Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
ཞལ་རྒྱུན་མན་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞལ་རྒྱུན་མན་ངགnext

ཞལ་རྒྱུན་མན་ངག


TNT21_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྗེ་བཙུན་སེང་གེ་སྒྲ་མདུན་དུ་བསྒོམ་ལ། མཆོད་པ་དང་བསྟོད་པ་བྱས་ཏེ། རང་ལྷར་གསལ་བ་ཡང་ཐུགས་ཀར་ཐིམ། གཟུངས་གཙོ་བོར་གྱུར་པའི་སྔགས་བཟླས་ཤིང༌། དམིགས་པ། ཏྲི་ཤུལ་རྒྱ་མཚོར་སྡིགས་པས་རྒྱ་མཚོ་བདུན་རྣམ་པ་བརྒྱར་གཡོས། ཀླུའི་གནས་དང༌། བདུད་ཀྱི་གནས་ཐམས་ཅད་དུ། ཆ་ལང་གི་སྒྲ་ལྟ་བུའི་དེང་འུར་སྔགས་ཀྱི་སྒྲ་ཀླད་པ་འགས་པ་ལྟ་བུར་དྭངངས་ནས་གནོད་སེམས་དོར་ཏེ། ཀླུ་ཤེཥ་ཀླུ་བརྒྱད་དང་བཅས་པ་སྦྲུལ་ཆེན་པོའི་རང་གཟུགས་ཀྱིས་གུས་པས་བཏུད་ནས། །ཤེཥ་ཏྲི་ཤུལ་ལས་བཀྲིས། གཞན་རྣམས་ཕྱོགས་མཚམས་སུ་འཁཽད་པའི་མཆོད་པ་བྱེད་པ་ལ་ཆོས་སྟོན་པ་དང༌། སྙིང་གའི་སྔགས་ཀྱི་འོད་ཀྱིས་སྡུག་བསྔལ་ཀུན་ཞི་བར་བསམ་ལ། སྙིང་རྗེ་དང་བདག་གཞན་བརྗེ་བ་ཡུན་རིང་དུ་བསྒོམ། ཉལ་བའི་ཚེ་ཀླུ་དགུ་རང་གནས་སུ་སོང༌། སྟོང་ཉིད་ཡུན་རིང་དུ་བསྒོམས་ནས་སོ། །སྙིང་པོ་འབུམ་ཕྲ་མ་མཐའང་སོང་བ་ཞིག་ལ་འདི་ཡིད་ཆེས་ཟབ་པ་སྟེ། གླེང་གཞིའི་ཉམས་ལེན་ཞལ་རྒྱུན་ཞལ་ནས་བརྒྱུད་པའི་མན་ངག་ཞིག་གོ། །།དགེ་སློང་ཏཱ་ར་ནཱ་ཐས་བྲིས།། དགེའོ།།


previousཞལ་རྒྱུན་མན་ངགnext