Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
བན་དབོན་ཨ་ནན་ཏ་ཛི་ཏ་བྷ་དྲས་བསྐུས་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབན་དབོན་ཨ་ནན་ཏ་ཛི་ཏ་བྷ་དྲས་བསྐུས་བ།next

བན་དབོན་ཨ་ནན་ཏ་ཛི་ཏ་བྷ་དྲས་བསྐུས་བ།


TNT20_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཀྱིལ་འཁོར་ཀུན་གྱི་མགོན་པ་གྲུབ་བརྙེས་གཙོ། །དགའ་བཞིའི་རོ་ལྡན་སྤྱོད་པའི་རྡོ་རྗེ་ཞབས། །མཁའ་འགྲོ་དྲ་བའི་སྙིང་པོ་འཁོར་ལོ་སྡོམ། དབྱེར་མེད་སྐུ་བཞིའི་ངོ་བོ་གསོལ་བ་འདེབས། །འགྲོ་ཀུན་རབ་དགའི་ས་ལ་འགོད་མཛད་པ། །སྟོང་ཉིད་སྙིང་རྗེའི་དབང་ཕྱུག་ཆོས་ཀྱི་རྗེ། །རིགས་ཀུན་བདག་པོའི་དབང་བསྒྱུར་སྐྱེས་རབས་འཕྲེང་། །བཅུ་གཅིག་རིམ་པར་བྱོན་ལ་གསོལ་འདེབས། །ཆོས་སྐུ་ཇི་བཞིན་གཟིགས་པའི་མཁྱེན་པ་ཅན། །ལྷན་ཅིག་སྐྱེས་དགའ་སྙིང་པོ་མངོན་གྱུར་པ། །ས་སྟེངས་འགྲན་ཟླ་བྲལ་བ་སྤྲུལ་པའི་སྐུ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཀུན་ནས་དགའ་དང་གུས་པས་གསོལ་འདེབས་ན། །སྙིང་པོ་མཆོག་གི་བྱང་ཆུབ་མ་ཐོབ་པར། །ཐུགས་རྗེ་ཆེན་པོས་འབྲལ་མེད་རྗེས་བཟུང་ནས། །མཆོག་དང་ཐུན་མོངས་དངོས་གྲུབ་རྩལ་དུ་གསོལ། །ཅེས་པའང་འདི་ཡང་བན་དབོན་ཨ་ནན་ཏ་ཛི་ཏ་བྷ་དྲས་བསྐུས་ནས། །ཏཱ་ར་ནཱ་ཐས་ཉེར་བ་སྦྱར་བ་སྟེ། དབལ་སྟག་ལུང་ཐང་དུའོ། ཤུབྷམ་པཱུ་སརྦ་ཛ་ག་ཏཾ། ༈ རྒྱལ་བ་སྲས་བཅས་ཀུན་གྱིས་མཁྱེན། རབ་དགའ་ལ་སོགས་བཅུ་གཉིས་པའི་བདག །དཀྱིལ་འཁོར་བཀྲ་ཤིས་བགྲངས་ཡས་སྤྲོ་བའི་སྐུ། །ཞིང་འདིར་བསྐལ་བརྒྱར་ཞབས་པད་བརྟན་པར་ཤོག །ཅེས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། མངྒ་ལཾ། །


previousབན་དབོན་ཨ་ནན་ཏ་ཛི་ཏ་བྷ་དྲས་བསྐུས་བ།next