཞུ་ནས། ཐིག་ཆེན་བརྒྱད་གདབ་པའི་དུས་སུ། འཇིག་རྟེན་ཁམས་ནི་མ་ལུས་པའི། །སངས་རྒྱས་ལ་སོགས་འགྲོ་བའི་དོན། ཁྱེད་ཀྱི་དུས་ནི་འདི་ཡིན་ནོ། །ཞེས་བརྗོད། ཡེ་ཐིག་དང་ལས་ཐིག་མཐའ་དག་ལེགས་པར་བཏབ་ལ། རྡུལ་ཚོན་ཁ་དོག་སྣ་ལྔ་དང༌། ཐིག་སྐུད་བཞིན་བྱིན་གྱིས་བརླབས་ནས། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །སངས་རྒྱས་ཐོད་པ་རྒྱལ་ཆེན་པོ། །དེ་བཞིན་གཤེགས་པ་ཀུན་ཀྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །ཚོན་གྱི་ལས་ལ་ཡང་དག་འཇུག །ཅེས་བརྗོད་ཅིང་སློབ་དཔོན་གྱི་ཚོན་ཐོག་མར་དབྱེའོ། །ཐིག་ཚོན་བྱིན་བརླབ་ཀྱི་ལག་ལེན་ནི། བདེ་མཆོག་སོགས་སྤྱི་དང་འདྲ་ལ། ཐིག་ཚོན་གྱི་མཚན་ཉིད་ཀྱང་ལོགས་སུ་འཆད་པར་འགྱུར་བས། དེ་དང་དེ་དག་ལས་ཤེས་པར་འགྱུར་བའི་ཕྱིར། འདི་རྒྱས་པར་མ་སྨོས་སོ། །དེ་ལྟར་ན་དཀྱིལ་འཁོར་ཞག་གི་ཆོ་གའོ། །དེ་ནས་རྒྱན་དང་མཆོད་པ་རྣམས་ཀྱང་བཀྲམ་པར་བྱ་སྟེ། རྣམ་རྒྱལ་བུམ་པ་ལྷོར་སྒོ་དང༌། ལས་བུམ་བྱང་སྒོར་འགོད་པར་བཞེད་དེ། དཀྱིལ་འཁོར་གྱི་ཞལ་འཇིག་རྟེན་པའི་ལྷ་ལ་བསྟན་པའི་དབང་དུ་བྱས་པའོ། །རྒྱུད་ལས། བ་དན་རྣམ་པ་བརྒྱད་ཀྱིས་བརྒྱན། །ཞེས་པ་ལྟར། ཕྱོགས་ཀྱི་མདོག་ཅན་གྱི་བ་དན་བརྒྱད་ཀྱང་གཙུགས། གཞན་སྤྱི་དང་འདྲའོ། །སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་བརླབ་སྔོན་དུ་བཏང༌། སྐྱབས་འགྲོ་ནས་བདུད་རྩི་མྱང་བའི་བར་སྒྲུབ་ཐབས་ནས་འབྱུང་བར་ལྟར་


TNT11_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་སྒོམ། སྤྲོ་ན་བགེགས་སྦྱང་བ་དང༌། ཏིལ་སྦྱང་དང༌། ཁྲུས་གསོལ་བྱ། བྲིས་པའི་དཀྱིལ་འཁོར། ཨ་མྲྀ་ཏས་བསངས། སྭབྷ་ཝས་སྦྱངས། སྟོང་པའི་ངང་ལས་སྔོན་གྱི་སྨོན་ལམ་གྱི༴ ནས། ངོ་མཚར་བར་བྱེད་པའོ། །ཞེས་པའི་བར་གྱི་གཞལ་ཡས་ཁང་གདན་བཅས་བསྐྱེད། གཞལ་ཡས་ཁང་གི་དབུས་ཀྱི། ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ༴ ནས། རྩེད་འཇོའི་རོལ་པ་ཅན་ནོ། །དཔལ་ཧེ་རུ་ཀའི་ཞལ་ནས་ཧཱུཾ་ཞེས་པའི་སྒྲ་བསྒྲགས་པས། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ཡང་སྐད་ཅིག་གིས་གྲུབ་པར་གྱུར་སྟེ། ཐུགས་ཀྱི་འཁོར་ལོའི༴ ནས། ཟླ་བའི་རྒྱུ་འབབ་པའོ། །ཞེས་བརྗོད་ཅིང་སྒོམ་སྟེ་དམ་ཚིག་པ་བསྐྱེད་པའོ། །འདི་སྐབས་རིམ་པ་གསལ་བ་ལས། གཙོ་བོ་ཧཱུཾ་ལས་སྐད་ཅིག་གིས་བསྐྱེད་པར་བཤད་པ་ནི། ཟོར་ཡང་བར་དགོངས་པ་སྟེ་བསྡུ་ན་དེ་ལྟར་རུང་ལ། ཡབ་རྐྱང་དུ་བཤད་པ་ནི་ཅུང་ཟད་མི་ལེགས་ཤིང༌། ཡང་ན་གཙོ་འཁོར་དུས་གཅིག་ཏུ་བསྐྱེད་ཀྱང་ཤིན་ཏུ་ལེགས་སོ། །བདག་སྐྱེད་ཀྱི་བསྒོམ་པའི་དཀྱིལ་འཁོར་དང༌། གཟུགས་བརྙན་གྱི་དཀྱིལ་འཁོར་དབྱེར་མེད་དུ་གྱུར། རང་གི་ཐུགས་ཀ་ནས་སྟ་གོན་གྱི་དཀྱིལ་འཁོར་སྤྲོས་ཏེ་ནམ་མཁར་བཞུགས། ཨརྒྷཾ༴ ནས ཤཔྟའི་བར་གྱིས་མཆོད། རྡོ་རྗེ་དང་ནི༴ སོགས་ཀྱིས་བསྟོད།


TNT11_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུཾ་བཾ་ཧོཿ ཞེས་དམ་ཚིག་གི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྟིམ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཨོཾ༴ ནས། དོན་ཡོད་གྲུབ་པས་དབུ་བརྒྱན། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་ལས་ཀྱི་ཧེ་རུ་ཀ་ཕྱག་གཉིས་པར་གྱུར། བསྒྲུབ་མཆོད་ཞག་སྦྲེལ་མ་བྱེད་པའི་དངོས་གཞིའི་ཉི་མ་རྟིང་མ་རྣམས་ལ། སྐབས་འདིར་སྟ་གོན་གྱི་སྐབས་སུ་བཤད་པ་བཞིན་བུམ་བསྐྱེད་བཟླས་པའི་བར་དུ་བྱའོ། །མཆོད་པ་བྱིན་རླབས་བླ་མེད་སྤྱི་དང་མཐུན་པར་བྱས། དཀྱིལ་འཁོར་དང་བུམ་པའི་ལྷ་ལ་དུས་གཅིག་ཏུ་མཆོད་པར་བསམ་ལ་མཆོད་པ་འབུལ་བ་ནི། བསྡུ་ན་བདག་བསྐྱེད་དམ་སྟ་གོན་གྱི་སྐབས་སུ་བཤད་པ་ལྟར་གྱིས་ཆོག་ལ། ཅུང་ཟད་སྤྲོས་པ་ལ་མོས་ན། དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །སོགས་དང༌། ཨོཾ་བུདྡྷ་ཀ་པཱ་ལ། ཛ་ཧཱུཾ་ཁཾ་རཾ་ཨ། དེ་བཞིན་དུ་སྦྱར་ཏེ། ཞབས་བསིལ་དང༌། པཱ་དྱཾ། འཐོར་ཐུང་དང་པྲོཀྵ་ཎཾ་སྟེ་ཆུ་གསུམ་འབུལ། ཨོཾ་ལྷ་ཡྀ་མེ་ཏོག་ཤིན་ཏུ་དམར་སོགས་དང༌། ཨོཾ་བུདྡྷ་ཀ་པཱ་ལི་ནི་མ་ཊ༴ སོགས། ཨོཾ་ཙནྡན་ག་བུར༴ སོགས། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཏ་ཊ༴ སོགས་ཨོཾ་མར་མེའི་འོད་ཟེར་འབར་བ༴ སོགས་ཨོཾ་བུདྡྷ་ཀཱ་པཱ་ལི་ནི་གྲྀཧྞ༴ སོགས། སྣ་ཚོགས་ལྷ་ཡི་དྲི་ཞིམ་པ་སོགས་དང༌།(《ཛཾ》+ཨོཾ་)མཧཱ་ཀ་པཱ་ལི༴ སོགས་ཨོཾ་ཁ་དོག་དྲི་དང་༴ སོགས་དང༌། ཨོཾ་བུདྡྷ་ཀ་པཱ་ལི་ནི་གྲྀཧྞ་ནས། ཁཱ་ཁཱ་ཧཱུཾ།


TNT11_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་པ་ཊ་པ་ཊ་ཧ་དང་༴ སོགས་དང༌། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། གིས་རོལ་མོ་ཕུལ། གོས་ཟུང་འབུལ་བ་ཡང་སྤྱི་དང་འདྲ་བ་ལས། སྔགས་ནི། ཨོཾ་མཧཱ་ཀ་པཱ་ལ༴ བཛྲ་དྷརྨ༴ སོགས་སོ། །གཞན་ཡང་སྤྲོ་ན་ལྷ་མོ་བཅུ་དྲུག་དང༌། རིན་ཆེན་བདུན་དང༌། འདོད་ཡོད་ལྔ་ལ་སོགས་པས་མཆོད། དེ་ནས་བསྟོད་པ་ནི། རྡོ་རྗེ་དང་ནི༴ སོགས་དང༌། ཧཱུཾ་ཆོས་དབྱིངས་རྣམ་དག་དབྱིངས་ལས་བྱུང༌། །གདུག་པ་འདུལ་མཛད་ཁྲོ་བོའི་སྐུ། །མི་བཟད་ཧ་ཧར་བཞད་པ་ཡི། ཁྲག་འཐུང་སྐུ་ལ་ཕྱག་འཚལ་འདུད། །བདུད་ཀྱི་དཀྱིལ་འཁོར་ཕམ་མཛད་ཅིང༌། །རྡོ་རྗེ་ཧཱུཾ་མཛད་ཡི་གེ་ཧཱུཾ། །ཆ་ལུགས་དུ་མ་རབ་ཏུ་འཇིགས། །འཇིགས་བྱེད་འཇིགས་པར་མཛད་ལ་འདུད། །སེང་གེ་འཕྲོག་བྱེད་ཚངས་པའི་གཙོས། །གང་གི་ཞབས་ལ་ཕྱག་འཚལ་བ། ཁམས་གསུམ་དབང་ཕྱུག་སྲིད་གསུམ་འཇོམས། །དཔའ་བོའི་དབང་ཕྱུག་ཁྱོད་ལ་འདུད། །གཉུག་མའི་དགའ་མ་ལྷན་ཅིག་སྐྱེས། །བདག་མེད་དོན་གྱི་ཡེ་ཤེས་དངོས། །སེམས་ཅན་ཀུན་ལ་ཕན་དགྱེས་པ། །སྣ་ཚོགས་བདེ་མ་ལ་ཕྱག་འཚལ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །ཤེས་བྱ་ཀུན་ལ་རབ་གཡོ་བ། །མཁའ་སྤྱོད་རྣལ་འབྱོར་སྐུར་སྟོན་པ། །ཕྲེང་བཟང་མ་སོགས་ལ་ཕྱག་འཚལ། །ཟག་མེད་བདེ་བ་བཅུད་ཀྱི་ལེན། །ཡེ་ཤེས་བདུད་རྩིས་གང་བ་ཡིས། །ཐོད་པ་བཞི་པོ་རབ་སྤྲུལ་བ། །མཆོད་པའི་ལྷ་ལ་ཕྱག་འཚལ་


TNT11_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འདུད། །གང་གི་གསུང་དབྱངས་མི་ཟད་པ། །འགྲོ་ཀུན་བསམ་པ་ཇི་བཞིན་འཇུག །ས་སྤྱོད་རྣལ་འབྱོར་མ་ཡི་ཚུལ། །དགེ་བའི་སྐེ་རགས་ཅན་སོགས་འདུད། །ཇི་ལྟ་ཇི་ལྟར་འདུལ་བའི་སྐུ། །སྣ་ཚོགས་སྤྲུལ་པ་ཐབས་ཀྱི་དོན། །ས་འོག་སྤྱོད་པའི་རྣལ་འབྱོར་མ། །སྒྲོལ་བྱེད་མ་སོགས་ཕྱག་འཚལ་འདུད། །ཞི་དང་རྒྱས་དང་དབང་དགུག་དང༌། །མངོན་སྤྱོད་འཕྲིན་ལས་སྤྱོད་མཛད་ཅིང༌། །འགྲོ་བའི་དོན་ལ་གཞོལ་བ་ཡི། །སྒོ་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཁང་བཟང་ཉམས་དགའ་བ། །ཨེ་ཡིག་བྷ་ག་ཆོས་ཀྱི་དབྱིངས། །རྒྱན་རྣམས་ཀུན་ཀྱིས་རབ་བརྒྱན་པ། །གཞལ་མེད་ཁང་ལ་གུས་ཕྱག་འཚལ། །སྣ་ཚོགས་རྡོ་རྗེ་པདྨ་ཉི། །དུར་ཁྲོད་ཆེན་པོའི་རབ་བསྐོར་ཞིང༌། །རྡོ་རྗེའི་གུར་བཅིངས་ལ་སོགས་པ། །དེ་དག་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་པར་བྱའོ། །དེ་ནས་རོལ་མོའི་སྒྲ་དང་བཅས་ཏེ། སྙིང་གའི་ཧཱུཾ་ལས་ལྷ་མོ་བརྒྱད་ཅིག་ཅར་སྤྲུལ༴ ཞེས་པ་ནས། འདི་དག་གིས་ནི་མཆོད་པར་བྱ། །ཞེས་པའི་བར་བརྗོད་ལ། ཡབ་ཡུམ་སྙོམས་པར་ཞུགས་པའི༴ ཞེས་པ་ནས། ཨོཾ་ཨཱཿཧཱུཾ། ལན་གསུམ་བར་སྒྲུབ་ཐབས་ལྟར་ནང་གི་བདུད་རྩི་མྱང་བ་དང༌། ཕྱིའི་བདུད་རྩི་བྱིན་རླབས་རྣམས་བྱ། དེ་ནས་ནང་མཆོད་འབུལ་བ་ནི། ཧེ་རུ་ཀ་དཔལ་ཡེ་ཤེས་མཁའ་འགྲོ་མ། །བློ་གྲོས་རིན་ཆེན་གྲུབ་ཐོབ་ས་ར་ཧ། །ཀླུ་


TNT11_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཤཱ་ཝཱ་རི་དང་མཻ་ཏྲི་པ། །མར་པ་ལོ་ཙཱ་ཚུལ་སྟོན་དབང་ངེ་དང༌། །རོ་མཉམ་རྡོ་རྗེ་རྒྱ་སྟོན་ཡོན་ཏན་གྲགས། ཁམ་པ་ཤཀ་རྡོར་བར་བཏང་ཆོས་ཀྱི་གྲགས། །རྒན་ལྷས་པ་དང་ཆོས་རྗེ་བསོད་ནམས་འཕེལ། །བག་སྟོན་གཞོན་ཚུལ་མཁས་གྲུབ་བྲག་དཀར་བ། ཁྱུད་ལྷས་པ་དང་གྲུབ་ཆེན་ཀུན་བློའི་ཞབས། །བླ་ཆེན་གྲགས་རིན་ནམ་མཁའ་ཚུལ་ཁྲིམས་དང༌། །ཟླ་བ་རྒྱལ་མཚན་ཆོས་ཀྱི་སེང་གེ་དང༌། །ནམ་མཁའ་རིན་ཆེན་རྩ་བའི་བླ་མ་སྟེ། །བརྒྱུད་ལྡན་བླ་མ་ཀུན་ལ་མཆོད་པ་འབུལ། ཨོཾ་ཨཱཿཧཱུཾ། གཙོ་བོའི་སྙིང་པོའི་མཐར་འབྲུ་གསུམ་བཏགས་པ། ལན་བདུན་གྱིས་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། མཆོད་པའི་མགྲོན་རྣམས་ལ་འབུལ་ཚུལ་ཡང་བདེ་དགྱེས་སོགས་དང་འདྲ། མཐར་བདག་ཉིད་ཀྱི་བདུད་རྩི་མྱངས་ནས། ཨོཾ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། དེའི་རྗེས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་འབུལ་ཏེ། སྟ་གོན་གྱིས་སྐབས་སུ་བཤད་པ་བཞིན་ནོ། །དེ་དག་ནི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་ཆོ་གའོ། །དེ་ནས་ཁྲུས་དང་མཎྜལ་སྔོན་དུ་འགྲོ་བས། ཨཱཿཁཾ་ཝཱི་ར་ཧཱུཾ། གྱིས་མིག་དར་བཅིངས་ཤིང་མེ་ཏོག་བཟུང༌། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་


TNT11_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཞུག་ཏུ་གསོལ། །དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་ཆོམས་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ཅེས་ལན་གསུམ་གསོལ་བ་གདབ། ཀྱེ་ཁྱོད་སུ་ཡིན། ཞེས་དྲིས་པའི་ལན་དུ། བདག་ནི་རྒྱལ་བའི་སྲས་སོ། །དེ་ནས་དཀྱིལ་འཁོར་ལ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལན་གསུམ། ལྷས་གནང་བ་སྦྱིན་པར་མོས། ཛཿཧཱུཾ་བཾ་ཧོཿ ཡོལ་བའི་ནང་དུ་བཅུག་པར་མོས། ཨོཾ་ན་མ་སྟེ་ཧཱུཾ། ན་མོ་མེ་ཧཱུཾ། ན་མོ་ན་མཿཧཱུཾ། ཞེས་ཐུན་མོང་དུ་ཕྱག་བྱ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པུ་ཛ་ཨུ་པ་སྠཱ་ན་ཡ་ཨཱཏྨ་ནཾ་ནི་ཏྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་ཝཱི་ར་ཡོ་གི་ནཱི་ཨཱཏྨ་སུ་མ་ལ་ཨ་དྷི་ཏིཥྛཱ་སྭ་མཾ། ཞེས་ཤར་སྒོ་དང༌། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཾ་ནིཪྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་ཝཱི་ར་ཡོ་གི་ནཱི་ཨཱཏྨ་ཀཱ་མ་ནི་ཨ་བྷི་ཥིཉྩནྟུ་མཾ། ཞེས་བྱང་སྒོ་དང༌། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པུ་ཛ་ཨ་པྲ་ཝརྟ་ནཱ་ཡ་ཨཱཏྨ་ནཾ་ནིཪྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་ཝཱི་ར་ཡོ་གི་ནཱི། ཨཱཏྨ་བྷི་མ་པྲ་ཝརྟ་ཡ་མཾ། ཞེས་ནུབ་སྒོ་དང༌། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པུ་ཛ་ཀརྨ་ཎེ་ཨཱཏྨ་ནཾ་ནིཪྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་ཝི་ར་ཝོ་གི་ནཱི་


TNT11_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཏྨ་ཨཪྱ་གརྨ་ཀུ་རུ་མཾ། ཞེས་ལྷོ་ཕྱོགས་ནས་ཕྱག་འཚལ། སྐབས་འདིར་རིམ་པ་གསལ་བ་ལས། ཐལ་མོ་འགོད་པ་སྤྱི་དང་ཅུང་ཟད་མི་འདྲ་བ་བཤད་མོད་ཀྱང༌། སྤྱི་དང་མཐུན་པར་སྙིང་ག་སྤྱི་གཙུག་མགྲིན་པ་དཔྲལ་བ་རྣམས་སུ་རིམ་བཞིན་སྦྱར་རོ། །དེ་ནས་སྡོམ་པ་བསྒྲགས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། །སྡོམ་པ་བརྟན་པོར་གྱུར་བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱི་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ཡང་ལན་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ནས་སྡོམ་པ་བཟུང་བ་ནི། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ལན་གསུམ་མོ། །རང་གི་སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་


TNT11_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནས་པའོ། །མེ་ཏོག་ཕྲེང་བ་དང་བཅས་པའི་རྡོ་རྗེ་ལྔ་པ་སྙིང་གར་བཟུང་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི། ཞེས་སེམས་བསྐྱེད། རྡོ་རྗེ་སྙིང་གར་གཏད། ཨོཾ་སུ་ར་ཏེ་ས་མ་ཡ་སྟཾ་ཧོཿསིདྡྷ་བཛྲ་ཡ་ཐ་སུ་ཁཾ། ཞེས་སོ། །ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ལས་བུམ་གྱི་ཆུས་བསངས། ཨཱ་ཁཾ་ཝཱི་ར་ཧཱུཾ། དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་མོས། །དེ་ནས་དམ་ལ་བཞག་པ་ནི། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་ཅི་ཞིག་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་དང༌། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་དང༌། མནའ་ཆུ་འཐུང་ཞིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ་ཧཱུཾ། ཞེས་དང༌། དེ་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། གང་ངས་འདི་བྱོས་ཤིག་ཅེས་བསྒོ་བ་དེ་བྱ་དགོས་སོ།


TNT11_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱི་ང་ལ་བརྙས་པར་ཡང་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྟུང་བ་འགྱུར་ཏ་རེ། ཞེས་པའོ། །དེ་ནས་ཡེ་ཤེས་དབབ་པ་ནི། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཡེ་ཤེས་བདག་ལ་དབབ་ཏུ་གསོལ། །རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། དཔལ་སངས་རྒྱས་ཐོད་པ་ཡབ་ཡུམ་ཁ་སྦྱོར་གྱི་སྐུ། འོད་ཟེར་དཔག་ཏུ་མེད་པ་འབར་བ། སྐུ་ཆུང་ལ་ཡན་ལག་དོད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་པས་མཁའ་གསང་བསྐྱོད་པ་ལས་བྱུང་བའི་འོད་ཟེར་དམར་པོས་ལུས་ཀྱི་ནང་ཐམས་ཅད་གང་བས་ལུས་སེམས་ཐམས་ཅད་བདེ་བས་ཁྱབ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་ལྷ་ཚོགས་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས། དཔལ་ཧེ་རུ་ཀ་མཁའ་འགྲོ་མའི་ཚོགས་དང་བཅས་པ་སྤྱན་དྲངས་ཏེ། རང་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། ཨོཾ་ཏིཥྛ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀ་བིད་མ་ཧེ་བིཏྱ་རཱ་ཛ་ཡ་དྷཱི་མ་ཧེ་སྭཱཧཱ། ཞེས་རོལ་མོའི་སྒྲ་དང་བཅས་ཏེ་དབབ་བོ། །ཨོཾ་ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་སྟེ་བརྟན་པར་མོས། ལྷ་རྣམས་རིགས་ཀྱི་རིམ་པ་བཞིན། །བསོད་ནམས་


TNT11_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདྲ་དེ་འདྲར་ཤོག །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་དང༌། ཨོཾ་པྲ་ཏི་གྲྀཧྞ་ཏྭཾ་ཨེ་མཾ་སཏྭ་མཧཱ་བ་ལ། ཞེས་མེ་ཏོག་རང་གི་སྤྱི་བོར་བཞག །རང་གི་ལས་དང་རྗེས་སུ་མཐུན་པར་ནམ་མཁའི་ཁ་དོག་མཐོང་བར་མོས། སློབ་མ་དབང་བསྐུར་གྱི་དུས། སྐབས་འདིར་ནམ་མཁའི་ཁ་དོག་བརྟག ཧེ་རུ་ཀ་དཔལ་དང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་མཛད། །བྱེ་བས་ཐམས་ཅད་མཐོང་བར་ཡང༌། །རྡོ་རྗེའི་མིག་ནི་བླ་ན་མེད། བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་མིག་དར་ཕྱེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དང་བ་རབ་ཏུ་སྐྱེ། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཀུན་ཁྱོད་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་ལྟ་བར་བསྐུལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། ཞེས་བརྗོད། སློབ་མ་དབང་བསྐུར་གྱི་སྐབས་སུ། སྐབས་འདིར་མངོན་རྟོག་ལྟར་ལྷ་ངོ་བསྟན་ནོ། །སྣ་ཚོགས་པདྨའི་གདན་སྟེང་ནས། །གཉིས་སུ་མེད་པས་ལེགས་པར་འཁྱུད། །དངོས་པོ་ཀུན་གྱི་རང་བཞིན་ཅན། །དངོས་གྲུབ་མ་ལུས་སྩོལ་བ་པོ། ཁྲག་འཐུང་ཆེ་ལ་བུ་ཁྱོད་ལྟོས། །སྣ་ཚོགས་བདེ་


TNT11_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

མས་གཙོར་མཛད་པའི། །ཕྲེང་བཟང་མ་སོགས་ལྷ་མོ་ལྔ། །ཐོད་པ་བཞི་པོར་བཅས་པ་ཡི། །རབ་ཟབ་ཐུགས་ཀྱི་འཁོར་ལོ་དང༌། །དགེ་བའི་སྐེ་རགས་ཅན་ལ་སོགས། གསུང་གི་རྣམ་དག་འཁོར་ལོ་དང༌། །སྒྲོལ་བྱེད་མཁའ་འགྲོ་མ་ལ་སོགས། །རྣམ་དག་སྐུ་ཡི་འཁོར་ལོ་སྟེ། །རབ་དང་འབྲིང་དང་ཐ་མ་ཅན། །མཛེས་སྡུག་ལ་སོགས་ལྷ་མོ་བཞི། །གཟུགས་སོགས་དག་པའི་བདག་ཉིད་འགྱུར། །ལྷ་རྣམས་དེ་ཉིད་མཚན་མ་ཡིན། །ཞེས་བརྗོད། དེ་རྣམས་ནི་འཇུག་པའི་ཆོ་གའོ། །དེ་ནས་དབང་དངོས་ནི་བུམ་དབང་གི་དོན་དུ་མཎྜལ་ཕུལ་ལ། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །དཔའ་བོ་ཆེན་པོ་མི་བཟློག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་ཀྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །ལན་གསུམ་གྱིས་གསོལ་བ་བཏབ། དཀྱིལ་འཁོར་གྱི་ཤར་སྒོའི་ཕྱོགས་སུ་དབང་སྟཻགས་སེང་ཁྲི་པདྨ་གདན་ནང་ཚངས་ཅན་བརྩེགས་པའི་སྟེང་དུ། བདག་ཉིད་དཔལ་ཧེ་རུ་ཀ་ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་སྔོན་པོ་ཌཱ་མ་རུ་ཁ་ཊྭཱཾ་ག་གྲི་གུག་ཐོད་པ་འཛིན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། སྟེང་དུ་གདུགས་དང་མཐའ་སྐོར་དུ་མཆོད་པའི་ཚོགས་ཀྱིས་ཡོངས་སུ་གང་བར་བྱས།


TNT11_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀྱིལ་འཁོར་གྱི་གཙོ་བོའི་ལྟེ་བར་གཏུམ་མོ་འབར་བས། ཞེས་པ་ནས། མེ་ཏོག་ལ་སོགས་པའི་ཆར་ཕབ་ཅིང༌། དབང་བསྐུར་བར་མཛད་དོ། །ཞེས་བརྗོད། ཡུངས་ཀར་གྱིས་བྲབ་ཅིང་གཙོ་བོའི་སྔགས་བརྗོད། རྣམ་རྒྱལ་བུམ་པ་བཏེག་སྟེ་མེ་ཏོག་འཐོར་ཞིང༌། ཨོཾ་ཕུན་སུམ་ཚོགས་པ་མངའ་བ། སོགས་ཀྱིས་ཤིས་པ་བརྗོད་ཅིང་རོལ་ཆེན་བྱའོ། །དེ་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཧེ་རུ་ཀ་ཝཱི་ར་ཏྭཾ་ཨ་བྷི་ཥིཉྩ། ཞེས་བུམ་པའི་ཆུས་དབང་བསྐུར་ཏེ། རིག་པའི་ལྷ་མོ་རྫུ་འཕྲུལ་ཅན་རྣམས་ཀྱིས་དབང་བསྐུར་བར་གྱུར། དབུ་རྒྱན་བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ཨོཾ་སྭཱ་ཧྲཱིཿཁཾ་རྣམས་ལས་བྱུང་བའི་དབུ་རྒྱན་དར་དཔྱངས་དང་བཅས་པ། དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོ། རིགས་ལྔའི་སྐུ་གཟུགས་ཀྱིས་མཚན་པར་གྱུར། དབུ་རྒྱན་དང་དར་དཔྱངས་བཅིངས་ལ། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །རིན་ཆེན་དབུ་རྒྱན་དམ་པ་དང༌། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་པ་ཊ་ཀ་བཛྲ་ཨ་ར་ལི་ཧོ། དེ་ནས་རྡོ་རྗེ་རྩེ་དགུ་པ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེ་ཉིད་


TNT11_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ལས་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་རྡོ་རྗེར་གྱུར། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ། ཨ་བྷི་ཥིཉྩ་མཾ། རྡོ་རྗེ་གསོར་ཞིང་སྙིང་གར་གཏད་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་རྡོ་རྗེའི་དེ་ཁོ་ན་ཉིད་བསམ། དྲིལ་བུ་བསངས་སྦྱངས། སྟོང་པའི་ངང་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ། རང་སྣང་པའི་ཐབས་ཀྱིས་འཁྱུད་པ། དེ་ཞུ་བ་ལས་བྱུང་བའི་རྩེ་དགུ་པའི་མཚན་པའི་དྲིལ་བུར་གྱུར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅིངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་ཤྲི་ཧེ་རུ་ཀ་ཨ་དྷི་པ་ཏི་ཏྭཾ། ཨ་བྷི་ཥིཉྩ་ཏིཥྛ་བཱི་ར་ས་མ་ཡ་ཏྭཾ། དྲིལ་བུ་ལན་བརྒྱད་དུ་དཀྲོལ་ལ་དཀུར་བསྟེན། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་ཤོག །ཅེས་དྲིལ་བུའི་དེ་ཁོ་ན་ཉིད་དྲན་པར་བྱའོ། །དེ་ལ་རིམ་པ་གསལ་བ་ལས། རྡོ་རྗེ་ཆེན་པོ་


TNT11_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་དགུ་པ། །དེ་ཉིད་ལྡན་པས་བྱིན་བརླབས་ནས། །ཞེས་འབྱུང་བ་ནི། རྡོ་རྗེའི་དེ་ཁོ་ན་ཉིད། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཞེས་སོགས་དྲན་པ་ཡིན་གྱི། ལྷ་ཉི་ཤུ་རྩ་བདུན་གྱི་དེ་ཉིད་དྲན་པ་ལ་སོགས་པ་ནི་མ་ཡིན་ནོ། །དེས་ན། འདིར་རྡོ་རྗེ་དང་དྲིལ་བུ་རྡོར་སེམས་ཡབ་ཡུམ་དུ་བསྐྱེད། ཡབ་རྡོ་རྗེ་དང་ཡུམ་དྲིལ་བུར་བསྒྱུར་ནས། དབང་དེ་ཉིད་རིམ་ཅན་དུ་བསྐུར་ཡང་ལེགས་པར་འགྱུར་ཏེ། རིམ་པ་གསལ་བའི་བཞེད་པ་ཡང་དེ་ཡིན་ནོ། །རྡོར་དྲིལ་སྙིང་གར་འཁྱུད་རྒྱ་བྱས་ལ། བདག་ཉིད་དཔལ་ཧེ་རུ་ཀ་ཡུམ་སྣ་ཚོགས་བདེ་མས་འཁྱུད་པ། ཐུགས་རྒྱུད་བདེ་བ་ཆེན་པོས་གང་བར་གྱུར། རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད། །གཡོན་སྙེམས་པ་དང་སྒྲོས་སྣོན་འཆང༌། །གཉིས་མེད་གཉིས་མེད་རྣལ་འབྱོར་ཏེ། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །ཞེས་ཕྱག་རྒྱ་སྐུའི་དམ་ཚིག་དྲན་པར་བྱའོ། །དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང༌། ཞལ་ནས་ཐོན། རང་གི་ཁ་སྒོ་ནས་ཞུགས། སྙིང་གའི་ཧཱུཾ་ལ་ཐིམ། སྙིང་པོ་ལན་གསུམ་བརྗོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །འདིར་གཞུང་ལས། བྱིན་བརླབ་ཆེ་ལྡན་སྔགས་ཀྱིས་ནི། །སྔགས་ཀྱི་དབང་བསྐུར་སྦྱིན་པར་བྱ།


TNT11_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

།ཞེས་འབྱུང་བ་ནི། སྔགས་དབང་སྟེར་དགོས་པའི་དོན་ཡིན་གྱི། ཚིག་དེ་བརྗོད་དགོས་པའི་དོན་མ་ཡིན་ནོ། །དེ་ནས་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་ངོ་བོ་རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་པས་ལུས་འོད་ཀྱིས་གང་བར་བསམ་ལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་ཏྭཾ། ཨ་བྷི་ཥིཉྩ་མཾ། ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ། ཞེས་གསང་མཚན་དྲན་པར་བྱ། མིང་གི་དབང་ངོ༌། །དེ་ལྟར་དབང་དེ་རྣམས་བསྐུར་བས། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱའོ། །སངས་རྒྱས་ལྔའི་འཕྲིན་ལས་བསྒྲུབ་པ་ལ་དབང་ངོ༌། །བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེ་ལག་ཏུ་གཏོད་ལ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་འདུག ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཅང༌། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། །ཏིཥྛ་ཨེ་ཥ་ཏྭཾ། དྷ་ར་ཡཱ་མི་ཧཱུཾ། ཧ་ཧ་ཧ་ཧོཿ རྡོ་རྗེ་བརྟུལ་ཞུགས་སོ། །རང་ཉིད་སངས་རྒྱས་ཐོད་པ་ཧེ་རུ་ཀའི་སྐུར་གྱུར། ཧཱུཾ་ལས་བྱུང་བའི་ཕྱག་མཚན་རྣམས་གཏད། ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོག་ཅིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག ཁ་ཊྭཱཾ་ག་


TNT11_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་བགྱི། །སྤྱོད་པའི་བརྟུལ་ཞུགས་སོ། །དེ་ནས་དབང་གི་ལྷ་རྣམས་གཙོ་བོའི་ཐུགས་ཀའི་རྩ་བརྒྱད་ལ་ཐིམ། སྤྲོས་པ་ལ་དགའ་ན་ཆུ་དབང་ནས་འདིའི་བར་དབང་རྫས་ལ་གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་གདབ་རྣམས་བྱེད་པ་དང༌། དབང་ལྔ་ལ་སློབ་མའི་མཆོད་པ་དང༌། རྟོགས་སྐྱེད་སོགས། སྤྱི་དང་མཐུན་པ་དང༌། བར་འདི་ལྷ་མཆོད་པ་དང༌། མིག་ཐུར་སོགས་རྗེས་གནང་རྒྱས་པའང་བྱས་པས་ཆོག་གོ །འོན་ཀྱང་སྤྲོས་པ་ཙམ་དུ་རིག་པར་བྱའོ། །ཞི་དང་རྒྱས་དང་དབང་དང་དགུག །སྡང་དང་དབྱེ་དང་མནན་ལ་སོགས། །བསད་དང་བསྐྲདཔ་ཐམས་ཅད་སྟེ། །ལས་དེ་རྣམས་ནི་བསྒྲུབ་པར་བགྱི། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་བསྒུབ་པར་བགྱི། །རྗེས་གནང་ངོ༌། །དེ་ནས་ལུང་བསྟན་ནི། ཧེ་རུ་ཀ་དཔལ་ལུང་སྟོན་བཞིན། །མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱི། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཤྲཱི་ཧེ་རུ་ཀ་ནཱ་མ། ཏ་ཐཱ་ག་ཏ་ཏིཥྛ་སིདྡྷི་ས་མ་ཡ་ཏྭཾ། བྷུ་ར་བྷུཿཝ་སྭཿ གསང་མཚན་དྲན་པར་བྱ་སྟེ། ལུང་བསྟན་ནོ། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་པ་དང་ནི་མཐོང་བས་ཀྱང༌། །སྡིག་པ་ཀུན་


TNT11_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངེས་གྲོལ་ཏེ། །དེ་རིང་ཁྱོད་རྣམས་བདེ་བར་གནས། །དབང་འདི་བསྐུར་བ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱང་བདེ་བ་ཡི། །བརྟན་གཡོ་ཀུན་གྱི་དམ་ཚིག་ཡིན། །ནངས་པར་སྔར་ལངས་སེམས་དག་ཉིད། །མ་ལུས་ལས་ནི་བྱས་ནས་ཀྱང༌། །སྲུང་དང་བཟའ་བ་ལ་སོགས་པ། །སྡོམ་པའི་བདག་ཉིད་ཀྱིས་བསྲུང་ངོ༌། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་དང་ནི་སྡོམ་པ་བསྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ཡང་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བ་ནི། །གཉིས་མེད་གཉིས་མེད་འཁོར་ལོ་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཆང་དང་ཤ་སོགས་གང་ཅིའང་རུང༌། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་དབང་ན་གནས། །ཧེ་རུ་ཀ་དཔལ་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་མི་སྤོང་ཞིང༌། །མྱ་ངན་འདས་ལ་དགར་མི་རུང༌། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་གཞོམ་པ་མཚོན་ཆ་དང༌། །མཚན་མ་འགོད་པར་མི་བགྱིད་དོ། །དམ་ཚིག་རབ་བསྲུང་བསོད་


TNT11_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་བུ་ཁྱོད་ཉིད་མ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །གཉིས་མེད་ཡེ་ཤེས་དཔྱོད་ལྡན་པར། །བསླབ་པ་བླངས་པ་སྔོན་འགྲོ་བས། །སྒྲ་སོགས་སྟོང་པ་སྔོན་འགྲོ་བའི། །ཚངས་པར་སྤྱོད་པ་ཤིན་ཏུ་སྲུངས། །དམ་ཚིག་དེ་ལ་རྟག་གནས་ཏེ། །དེ་སྔོན་འགྲོ་བ་སྦས་པའི་ཡིད། །སྤྱོད་དང་གྲོལ་བའི་གནས་འདོད་པའི། །ཡིད་ལ་འདོད་པ་ཀུན་འགྲུབ་འགྱུར། །ཞེས་དཀྱིལ་འཁོར་གྱི་བདག་པོས་གསུངས་པར་བསམ་ཤིང༌། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ལན་གསུམ་གྱིས་ཁས་བླང་ངོ༌། །དེ་ལྟར་བུམ་པའི་དབང་ཐོབ་པས། །བསྐྱེད་རིམ་འཕྲིན་ལས་ཀུན་ལ་དབང༌། །ཕྱིར་མི་ལྡོག་པའི་ས་ཐོབ་ཅིང༌། །སྤྲུལ་སྐུའི་གོ་འཕང་མངོན་དུ་འགྱུར། །གསང་བའི་དབང་གི་དོན་དུ་མཎྜལ་ཕུལ། བདག་ནི་འཁོར་བའི་འདམ་དུ་བྱིང༌། །དཔུང་གཉེན་མཛོད་ཅིག་སྐྱོབ་པ་པོ། །བདག་ནི་སྐལ་དམན་རྩོལ་བ་ཆུང༌། །སངས་རྒྱས་ཆོས་


TNT11_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་བྲལ་བས། །ཀྱཻ་སྟོན་པ་བླ་མ་ཆེ། །མགོན་པོ་ཁྱོད་ཀྱིས་བརྩེ་བར་མཛོད། །ཅེས་ལན་གསུམ། དེ་ནས། ཨོཾ་ཧེ་རུ་ཀ་ཝཱི་ར་ཏྭཾ། བཛྲ་ཨ་བྷི་ཥིཉྩ། ཞེས་ཆུ་དབང་དང༌། ཨོཾ་པ་ཊཾ་ཀ་བཛྲ་ཨཱ་ར་ལི་ཧོཿ ཞེས་དབུ་རྒྱན་དང༌། ཨོཾ་བཛྲ་ཨ་དྷཱི་པ་དྷི་ཏྭཾ་ཨ་བྷི་ཥིཉྩ་མི། ཞེས་རྡོ་རྗེ་དང༌། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་དྷི་ཏྭཾ། ཨ་བྷི་ཥིཉྩ་ཏིཥྛ་བཱི་ར་ས་མ་ཡ་ཏྭཾ། ཞེས་དྲིལ་བུ་དང༌། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་དྷི་ཏྭཾ། ཨ་བྷི་ཥིཉྩ་མི། ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཞེས་མིང་གི་དབང་བསྐུར་རོ། །འདིར་དེ་ཙམ་གྱི་དོན་འགྲུབ་པར་མཐོང་བས། ཟོར་ཡང་པའི་དབང་དུ་བྱས་ལ། གཞུང་ལས། སྔར་གསུངས་ཆོ་ག་བཞིན་དུ་ནི། །ཆུ་སོགས་དབང་རྣམས་བསྐུར་བར་བྱ། །ཅེས་སྔགས་དབང་མ་གཏོགས་གོང་བཞིན་བསྐུར་བར་བཤད་པ་ཡིན་ཏེ། སྤྲོས་པ་ལ་དགའ་ན་དེ་ལྟར་བྱའོ། །སྒྱུ་ཐོད་ཀྱི་དཀྱིལ་ཆོག་རིམ་པ་གསལ་བ་གཉིས་ཀྱི་ལུགས་ལ། སྐབས་འདིར་འདི་ལྟ་བུ་བཤད་ཀྱི། རྒྱུད་དང་དཀྱིལ་ཆོག་གཞན་ཕལ་ཆེར་ལས་མི་འབྱུང་བས། མི་སྤྲོ་ན་མ་བྱས་ཀྱང་ཆོག་གོ །ཨཱ་ཁཾ་བཱི་ར་ཧཱུཾ་གིས་གདོང་གཡོགས། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཡབ་ཡུམ་


TNT11_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུགས། གསང་བར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས་པའི་བྱང་ཆུབ་ཀྱི་སེམས་བདག་གི་ལྕེ་ཐོག་ཏུ་བཞག །འདས་པའི་རྡོ་རྗེ་འཆང་སོགས་ཀྱི། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །སྙིང་པོའི་མཐར། ཨོཾ་ཨཱཿཧཱུཾ། ཞེས་བརྗོད། བདུད་རྩི་མྱངས། ཨ་ཏི་སུ་ཁཾ། ཞེས་བརྗོད། གདོང་གཡོགས་བསལ། དེ་ལྟར་གསང་བའི་དབང་ཐོབ་པས། །སྔགས་བཟླས་རླུང་སོགས་སྒོམ་ལ་དབང༌། །ས་བཅུ་པ་དང་སྐལ་བ་མཉམ། །ལོངས་སྐུའི་གོ་འཕང་མངོན་དུ་འགྱུར། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། བདག་ནི་འཁོར་བའི་འདམ་དུ་བྱིང༌། །རྣམ་རྟོག་མང་དང་བདག་ལྡན་པས། །བག་ཆགས་ཡང་དག་བཅད་པ་ཡི། །མཛེས་མ་ཁྱོད་ཀྱིས་སྐྱོབ་པར་མཛོད། །གྲགས་པ་ཆེན་པོ་སྙིང་རྗེ་ཆེ། །ལྷ་མོ་དེས་ནི་ཞི་བར་མཛོད། །ཅེས་ལན་གསུམ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་རྐྱེན་གྱིས། ལྟེ་བར་གཏུམ་མོ་སྦར་བས་བདེ་བ༴ ཞེས་པ་ནས།གསུང་བཞིན་པར་གྱུར། ཀྱཻ་ཨཱ་ཧོཿ དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་མ་ཐག་ཏུ་སྟོང་པར་འགྱུར། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་དུ་སྟོང་པ་ཉིད། །དཔེར་ན་པི་ཝཾ་སྦྱོར་སོགས་ཀུན། །


TNT11_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དང་བྲལ་ན་རྡུང་མི་རུང༌། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་ཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཞེས་ཉེས་དམིགས་བསྒྲགས་སོ། །འདི་བྲམ་ཟེ་ཆེན་པོའི་གཞུང་འགྲེལ་དུ་གྲགས་པ་འདི་དག་ཏུ། གོང་མའི་དབང་གསུམ་ལ་སོ་སོར་ཕྲལ་ཏེ་སྦྱར་ཡང༌། དེ་འདྲའི་ངེས་པ་མི་སྣང་བས། འདིར་ཆབས་གཅིག་ཏུ་སྒྲོག་གོ །དེ་ནས་ཡང་དང་ཡང་དུ་ཕྱག་འཚལ་ཏེ། ཞེས་པ་ནས་ཆར་ཕབ་ཅིང་དབང་བསྐུར་བར་མཛད་དོ། །ཞེས་བརྗོད། གོང་གསལ་དབང་གི་སྐབས་ལྟར་དབང་ལྔ་དང༌། ཡིད་ཀྱི་ལུས་སུ༴ སོགས། ཕྱག་རྒྱའི་དམ་ཚིག་དང༌། འདས་པའི་རྡོ་རྗེ༴ སོགས་ཀྱིས་གསང་དབང་ཡང་བསྐུར་བར་མོས། དེ་ནས་ཡང་སྔོན་བཞིན་མིག་དར་བཅིངས། དབང་གི་ལྷ་མཁའ་འགྲོ་མ་རྣམས་ཀྱིས་གདམས་པར་མོས་ལ། བཅུ་གཉིས་ལོ་ལོན་བུ་མོ་ནི། །ཚུལ་ཁྲིམས་མ་ཉམས་ཆགས་ཆུང་བ། །ཐོས་དང་ལྡན་ཞིང་གྲགས་ཆེན་མོ། །ནད་མེད་སྙིང་རྗེ་དང་ལྡན་པ། །སེམས་ཅན་དོན་ལ་གཅིག་ནན་ཏན། །དགོད་ཅིང་པདྨའི་སྤྱན་དང་ལྡན། །ཟླ་བའི་ཆ་འདྲ་གདོང་མཛེས་མ། །མུ་ཅོར་མི་སྨྲ་བརྟན་ཞིང་དུལ། །ཤེས་རབ་པདྨའི་ནང་དབུས་སུ། །དཔག་ཚད་བྱེ་བའི་དཀྱིལ་འཁོར་ལ། །སུམ་བརྩེགས་དག་པའི་བདག་ཉིད་ལུས། །འཁོར་བའི་འཇིགས་


TNT11_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་སྐྱོབ་པ། །དཀྱིལ་འཁོར་དེ་ཡི་དབུས་གནས་པའི། །མཁས་པའི་སློབ་མ་བཟང་དབང་བསྐུར། །གལ་ཏེ་བྱང་ཆུབ་བླ་མེད་འདོད། །ཕྱི་ཡི་དཀྱིལ་འཁོར་བྱ་བ་མིན། །ལྷ་རྣམས་བཤིག་པ་ཙམ་གྱིས་ནི། །སྡིག་པ་ཆེན་པོར་སྐྱེ་བར་འགྱུར། །དེས་ན་རྡུལ་ཚོན་ཙམ་གྱིས་ནི། །དེ་བཞི་ལྷ་རྣམས་དག་མི་འགྱུར། །རྡོ་རྗེ་འཁོར་ལོ་རིན་ཆེན་དང༌། །དེ་བཞིན་པདྨ་རལ་གྲི་ཉིད། །བྱས་ནས་སླར་ཡང་འཇིག་བྱེད་པ། །སྐྱེས་བུ་ཐ་ཤལ་དམྱལ་བར་འགྲོ། །གང་གིས་སངས་རྒྱས་སྤྱན་འདྲེན་ཞིང༌། །གང་གིས་གཤེགས་སུ་གསོལ་བ་ཡིན། །རྡོ་རྗེ་སེམས་དཔའ་བྱོན་པ་དང༌། །དེ་བཞིན་གཤེགས་པ་བྱོན་པ་རྣམས། །གང་ནའང་བཞུགས་པ་མ་ཡིན་ཏེ། །དྲི་མ་མེད་ཅིང་དག་པའི་ལུས། །གང་གིས་སྤྱན་དྲངས་གཤེགས་སུ་གསོལ། །དེ་ཉིད་ཀྱིས་ན་བརྟག་མེད་པར། །དེ་བཞིན་གཤེགས་པ་རྣམས་ཕྱག་བྱ། །དེ་ནས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིག་མ་གཏད་པར་མོས་ལ། གང་གིས་ཤེས་རབ་མ་མཉེས་པར། །སངས་རྒྱས་ཐམས་ཅད་ཀྱིས་ནི་མཆོད། །འདི་ཉིད་ལ་ནི་སངས་རྒྱས་བཞུགས། །གཞན་གང་དངོས་གྲུབ་གཙོ་བོ་དང༌། །སྙིང་རྗེ་ལྡན་པ་གཞན་གང་ཞིག །མཁའ་འགྲོ་མ་ཀུན་འདི་ལ་བཞུགས། །གསང་བ་ཕྱི་ཡི་ལྔ་དང་ནི། །བདུན་དང་བཅུ་བཞིར་བཤད་པ་དང༌། །གཉིས་ཀ་གཅིག་ཏུ་འདུས་པའོ། །ཞེས་སོ། །དེ་ནས་སྤྲོ་ན་བར་འདིར། དྲི་བ་དྲི་ལན་སོགས་


TNT11_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱ། བདག་དང་རིག་མ་གཉིས་ཀ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ༴ ནས། རྩེད་འཇོའི་རོལ་པ་ཅན་ནོ། །ཡབ་ཡུམ་གཉིས་ཀའི་ཐུགས་ཀར་ཨོཾ༴ ནས། རྡོ་རྗེའི་ལྟེ་བ་ལ་ཧཱུཾ། ཡུམ་གྱི་བྷ་ག་ཧྲཱིཿལས༴ ནས། ཨོཾ་དཀར་པོས་མཚན་པ་ཡབ་ཡུམ་སྙོམས་པར་ཞུགས་པས། ལུགས་འབྱུང་དང་ལུགས་ཟློག་གི་དགའ་བ་བཞི་མངོན་དུ་བྱས་པར་གྱུར། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཁོ་ན་ལས། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །གང་དུ་དབང་པོ་ཉམས་གྱུར་དང༌། །བདག་གི་རང་བཞིན་རྣམ་པར་ཉམས། །ལྷན་ཅིག་སྐྱེས་དགའ་རྟོགས་དེ་ཡིན། །བླ་མའི་ཞལ་ལས་གསལ་འདྲི་ནའོ། །ཞེས་བརྗོད། གདོང་གཡོགས་བསལ། དེ་ལྟར་ཤེས་རབ་དབང་ཐོབ་པས། །ལས་དང་ཡེ་ཤེས་ལམ་ལ་དབང༌། །བཅུ་གཉིས་པ་དང་སྐལ་མཉམ་ཞིང༌། །ཆོས་སྐུའི་གོ་འཕང་མངོན་དུ་འགྱུར། དེ་ནས་དབང་བཞི་པའི་དོན་དུ་མཎྜལ་ཕུལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་སྐྱབས་དུ་གསོལ། །ལན་གསུམ། གང་ཞིག་ཤར་དུས་ཚེ་ན་དབང་པོ་དང༌། །ཡུལ་རྣམས་ནུབ་གྱུར་དེ་ལ་ཕྱག་འཚལ་ལོ། །མཁས་པ་རྣམས་ཀྱི་སྙིང་སྦས་སུ་སད་པ། །


TNT11_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་གཅིག །སོ་སོ་རང་གིས་རིགས་གདོད་མ་ནས་གནས་པའི་ཡེ་ཤེས། མངོན་གསུམ་དུ་ཤར་ན་གཟུང་འཛིན་ནུབ་པར་སྣང་ལ། རྟོགས་བྱ་དང་རྟོགས་བྱེད་དབྱེ་བ་མེད་པས་སེམས་ཉིད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་དགའ་རྣམ་པ་ཐམས་ཅད་པའོ། །དེ་ལྟར་ཡང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །ཡང་དག་དྲི་མེད་རྣམ་པའི་འོད། །གང་དུ་ཡང་ན་གནས་མེད་དོ། །ཤར་བ་མ་ཡིན་ནུབ་པ་མིན། །རྟག་ཏུ་ཤར་བ་ཆར་ཡང་མཆོག །ཅེས་གསུངས་སོ། །མཚམས་མེད་ལྔ་རེ་བྱེད་པ་དང༌། །རྨོངས་གང་མ་རུང་ལས་བྱེད་དང༌། །སྐྱེ་བ་དམན་གྱུར་འགྲོ་བ་རྣམས། །རྡུལ་ཚོན་མཐོང་བས་གྲོལ་བར་འགྱུར། །དཀྱིལ་འཁོར་དག་ཏུ་མངོན་ཞུགས་པས། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང༌། །སྐྱེ་གཞན་སྲིད་པར་དངོས་གྲུབ་འགྱུར། །དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དངོས་གྲུབ་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒྲུབ་པར་ཡང་དངོས་གྲུབ་ཐོབ། །གང་ཡང་སྒོམ་པ་དང་ལྡན་ཞིང༌། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །རེ་ཞིག་དམ་ཚིག་ཉམས་པ་ལ། །དངོས་གྲུབ་ཐོབ་པ་ལྟ་ཞོག་གི །མི་ཡི་སྐྱེ་བའང་རྙེད་པར་དཀའ། །གང་ཡང་བླ་མ་བརྒྱུད་པ་ཡི། །རིམ་འོངས་དེ་ཉིད་རིག་པ་


TNT11_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །སྒྲུབ་པ་པོ་ཡིས་འགྲུབ་སྙམ་དགོངས། །ཞེས་དམ་ཚིག་བཤད་དོ། །དེ་ལྟར་བཞི་པའི་དབང་ཐོབ་པས། །ཕྱག་རྒྱ་ཆེན་པོ་བསྒོམ་པར་དབང༌། །རྡོ་རྗེ་འཛིན་དང་སྐལ་མཉམ་སྟེ། །ལྷན་ཅིག་སྐྱེས་སྐུ་མངོན་དུ་འགྱུར། །ཞེས་སོ། །གཙོ་བོས་ཇི་ལྟར༴ སོགས་ལན་གསུམ། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ༴ སོགས་དགེ་བ་བསྔོ། སྐབས་འདྀའི་མཆོད་གཏོར་གྱི་མཐར། སྦྱིན་བསྲེག་དང་ཚོགས་ཀྱི་འཁོར་ལོ་སོགས་ཅི་འགྲུབ་ཏུ་བྱའོ། །དེ་དག་ནྀ་བདག་ཉིད་འཇུག་ཅིང་དབང་བླང་བའོ། །སློབ་མ་གཞུག་ཅིང་དབང་བསྐུར་བ་ཡང་དེ་ཉིད་འདོན་པ་སྤོས་པས་འགྲུབ་པར་འགྱུར་བའི་ཕྱིར། ཟློས་ཏེ་བརྗོད་པར་མ་བྱས་སོ། །དེ་ནས་རྗེས་ཆོག་གི་མཆོད་པ་བཤམས་ལ་བྱིན་གྱིས་བརླབས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྡོ་རྗེ་དང་ནི༴ སོགས་ཀྱིས་བསྟོད། བདུད་རྩི་ཕུལ། འདོད་དོན་གསོལ་བཏབ། ཡིག་བརྒྱ་བཟོད་གསོལ་རྡུལ་ཚོན་གྱི་དཀྱིལ་འཁོར་གཤེགས་སུ་གསོལ་བ་དང༌། རས་བྲིས་ཡིན་ན་བརྟན་བཞུགས་བྱ་བ་དང༌། རྡུལ་ཚོན་ཆོ་ག་ཉིན་ཞག་སྦྲེལ་མའི་སྐབས། ཞག་སྔ་མ་རྣམས་ལ་བརྟན་བཞུགས་དང༌། །ཕྱི་མ་ལ་གཤེགས་གསོལ་བྱ་བ་དང༌། མཐར་རང་ལ་གོ་ཆ་དགོད་ཅིང༌། སྨོན་ལམ་དང་བཀྲ་ཤིས་རྣམས་བྱ་སྟེ་སྤྱི་དང་འདྲའོ། །ཟབ་མོ་བློ་མིག་དག་པས་མཐོང་བ་ན། །དད་པའི་སྙིང་ལ་མི་གཡོའི་གོ་སྐབས་ཅི། །ངེས་པའི་གཞུང་དང་མཐུན་པར་ལེགས་སྦྱར་བའི། །དཀྱིལ་ཆོག་འདིས་


TNT11_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འགྲོ་ལ་ཕན་པར་འགྱུར། །དགེ་དེས་བཅོམ་ལྡན་རྡོ་རྗེ་སྙིང་རྗེའི་སྟོབས། །རྡོ་རྗེ་བཙུན་མོའི་བདེ་བས་རོལ་པ་ཅན། །མཉམ་མེད་དེ་དང་མཉམ་པར་ཉེར་སྤྱོད་པའི། །གསང་བའི་བདག་དང་མཚུངས་པར་ད་གྱུར་ཅིག ཅེས་པ་དཔལ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། མངྒ་ལཾ། སློབ་དཔོན་ནག་པོ་སྤྱོད་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་ཤེས་པས། འདི་ལ་འཇུག་པར་བྱའོ། །དེ་ཡང་སྐྱེ་འདི་ཉིད་ནས་རབས་བསགས་པ། །བྱ་བ་དོན་ལྡན་ཁོ་ནའི་མཐུ་ལ་བརྟེན་གདོས་བྱས་རྒྱུ་ལུས་འདི་གང་བོར་མ་ཐག །འཁོར་བར་སྐྱེ་གནས་དམ་པ་ཀུན་ལྡོག་ཤོག །


previousདཔལ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་གསལ་བ།next