Nitartha Digital Library
Tibetan
 
previousགསོལ་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་འབྱུང་ཡིད་བཞིན་བང་མཛོད།next

གསོལ་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་འབྱུང་ཡིད་བཞིན་བང་མཛོད།


TR003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་འབྱུང་ཡིད་བཞིན་བང་མཛོད་ཅེས་བྱ་བ་བཞུགས་སོ། །


TR003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། དཔལ་ལྡན་བླ་མ་དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ཀུན་བདག་ལྷ་ཡི་ལྷ། སྲིད་བཞིའི་ཁྱབ་བདག་མྱ་ངན་འདས་པའི་ཡེ་ཤེས་མཆོག་ལ་དབང་བསྒྱུར་བའི། སྐྱབས་མཆོག་དྲིན་ཅན་སངས་རྒྱས་མི་གཟུགས་གང་འདུལ་སྟོན་མཁས་ཁྱེད་ཞབས་ལ། རྣམ་པ་ཀུན་ཏུ་བདག་ནི་རབ་འདུད་རྩེ་ཆེན་ཐུགས་རྗེས་སྐྱབས་ཏུ་གསོལ། དེ་ཡང་ཁྱབ་བདག་གདོད་མའི་མགོན་པོ་ལྷུན་འགྲུབ་རིགས་ལྔའི་སངས་རྒྱས་ཞིང་ཁམས་རྒྱ་མཚོའི་སྤྲུལ་པའི་སྐུ་སོགས་དུས་གསུམ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་བཀོད་པའི་སྒྱུ་


TR003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་བསམ་གྱི་མི་ཁྱབ་པའི་བདག་ཉིད་དྲན་མཆོག་རྩ་བའི་བླ་མ་མཚུངས་བྲལ་རྗེ་བཙུན་མཆོག་དེའི་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་སྐྱོབ་པའི་ནུས་མཐུ་བསམ་གྱི་མི་ཁྱབ་པ་མངའ་བའི་ཕྱིར། འགྲོ་བ་ཀུན་ལ་ཚད་མེད་ཐུགས་རྗེའི་གཟིགས་པ་གཡེལ་བ་མེད་ཅིང་ནམ་མཁས་གར་ཁྱབ་བརྟན་གཡོ་ཀུན་གྱི་སྣང་ཚུལ་མཐའ་དག་ལག་ཐིལ་དུ་ཀྱུ་རུ་རའི་འབྲས་བུ་བཞག་པ་ལྟར་སྒྲིབ་མེད་དུ་གཟིགས་པ་ཁོ་ན་ཉིད་ལས་མ་གཡོས་ཀྱང་། རང་ཉིད་འཁྲུལ་པའི་དྲི་མ་འཐུག་པོས་སྦགས་ཤིང་མ་རིག་


TR003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཏོག་གིས་ལྡོང་ཕྱིར་མ་ཡིས་བོར་བའི་ཁྱེའུ་ལྟར་རེ་ལྟོས་ཀྱི་གནད་གཞན་མེད་པས་འཁོར་བ་ངན་སོང་གི་འཇིགས་ཆེན་ཉིད་ལ་རབ་ཏུ་སྐྲག་ཅིང་ཕ་མཆོག་ཁྱེད་ལ་རམ་མདར་སྦྲོན་པའི་སྨྲེ་ངག་གདུང་བའི་དབྱངས་ཀྱིས་འོ་དོད་འབོད་ཅིང་མཆིས་པ་འདི་ལ་སྟོང་ཉིད་སྙིང་རྗེ་ཚད་མེད་ཀྱི་ངང་ནས་གསན་ཅིང་གཟིགས་སུ་གསོལ། ༈ ཕ་གཅིག་གསོལ་བ་འདེབས་སོ་རྗེ་བཙུན་གྱི་བླ་མ། །རེ་ས་གཞན་ན་མེད་དོ་ཐུགས་རྗེའི་བདག་ཉིད། །ཉམས་ཐག་འགྲོ་བ་ཀུན་ལ་གཡེལ་མེད་དུ་གཟིགས་དང་། །བྱིན་རླབས་ཡེ་ཤེས་ཆར་རྒྱུན་ད་ལྟ་རང་ཕོབས་ཅིག ༈ །དཔལ་ལྡན་བླ་མ་སྐྱེ་མེད་ཆོས་ཀྱི་སྐུ། ཁམས་གསུམ་སེམས་ཅན་གདུལ་བྱའི་གཉེན་གཅིག་པུ། །བདག་སོགས་རེ་ས་གཞན་ན་མ་མཆིས་པས། །ཉམ་ཐག་བུ་འབངས་ཡལ་བར་འདོར་ཕོད་དམ། །མི་ཤེས་མུན་ཐོམ་ཉོན་མོངས་འདམ་


TR003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱིང་། །བདག་ལྟའི་ལས་ངན་མཐའ་མེད་འཁོར་བའི་མཚོར། །སྡུག་བསྔལ་ཤེས་ཀྱང་འཁོར་བའི་ནུས་སྟོབས་བྲལ། །དེ་སླད་ཐུགས་རྗེའི་སྟོབས་ལྡན་ཁྱོད་འབོད་ན། །མཁྱེན་བརྩེའི་གྲུ་ཆེན་ཐུགས་རྗེའི་རླུང་ཤུགས་བསྐྱོད། །ནུས་པའི་བ་དན་དཀར་པོ་མངོན་འཕྱར་བའི། །བྱིན་རླབས་སྟོབས་ལྡན་ཐར་པའི་དེད་དཔོན་མཆོག །ངན་འགྲོའི་མཚོ་ཆེན་སྒྲོལ་ནུས་ཁྱེད་ལས་སུ། །མ་རིག་འཁྲུལ་རྟོག་གཅོང་ཆེན་གྱིས་གཟེར་ཞིང་། །དུག་ལྔའི་ནད་ཀྱི་ཐར་པའི་སྲོག་གཅོད་པའི། །སྡུག་བསྔལ་རྒྱུ་འབྲས་ཉིད་ཀྱིས་རྟགས་གདུང་བ། །བདག་འདྲ་འདོར་བ་ཕོད་དམ་བརྩེ་ཆེན་ཁྱེད། །རྟེན་འབྲེལ་འབྱུང་ལྡོག་དོན་ཀུན་རབ་མཁྱེན་ཅིང་། །རྒྱུ་འབྲས་ཆོས་ཀུན་གནད་ལ་མངའ་བརྙེས་པའི། །ཕན་བདེའི་གོ་འཕང་བླ་མེད་སྟེར་མཁས་རྗེ། །སྨན་པ་མཚུངས་མེད་ཁྱེད་མིན་


TR003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལ་རེ། སྲིད་པའི་བདེ་བ་ལྟར་སྣང་སྡུག་ཆེན་ལ། གཏན་བདེར་འཛིན་པའི་འཁྲུལ་སྣང་ལོག་རྟོག་དགྲ། །བརྒྱད་ཁྲི་བཞི་སྟོང་དཔུང་ཆེན་ཚོགས་མང་པོས། །བྱང་ཆུབ་སྙིང་སྲོག་གཅོད་ལ་གཟིགས་རེ་རན། །དཔག་ཡས་མཁྱེན་རབ་བརྩེ་བའི་གོ་ཤུབས་ཅན། །ནུས་རྩལ་ཐོག་མེད་ཡེ་ཤེས་མཚོན་ཆར་གྱིས། །གདུལ་བྱའི་ལེགས་ལམ་གཅོད་པའི་ལོག་སྡེ་ཀུན། །མྱུར་དུ་མིང་གི་ལྷག་མར་མི་མཛད་དམ། །ཀྱེ་མ་ཀྱེ་མ་རྒྱལ་བའི་ཞིང་རབ་འབྱམ། །མ་ལུས་ཁྱོད་ཀྱི་འཕྲིན་ལས་ཀྱིས་ཁྱབ་བཞིན། །བདག་སོགས་ད་དུང་འཁོར་བའི་དོང་ཉིད་དུ། །མགོན་མེད་བསྐྱུར་བ་འདི་ལྟ་རིགས་བསམ་ཅི། །དྲིན་ཅན་ཕ་ཁྱོད་བསྐལ་བཟང་གདུལ་བྱའི་ངོར། །པདྨ་ལས་འཁྲུངས་རྡོ་རྗེ་ཐོད་ཕྲེང་རྩལ། རིགས་ལྔ་མཚན་བརྒྱད་རྣམ་འགྱུར་མཐའ་ཡས་པར། །བསྟན་མོད་བདག་འདྲའི་སྣང་ངོར་ཅིས་མི་བསྟོན། ལ་ལར་ཞི་ཚུལ་རབ་


TR003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གངས་རིའི་འོད། །མངོན་གསལ་འགྲོ་བློའི་མུན་ཆེན་བཅོམས་མཛད་ན། །བདག་བློ་རྨོངས་པའི་མུན་ནང་རྟག་འཐུམ་ཀྱང་། །གསལ་བར་མི་མཛད་མགོན་ཁྱོད་ཅི་ཞིག་དགོངས། །འཕྲལ་ཡུན་བདེ་ལེགས་འདོད་དགུ་ཀུན་སྩོལ་བའི། བླ་མ་མཆོག་ཁྱེད་གསེར་མདོག་བརྗིད་པའི་ཞལ། །ལེགས་བསྟན་དངོས་གྲུབ་ཆར་ཆེན་འབེབས་མཛད་པའི། །འཕྲིན་ལས་དེ་ལྟའང་བདག་ལ་ཅིས་མི་སྩལ། ཁམས་གསུམ་དབང་བསྒྱུར་དཔལ་ལྡན་ཁྱེད་མཐུ་ཡིས། །བརྟན་གཡོ་མཐའ་དག་གདུལ་བྱར་མངོན་མཛད་ནས། །བདག་ནི་གསོལ་བ་འདེབས་པའི་སྐལ་ཙམ་ལས། །མདོ་འདི་ཁྱོད་ལ་ཉེ་རིང་ཅང་མཆིས་སམ། །ཐོག་མེད་ཕྲིན་ལས་རྫུ་འཕྲུལ་དྲག་སྩལ་གྱིས། །སེ་གོལ་ཡུན་ལའང་སྟོང་གསུམ་སྒྲོལ་ནུས་ན། །བདག་འདྲ་ཁོ་ན་སྡུག་བསྔལ་འདམ་ནང་དུ། །གཏན་དུ་


TR003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འདོར་བ་འདི་ལྟ་རུང་ལག་བསམ། །མཚན་ཙམ་ཐོས་པས་ངན་འགྲོ་སྟོངས་ནུས་པའི། །སྟོབས་ལྡན་ཁྱེད་ལ་བདག་ནི་དུས་ཀུན་ཏུ། །སྨྲེ་ངག་ང་རོའི་གསོལ་བ་འདེབས་འདི་ལ། །མི་གཟིགས་ཁྱེད་ཀྱི་ཐུགས་རྗེ་ཅིར་གྱུར་ཏམ། ཀྱེ་ཧོ། །ཡིད་བཞིན་གྱི་ནོར་བུ་རྗེ་བཙུན་བླ་མ་མཆོག །སྐུ་གསུམ་གྱི་ངོ་བོ་དཔལ་ལྡན་རྡོ་རྗེ་འཛིན། ཁམས་གསུམ་གྱི་འདྲེན་མཆོག་སངས་རྒྱས་མི་གཟུགས་ཅན། །སྐྱབས་གནས་ཀྱི་དམ་པ་ཕ་ཁྱོད་དུས་འདིར་དྲན། །ཡེ་ཤེས་ཀྱི་གཟིགས་པ་དྲི་མེད་མངའ་ན་ཡང་། །ལས་ཉོན་གྱིས་འཐུམ་པའི་སྐྱེ་བོ་བདག་སོགས་ལ། །རླབས་ཆེན་གྱི་ཐུགས་རྗེ་རྒྱུན་ཆད་མེད་པ་ཡིས། །གཡེལ་མེད་དུ་གཟིགས་ཤིག་རྗེ་བཙུན་ཆོས་ཀྱི་རྗེ། །ཉི་འོད་ལྟར་ཁྱབ་པའི་ཐུགས་རྗེ་རབ་ལྡན་པའི། །འཇིག་རྟེན་གྱི་འདྲེན་མཆོག་སངས་རྒྱས་མང་བྱོན་ཀྱང་། །བྱང་བསྟན་གྱི་ཕུག་ལྟར་རང་གི་སྐྱོན་གྱིས་བསྒྲིབ། །


TR003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི་ལྟོས་ཡུལ་ཁྱེད་ལས་གཞན་མ་མཆིས། །ངན་སོང་གི་སྡུག་བསྔལ་དཔག་མེད་བཟོད་དཀའ་དང་། །རིགས་དྲུག་གི་ལས་སྣང་སྣ་ཚོགས་སྡུག་བསྔལ་སོགས། །རབ་འཇིགས་ཀྱི་འཁོར་བ་ཟོ་ཆུའི་ཁྱུད་མོ་བཞིན། །མཐའ་མེད་དུ་འཁྱམས་ལས་ཁྱོད་ཀྱིས་སྐྱབས་ཏུ་གསོལ། །སངས་རྒྱས་ཀུན་གཅིག་བསྡུས་རྡོ་རྗེའི་སློབ་དཔོན་མཆོག །བྱིན་རླབས་ཀྱི་གཏེར་མཛོད་ནུས་མཐུའི་མངའ་དབང་ཕྱུག །སྙིགས་དུས་ཀྱི་གདུལ་བྱ་མགོན་མེད་བདག་སོགས་ལ། །འབྲལ་མེད་དུ་གཟིགས་ཤིག་གསོལ་བ་སྙིང་ནས་འདེབས།། ༈ །།དུས་འདི་བཟུང་བྱང་ཆུབ་ཀྱི་མཐར་ཐུག་པར། །སྐྱབས་མཚུངས་བྲལ་རིགས་ཀུན་གྱིན་བདག་པོ་མཆོག །གནས་སྤྱི་གཙུག་བདེ་ཆེན་གྱི་ཡང་ཐོག་ཏུ། །སྐུ་མི་འགྱུར་གཟི་བརྗིད་གྱི་དཔལ་འབར་ཞིང་། །གསུང་མི་འགགས་ཚངས་དབྱངས་ཀྱི་ཆོས་སྒྲ་


TR003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས། །ཐུགས་མི་གཡོ་མཉམ་ཉིད་ཀྱི་ཀློང་ཡངས་ནས། །བུ་མོས་པའི་གསོལ་འདེབས་ལ་བརྩེར་དགོངས་ཏེ། །གདན་པད་ཟླར་གཡོ་མེད་དུ་བཞུགས་སུ་གསོལ། །ཕྱི་སྣང་སྲིད་སྣོད་བཅུད་ཀྱི་ཞིང་ཀུན་དང་། །ལུས་ལོངས་སྤྱོད་གཏན་སྲིད་ཀྱི་མདུན་མར་བཅས། །ཕ་ཁྱོད་ལ་ལྟོས་མེད་དུ་མཆོད་པར་འབུལ། །བདག་སྐྱིད་སྡུག་ལེགས་ཉེས་དང་འཕྲལ་ཡུན་གྱི། །ལས་ལུས་ངག་ཡིད་གསུམ་བྱ་བྱེད་རྣམས། །དགེ་མི་དགེ་བཟང་ངན་དང་མཐོ་དམན་སོགས། །བློ་རྩིས་གདབ་ཐེ་ཚོམས་ཀྱིས་ཅི་ཞིག་བྱ། །ཀུན་ཁྱེད་ཀྱི་ཕྲིན་ལས་སུ་འགྱུར་བར་མཛོད། །མཐོ་སངས་རྒྱས་ཞིང་ཁམས་ཀྱི་བཀོད་པ་ཡང་། །དམའ་ན་རག་དམྱལ་ཁམས་ཀྱི་འཇིག་རྟེན་ཀུན། །དོན་ཁྱོད་ཀྱི་རྣམ་རོལ་ལས་གཞན་མིན་ཕྱིར། །བདག་གཞན་དུ་རེ་ལྟོས་ཀྱི་ཡུལ་དང་བྲལ།། ༈ །།དེ་ཕྱིར་དུ་བདག་དང་མཁའ་མཉམ་གྱི། །སེམས་ཅན་ཀུན་ཁྱོད་ཀྱིས་མ་བསྐྱངས་ན། །ཕ་མ་


TR003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བའི་དྭ་ཕྲུག་ལྟར། །སྐྱབས་མེད་དུ་འདོར་བ་ཁྱོད་ཕོད་དམ། །འགྲོ་དྲུག་ཀུན་ལས་ཉོན་གྱི་དུཿཁས་གཟིར། །ཐར་མེད་ཀྱི་ངན་སོང་ལས་སྐྱོབ་ནུས་ཁྱོད། །གཞན་དོན་ལ་ངལ་མེད་ཀྱི་ཕྲིན་ལས་དེ། །དུས་སྐབས་འདིར་ངེས་བབས་སུ་མ་ལགས་སམ། །བདག་སོགས་ཀུན་ལུས་ལོང་གི་ཁྱུ་ཆེན་བཞིན། །མགོན་པོ་ཁྱེད་ལམ་མཁན་གྱི་དམིགས་བུ་ལགས། །འཇིགས་རུང་གི་ངན་སོང་གཡང་ཆེན་ལས། །བདེ་བླགས་སུ་དྲོངས་དང་ཐུགས་རྗེ་ཅན། །ལས་ངན་གྱི་དུག་ཆེན་ལོངས་སྤྱོད་པས། །སྡུག་བསྔལ་ལ་གཏན་དུ་སྤྱོད་བཞིན་དུ། །སྡུག་ཆེན་ལ་བདེ་བར་འཁྲུལ་བ་ཡི། །སྙིང་མེད་ཀྱི་སེམས་ཅན་ཐུགས་རྗེས་སྐྱོབས། བདེ་བ་ཉིད་དོན་དུ་གཉེར་ན་ཡང་། །བདེ་ཐབས་ཀྱི་མདུན་མ་མི་ཤེས་པར། །སྡིག་ཆེན་ལ་ཧབ་ཐོབ་བྱེད་པ་ཡིས། །སྨྱོན་པ་དང་འདྲ་བའི་འགྲོ་ལ་གཟིགས།།


TR003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ཨེ་མ་ཧོཿ སྲིད་པ་གསུམ་ན་འགྲན་ཟླ་ཐམས་ཅད་དང་བྲལ་ཞིང་ལེགས་པའི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་པ། རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་འགྲོ་བ་ཐམས་ཅད་ཀྱི་འདྲེན་པ། འཁོར་བའི་གཡུལ་ངོ་བཟློག་པའི་དཔའ་བོ། །ཉོན་མོངས་གཅོང་ནད་འབྱིན་པའི་སྨན་པ། ངན་འགྲོའི་ཕྲང་ལས་སྒྲོལ་བའི་སྐྱེལ་མ། རིན་ཆེན་ཐར་གླིང་འཁྲིད་པའི་དེད་དཔོན། དགོས་འདོད་རེ་བ་བསྐོང་བའི་ནོར་བུ། བྱིན་རླབས་ཀྱི་གཏེར་མཛོད་ཐུགས་རྗེའི་བདག་ཉིད། སྐྱབས་གནས་ཀྱི་དམ་པ། དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་སྙིང་ནས་མཁྱེན་ནོ། །བདག་སོགས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་གཟིགས་སུ་གསོལ། བྱིན་གྱིས་རླབས་དུ་གསོལ། ལམ་སྣ་འདྲེན་དུ་གསོལ། བར་ཆད་བསལ་དུ་གསོལ། མགོན་པོ་ཁྱེད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། སྣང་སྲིད་ཐམས་ཅད་བླ་མའི་རྣམ་རོལ་དུ། བྱིན་རླབས་སྤྲིན་ཐིབ་ཐུགས་རྗེའི་


TR003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གློག་སྟོང་འཁྱུག །དངོས་གྲུབ་ཆར་འབེབས་ཟབ་ཆོས་འབྲུག་སྒྲ་ལྡིར། །སྨིན་གྲོལ་བྱང་ཆུབ་མྱུ་གུ་བསྐྱེད་དུ་གསོལ། ཨོཾ། ཆོས་དབྱིངས་སྐྱེ་མེད་ལྷུན་གྲུབ་ཆེན་པོའི་ངང་། །བླ་མ་སྟོང་ཉིད་ཆོས་སྐུར་ཡ་ལ་ལ། །བདག་གི་ཡིད་ལ་བྱིན་གྱིས་བརླབ་ནས་ཀྱང་། །རྟོག་བྲལ་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས། ཨཱཿ རང་མདངས་འོད་གསལ་ཕོ་བྲང་ནས། །བླ་མ་གསལ་དག་ལོངས་སྐུར་ལམ་སེ་ལམ། །བདག་གི་ངག་ལ་བྱིན་གྱིས་བརླབས་ནས་ཀྱང་། །རང་གསལ་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས། ཧཱུྃ། ཅིར་སྣང་དག་པ་ཤར་གྲོལ་ཞིང་ཁམས་ནས། །བླ་མ་གང་འདུལ་སྤྲུལ་སྐུར་འཁྱུག་སེ་འཁྱུག །བདག་གི་ལུས་ལ་བྱིན་གྱིས་རླབ་ནས་ཀྱང་། འགྲོ་འདུལ་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབས། ཧྲཱིཿ ངོ་བོ་དབྱེར་མེད་བདེ་ཆེན་ཀློང་ཡངས་ནས། །བླ་མ་རང་བྱུང་ཡེ་ཤེས་མེར་རེ་རེ། བདག་གི་སྒོ་གསུམ་བྱིན་


TR003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རླབས་ནས་ཀྱང་། །སྐུ་གསུམ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །སྐྱེ་བ་འདི་དང་སྐྱེ་གཞན་ཐམས་ཅད་དུ། །དཔལ་ལྡན་བླ་མ་མཆོག་དང་དབྱེར་མེད་ཅིང་། །ཕྲིན་ལས་རྣམ་འཕྲུལ་རྒྱ་མཚོ་མཐའ་ཡས་ཀྱི། །འགྲོ་ལ་ཕན་བདེ་འབའ་ཞིག་སྒྲུབ་བྱེད་ཤོག །ཕྱོགས་བཅུའི་ཞིང་གི་རྒྱལ་བ་རྒྱ་མཚོའི་དྲུང་། །ཆོས་འཁོར་བསྐུལ་ཞིང་གུས་པས་མཆོད་པ་དང་། །སངས་རྒྱས་ཡོན་ཏན་མཐའ་དག་བདག་འགྲུབ་ནས། །བསྡུ་བ་རྣམ་བཞིས་འགྲོ་ཀུན་འདྲེན་པར་ཤོག །དཀྱིལ་འཁོར་ཀུན་བདག་བླ་མའི་ས་ནོན་ཅིང་། །མཆོག་གསང་རྡོ་རྗེ་ཐེག་ལ་མངའ་དབང་འབྱོར། །སྐད་ཅིག་ཙམ་ལའང་གྲངས་མེད་ཕྲིན་ལས་སྟོན། །འཁོར་བའི་རྒྱ་མཚོ་སྐེམ་པའི་མཐུ་ལྡན་ཤོག །ཅེས་པ་འདི་ནི་གྲུབ་རིགས་དམ་པའི་རྒྱུད་ལས་འཁྲུངས་པ་ཚེ་བརྟན་བསོད་ནམས་དཔལ་བཟང་པོས་བསྐུལ་བར་མཛད་པ་ལྟར། དཔལ་ལྡན་བླ་མ་མཆོག་ལ་གདུང་དབྱངས་ཀྱིས་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས་ཅེས་བྱ་བ་འདི་ཉིད་གནས་


TR003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཆུ་བོ་གཡས་འཁྱིལ་གྱི་སའི་སྙིང་པོ་མཚོ་རྫོང་ནོར་བུ་རིར་བཀོད་པའོ། །ཧྲཱིཿ རང་བྱུང་པདྨ་བཀོད་པའི་ཞིང་ཁམས་ནས། །རིགས་མཆོག་གཙོ་བོ་སྣང་བ་མཐའ་ཡས་ལ། །གསོལ་བ་འདེབས་སོ་བརྩེ་བས་རྗེས་བཟུང་ནས། །ཀ་དག་ཆོས་སྐུ་རྟོགས་པར་བྱིན་གྱིས་བརློབ། །གདངས་གསལ་འོད་ལྔ་ཚོམ་བུའི་དཀྱིལ་འཁོར་ནས། །ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་ལ། གསོལ་བ༴ །ལྷུན་འགྲུབ་ལོངས་སྐུ་ཐོབ་བར་བྱིན་གྱིས་རློབས། །དཀར་གསལ་མདངས་ལྡན་རི་བོ་ཏ་ལ་ནས། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་དབང་ལ། །གསོལ་བ༴ །འགྲོ་འདུལ་སྤྲུལ་སྐུ་འགྲུབ་པར༴ །བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་ནས། །འགྲོ་བའི་སྐྱབས་ཅིག་པདྨ་འབྱུང་གནས་ལ། །གསོལ་བ༴ །འཆི་མེད་རིག་འཛིན་ཐོབ་པར༴ །མི་འགྱུར་ལྷུན་འགྲུབ་དཔལ་གྱི་བསམ་ཡས་ནས། །ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེ་བཙན་ལ། གསོལ་བ༴ །དག་སྣང་ཕྱོགས་མེད་


TR003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོངས་པར་བྱིན། མཁའ་སྤྱོད་རྣམ་དག་བདེ་ཆེན་ཕོ་བྲང་ནས། །མཁའ་འགྲོ་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལ། གསོལ་བ༴ །བདེ་སྟོང་ཡེ་ཤེས་སྐྱེ་བར༴ །གར་བཞུགས་བདེ་ཆེན་ཆོས་ཀྱི་ཕོ་བྲང་ནས། རིག་འཛིན་ཆེན་པོ་སངས་རྒྱས་གླིང་པ་ལ། །གསོལ་བ༴ །ཟབ་མོའི་གསང་མཛོད་འཛིན་པར་བྱིན༴ །ནགས་ཁྲོད་བདེ་ཆེན་བསམ་འགྲུབ་ཡང་དབེན་ནས། །རྒྱལ་བའི་གདུང་འཛིན་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ༴ །རང་རིག་འོད་གསལ་རྟོགས་པར་བྱིན༴ །གཞན་དོན་ཕྲིན་ལས་རྨད་བྱུང་ཕོ་བྲང་ནས། །ལུང་ཟིན་ཆོས་བདག་གཞོན་ནུ་སེང་གེ་ལ། །གསོལ་བ༴ །འགྲོ་དོན་ལྷུན་གྱིས་གྲུབ་པར་བྱིན༴ །བདག་འཛིན་འཁྲུལ་རྟོག་རང་གྲོལ་ཕོ་བྲང་ནས། །བསྟན་པའི་སྒྲོན་མེ་གུ་རུ་འོད་ཟེར་ལ། །གསོལ་བ༴ །གནས་ལུགས་ཡེ་ཤེས་རྟོགས་པར༴ །ཡེ་གྲོལ་ལྷུན་འབྱམས་གདལ་ཁྱབ་ཕོ་བྲང་ནས། །གཉུག་མའི་དོན་སྟོན་ཚུལ་ཁྲིམས་རྒྱལ་མཚན་ལ། གསོལ་བ༴ །གང་ཤར་ཞེན་མེད་རྟོགས་པར༴


TR003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་ལོག་རྟོག་ཚར་གཅོད་ཕོ་བྲང་ནས། མཐུ་སྟོབས་དབང་ཕྱུག་བསོད་ནམས་རྣམ་རྒྱལ་ལ། གསོལ་བ༴ །ངར་འཛིན་ཉོན་མོངས་ཐུལ་བར་བྱིན༴ །རང་གཞན་དོན་གཉིས་ལྷུན་འགྲུབ་ཕོ་བྲང་ནས། །མཁས་གྲུབ་མཆོག་གྱུར་ཨོ་རྒྱན་བསྟན་འཛིན་ལ། །གསོལ་བ༴ །མདོ་སྔགས་བསྟན་པ་དར་བར་བྱིན༴ །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས། །རྣམ་གྲོལ་ལམ་སྟོན་བསྟན་འཛིན་རྡོ་རྗེ་ལ། །གསོལ་བ༴ །དོན་གཉིས་ལྷུན་གྱིས་གྲུབ་པར༴ །ཞེན་ལོག་ངེས་འབྱུང་དྲག་པོའི་ཕོ་བྲང་ནས། །སྒྲུབ་པའི་སྲོག་ཤིང་སྣ་ཚོགས་རང་གྲོལ་ལ། །གསོལ་བ༴ །གཏན་འདུན་བྱང་ཆུབ་འགྲུབ་པར༴ །རང་སྣང་རྣམ་དག་བདེ་ཆེན་ཕོ་བྲང་ནས། །ཡི་དམ་ཞི་ཁྲོ་དམ་ཅན་ཆོས་སྐྱོང་ལ། །གསོལ་བ༴ །རྐྱེན་ངན་བར་ཆོད་ཞི་བར་བྱིན་གྱིས་རློབས། །དེ་ལྟར་བདག་ཅག་མོས་པའི་ཡིད་ཀྱིས་ནི། །ཐུགས་རྗེའི་མངའ་བདག་རྣམས་ལ་གསོལ་བཏབ་


TR003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པས། །འདི་དང་ཕྱི་མ་དུས་རྣམས་ཐམས་ཅད་དུ། །བརྩེ་བས་རྗེས་སུ་འཛིན་པར་མཛད་དུ་གསོལ། །ཡང་ནས་ཡང་དུ་འཁོར་བར་རབ་འཁྱམས་ཤིང་། །སྡུག་བསྔལ་གྱིས་གཟིར་སྐྱབས་མེད་བདག་ཅག་ལ། །ཐུགས་རྗེའི་འོད་ཟེར་ཞགས་པས་བཟུང་ནས་ཀྱང་། །འཁོར་བའི་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས། །ཅེས་བླ་མ་དགོངས་པ་འདུས་པའི་རྒྱུད་རིམ་རྣམས་ལ་གུས་པས་གསོལ་བ་བཏབ་པའོ། །ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནས། བཅོམ་ལྡན་སྣང་བ་མཐའ་ཡས་འོད་དཔག་མེད། །ཀུན་ཁྱབ་རང་བྱུང་དེ་ལ་གསོལ་བ་འདེབས། །སེམས་ཉིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཤར་ཕྱོགས་དཀར་གསལ་དག་པའི་ཕོ་བྲང་ནས། ཁརྶ་པཱ་ི་འཕགས་མཆོག་ཐུགས་རྗེ་ཅན། །འགྲོ་བའི་དེད་དཔོན་དེ་ལ་གསོལ་བ་འདེབས། །བརྡོས་བཅས་འོད་སྐུར་གྲོལ་བར་བྱིན་གྱིས་རློབས། །ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས། །སྣང་སྲིད་ཟིལ་གནོན་འོད་འབར་ཐོད་ཕྲེང་རྩལ། །རྒྱལ་


TR003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་འདུས་དེ་ལ་གསོལ་བ་འདེབས། །ངར་འཛིན་འགོང་པོ་ཞི་བར་བྱིན་གྱིས་རློབས། །བྱང་ཕྱོགས་གངས་ཅན་ལྗོངས་ཀྱི་འགྲོ་བའི་མགོན། །རིག་འཛིན་འཇའ་ཚོན་སྙིང་པོར་མཚན་བཟུང་ནས། །ཟབ་གཏེར་མཛོད་འཛིན་དེ་ལ་གསོལ་བ་འདེབས། །སྒྲུབ་པ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །གར་བཞུགས་བདེ་ཆེན་ཆོས་ཀྱི་ཕོ་བྲང་ནས། །རྒྱལ་བའི་བསྟན་འཛིན་མཁས་མཆོག་ལེགས་གྲུབ་སོགས། །ཟབ་ཆོས་བཀའ་བབས་རྣམས་ལ་གསོལ་བ་འདེབས། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །རང་བྱུང་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས། །སྣ་ཚོགས་སྒྱུ་མའི་རོལ་གར་སྟོན་མཛད་པ། །ཡི་དམ་ཞི་ཁྲོའི་ཚོགས་ལ་གསོལ་བ་འདེབས། །དངོས་གྲུབ་རྣམ་གཉིས་ཐོབ་པར་བྱིན་གྱིས་རློབས། །།།ནང་གནས་ཡུལ་ཉེ་བའི་དུར་ཁྲོད་ནས། །ལེགས་ཉེས་སྟངས་འཛིན་བཀའི་བྱ་ར་བ། །མཁའ་འགྲོ་དམ་ཅན་ཚོགས་ལ་


TR003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །རྐྱེན་ངན་བར་ཆོད་ཞི་བར་བྱིན་གྱིས་རློབས། །སྐྱབས་མཆོག་རྣམས་ལ་གསོལ་བ་བཏབ་པའི་མཐུས། །མ་རིག་འཁྲུལ་པའི་སྣང་བ་རང་དག་ནས། །སྟོང་གསལ་སྤྲོས་དང་བྲལ་བའི་ཆོས་ཉིད་དོན། །ཡང་དག་གཏན་ལ་དབབ་པར་མཛད་དུ་གསོལ། །སྲིད་པའི་ངང་ཚུལ་རྨི་ལམ་སྒྱུ་མ་འདི། །རྟག་པར་འཛིན་པས་རྗེས་སུ་འབྲངས་བྱས་ནས། སྡུག་བསྔལ་དུ་མའི་དྲ་བས་བཅིངས་འདི་ལས། །མྱུར་བ་ཉིད་དུ་ཐར་བར་མཛད་དུ་གསོལ། །སྣང་སྟོང་སྒྱུ་མ་ཆུ་ཟླའི་དོན་རྟོགས་ཤིང་། །གྲགས་སྟོང་བདེན་མེད་བྲག་ཆ་ལྟ་བུ་དང་། །རིག་སྟོང་མཐའ་བྲལ་དབུ་མའི་ལྟ་བ་ཉིད། །འགྲོ་ཀུན་རབ་རྟོགས་ཀ་དག་མངོན་གྱུར་ཤོག །ཅེས། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བླ་མ་རྒྱུད་པ་རྣམས་ལ་གསོལ་བ་བཏབ་པའོ།། ༈ །།བཅོམ་ལྡན་དྲུག་པ་ཆོས་སྐུ་རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ་གྲུབ་ཆེན་ཚེམ་བུ་པ། །ལྷ་མིའི་གཙུག་རྒྱན་རྣམས་


TR003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོག་པར་བྱིན་གྱིས་རློབས། །སྤྱི་བོ་ལྷས་པ་སྟག་སྡེ་བྲག་དམར་བ། །ལྷ་བཙུན་དགོན་པར་ཐུགས་རྗེ་བརྩོན་འགྲུས་པ། །འགྲོ་བའི་མགོན་པོ་རྣམས་ལ་གསོལ་བ་འདེབས། །བར་དོ་ལོངས་སྐུ་གྲོལ་བར་བྱིན་གྱིས་རློབས། །བྲག་ཁ་སེང་གེ་རིན་དཔལ་ཆོས་དཔལ་བ། །སྙེ་ཐང་བློ་བརྟན་བློ་གྲོས་རྣམ་རྒྱལ་སྟེ། །བསྟན་པའི་བདག་པོ་རྣམས་ལ་གསོལ་བ་འདེབས། །ཐུགས་རྗེ་སྤྲུལ་སྒྱུར་ནུས་པར་བྱིན་གྱིས་རློབས། །ཀརྨཱ་ཕྲིན་ལས་གཙུག་ལག་འཕྲེང་བ་དང་། །བསྟན་འཛིན་རྡོ་རྗེ་བསོད་ནམས་དབང་པོ་སོགས། །སྐྱེས་ཆེན་དམ་པ་རྣམས་ལ་གསོལ་བ་འདེབས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །གནས་དང་ཡུལ་དང་ཉེ་བའི་དུད་ཁྲོད་དང་། །སྒྱུ་ལུས་ཕུང་པོ་གཞལ་ཡས་ལ་གནས་པའི། །མཁའ་འགྲོ་དམ་ཅན་ཚོགས་ལ་གསོལ་བ་འདེབས། །ས་ལམ་བར་ཆད་ཞི་བར་


TR003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱི། །བརྡོས་བཅས་ཤ་ཁྲག་ཟག་མེད་འོད་སྐུར་གྲོལ། །རིག་པའི་ངོ་བོ་ཀ་དག་ཆོས་སྐུར་ཐིམ། །གཟུང་འཛིན་འཁྲུལ་སྣང་དག་པར་མཛད་དུ་གསོལ། །མཐོ་དམན་མེད་པའི་ལྟ་བའི་ལམ་བཟང་ལ། །གསལ་འགྲིབ་མེད་པའི་སྒོམ་པའི་གྲོགས་དང་བཅས། །བླང་དོར་མེད་པ་སྤྱོད་པས་རྒྱབ་བསྟོན་ནས། །རེ་དོག་མེད་པ་འབྲས་བུའི་སར་ཕྱིན་ཤོག །ཅེས། ཐུགས་རྗེ་ཆེན་པོའི་སྨར་ཁྲིད་རྒྱུད་པའི་གསོལ་འདེབས་འདི་ནི། གྲུབ་མཆོག་ཚེ་དབང་དོན་འགྲུབ་པས་བསྐུལ་བའི་ངོར་བཀོད་པའོ།། ༈ །།ཧྲཱིཿ ཆོས་དབྱིངས་འཕོ་འགྱུར་མེད་པའི་ཞིང་ཁམས་ནས། །རྒྱལ་བ་དགོངས་རྒྱུད་ཆོས་སྐུའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་མངོན་དུ་གྱུར་པར་བྱིན་གྱིས་རློབས། །རང་མདངས་འོད་གསལ་ལྷུན་འགྲུབ་ཕོ་བྲོང་ནས། །ལོངས་སྐུའི་རྣམ་འཕྲུལ་རིགས་


TR003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བརྡའ་རྒྱུད་ལ། །གསོལ་བ་འདེབས་སོ༴ །འོད་གསལ་མ་བུ་འཕྲོད་པར་བྱིན་གྱིས་རློབས། །གང་འདུལ་དེར་སྣང་སྤྲུལ་སྐུའི་ཞིང་ཁམས་ནས། །གང་ཟག་སྙན་རྒྱུད་སྤྲུལ་སྐུའི་བླ་མ་ལ། །གསོལ་བ༴ །གཞན་དོན་མཐའ་ཡས་འགྲུབ་པར་བྱིན་གྱིས་རློབས། །བརྒྱུད་པ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ༴ །སྐྱེད་རྫོགས་ཉམས་ལེན་མཐའ་རུ་ཕྱིན་ནས་ཀྱང་། །གདོད་མའི་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི། ལུང་རིག་སྨྲ་བ་ཨོ་རྒྱན་ལེགས་བཤད་ཀྱིས་བསྐུལ་ངོར། གཏེར་སྟོན་བདེ་ཆེན་གླིང་པའི་གདན་ས་པདྨ་ཆོས་གླིང་གི་ཆོས་གྲྭར་བཀོད་པའོ།། ༈ །།ཆོས་དབྱིངས་མཁའ་ལ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། ཐུགས་རྗེའི་འོད་ཀྱི་འགྲོ་བློའི་མུན་སེལ་བ། །རིགས་ཀུན་ཁྱབ་བདག་བཅོམ་ལྡན་སྣང་མཐའ་ཡས། །ཀ་དག་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །ཆོས་སྐུའི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་


TR003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གསལ་ལ་མ་འདྲེས་འོད་ལྔའི་ཚོམ་བུར་བཞུགས། །ཚེ་དཔག་མེད་པ་རིགས་ལྔ་འགྲོ་བའི་མགོན། །ལྷུན་གྲུབ་ལོངས་སྤྱོད་རྫོགས་ལ་གསོལ་བ་འདེབས། །དཔག་མེད་འགྲོ་ལ་ཐུགས་རྗེ་ཉི་འོད་ཀྱིས། །སྡུག་བསྔལ་རྒྱ་མཚོ་སྐེམ་མཛད་མཐུ་སྟོབས་ཅན། ཁམས་གསུམ་དབང་སྡུད་པདྨ་ཐོད་ཕྲེང་རྩལ། །ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །མཁའ་སྤྱོད་བདེ་ཆེན་དབྱིངས་ཀྱི་མཁའ་འགྲོ་མ། །རྔ་ཡབ་གླིང་དུ་མ་ཅིག་དུང་སྨན་རྒྱལ། །བོད་ཡུལ་ཟབ་གཏེར་བཀའི་བསྡུ་བ་མཛད། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཆོས་རྒྱལ་སྲས་མོ་མཚན་ལྡན་པདྨ་གསལ། །སྐྱེ་བར་རིམ་བརྒྱུད་ཟབ་གཏེར་གསང་མཛོད་འཛིན། །སྣོད་ལྡན་སྨིན་མཛད་རྒྱལ་སྲས་པདྨ་གླིང་། །རིག་འཛིན་གཙོ་མཆོག་དེ་ལ་གསོལ་བ་འདེབས། །གཏིང་དཔག་དཀའ་བའི་ཐུགས་ཀྱི་ཀློང་ཡང་ནས། །སྙན་རྒྱུད་གདམས་


TR003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདུད་རྩི་དགའ་སྟོན་འགྱེད། །མུན་སེལ་ཟླ་བ་གྲགས་པས་ས་སྟེང་ཁྱབ། །རྒྱལ་བའི་གདུང་འཛིན་དེ་ལ་གསོལ་བ་འདེབས། །དཔག་མེད་བསོད་ནམས་འབྲས་བུ་ལེགས་སྨིན་མཐུས། །མ་རུང་བདུད་སྡེའི་དཔུང་ལས་རྣམས་པར་རྒྱལ། །གསང་སྔགས་བསྟན་པ་ཕྱོགས་མཐར་ཁྱབ་མཛད་པ། །རིག་འཛིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །གཞུང་ལུགས་རབ་འབྱམས་ཐུགས་སུ་ཆུད་པའི་མཐུས། །མཁས་གྲུབ་དུ་མའི་གཙུག་གི་རྒྱན་དུ་གྱུར། །ཨོ་རྒྱན་བསྟན་འཛིན་འཆད་རྩོད་རྩོམ་ལ་དབང་། །དམ་ཆོས་སྒྲོན་མེ་དེ་ལ་གསོལ་བ་འདེབས། །བསྟན་པའི་རྩ་ལག་ཤཀྱའི་གདུང་འཛིན་ཞིང་། །བཻ་རོའི་རྣམ་སྤྲུལ་རྡོ་རྗེའི་སློབ་དཔོན་མཆོག །སྔ་འགྱུར་བསྟན་པའི་མངའ་བདག་དཔལ་བཟང་པོ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །སྙིགས་དུས་ལས་ཀྱི་མནར་བའི་སེམས་ཅན་རྣམས། །


TR003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་ལམ་དུ་འཁྲིད་མཁས་དེད་དཔོན་མཆོག །རྒྱལ་དབང་པདྨའི་ཕྲིན་ལས་ལེགས་སྤྱོད་པའི། །དངོས་གྲུབ་ནུས་རྩལ་ལྡན་དེར་གསོལ་བ་འདེབས། །ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ནས། །སྣ་ཚོགས་སྐུར་སྟོན་ཕྲིན་ལས་ཡོངས་ཀྱི་བདག །དངོས་གྲུབ་ཀུན་སྩོལ་ཡི་དམ་ལྷ་ཚོགས་དང་། །ཆོས་སྐྱོང་སྲུང་མའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གདུང་བས་གསོལ་འདེབས་ན། །ཐུགས་རྗེའི་ཆུ་འཛིན་ཕུང་པོ་རབ་འཁྲིགས་ནས། །བྱིན་རླབས་མི་ཟད་བདུད་རྩིའི་ཆར་ཆེན་གྱིས། །དད་པའི་མྱུ་གུ་སྨིན་པར་མཛད་དུ་གསོལ། ཁམས་དྲུག་ལྡན་པ་དལ་འབྱོར་མི་ལུས་འདི། །འཆི་བདག་བདུད་ཀྱི་བཅོམ་པར་ཉེ་བ་ན། །དུས་མིན་འཆི་བའི་འཇིགས་ལས་སྐྱབས་ནས་ཀྱང་། །འཆི་མེད་རྡོ་རྗེའི་ལུས་སུ་བྱིན་གྱིས་རློབས། །ཕ་མར་གྱུར་པའི་རིགས་དྲུག་སེམས་ཅན་ཚོགས། །ཚེ་ཐུང་ནད་མང་སྡུག་བསྔལ་ཉམས་ཐག་ཀུན། །འཆི་མེད་བདུད་རྩིའི་


TR003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གྱི་ཚིམ་བྱེད་ཅིང་། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་ཚེ་ཁྲིད་རྡོ་རྗེ་འཕྲེང་བའི་བླ་མ་རྒྱུད་པའི་གསོལ་འདེབས་འདི་ཉིད་མདོ་ཁམས་སྤུ་འབོར་གྱི་བླ་མ་སྦྱིན་པ་བསྟན་འཕེལ་གྱིས་བསྐུལ་ངོར་བྲིས་པའོ།། ༈ །།ན་མོ་གུ་རུ་བྷྱཿ བསྐལ་མང་སྔོན་ནས་ཚོགས་གཉིས་རབ་བསགས་ཤིང་། །སྲིད་པའི་འགྲོ་བ་སྒྲོལ་བར་དམ་བཅས་པས། །ཞིང་འདིར་སྔ་འགྱུར་བསྟན་པའི་བདག་པོ་མཆོག །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །ཐོག་མའི་མགོན་པོ་ཀུན་བཟང་ཆོས་ཀྱི་སྐུ། །ངེས་པ་ལྔ་ལྡན་གཟུགས་སྐུ་ལོངས་སྤྱོད་རྫོགས། །བསྟན་འགྲོའི་དོན་དུ་སྤྲུལ་པ་སྐུའི་ཚུལ། །དྲིན་ཅན་རྩ་བའི་བླ་མར༴ །ཚོགས་གཉིས་འབྲས་བུ་མཚན་དཔེའི་བརྒྱན་པའི་སྐུ། །ཡན་ལག་དྲུག་ཅུ་ཆོས་ཀྱི་སྒྲ་སྒྲོག་གསུང་། །ཆོས་ཀུན་ཇི་ལྟར་ཇི་སྙེད་མཁྱེན་པའི་


TR003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས། །དྲིན་ཅན༴ །འགྲོ་མགོན་ཁྱེད་ཞབས་གུས་པས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་སྒོ་གསུམ་མཆོད་པར་འབུལ། །བསྐལ་པར་བསགས་པའི་ཉེས་ལྟུང་སྡིག་སྒྲིབ་བཤགས། །ངོ་མཚར་མཐའ་ཡས་མཛད་ཕྲིན་ཡི་རང་ངོ་། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །ཞིང་འདིར་བསྐལ་བརྒྱའི་བར་དུ་ཞབས་བརྟན་གསོལ། །འཁོར་གསུམ་ཡོངས་དག་ཆོས་ཀྱི་དབྱིངས་སུ་བསྔོ།། ༈ །།རྒྱལ་བ་སྲས་བཅས་ཐུགས་རྗེ་ནུས་མཐུ་དང་། །ཡི་དམ་ཆོས་སྐྱོང་བསྲུང་མའི་མཐུ་སྟོབས་ཀྱིས། །རྩ་བའི་བླ་མ་མཁས་མཆོག་ལེགས་གྲུབ་རྩལ། །སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །འགྲོ་ཀུན་རྒྱལ་བ་ཇི་སྙེད་ཡོད་པ་དང་། །བདག་གི་ལྷག་བསམ་རབ་དཀར་བདེན་སྟོབས་ཀྱིས། །བསམ་པའི་དོན་ཀུན་འབད་མེད་འབྱུང་བ་དང་། །སྨོན་ལམ་གང་བཏབ་དེང་འདིར་འགྲུབ་པར་ཤོག །ཅེས་པ་འདི་ནི་རང་གི་བསྟོད་པ་རང་གི་བྱེད་པ་འདི་


TR003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིགས་པ་མ་ཡིན་མོད་ཀྱང་། མོས་འདུད་དུ་བྱེད་པའི་གང་ཟག་འགའ་ཞིག་གིས་ནན་གྱིས་བསྐུལ་བའི་ངོ་མ་ཆོག་ནས་བྲིས་པ་ལགས་ཤིང་། རང་མཐོང་གི་བསམ་པ་སོོགས་ཚུལ་མ་ཡིན་པའི་བློ་དང་མ་འདྲེས་པས་ཉེས་པ་ཆེར་མེད་དམ་བསམ་པ་དང་། གསང་སྔགས་ནང་པ་ལྟར་ན་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་རང་བཞིན་ལས་མ་འདས་པ་དང་། ཕྱག་རྫོགས་སོགས་ཀྱི་ལྟ་བ་ལྟར་ནའང་རང་རིག་པ་ལས་གཞན་པའི་སངས་རྒྱས་ལོགས་ན་མེད་པའི་དགོངས་པ་ལྟར་ན་ཕྱག་འཚལ་མཆོད་འབུལ་གཞན་དུ་བྱེད། ལ་མེད་པར་གསུངས་པ་སོགས་དང་བསྟུན་ན་ཚུལ་འདི་ལ་འགལ་བ་ཆེར་མི་ཡོང་བ་འདྲ་བསམ་ནས། བསྐུལ་བ་པོའི་འདོད་པ་དང་མཐུན་པར་གསོལ་འདེབས་ཡན་ལག་བདུན་པ་དང་བཅས་པ་སྤྲིན་གྱི་ང་རོ་ཞེས་བྱ་བ་འདི་བཀོད་པའོ། རྗེ་སངས་རྒྱས་ཀུན་འདུས་རིན་པོ་ཆེ། །དཔལ་སྐུ་བཞིའི་དབང་ཕྱུག་རྗེ་བཙུན་མགོན། །ཕ་འགྲོ་བའི་དེད་དཔོན་ཆོས་ཀྱི་རྒྱལ། །བདག་


TR003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པའི་བུ་ལ་ཐུགས་རྗེས་གཟིགས། །སྐུ་མཛེས་ཤིང་ཞི་དུལ་ཉན་ཐོས་ཚུལ། །གསུང་ཡན་ལག་དྲུག་ཅུ་ཆོས་སྒྲ་སྒྲོགས། །ཐུགས་འཁོར་འདས་དུས་གསུམ་ཐམས་ཅད་མཁྱེན། །བདག་རྨོངས་པའི་འགྲོ་ལ་ཐུགས་རྗེས་གཟིགས། །མགོན་བྱིན་རླབས་འབྱུང་གནས་བླ་མ་རྗེ། །ཡབ་དངོས་གྲུབ་ཀུན་སྩོལ་ལྷག་པའི་ལྷ། །མཁའ་འགྲོའི་དབང་ཕྱུག་ཕྲིན་ལས་མཛོད། །བདག་མགོན་སྐྱབས་མེད་ལ་ཐུགས་རྗེས་གཟིགས། །དབྱིངས་སྐྱེ་མེད་རང་བྱུང་ཆོས་ཀྱི་སྐུ། །མདངས་འགགས་མེད་རང་ཤར་ལོངས་སྤྱོད་རྫོགས། །རྩལ་སྣ་ཚོགས་རང་གྲོལ་སྤྲུལ་པའི་སྐུ། །བདག་འཁྲུལ་སྣང་ཅན་ལ་ཐུགས་རྗེས་གཟིགས། ཁྱེད་སྟོང་གསལ་དབྱིངས་ནས་ཐུགས་རྗེའི་ཕྲུལ། །འོད་མ་རིག་མུན་སེལ་སྒྲོན་མེ་མཆོག །ཟེར་ཕྱོགས་བཅུར་འཕྲོ་བའི་ཕྲིན་ལས་ཀྱིས། །བདག་མི་ཤེས་མུན་པ་བསལ་དུ་གསོལ། །གཏིང་དཔག་པར་དཀའ་བའི་སྡུག་བསྔལ་མཚོར། །ཉམས་ཐག་པའི་བདག་


TR003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འགྲོ་བ་ཀུན། །རྗེ་མཐུ་སྟོབས་དབང་ཕྱུག་ཁྱོད་ཀྱིས་ནི། །ཞིང་རྣམ་དག་གླིང་དུ་ཁྲིད་དུ་གསོལ། །ལུས་བརྡོས་བཅས་ཟག་མེད་འོད་སྐུར་གྲོལ། །ངག་གྲགས་སྟོང་གསུང་གི་རྡོ་རྗེར་འགྲུབ། །ཡིད་བློ་འདས་བྱར་མེད་ཟད་སར་འཁྱོལ། །མགོན་ཁྱོད་དང་དབྱེར་མེད་གཅིག་པར་ཤོག །ཅེས་པ་འདི་ནི། བྲག་གསུམ་དར་མ་འདམ་མཚོར་གནས་མཇལ་ལ་ཕྱིན་ཚེ། བླ་མ་དྲན་པའི་གདུང་དབྱངས་གསོལ་འདེབས་སུ་སྨྲས་པའོ།། ༈ །།ཀ་དག་གདོད་མའི་མགོན་དང་དབྱེར་མེད་པའི། ཁ་བ་ཅན་འདིར་རྩོལ་མེད་ཆོས་ཀྱི་རྗེ། །ག་རུ་བཞུགས་ཀྱང་འགྲོ་བའི་དོན་ལ་བརྩོན། །ང་ཡི་རེ་བའི་སྐྱབས་གཅིག་དེ་ཉིད་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཅ་ཅོ་བརྗོད་བྲལ་སྟོང་ཉིད་དོན་རྟོགས་ཀུན། །ཆ་ལུགས་ཁྲིམས་ལྡན་ཉན་ཐོས་ཚུལ་འཛིན་ཅིང་། །ཇ་སོགས་ལོངས་སྤྱོད་འདུ་འཛི་ཀུན་སྤངས་ཏེ། །ཉ་རྒྱས་ཟླ་ལྟར་ཡོན་ཏན་ཡོངས་རྫོགས་ལ། །གསོལ་བ༴ །


TR003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལའི་སྡོང་བཞིན་མཁྱེན་བརྩེའི་ལོ་འདབ་རྒྱས། །ཐ་མལ་སྐྱེ་བོ་ཐར་ལམ་འགོད་མཛད་པ། །ད་ལྟའི་དུས་འདིར་འགྲོ་བའི་འདྲེན་པ་མཆོག །ནམ་མཁའ་ལྟ་བུར་ཀུན་ཁྱབ་ཐུགས་རྗེ་ཅན། །གསོལ་བ༴ །པ་ཝ་སང་གི་གཞུང་ལུགས་རིགས་གནས་དག །ཕ་རོལ་ཕྱིན་པའི་ཆོས་སོགས་གང་འདུལ་གྱིས། །བ་གླང་ལྟ་བུར་རྨོངས་པའི་འགྲོ་ཀུན་ཀྱང་། །མ་རིག་མུན་པ་སངས་མཛད་གང་དེ་ལ། །གསོལ་བ༴ །ཙ་རླུང་ལས་རུང་འཁོར་འདས་སེམས་སུ་ཤེས། །ཚ་གྲང་ནད་སོགས་རྐྱེན་ངན་ལམ་དུ་ལྷོངས། །ཛ་ལནྔྷ་རའི་གནས་སོགས་ཡུལ་ཀུན་ཏུ། །ཝ་ལྟར་མྱུལ་ཀྱང་འགྲན་ཟླ་ཀུན་བྲལ་དེར། །གསོལ་བ་འདེབས་སོ༴ །ཞ་ལྟར་རྒྱུན་དུ་སྤྱི་བོར་འཁུར་བྱེད་ཅིང་། །ཟ་དང་འཐུང་བའི་ཕུད་ཀྱི་མཆོད་བྱེད་པའི། །འ་ཅག་དད་གུས་ཅན་གྱི་བུ་སློབ་ལ། །ཡ་མཚན་བྱིན་རླབས་རྒྱུན་ཆད་མེད་པ་རུ། གསོལ་བ༴ །ར་ས་ལ་སོགས་གནས་ཆེན་དུ་མ་དང་། །ལ་


TR003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མང་པོར་གཞན་ཕན་རླབས་ཆེན་མཛད། །ཤ་རིའི་བུ་བཞིན་བསྟན་པའི་སྒྲོན་མེ་སྦར། །ས་སྟེང་འགྲོ་བ་ཀུན་གྱི་མགོན་གཅིག་པུ། །གསོལ་བ༴ །ཧ་ཅང་གདུང་ཤུགས་དྲག་པོས་གསོལ་བཏབ་མཐུས། །ཨ་ཏི་རྫོགས་ཆེན་ཉམས་ལེན་མཐར་ཕྱིན་ཞིང་། །སྐུ་བཞིའི་གོ་འཕང་མྱུར་དུ་ཐོབ་ནས་ཀྱང་། །རང་གཞན་དོན་འབྲས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པ་འདི་ནི་གནས་ཆེན་ཆུ་བོ་གཡས་འཁྱིལ་གྱི་སྒྲུབ་གྲྭ་ནས། དགེ་སློང་ཚེ་དབང་དཔལ་འབྱོར་གྱིས་བསྐུལ་ངོར་བཀོད་པའོ།། ༈ །།སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་པ་གསུམ། །སངས་རྒྱས་ཀུན་འདུས་དཔལ་ལྡན་བླ་མ་རྗེ། །རྒྱལ་དང་རྒྱལ་སྲས་བླ་མའི་ཚོགས་བཅས་ལ། །གཡེལ་བ་མེད་པར་རྟག་ཏུ་ཕྱག་འཚལ་ལོ། ཨེ་མ། །དལ་འབྱོར་མི་ལུས་ལན་ཅིག་ཐོབ་དུས་འདིར། །དོན་མེད་ལས་ལ་མི་ཚེ་མ་སྐྱལ་བར། །དགོས་ངོ་ཤེས་པའི་དམ་པའི་ལྷ་ཆོས་ལ། །


TR003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་ཉིད་ནས་བརྩོན་པར་མི་འཐད་དམ། །ཕྱི་སྣོད་འཇིག་རྟེན་ནམ་ཟླའི་འགྱུར་ལྡོག་དང་། །ནང་བཅུད་སེམས་ཅན་མི་རྟག་འཆི་བའི་ཚུལ། །འདི་དག་མཐོང་བཞིན་ད་དུང་ལོང་ཡོད་དུ། །ཡང་ཡེང་ངང་ལ་བསྡོད་པ་ཁྱེད་ཁོམ་མམ། །དེང་སང་ཚེ་ལོ་སུམ་ཅུ་ཁ་རལ་དུས། །ཚེ་མཐར་ཕྱིན་པ་ཉིན་སྐར་ལས་ཀྱང་དཀོན། །རླུང་དམར་ནང་གི་མར་མེ་ཇི་བཞིན་དུ། །ནམ་འཆི་ཆ་མེད་ཡིན་པ་མི་ཤེས་སམ། །རང་ཉིད་འཆི་བའི་དུ་ལ་བབ་ཙམ་ན། །གཅེས་པར་བསྐྱངས་པའི་ལུས་ཀྱང་བྱ་ཁྱིས་འདྲད། །བརྩིགས་ཤིང་བཟོས་པའི་ཁང་ཁྱིམ་ཤུལ་དུ་ལུས། །བརྩལ་ཞིང་བསགས་པའི་ནོར་རྣམས་གཞན་གྱིས་ཁྱེར། །ཡུན་དུ་འགྲོགས་པའི་གྲོགས་ཀྱང་སོ་སོར་འགྱེས། །བར་དོ་འཕྲང་ལ་གཅིག་པུར་འགྲོ་བའི་ཚེ། །དམ་པའི་ཆོས་དང་མཚན་ལྡན་བླ་མ་ལས། །སྐྱབས་ཀྱི་དམ་པ་གཞན་དུ་ཅང་འདུག་གམ། །སྙིང་པོ་མེད་པའི་འཇིག་རྟེན་བྱ་བ་འདི། །བྱས་ཀྱང་དོན་མེད་


TR003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡི་རི་མོ་འདྲ། རང་མགོ་རང་གིས་གཡོག་པ་འདི་སྤངས་ནས། །མདུན་མ་ཆོས་ཕྱོགས་དྲིལ་བ་མི་འཐད་དམ། །ད་རེས་མི་ལུས་དོན་ཡོད་མ་བྱས་ན། །ཡང་ཡང་རྙེད་དཀའི་དལ་འབྱོར་ཐོབ་མི་འགྱུར། །རིན་ཆེན་གླིང་ནས་སྟོང་ལོག་མ་བྱེད་པར། །རང་དོན་རང་གི་བསྒྲུབ་པའི་དུས་ལ་བབ། །འཁོར་བའི་གནས་ལ་བདེ་བ་ནམ་ཡང་མེད། །ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་པར་དཀའ། །དེ་ལས་སྐྱབས་ཀྱི་མཆོག་གྱུར་བླ་མ་ལ། །འབྲལ་མེད་གུས་པའི་སྙིང་ནས་གསོལ་བ་ཐོབ། །ན་མོ་ཀ་དག་སྤྲོས་བྲལ་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་གསལ་མདངས་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་གང་འདུལ་སྤྲུལ་པའི་སྐུ། །སྐུ་གསུམ་ཀུན་འདུས་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །བྱིན་རླབས་ཀུན་འབྱུང་རྩ་རྒྱུད་བླ་མའི་ཚོགས། །དངོས་


TR003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ་མཛད་ཡི་དམ་ཞི་ཁྲོའི་ལྷ། །འགལ་རྐྱེན་བར་ཆད་སེལ་བའི་མཁའ་འགྲོ་མ། །རྩ་གསུམ་གཅིག་བསྡུས་དཔལ་ལྡན་བླ་མ་ལ། །གསོལ་བ༴ །ལྷ་མིའི་སྟོན་པ་མཉམ་མེད་སངས་རྒྱས་དང་། །བདེན་གཉིས་ཟུང་འཇུག་ལུང་རྟོགས་དམ་པའི་ཆོས། །འཕགས་པའི་བསྟན་འཛིན་ཚོགས་མཆོག་དགེ་འདུན་ཏེ། །མཆོག་གསུམ་ཡོངས་འདུས་དཔལ་ལྡན་བླ་མ་ལ། །གསོལ་བ༴ །གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་ལ། །གང་འདུལ་ཆོས་ཀྱི་འགྲོ་བ་སྨིན་མཛད་པའི། །རྒྱ་བོད་མཁས་གྲུབ་སྐྱེས་ཆེན་དམ་པའི་ཚོགས། །རྒྱལ་བའི་བསྟན་པ་རྒྱས་མཛད་ཐམས་ཅད་ལ། །གསོལ་བ༴ སྐྱེ་མེད་དབྱིངས་ལས་འགགས་མེད་རོལ་པའི་རྩལ། །སྣ་ཚོགས་གཟུགས་ཀྱིས་ཕྲིན་ལས་ཅིར་ཡང་སྟོན། །ཞི་དང་ཁྲོ་སོགས་ཡི་དམ་ལྷ་ཚོགས་དང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །གསོལ་བ༴ །དེ་ལྟར་གསོལ་བ་བཏབ་པའི་


TR003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཀྱིས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། ངན་སོང་འཁོར་བའི་འཇིགས་ལས་སྒྲོལ་ནས་ཀྱང་། །བདེ་ཆེན་ཐར་པའི་ཞིང་དུ་བསྒྲོད་པར་ཤོག །མ་རིག་རྨོངས་པའི་མུན་པས་རབ་འཐུམ་ཞིང་། །ཉོན་མོངས་དབང་གི་སྡིག་ལ་སྤྱོད་བྱེད་པའི། །ལས་ངན་རླུང་གིས་བསྐྱེད་པའི་འགྲོ་བ་རྣམས། །ཡང་དག་དགེ་ལེགས་ལམ་བཟང་ཞུགས་པར་ཤོག །དམྱལ་བའི་ཚ་གྲང་ཡི་དྭགས་བཀྲེས་སྐོམ་དང་། །དུད་འགྲོའི་བཀོལ་གཅོད་མི་ཡི་བྲེལ་འཕོང་དང་། །ལྷ་མིན་འཐབ་རྩོད་ལྷ་ཡི་འཕོ་ལྟུང་སོགས། །སྡུག་བསྔལ་ཀུན་བྲལ་བདེ་ལ་སྤྱོད་པར་ཤོག །སེམས་ཅན་ཀུན་གྱི་ཇི་ལྟར་འདོད་པའི་དོན། །གང་ལྟར་བསམ་པ་དེ་བཞིན་འགྲུབ་པ་དང་། །ཀུན་ཀྱང་དམ་པའི་ཆོས་ལ་རབ་སྤྱོད་


TR003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །ཡངས་པའི་རྒྱལ་ཁམས་འཇིག་རྟེན་ཁམས་ཀུན་ཏུ། །ནད་མུག་འཁྲུག་རྩོད་ཉེར་འཚེ་ཀུན་ཞི་ཞིང་། །འགྲོ་ཀུན་དགའ་བདེའི་དཔལ་ལ་ལོངས་སྤྱོད་ནས། །སངས་རྒྱས་བསྟན་པས་ཕྱོགས་ཀུན་ཁྱབ་པར་ཤོག །དུས་གསུམ་རྒྱལ་བའི་ཐུགས་རྗེའི་བདེན་སྟོབས་དང་། །འགྲོ་ཀུན་དགེ་ཚོགས་ལས་བྱུང་ནུས་མཐུ་ཡིས། །སྨོན་ལམ་ཐམས་ཅད་གེགས་མེད་འགྲུབ་པ་དང་། །བདེ་ལེགས་ཡིད་བཞིན་འབྱུང་བའི་བཀྲ་ཤིས་ཤོག །ཅེས་པའི་མི་རྟག་རྒྱུད་བསྐུལ་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ལྟ་བུ་ཞིག་དགོས་བཞེས། སངས་རྒྱས་རིག་འཛིན་གྱིས་བསྐུལ་ངོར་བྲིས་པའོ།། ༈ །།ན་མོ་གུ་ར་ཝེ། །དཔག་མེད་རྒྱལ་བའི་ཐུགས་རྗེའི་མཁའ་དབྱིངས་ལས། །འགྲོ་བློའི་མུན་སེལ་སྡུག་བསྔལ་ཆུ་བོ་སྐེམ། །ཕྲིན་ལས་འོད་གསལ་ཕྱོགས་མཐར་ཁྱབ་མཛད་པ། །དཔལ་ལྡན་བླ་མའི་སྐུ་ལ་གསོལ་བ་འདེབས། ཟབ་ཅིང་


TR003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེའི་གསུང་རབ་དམ་པའི་མཛོད། །བདེ་ལེགས་ཀུན་འབྱུང་དམ་ཆོས་ཡིད་བཞིན་ནོར། །དད་ལྡན་རེ་བ་སྐོངས་མཛད་ཐུགས་རྗེ་ཅན། །དཔལ་ལྡན་བླ་མའི་གསུང་ལ་གསོལ་བ་འདེབས། །ཀུན་ཁྱབ་ལྷ་ལམ་རབ་ཡངས་ཀློང་ཆེན་ལས། །རྣམ་དག་མཁྱེན་བརྩེའི་ཆུ་འཛིན་རབ་འཁྲིགས་ཏེ། །ཐུགས་རྗེའི་ཆར་གྱི་འགྲོ་བའི་ཚ་གདུང་སེལ། །དཔལ་ལྡན་བླ་མའི་ཐུགས་ལ་གསོལ་བ་འདེབས། །ངོ་མཚར་ཀུན་རྫོགས་ཡོན་ཏན་སྡོང་པོ་ལས། །གང་འདུས་ཕྲིན་ལས་ལོ་འདབ་ཕྱོགས་བཅུར་རྒྱས། །གདུལ་བྱའི་བྱ་ཚོགས་ཀུན་གྱི་གཉེན་གཅིག་པུ། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱི། །དུས་འདི་ནས་བཟུང་བྱང་ཆུབ་མཐར་ཐུག་བར། །མི་མཐུན་རྐྱེན་བྲལ་བསམ་དོན་ཆོས་བཞིན་འགྲུབ། །རང་གཞན་སྨིན་གྲོལ་ནུས་པར་བྱིན་གྱིས་


TR003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པ་དང་། །ལྟ་སྒོམ་སྤྱོད་གསུམ་མ་ནོར་མངོན་གྱུར་ཅིང་། །ཕྲིན་ལས་རྣམ་བཞི་ལྷུན་གྱི་གྲུབ་ནས་ཀྱང་། །གཞན་ཕན་དཔག་ཡས་འགྲུབ་པར་བྱིན་གྱིས་རློབས། །གཟུགས་སྒྲ་ལྷ་སྔགས་རོལ་པར་ཤར་བ་དང་། །དག་སྣང་མོས་གུས་ཕྱོགས་མེད་འབྱོངས་པ་དང་། །ཅིར་སྣང་གསལ་སྟོང་དབྱིངས་སུ་རོ་གཅིག་པས། །གདོད་མའི་གཏན་སྲིད་ཟིན་པར་བྱིན་གྱིས་རློབས། །ཅེས་པ་འདི་ནི། རིག་གྲོལ་ཡོན་ཏན་ལྡན་པ་ཨོ་རྒྱན་རིན་ཆེན་གྱི་ཐུགས་བཞེད་ལྟར་མཚམས་མལ་ནས་བྲིས་པའོ།། ༈ །།ན་མོ་གུ་རུ། །དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྐུ། །འགགས་མེད་ཆོས་སྒྲས་འགྲོ་ཀུན་སྨིན་མཛད་གསུང་། །མཁྱེན་བརྩེའི་བྱིན་རླབས་རྨད་བྱུང་ཟབ་གསལ་ཐུགས། །ཡོན་ཏན་ཀུན་འབྱུང་རྩ་བའི་བླ་མར་འདུད། །བག་མེད་འགྲོ་ལ་རིས་མེད་ཐུགས་རྗེ་ཡིས། །འཁོར་བའི་མཚོ་སྒྲོལ་ངན་འགྲོའི་གཡང་ལས་


TR003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབས། །བདེ་ཆེན་ཞིང་དུ་འགྲོ་ཀུན་འདྲེན་མཛད་པ། །ཐར་པའི་དེད་དཔོན་རྩ་བའི་བླ་མར་འདུད། །ཞིང་རྣམས་ཀུན་ཏུ་གྲངས་མེད་སྤྲུལ་པས་ཁྱབ། །སྣ་ཚོགས་འགྲོ་བའི་མོས་བློ་ཇི་བཞིན་དུ། ཚད་མེད་ཐུགས་རྗེ་རྨད་བྱུང་ཟློས་གར་གྱིས། །གདུལ་བྱ་བྱང་ཆུབ་སྙིང་པོར་མྱུར་འགོད་ཤོག །བརྩེ་ལྡན་ཁྱེད་ཀྱི་ཐུགས་རྗེ་རླབས་གཡོས་ཏེ། །བདག་སོགས་མོས་པའི་སྐལ་ལྡན་བུ་སློབ་རྣམས། །རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབ་ནས་ཀྱང་། །སྒོ་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །རང་རིག་མི་འགྱུར་ཀ་དག་ཆོས་ཀྱི་སྐུ། །རང་ངོ་མ་རྟོགས་འཁྲུལ་པའི་གཟེབ་ཏུ་ཆུད། །རང་གསལ་ཐུགས་རྗེའི་འོད་ཀྱིས་གསལ་མཛོད་ལ། །རང་བྱུང་ཀློང་དུ་གྲོལ་བར་མཛད་དུ་གསོལ། །ཆོས་ཀུན་མཐར་ཐུག་རྫོགས་པ་ཆེན་པོའི་དོན། །སྣང་བཞི་མཐར་ཕྱིན་སྒྲོན་བཞི་གནད་དུ་ཚུད། །ཆོས་ཉིད་


TR003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་གོ་འཕངས་མྱུར་ཐོབ་ནས། །མཁའ་མཉམ་འགྲོ་ཀུན་འདྲེན་པའི་དཔལ་དུ་ཤོག །ཅེས་པ་འདི་ནི། གཙང་གི་ལ་སྟོད་སྲིད་གསུམ་རྣམ་རྒྱལ་ནས་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་གར་དབང་འོད་གསལ་རང་གྲོལ་གྱི་བསྐུལ་ངོར་བྲིས་པའོ།། ༈ །།ན་མོ་གུ་རུ་བྷྱཿ ངོ་བོ་ཡེ་ནས་ཀ་དག་ཆོས་ཀྱི་སྐུ། །རང་བཞིན་གསལ་ལ་མ་འགགས་ལོངས་སྤྱོད་རྫོགས། །ཐུགས་རྗེ་རོལ་རྩལ་ཀུན་ཁྱབ་སྤྲུལ་པའི་སྐུ། །སྐུ་གསུམ་སྟོན་མཆོག་རྣམས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་ཐུགས་རྗེ་ལས་སྤྲུལ་ཏེ། །གྲངས་མེད་འགྲོ་ལ་གང་འདུལ་ཆོས་སྟོན་པ། །རྒྱ་བོད་མཁས་གྲུབ་གཏེར་སྟོན་རིགས་འཛིན་ཚོགས། །སྐྱེས་མཆོག་དམ་པ་རྣམས་ལ་གསོལ་བ་འདེབས། །གཞན་ཡང་ཞལ་མཐོང་གསུང་ཐོས་རྗེས་བཟུང་བའི། །རྩ་རྒྱུད་བླ་མ་བཀའ་དྲིན་ཅན་རྣམས་དང་། །སྐྱབས་མཆོག་རྒྱལ་དབང་པདྨ་འབྱུང་གནས་ལ། །རྩེ་གཅིག་


TR003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ནས་གུས་པས་གསོལ་༴ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་རྣམས། །བདེ་ཆེན་མཐར་པའི་ཞིང་དུ་མྱུར་ཕྱིན་ཏེ། །གདོད་མའི་ཀློང་དུ་མངོན་སངས་རྒྱས་པར་ཤོག །ཅེས་པ་འདི་ནི། གནས་ཆེན་མ་སྐུ་ལུང་གི་ཕྱོགས་སུ་སྒྲུབ་པའི་རྒྱལ་མཚན་འཛིན་པའི་བླ་མ་གཅོད་པ་བ་སངས་རྒྱས་བཀྲ་ཤིས་ཀྱིས། བདག་ལ་སྤྱིར་གསར་རྙིང་བཀའ་གཏེར་གྱི་བླ་མ་མཁས་གྲུབ་སྐྱེས་ཆེན་རྣམས་དང་། ཁྱད་པར་རང་ཉིད་ཀྱིས་ཞལ་མཇལ་གསུང་ཐོས་འབྲེལ་ཐོགས་ཀྱི་དྲིན་ཅན་ཐམས་ཅད་དང་། ཡང་དགོས་སུ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་དང་བཅས་པ་ལ་གསོལ་འདེབས་ཉུང་བསྡུས་ཤིག་དགོས་ཞེས་གསུངས་པའི་ངོར་འདི་བཞིན་བྲིས་ནས་མཚམས་མལ་ནས་ཕུལ་བའོ།། ༈ །།ན་མོ་གུ་ར་ཝེ། རྒྱལ་ཀུན་ཐུགས་རྗེའི་ལྷ་ལམ་ཡངས་པ་ལས། །མཚན་དཔེའི་ཆ་ཤས་ཡོངས་རྫོགས་འོད་ཟེར་གྱིས། །གདུལ་


TR003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ལམ་བཟང་མངོན་པར་སྣང་བྱེད་པ། །དཔལ་ལྡན་བླ་མའི་སྐུ་ལ་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་གསུང་གི་གསང་བའི་མཛོད། །མ་ལུས་དབང་སྒྱུར་དམ་ཆོས་ཡིད་བཞིན་ནོར། །གྲངས་མེད་འགྲོ་ལ་སྩོལ་མཛད་སྐུ་དྲིན་ཅན། །དཔལ་ལྡན་བླ་མའི་གསུང་ལ་གསོལ་བ་འདེབས། །སྐྱབས་བྲལ་མགོན་མེད་སྲིད་པའི་འགྲོ་རྣམས་ལ། །ཚད་མེད་ཐུགས་རྗེ་དཔག་མེད་ཕྲིན་ལས་ཉིད། །རིས་མེད་ནམ་མཁའ་ལྟ་བུར་ཁྱབ་མཛད་པ། །དཔལ་ལྡན་བླ་མའི་ཐུགས་ལ་གསོལ་བ་འདེབས། །ཡོན་ཏན་རྒྱ་མཚོ་དཔག་མེད་འབྱུང་བའི་གནས། །ཕྲིན་ལས་འདོད་དགུར་བསྒྱུར་བའི་མཐུ་སྟོབས་ཅན། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །རྩེ་ཅིག་སྙིང་ནས་གུས་པས་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཆོས་


TR003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འགྲུབ། །ཚོགས་གཉིས་མྱུར་རྫོགས་སྒྲིབ་གཉིས་རབ་བྱང་སྟེ། ཁྱེད་དང་དབྱེར་མེད་གཅིག་པར་བྱིན་གྱིས་རློབས། ཅེས་པ་འདི་ཡང་། ཀོང་ཡུལ་ཉང་ཁ་སྨད་ཀྱི་སའི་ཐིག་ལེ་སྟག་རྩེ་རྣམ་པར་རྒྱལ་བའི་སྒང་ནས་མི་དབང་ཀརྨ་བསྟན་སྲུང་གིས་བསྐུལ་ངོར་བྲིས་པའོ།། ༈ །།རྒྱལ་བའི་བསྟན་འདིར་སྟོན་པའི་རྒྱལ་ཚབས་མཆོག ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྲོ་བའི་མགོན། །གཙུག་ལག་རྒྱ་མཚོའི་སྤྲུལ་པའི་སྐུ་མཆོག་ནི། །བསྟན་འགྲོའི་དོན་དུ་མྱུར་དུ་འབྱོན་མཛད་གསོལ། །གྲངས་མེད་བསྐལ་མང་གོང་ནས་ཐུགས་བསྐྱེད་ལྟར། །འཁོར་བའི་མཚོར་ལྷུང་ཉམས་ཐག་འགྲོ་ཀུན་དང་། །བདག་སོགས་གདུལ་བྱའི་མགོན་སྐྱབས་དཔུང་གཉེན་དུ། །ཞིང་འདིར་སྤྲུལ་སྐུ་མྱུར་དུ་འབྱོན་མཛད་གསོལ། །རྩ་རྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །


TR003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་སྲུང་མའི་བྱིན་རླབས་ནུས་མཐུ་དང་། །བདག་སོགས་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །གསོལ་བཏབ་དོན་ལྡན་འགྲུབ་པར་མཛད་དུ་གསོལ། རྗེ་བཙུན་དམ་པ་གཙུག་ལག་རྒྱ་མཚོ་དགའ་བའི་དབྱངས་ཀྱི་སྤྲུལ་པའི་སྐུ་མྱུར་དུ་འབྱོན་པར་གསོལ་བ་བཏབ་པའོ།། ༈ །།ཀྱེ་མ། །ཟས་གཙང་སྲས་པོ་འགྲོ་བའི་བླ་མ་དེ། །རྩྭ་མཆོག་གྲོང་དུ་མི་རྟག་ཚུལ་བསྟན་ལྟར། །བསྟན་པའི་སྒྲོན་མེ་གཙུག་ལག་རྒྱ་མཚོ་དེ། །ལྕགས་ཕོ་རྟ་ལོ་ཐ་སྐར་ཟླ་བ་ཡི། །གྲལ་ཚེས་བདུན་གྱི་ཉི་མ་རྩེ་ཤར་དུས། །སྲས་མཁར་དགྱེས་མཛད་རྡོ་རྗེའི་ཕོ་བྲང་དུ། །ཟབ་གསལ་ཆོས་ཀྱི་འཁོར་ལོ་རྒྱུན་བཅད་དེ། །གདུང་བྱ་གཞན་དོན་གཤེགས་པའི་དུས་ཀྱང་བྱུང་། ཀྱེ་མ་ཀྱི་ཧུད་འཇིག་རྟེན་མགོན་པོ་ཁྱེད། །གདུལ་བྱའི་དོན་དུ་ཞིང་འདིར་མི་བཞུགས་པར། །ཆོས་ཀྱི་དབྱིངས་སུ་སྙོམ་པར་བཞུགས་པ་ན། །གངས་ཅན་བསྟན་


TR003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲོག་ཤིང་སུ་ཡིས་བྱེད། །སྙིགས་དུས་སེམས་ཅན་དམུ་རྒོད་འདུལ་དཀའ་ཡང་། །སྔོན་ནས་འགྲོ་བའི་དོན་དུ་ཐུགས་བསྐྱེད་པའི། །ཐུགས་རྗེའི་དམ་བཅའ་ཡལ་བར་འདོར་རུང་ངམ། །བདག་སོགས་ཉམས་ཐག་འགྲོ་ལ་རྩེར་དགོངས་ཏེ། །བསྟན་པའི་དོན་དུ་ཞིང་འདིར་མྱུར་བྱོན་ནས། །དམ་ཆོས་སྒྲོན་མེ་སྦར་བར་མཛད་དུ་གསོལ། །ཞེས་པ་འདི་ཡང་། རྗེ་དེ་ཉིད་མྱ་ངན་ལས་འདས་ཚེ་གདུང་བས་གསོལ་བ་བཏབ་པའོ།། ༈ །།སྐྱབས་གནས་བསླུ་མེད་རྩ་བའི་བླ་མ་ལ། །མོས་པའི་ཡིད་ཀྱིས་རྟག་ཏུ་གསོལ་བ་འདེབས། །བདག་སོགས་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །ཐུགས་རྗེ་བརྩེ་བས་གཡེལ་མེད་གཟིགས་སུ་གསོལ། །རྙེད་དཀའི་དལ་འབྱོར་ལན་གཅིག་ཐོབ་དུས་འདིར། །གཏན་མདུན་ཆོས་ལ་བརྩོན་པ་དགོས་ནའང་། །ཡང་ཡེངས་ལེ་ལོའི་ངང་ལ་མི་ཚེ་འདས། །དོན་མེད་སྟོང་ལོག་མཁན་


TR003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུགས་རྗེས་གཟིགས། །ཚེ་ལ་ངེས་མེད་བློ་གཏད་མི་ཐུབ་ཅིང་། །དོ་ནུབ་འཆི་བའི་ངེས་པའང་མེད་མོད་ཀྱང་། །ད་དུང་ལོ་བརྒྱའི་བར་དུ་སྡོད་རྩིས་ཀྱིས། །ཚེ་འདིའི་བྱ་བ་བསྒྲུབ་ལ་ཐུགས་རྗེས་གཟིགས། །ཕྱི་སྣོད་དབྱར་དགུན་ནམ་ཟླའི་འགྱུར་ལྡོག་དང་། །ནམ་བཅུད་སྐྱེ་འགྲོ་མི་རྟག་འཇིག་པའི་ཚུལ། །དེ་དང་མཚུངས་པ་རང་ཡང་འགྲོ་ངེས་ཀྱང་། །བསམ་མེད་དུད་འགྲོ་འདྲ་ལ་ཐུགས་རྗེས་གཟིགས། །འཆི་བའི་ཚེ་ན་ལུས་དང་ལོངས་སྤྱོད་དང་། །ཡུལ་དང་གཉེན་འཁོར་ནོར་རྫས་ལ་སོགས་པ། །ཅིས་ཀྱང་ཕན་པ་མེད་པ་ཤེས་བཞིན་དུ། །དོན་མེད་བྱ་བ་བསྒྲུབ་ལ་ཐུགས་རྗེས་གཟིགས། །དགེ་སྡིག་རྒྱུ་འབྲས་བླང་དོར་གནས་རྣམས་ཀུན། གོ་ཞིང་རིག་ཀྱང་སྤང་བླང་གོ་ལོག་བསྒྲུབ། །སླར་ཡང་འཁོར་བའི་ས་བོན་འདེབས་བྱེད་པ། །རང་གིས་རང་བསླུ་མཁན་ལ་ཐུགས་རྗེས་གཟིགས། །བྱམས་དང་སྙིང་རྗེ་དད་དང་མོས་གུས་སོགས། །དགེ་ལེགས་བསམ་


TR003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱུད་ལ་མི་འབྱོང་བར། །མ་རིག་ཉོན་མོངས་ཐིབ་པོོས་ནོན་པ་ཡི། །ལས་ངན་འཁྲུལ་སྣང་ཅན་ལ་ཐུགས་རྗེས་གཟིགས། །ཐོས་བསམ་ཆོས་ལ་སྒྲོ་འདོགས་མ་ཆོད་ཅིང་། །སྒོམ་བསྒྲུབ་གདམས་པས་རང་རྒྱུད་མ་སྨིན་པར། །ཆོས་པར་རློམ་ནས་དཀོར་ལ་བག་མེད་སྤྱོད། །ངན་འགྲོའི་རྒྱུ་གསོགས་མཁན་ལ་ཐུགས་རྗེས་གཟིགས། །སྙིགས་དུས་ཆོས་མེད་སེར་གཟུགས་བདག་འདྲ་ལ། །སྐྱབས་མཆོག་རྣམས་ཀྱི་ཐུགས་རྗེའི་ཤུགས་བསྐྱེད་ནས། །ཉོན་མོངས་ལས་ཀྱི་འཁྲུལ་འཁོར་བཟློག་ནས་ཀྱང་། །མ་ནོར་དོན་གྱི་ལམ་ལ་འགོད་དུ་གསོལ། །རྨི་ལམ་ལྟ་བུའི་ཚེ་འདིའི་སྣང་བ་ཀུན། །སྒྱུ་མ་ལྟ་བུར་བདེན་མེད་རྟོགས་གྱུར་ཅིང་། །ཆུ་ཟླ་ལྟ་བུའི་སྣང་སྟོང་དབྱེར་མེད་དང་། །ནམ་མཁའ་ལྟ་བུའི་སྟོང་ཉིད་རྟོགས་པར་ཤོག །དཔལ་ལྡན་བླ་མའི་ཐུགས་རྗེའི་བྱིན་རླབས་ཀྱིས། །བདག་དང་མཁའ་མཉམ་སེམས་ཅན་


TR003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ཀུན། །འཁོར་བའི་འདམ་ལས་མྱུར་དུ་ཐར་ནས་ཀྱང་། །གདོད་མའི་ཀློང་དུ་གཏན་སྲིད་ཟིན་པར་ཤོག །ཅེས་པ་འདི་ཉིད་ཨཽ་རྒྱན་ཕྲིན་ལས་ཀྱིས་བསྐུལ་ངོར་བྲིས་པའོ།། ༈ །།ན་མོ་གུ་རུ། དུས་གསུམ་རྒྱལ་དང་རྒྱལ་སྲས་མ་ལུས་ཀྱི། །མཁྱེན་བརྩེ་ནུས་མཐུ་གཅིག་ཏུ་བསྡུས་པའི་དཔལ། །བདག་གི་སྐྱབས་གཅིག་དྲིན་ཅན་བླ་མ་ལ། །རྩེ་གཅིག་གུས་པའི་སྙིང་ནས་གསོལ་བ་འདེབས། །འཁོར་བའི་རྒྱ་མཚོ་ཕ་མཐའ་མི་མངོན་ཞིང་། །ལས་དང་ཉོན་མོངས་སྡུག་བསྔལ་རྦ་ཀློང་འཁྲུག །འདི་ལས་སྒྲོལ་མཛད་དེད་དཔོན་དམ་པ་མཆོག །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །བདག་སོགས་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ཉོན་མོངས་ནད་ཀྱིས་རྟག་ཏུ་གཟིར་བ་ལས། །སྐྱོབས་མཛད་བྱམས་མགོན་སྨན་པའི་རྒྱལ་པོ་མཆོག །དྲིན་ཅན་རྩ་བའི་བླ་མའི་ཞབས་ལ་གསོལ་བ་


TR003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །རྩེ་གཅིག་དད་པའི་ཡིད་ཀྱིས་གསོལ་འདེབས་ཤིང་། །ཉམས་ཐག་ང་རོའི་འོ་དོད་འབོད་བཞིན་དུ། །ཁྱེད་ཀྱིས་ཐུགས་རྗེའི་སྤྱན་གྱིས་མི་གཟིགས་ན། །སྐྱབས་བྲལ་མགོན་མེད་སེམས་ཅན་སུ་ལ་རེ། །ཐུགས་རྗེའི་བདག་ཉིད་རྗེ་བཙུན་བླ་མ་ཁྱེད། །བྱིན་རླབས་ནུས་པའི་དཔུང་ཆེན་རབ་བསྐྱེད་ནས། །རྩེ་གཅིག་གསོལ་བ་འདེབས་པའི་སྐལ་ལྡན་ལ། །དངོས་གྲུབ་ཆར་ཆེན་དབབ་པའི་དུས་ལ་བབ། །འདི་ཕྱི་བར་དོ་དུས་ཀུན་ཐམས་ཅད་དུ། །བདག་ལ་ཁྱོད་ལས་སྐྱབས་གཞན་མ་མཆིས་ན། །བྱམས་པའི་ཐུགས་དང་བརྩེ་བས་རབ་དགོངས་ཏེ། །གཡེལ་བ་མེད་པར་རྟགས་ཏུ་གཟིགས་སུ་གསོལ། །དེ་ལྟར་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ཚེ་འདི་ཉིད་ལ་དག་པའི་ཞིང་མཆོག་ཏུ།


TR003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་དང་དབྱེར་མེད་གཅིག་པར་བྱིན་གྱིས་རློབས། །ཅེས་པ་འདི་ནི་དགེ་སློང་བཀྲ་ཤིས་ཀྱིས་བསྐུལ་ངོར་བྲིས་པའོ།། ༈ །།ཕྱོགས་དུས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །སྐུ་གསུམ་མངོན་གྱུར་རྒྱལ་དབང་པདྨ་འབྱུང་། །བྱིན་རླབས་གཟི་བརྗིད་འོད་སྟོང་རབ་འབར་ཞིང་། །བཀའ་བརྒྱུད་བླ་མ་རིག་འཛིན་འཁོར་གྱིས་བསྐོར། །སྐྱབས་གནས་ཀུན་དཔལ་མགོན་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་རྒྱུན་ཕོབ། །ཞི་དང་ཁྲོ་སོགས་ཡི་དམ་ཀུན་གྱི་གཙོ། །གར་དགུའི་ཉམས་ལྡན་མ་རུངས་བདུད་དཔུང་འདུལ། ཁྲོ་རྒྱལ་འབར་བ་པདྨ་དྲག་པོ་རྩལ། །དཀྱིལ་འཁོར་ཡོངས་ཀྱི་སྤྱི་དཔལ་ཧེ་རུ་ཀ །ཡི་དམ་ཀུན་འདུས་དབང་དྲག་འབར་བ་ལ། །གསོལ་བ་འདེབས་སོ་མཆོག་མཐུན་དངོས་གྲུབ་སྩོལ། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན་གྱི་མཛོད། །དམ་མེད་ཚར་གཅོད་དམ་ལྡན་བུ་བཞིན་སྐྱོང་། །མཁའ་འགྲོའི་གཙོ་མོ་


TR003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབར་སེང་གདོང་ཅན། །མ་སྲིང་དམ་ཅན་རྒྱ་མཚོ་སྤྲིན་ལྟར་སྟིབས། །མཐུ་སྟོབས་མངའ་བདག་ཌཱ་ཀྐིའི་རྒྱལ་མོ་ལ། །གསོལ་བ་འདེབས་སོ་བར་ཆོད་བགེགས་ཚོགས་ཐུལ། །རྩ་གསུམ་ལྷ་ཚོགས་རྒྱལ་བའི་དཀྱིལ་འཁོར་ལ། །གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པའི་མཐུས། །འགལ་རྐྱེན་ཀུན་ཞི་བསམ་དོན་ཆོས་བཞིན་འགྲུབ། དངོས་གྲུབ་མཆོག་ཐོབ་སྐུ་གསུམ་མངོན་གྱུར་ནས། །སྲིད་གསུམ་འགྲོ་ཀུན་ཐར་ལམ་འདྲེན་པར་ཤོག །ཞེས། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་རྩ་བ་གསུམ་ལ་གསོལ་བ་གདབ་པ་འདི་ཉིད་བསྟན་འཛིན་གྱིས་བསྐུལ་ངོར་བཀོད་པའོ།། ༈ །།གུ་རུ་པདྨ་སིདྡྷི་ཧཱུྃ། །བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས། །མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་ཕྱིར་དེ་ཉིད་ཉམས་སུ་ལེན་སྙམ་པའི་འདུན་པ་དང་ལྡན་པའི་ངང་ནས། །རང་ལུས་ཡི་དམ་གྱི་ལྷ་སྤྱན་


TR003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་སམ་རྡོར་སེམས་ལ་སོགས་པ་གང་ལྟར་མོས་པ་སྐད་ཅིག་དྲན་རྫོགས་སུ་ལམ་གྱིས་བསྐྱེད་པའི་སྤྱི་བོར། སེང་ཁྲི་པདྨ་ཉི་ཟླའི་གདན་ལ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཉིད་ལ་རྣམ་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གསལ་བར་བྱ་སྟེ། དེ་ཡང་ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག །ཐབས་ཤེས་ཀྱི་ཕྱག་གཉིས་ཆོས་ཉིད་འགྱུར་མེད་ཀྱི་རྡོ་རྗེ་དང་དངོས་གྲུབ་མཛད་མེད་ཀྱི་ཀ་པཱ་ལའི་ནང་ན་ཚེ་བུམ་ཅན་བསྣམས་པ། བདེན་གཉིས་ཟུང་འཇུག་གི་སྐྱིལ་ཀྲུང་ཅན། ཐེག་པ་རིམ་པ་དགུའི་ཟབ་བེར། མདོ་སྔགས་ཟུང་འཇུག་གི་ཆོས་གོས། སྐུ་ལྔ་ཡོངས་རྫོགས་ཀྱི་འདབ་ལྡན་རིགས་ལྔ། དུག་གསུམ་རྩད་གཅོད་ཀྱི་ཁ་ཊྭཱཾ་ལ་སོགས་ཆས་རྣམས་རྫོགས་པ། འཇའ་འོད་ཀྱི་ཀློང་ན་བཞུགས་པར་གསལ་བའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས། རྔ་ཡབ་གླིང་ནས་རྗེ་བཙུན་པདྨ་ལ་འཁོར་


TR003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་སེམས་གྲུབ་ཐོབ་རིག་འཛིན་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་སྤྲིན་ཐིབ་པ་ལྟར་བྱོན་ནས་སྤྱི་བོའི་བླ་མ་ལ་ཐིམ་པས་བྱིན་རླབས་ཀྱི་གཟི་འོད་ཆེར་འབར་བར་བསམ་ལ། །སྣང་སྲིད་སྣོད་བཅུད་ལུས་དང་ལོངས་སྤྱོད་འདི་ཕྱི་བར་གསུམ་གྱི་མདུན་མ་ཐམས་ཅད་ལྟོས་མེད་མཎྜལ་དུ་འབུལ་ཞིང་མོས་གུས་རྩེ་གཅིག་པའི་ངང་ནས། །རྒྱལ་བ་ཀུན་འདུས་དཔལ་ལྡན་བླ་མ་ལ། །རྩེ་གཅིག་གུས་པས་ཡིད་ཀྱི་གསོལ་འདེབས་ན། །མཆོག་དང་ཐུན་མོངས་དངོས་གྲུབ་མ་ལུས་ཀུན། །མྱུར་དུ་སྩོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་འདེབས་པ་ཅི་ནུས་བྱས་རྗེས། བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས། རང་གི་ལུས་ངག་ཡིད་གསུམ་ལ་ཕོག །སྒོ་གསུམ་གྱི་སྒྲིབ་པ་དག །འབྲས་བུ་སྐུ་གསུམ་ཐོབ་པའི་རྟེན་འབྲེལ་མཐའ་དག་འགྲིག །མཐར་


TR003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པ་ཙམ་གྱིས་བཞི་རྫོགས་ཀྱི་དབང་རྣམས་དུས་གཅིག་ལ་ཐོབ། དེ་ནས་བླ་མ་བསྒོམ་རྒྱུ་སྒོམ་མཁན་བསྒོམ་པ་ཐམས་ཅད་རང་རིག་ཀ་དག་བློ་འདས་སུ་འུབ་ཆུབ་སྟེ། གསལ་སྟོང་ཟུང་འཇུག་སྒོམ་མེད་ཡེངས་མེད་ཀྱི་ངང་ལ་གནས་པ་ནི་དོན་དམ་པའི་བླ་མའི་རྣལ་འབྱོར་ཡང་དག་པ་སྟེ། འབྲས་བུ་ཡེ་རྫོགས་ཆེན་པོའི་དངོས་གྲུབ་རེ་དོགས་དང་བྲལ་བ། སྟན་ཐོག་དེ་ཉིད་དུ་ཐོབ་པར་གདོན་མི་ཟ་ཞིང་།། ༈ །།རྗེས་ཐོབ་ལམ་ཁྱེར་གྱི་གནད་ནི། འགྲོ་བའི་དུས་སུ་གཡས་ཕྱོགས་ཀྱི་ནམ་མཁར་བླ་མ་བཞུགས་པར་བསམ་ན་གར་འགྲོ་བསྐོར་བའི་རང་བཞིན་དུ་གྱུར། གཉིད་ཀྱི་དུས་སུ་སྙིང་པདྨ་འདབ་བཞི་ཁ་ཟུམ་པའི་དབུས་སུ་བླ་མ་བསྒོམ་ན་གཉིད་འོད་གསལ་དུ་འགྲོ་བའི་གདམས་པར་གྱུར། ཟས་སྐོམ་ལ་སྤྱོད་ཚེ་མགྲིན་པའི་རྩ་འཁོར་གྱི་དབུས་ན་བླ་མ་བསྒོམ་ན་བཟའ་བཏུང་ཚོགས་འཁོར་དུ་འགྱུར།


TR003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་བསྒོམ་ཚེ་ལྟེ་འོག་གི་མེ་ཉིད་ངོ་བོ་བླ་མར་མོས། བདེ་བ་ལམ་དུ་སློང་ན་སྤྱི་བོར་བླ་མ་ཧཾ་ཡིག་འཛག་པར་བསམ། ལུས་ལ་ནད་ཀྱི་རྣམ་པ་ཕྱི་ནང་གང་དུ་བྱུང་ཡང་ན་བའི་སར་བླ་མའི་སྐུ་ཕྲ་ལ་བསལ་བར་བསྒོམ་པའི་སྐུ་ལས་བདུད་རྩི་བབས་པས་ནད་ཐམས་ཅད་དག་པར་བསམ་ན་སྨན་གྱི་དམ་པར་འགྱུར། དེ་ལས་གཞན་པའི་དུས་ཐམས་ཅད་དུ་བླ་མ་སྤྱི་བོར་འབྲལ་མེད་བསྒོམ་ན་འཆི་ཀར་འཕོ་བ་ཡང་དེ་ཀས་ཆོག་ཅིང་། གལ་ཏེ་བར་དོར་འཁྱམས་པའི་ཚེ་ནའང་བར་དོའི་གདམས་པ་མཆོག་ཏུ་འགྱུར། མདོར་ན་བཀའ་མདོ་རྒྱུད་ལུང་མན་ངག་གསང་སྔགས་གསར་རྙིང་ཐམས་ཅད་ཀྱིས་དགོངས་བཞེས་གཅིག་ཏུ་མཐུན་པའི་གདམ་ངག་འདི་ལྟ་བུ་ལ་བློ་གཏད་ནས་རྒྱུན་ལྡན་དུ་ཉམས་ལེན་མ་བྱས་ན། ཤེས་ཤེས་མང་ཀྱང་དགོས་དུས་མི་ཕན་ཞིང་མི་ཚེ་ཧྲིལ་པོར་ཆོས་བྱས་པར་བརློམ་ཀྱང་འཆི་ཁར་བློའི་


TR003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ས་གཅིག་ཀྱང་མེད་པ་འགྱོད་པ་དང་བཅས་པས་འཆི་ཞིང་། དེ་ཚེ་ཤུལ་དུ་དགེ་བ་བྱེད་པ་ལ་རེ་ཞིང་ཁ་ཆེམས་གཞོག་པ་རྣམས་ནི་མི་ཚེ་སྟོང་ཟད་བྱས་པ་དོན་མེད་རང་གི་རང་བསླུས་སུ་སོང་བ་ཡིན་པས། དེས་ན་ལམ་ཟབ་སྙིང་པོ་འདི་ལྟ་བུ་ལ་བརྩོན་པར་མཛད་ནས་རང་གཞན་གྱི་དོན་གཉིས་བསྒྲུབ་འཚལ། ཨེ་མ་སྔོན་ནས་ལས་འཕྲོའི་རྟེན་འབྲེལ་གྱིས། ཁྱབ་གདལ་ལྷུན་གྲུབ་མོས་གུས་ཞིང་ས་ལ། །ཀརྨ་རིག་འཛིན་ཟབ་དོན་ཆར་ཆེན་ཕབས། །སྐུ་གསུམ་ལོ་འབྲས་ལེགས་པར་སྨིན་པ་ནི། །སྨོན་ལམ་དག་པའི་ཤུགས་ལས་གྲུབ་པར་ངེས། །འདི་ལས་བྱུང་བའི་རྣམ་དཀར་དགེ་བའི་མཐུས། །འགྲོ་ཀུན་འཁོར་བའི་འཆིང་བ་རབ་གྲོལ་ཏེ། །བདེ་ཆེན་ཞིང་དུ་བདེ་བའི་ཆོས་སྤྱོད་པའི། །རྒྱུ་འབྲས་ཆོས་ལ་ཡང་དག་སྤྱོད་པར་ཤོག །ཅེས་པ་འདི། བོད་ཡུལ་དབུས་ཀྱི་རྒྱལ་ཁམས་ཀྱི་བྱེ་བྲག་གོང་དཀར་གྱི་ཕྱོགས་ནས། དད་ལྡན་ཁྱབ་


TR003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གདལ་ལྷུན་གྲུབ་ཀྱིས་བསྐུལ་བའི་ངོར་བཀོད་པའོ། ན་མོ་གུ་རུ། རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་དམ་ཆོས་ཐམས་ཅད་ཀྱི་འབྱུང་གནས། །ཚོགས་མཆོག་དགེ་འདུན་གྱི་སྤྱི་དཔལ། །དྲིན་ཅན་བླ་མ་རང་མཁྱེན་ནོ། །སྡེ་སྣོད་རྒྱུད་ལུང་དང་མན་ངག །རབ་འབྱམས་ཆོས་ཀུན་གྱི་མཛོད་འཛིན། །དད་ལྡན་རེ་སྐོང་གི་ནོར་བུ། །ཡིད་བཞིན་འདོད་འབྱུང་རང་མཁྱེན་ནོ། །འཁོར་བ་སྡུག་བསྔལ་གྱི་འདམ་ལས། །ཟབ་དོན་མན་ངག་གི་གྲུ་བོས། །བདེ་ཆེན་ཐར་གླིང་དུ་སྒྲོལ་མཛད། །དེད་དཔོན་དམ་པ་རང་མཁྱེན་ནོ། །དུག་གསུམ་ཉོན་མོངས་ནད་ཀྱིས། །ཐོག་མཐའ་དུས་རིང་དུ་གཟིར་ལ། །དམ་ཆོས་བདུད་རྩི་ཡིས་ཕན་མཛད། །བདེ་བའི་འབྱུང་གནས་རང་མཁྱེན་ནོ། །རབ་འཇིགས་ངན་སོང་གི་དགྲ་ལས། །སྐྱོབས་མཛད་སྐྱབས་མགོན་གྱི་དམ་པ། །འཁོར་བའི་གཡུལ་ཟློག་གི་དཔའ་བོ། །ཐུགས་རྗེའི་


TR003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་རང་མཁྱེན་ནོ།། ༈ །།བུ་གཅིག་མ་ལ་འབོད་འདྲའི་གདུང་དབྱངས་ཀྱིས། དུང་བའི་ང་རོའི་ཕ་ཁྱོད་འབོད་ལགས་ན། །དགོངས་པའི་ཀློང་ནས་བརྩེ་བའི་ཤུགས་ཕྱུངས་ཏེ། །ཐུགས་རྗེའི་རླབས་ཆེན་གཡོ་བའི་དུས་ལ་བབ། །སྒྲ་དང་ལྡན་པའི་ཚིག་གིས་འབོད་པའི་ཚེ། །རྨོངས་པའི་དུད་འགྲོའང་གོ་ཞིང་རྒྱུག་བྱེད་ན། །ཕ་ཁྱོད་དྲན་པས་དབྱངས་ཀྱི་བོས་པའི་ཚེ། །མོས་པའི་བུ་ལ་ཐུགས་རྗེས་མི་དགོངས་སམ། །བདག་གིས་མོས་གུས་གདུང་ཤུགས་དྲག་པོ་ཡིས། །སྐྱབས་གནས་ཁྱོད་ལ་གསོལ་བ་བཏབ་པའི་མཐུས། །མཆོག་དང་མཐུན་མོངས་དངོས་གྲུབ་མ་ལུས་པ། །མྱུར་དུ་སྩོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་པ་འདི་ནི་ཚེའི་རིག་བྱེད་འཛིན་པའི་དབང་པོ་ཀརྨ་འགྲོ་ཕན་གྱི་བསྐུལ་ངོར་བྲིས་པའོ།། ༈ །།རང་གི་སྤྱི་བོར་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་རྣམ་པ་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་


TR003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་མཚན་དང་དཔེ་བྱད་ཀྱི་བརྒྱན་པ་གསལ་བཏབ་ལ། དད་པ་མོས་གུས་ཀྱི་གདུང་ཤུགས་དང་ལྡན་པས་གསོལ་བ་འདི་ལྟར་དུ་གདབ་པར་བྱ་སྟེ། ན་མོ། །ཡེ་གྲོལ་ཀ་དག་གདོད་མའི་གནས་ལུགས་ལ། །རང་བྱུང་རང་རིག་སྤྲོས་མེད་བརྗོད་མཐའ་བྲལ། །འགྱུར་མེད་འོད་གསལ་ཀློང་ཡངས་འདུས་མ་བྱས། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རང་བཞིན་ལྷུན་གྲུབ་གསལ་དག་ཐིག་ལེའི་ཀློང་། །ཀུན་བཟང་གདངས་ལས་འགགས་མེད་རོལ་རྩལ་འཕྲོ། །ལྟ་བས་མི་ངོམ་སྣང་སྟོང་འོད་ཀྱི་སྐུ། །བླ་མ་ལོངས་སྤྱོད་རྫོགས་ལ་གསོལ་བ་འདེབས། །ཕྱོགས་བཅུ་མཐའ་ཡས་རབ་འབྱམས་ཞིང་ཁམས་སུ། །སྐུ་དང་མཛད་ཕྲིན་སྣ་ཚོགས་བསམ་ཡས་ཀྱིས། །གདུལ་བྱའི་རེ་བ་ཡིད་བཞིན་སྐོངས་མཛད་པ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །བླ་མ་ཡི་དམ་


TR003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཆོས་སྐྱོང་སོགས། །རྣམ་འགྱུར་ཆ་ལུགས་དུ་མར་སྣང་བ་ཀུན། །དབྱེར་མེད་བླ་མའི་ངང་དུ་རོ་གཅིག་པའི། །ཀུན་འདུས་བླ་མ་མཆོག་ལ་གསོལ་བ་འདེབས། །སྐྱབས་གནས་དཔལ་མགོན་རྩ་བའི་བླ་མ་ལ། །མོས་གུས་གདུང་བའི་གསོལ་བ་བཏབ་པའི་མཐུས། །སྨིན་གྲོལ་བྱིན་རླབས་ཆར་རྒྱུན་དབབ་ནས་ཀྱང་། །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཅེས་བླ་མའི་རྣལ་འབྱོར་མདོར་བསྡུས་པ་འདི་ནི། ཆོས་མཛད་ཨོ་རྒྱན་དར་རྒྱས་ཀྱི་བསྐུལ་ངོར་བྲིས་པའོ། ༈ ཁམས་གསུམ་འགྲོ་བའི་སྐྱབས་མགོན་དམ་པ་ཉིད། །ཐུགས་རྗེ་ཆེན་པོས་དད་ལྡན་འགྲོ་བ་ཀུན། །མ་ནོར་ལམ་ལ་འགོད་མཛད་བཀའ་དྲིན་ཅན། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །སྐུ་མཆོག་མཐོང་བས་དད་པས་རྦ་རླབས་གཡོ། །ཚངས་དབྱངས་ཐོས་པས་ངན་འགྲོའི་གཡང་ས་གཅོད། །དྲན་པ་ཙམ་གྱིས་གྲོལ་བའི་ལམ་


TR003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགོད། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །མཛད་པའི་ཕྲིན་ལས་ཡོན་ཏན་རྒྱ་མཚོ་ལས། །ངོ་མཚར་འདོད་འབྱུང་ཡིད་བཞིན་གཏེར་མཛད་ཀྱིས། །འགྲོ་བློའི་རེ་སྐོང་མཛད་པའི་རིན་པོ་ཆེ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །ཁྱོད་མཐོང་ཐོས་དང་དྲན་དང་རེག་པས་ཀྱང་། །གནས་སྐབས་མཐའ་ཐུག་འདོད་དོན་མ་ལུས་ཀུན། །ཡོངས་སུ་འགྲུབ་ཅིང་གོ་འཕངས་མཆོག་ཐོབ་པའི། །སྐྱབས་མཆོག་ཁྱེད་ཀྱི་ཐུགས་རྗེས་དགོངས་ནས་ཀྱང་། །རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་པ་ནི་དད་ལྡན་བཟང་པོའི་མིང་ཅན་གྱིས་བསྐུལ་ངོར་སྦྱིན་པའོ།། ༈ །།རང་ཉིད་ཐ་མལ་སྤྱི་གཙུག་པད་ཉིའི་སྟེང་། །སྐུ་དྲིན་འཁོར་མེད་རྩ་བའི་བླ་མ་ཉིད། །རིགས་འདུས་རྒྱལ་བ་ཐོད་ཕྲེང་རྩལ་གྱི་སྐུ། །སྐུ་མདོག་དམར་པོ་ཞི་མ་ཁྲོ་ཡི་ཉམས། །ཅུང་ཟད་


TR003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འཛུམ་དང་བཞད་པའི་ཞལ་ལྡན་པ། །སྤྱན་གསུམ་ཟླུམ་ཞིང་དམར་བས་ཕྱོགས་བཅུར་གཟིགས། །དབུ་སྐྲ་ཐོར་ཚུག་རིན་ཆེན་སྲོག་ཞུ་གསོལ། །སྐུ་ལ་རིན་ཆེན་རུས་བརྒྱན་དར་དཔྱངས་མཛེས། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ཞབས་གཉིས་གཡས་བསྐུམ་གཡོན་རྐྱང་དོར་སྟབས་ཚུལ། །འཇའ་འོད་རབ་འཁྲུང་མེ་དཔུང་འབར་བའི་ཀློང་། ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གནོན་པའི། །འཁོར་དུ་རྩ་རྒྱུད་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་སྟིབས་པའི་དབུས། །བརྗིད་པའི་སྐུ་ལས་ཆོས་གསུངས་ཚངས་དབྱངས་ལྡན། །ཐུགས་རྗེ་རྩེ་བས་བདག་ལ་དགོངས་པར་གསལ། །སྐུ་གསུང་ཐུགས་ནས་འོད་ཟེར་འཕྲོས་པ་ལས། །རྔ་ཡབ་གླིང་ནས་རྗེ་བཙུན་པདྨ་འབྱུང་། །འཁོར་བཅས་བྱོན་ནས་སྤྱི་བོའི་བླ་མར་ཐིམ། ཧཱུྃ། ཕྱི་ནང་སྣོད་བཅུད་སྣང་སྲིད་འཁོར་འདས་ཆོས། །དངོས་དང་དངོས་


TR003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མིན་བདག་ལུས་ལོངས་སྤྱོད་སོགས། །མ་ལུས་བློ་ཡིས་བླངས་ཏེ་འབུལ་ལགས་ན། ཁྱོད་དང་དབྱེར་མེད་གཅིག་པར་དངོས་གྲུབ་སྩོལ། གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཨཱཿཧཱུྃ། ན་མཿཤྲཱི་གུ་ར་ཝེ། སྲིད་ལས་རྣམ་གྲོལ་སྲིད་ཞིའི་རོལ་གར་སྟོན། །མཁྱེན་རབ་མཁའ་ལ་མཁྱེན་བརྩེའི་འོད་ཟེར་འཕྲོ། །གདུལ་ཀའི་འགྲོ་རྣམས་གདུལ་ཐབས་བསམ་ཡས་ཀྱིས། །སྐུ་གསུམ་ལ་འགོད་སྐུ་གསུམ་ཀུན་འདུས་པའི། །དཔལ་ལྡན་བླ་མ་བླ་མེད་སྐྱབས་མགོན་མཆོག །དངོས་གྲུབ་ཀུན་སྩོལ་ཀུན་བཟང་རྡོ་རྗེ་འཛིན། །བྱིན་རླབས་མཆོག་སྩོལ་མཆོག་གི་གོ་འཕངས་ལ། །ཁྱོད་ཀྱིས་བདག་དང་བདག་འདྲའི་སེམས་ཅན་རྣམས། །མྱུར་དུ་བཀོད་མཛོད་བཀོད་པ་མཐའ་ཡས་ཀྱི། །ཞིང་ཁམས་རྒྱ་ཆེན་རྒྱ་མཚོ་དཔག་མེད་པར། །ཡོངས་


TR003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདྲེན་པར་འདྲེན་མཆོག་ཁྱེད་ཉིད་ལ། །མྱུར་དུ་གསོལ་ཞིང་གསོལ་བ་སྙིང་ནས་འདེབས། །ཐུགས་རྗེས་དགོངས་ཤིང་དགོངས་པས་ཉེར་བཟུང་སྟེ། །ཉོན་མོངས་འཁོར་བའི་འཁོར་ལོ་གཞོམ་དུ་གསོལ། །བདག་ཏུ་ལྟ་བའི་ལྟ་ངན་ཞིག་ཏུ་གསོལ། །ཀ་དག་ཀློང་དུ་ཀློང་གྲོལ་ཆེན་པོར་ཤོག །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ལས། །བླ་མའི་སྐུ་གསུང་ཐུགས་ལས་འོད་འཕྲོས་ནས། །བདག་ལ་ཐིམ་པས་སྒོ་གསུམ་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་གྱུར་ཅིང་། །སླར་ཡང་བླ་མ་འོད་ཞུ་རང་ལ་ཐིམ། །དུས་གསུམ་འགྱུ་དྲན་རྟོག་པའི་འཕྲོ་འདུ་ལ། །དགག་སྒྲུབ་བཅོས་སླད་རེ་དོགས་མེད་པའི་ངང་། །སྒོམ་མེད་ཡེངས་མེད་གནས་ལུགས་དོན་ལ་གློད། །གློད་ཅེས་བྱ་བའང་མིང་དང་ཚིག་ཙམ་སྟེ། །མིང་ཚིག་བརྗོད་པའི་ཡུལ་ལས་འདས་པར་བསྐྱུར། །བསྐྱུར་


TR003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་བསྐྱུར་རྒྱུ་གཉིས་སུ་མ་གྲུབ་པས། །གཉིས་མེད་ངང་དུ་ཡེངས་མེད་རིགས་པས་བསྐྱངས། །མཚོན་བྱེད་དཔེ་ཡི་བླ་མ་གཟུགས་ཙམ་སྟེ། །མཚོན་ཆ་དོན་གྱི་བླ་མ་རང་རིག་ཉིད། །རང་རིག་རང་ངོ་ཤེས་ན་བླ་མའི་མཆོག །འདི་དོན་རྟོགས་ན་སངས་རྒྱས་ལོག་ན་མེད། །ཡང་དག་སྙིང་པོའི་དོན་ལ་འདྲིས་པར་མཛོད།། ༈ །།བླ་མ་དྲན་དང་བསྒོམས་པ་ལས་བྱུང་བའི། །དགེ་བ་འདི་དང་དགེ་གཞན་ཀུན་བསྡོམས་ནས། །བླ་མེད་བླ་མ་མཆོག་གི་གོ་འཕངས་ལ། །བདག་དང་འགྲོ་ཀུན་མྱུར་དུ་རེག་པར་ཤོག །ཅེས་པ་འདི་ནི་མོང་ཡུལ་བདེ་ཆེན་དགོན་དུ་དད་ལྡན་གར་དབང་བསྟན་འཛིན་ལ་གདམས་པ་ཨིྀྠ།། ༈ །།ན་མོ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། །ངོ་བོ་ཀ་དག་སྤྲོས་བྲལ་ཆོས་ཀྱི་སྐུ། །རང་བཞིན་གསལ་ལ་མ་འགགས་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྣ་ཚོགས་གང་འདུལ་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་བསྟན་འཛིན་རྡོ་རྗེ་དཔལ། །


TR003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་ཞབས་ལ་སྙིང་ནས་གསོལ་བ་འདེབས། །བྱིན་རླབས་ཆར་རྒྱུན་དབབ་པར་མཛད་དུ་གསོལ། །ཁྱེད་ཀྱི་ཐུགས་རྗེ་རྣམ་རོལ་འཕྲོ་འདུ་ལས། །ཕྱོགས་བཅུ་ཞིང་ཁམས་མཐའ་ཡས་རྒྱ་མཚོ་རུ། །གང་ལ་ཅིར་འདུལ་འགྲོ་བའི་དོན་མཛད་ཅིང་། །བདག་སོགས་སྣང་ངོར་པདྨ་ལེགས་གྲུབ་སྩལ། །རིག་འཛིན་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །ཐུགས་རྗེ་གཡེལ་བ་མེད་པར་གཟིགས་སུ་གསོལ། །སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་དུ་མར་སྣང་བ་ཀུན། །དབྱེར་མེད་བླ་མའི་རོལ་པར་གཅིག་པའི་ངང་། །ཀུན་འདུས་བླ་མ་མཆོག་ལ་གསོལ་བ་འདེབས། །ཁྱོད་ཀྱིས་ཐུགས་རྗེས་བདག་སོགས་འགྲོ་བ་ཀུན། །ཆོས་དབྱིངས་ཀློང་དུ་གྲོལ་བར་མཛད་དུ་གསོལ། །ཅེས། རང་གི་སྐྱེ་བ་གོང་འོག་གཉིས་ཀྱི་གསོལ་འདེབས་ཞིག་དགོས་ཅེས་ཆོས་མཛད་མགོན་པོས་བསྐུལ་བའི་ངོ་མ་ཆོག་པར་བྲིས་པའོ། །


TR003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། ཆོས་དབྱིངས་མཁའ་ལ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །མཛད་པའི་ཕྲིན་ལས་འོད་སྟོང་ཕྱོགས་བཅུར་འཕྲོ། །སྐུ་བཞིའི་བདག་ཉིད་དྲིན་ཅན་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་མཐུན་དངོས་གྲུབ་སྩོལ། །སྔོན་ཚེ་འདྲེན་མཆོག་ཤཱཀྱ་སེང་གེ་ཉིད། །ཚོང་དཔོན་ཁྱེའུ་ཆུ་འབེབས་གྱུར་པའི་དུས། །དེ་ཡི་བུ་མཆོག་ཆུ་ཡི་སྙིང་པོ་ཞེས། །ཚོགས་གཉིས་འབྲས་བུ་སྨིན་ལ་གསོལ་བ་འདེབས། །མདོ་སྡེ་འཛིན་པའི་ཉེ་གནས་ཀུན་དགའ་བོ། །ཤཱཀྱའི་རིགས་འཁྲུངས་སྟོན་པའི་ཞབས་འབྲིང་མཛད། །འོད་སྲུངས་ཆེན་པོས་བསྟན་པའི་སྙིང་པོ་གཏད། །བཀའ་ཡི་བསྡུ་བ་པོ་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དངོས་སྲོང་བཙན་སྒམ་པོའི་དུས། །ཆོས་བློན་མཆོག་གྱུར་ཐོན་མི་སམྦྷོ་ཊ། །བོད་ཡུལ་མུན་པའི་སྨག་རུམ་བསེལ་


TR003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། །འཇམ་དབྱངས་མི་གཟུགས་ཅན་ལ་གསོལ་བ་འདེབས། །མི་འགྱུར་ལྷུན་འགྲུབ་དཔལ་གྱི་བསམ་ཡས་སུ། །སྒྲ་བསྒྱུར་ཀུན་གྱི་མཆོག་གྱུར་བཻ་རོ་རྗེ། །དམ་ཆོས་སྒྲོན་མེ་སྦར་བའི་ཐུགས་རྗེ་ཅན། །བསྟན་པ་ཉིན་མོར་བྱེད་ལ་གསོལ་བ་འདེབས། །གཞན་ཡང་རྩོད་དུས་འགྲོ་ལ་བརྩེར་དགོངས་ཏེ། །འཇམ་དབྱངས་རྣམ་འཕྲུལ་པ་ཆེན་ས་སྐྱ་པ། །གྲུབ་པའི་དབང་ཕྱུག་ཁྱུང་པོ་རྣལ་འབྱོར་སོགས། །སྐྱེས་ཆེན་དམ་པ་རྣམས་ལ་གསོལ་བ་འདེབས། །བསམ་ཡས་མཐིལ་དུ་གཡག་ཆར་སྔོན་པོ་དང་། །གཡོ་རུ་གྲྭ་ནས་མཚུངས་བྲལ་རྡོ་རྗེ་གླིང་། །ཟབ་ལུང་གནས་སུ་ཀུན་སྐྱོང་གླིང་པ་སོགས། །རིག་འཛིན་གཏེར་བདག་རྣམས་ལ་གསོལ་བ་འདེབས། །སླར་ཡང་བསྟན་པའི་མི་རོ་སློང་ཕྱིར་དུ། །ཡོངས་འཛིན་དམ་པ་བསྟན་འཛིན་རྡོ་རྗེ་ཞེས། །སྔ་འགྱུར་བསྟན་པའི་སྒྲོན་མེ་མཆོག་གྱུར་པ། །


TR003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་བླ་མ་རྗེ་ལ་གསོལ༴ །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚུལ། །དུ་མར་སྣང་ཡང་དབྱེར་མེད་བླ་མར་གཅིག །དྲན་མཆོག་རྒྱལ་པོ་སྣ་ཚོགས་རང་གྲོལ་རྩལ། །རྩ་བའི་བླ་མ་ཉིད་ལ་གསོལ་བ་འདེབས། །ཕྱོགས་བཅུའི་ཞིང་ཁམས་གྲངས་མེད་དཔག་ཡས་སུ། །གང་འདུལ་གཟུགས་ཀྱི་འགྲོ་བ་འདྲེན་མཛད་པ། །སྤྲུལ་དང་ཡང་སྤྲུལ་སྣ་ཚོགས་སྐུར་སྟོན་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །མགོན་པོ་ཁྱོད་ཀྱི་ཐུགས་རྗེས་ཉེར་དགོངས་ཏེ། །བདག་སོགས་ཁམས་གསུམ་འགྲོ་བ་མ་ལུས་ཀུན། །ལས་ཉོན་སྡུག་བསྔལ་མཚོ་ལས་རབ་བསྒྲལ་ནས། །དཔལ་ལྡན་བླ་མའི་གོ་འཕངས་མྱུར་ཐོབ་ཤོག །ཅེས། རང་ཉིད་ཀྱི་སྐྱེས་རབ་གསོལ་འདེབས་ཞིག་དགོས་བཞེས་དབོན་པོ་རིན་ཆེན་གྱིས་ཡང་ཡང་བསྐུལ་བར་བརྟེན་ནས་


TR003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་དེ་ཉིད་གྱི་སྐྱེས་རབ་ལྟར་བཀོད་པ་ཡིན་ནོ། །ཨེ་མ་ཧོཿ ཀོ་ཤའི་མཚོ་གླིང་དྲི་མེད་པད་སྡོང་ལས། །རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་གནས་དཔལ། ཁམས་གསུམ་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ། །དྲིན་ཅན་བླ་མ་རྗེ་ལ་གསོལ་བ་འདེབས། །ཟ་ཧོར་ཡུལ་དུ་དགེ་སློང་སམྦྷ་ཝ། །ར་ག་ར་ཏིར་བློ་ལྡན་མཆོག་སྲེད་རྩལ། །དགའ་བ་ཚལ་དུ་པདྨའི་རྒྱལ་པོ་ཞེས། རྣམ་འགྱུར་བསམ་མི་ཁྱབ་ལ་གསོལ་བ་འདེབས། །མ་རིག་མུན་སེལ་ཉི་མའི་འོད་ཟེར་འཕྲོ། །ཤཱཀྱའི་བསྟན་འཛིན་ཤཱཀྱ་སེང་གེར་སྤྲུལ། །མུ་སྟེག་ལོག་འདྲེན་སེང་གེ་སྒྲ་ཡིས་བཅོམ། །གང་འདུལ་འགྲོ་བ་འདྲེན་ལ་གསོལ་བ་འདེབས། །གངས་ཅན་ཁྲོད་དུ་ལྷ་སྲིན་གདུག་པ་ཅན། །ཐུགས་རྗེས་གདུལ་ཕྱིར་གར་དགུའི་ཉམས་ལྡན་པ། །རྡོ་རྗེ་གྲོ་ལོད་དཔལ་ཆེན་དྲག་པོ་རྩལ། །བདུད་འདུལ་ཧེ་རུ་ཀ་ལ་གསོལ་བ་


TR003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །རྔ་ཡབ་གླིང་གི་ཟངས་མདོག་དཔལ་གྱི་རིར། །བགྲེས་རྒུད་མི་མངའ་རྡོ་རྗེའི་སྐུར་བཞུགས་ནས། གཞན་གྱིས་མི་ཐུལ་སྲིན་ཚོགས་ཆོས་ལ་བཀོད། །རཀྴ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །སྙིགས་མའི་ཡང་སྙིགས་བསྟན་པའི་མཐའ་མ་འདིར། །འགྲོ་བའི་དོན་ཕྱིར་ཟབ་གཏེར་གྲངས་མེད་སྦས། །གཏེར་སྟོན་སོ་སོར་སྤྲུལ་ནས་འགྲོ་དོན་མཛད། །ཐབས་མཁས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མ་འོངས་ཤཱཀ་ཐུབ་བསྟན་པ་རྫོགས་པའི་ཚེ། །ཀླུ་ཡི་ཡུལ་དུ་ཟབ་གཏེར་འགྲོ་དོན་སྐྱོང་། །ཨོ་རྒྱན་སྤྲུལ་པ་དྲི་མེད་དཔལ་འཕྲེང་ཞེས། །ཟབ་གཏེར་བསྟན་ཞབས་སྐྱོང་ལ་གསོལ་བ་འདེབས། །རྩ་གསུམ་ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས། །དུ་མར་སྣང་ཀུན་བླ་མར་རོ་གཅིག་པའི། །སྐྱབས་གནས་ཀུན་


TR003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་རྒྱལ་བ་པདྨ་འབྱུང་། །རིགས་ཀུན་ཁྱབ་བདག་རྣམས་ལ་གསོལ་བ་འདེབས། །ཐུགས་རྗེ་བརྩེ་བའི་དགོངས་པས་ཉེར་བཟུང་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །སྲིད་ཞིར་མི་གནས་མྱང་འདས་གྲོང་མཆོག་ཏུ། །ཁྱེད་དང་དབྱེར་མེད་གཅིག་པར་བྱིན་གྱིས་རློབས། །ཞེས་པ་འདི་དགེ་བཤེས་བསྟན་འཛིན་ལའོ། ན་མོ་མ་ཧཱ་གུ་རུ་ཡེ། སྲིད་ཞི་མ་ལུས་པའི་ཁྱབ་བདག །དུས་གསུམ་སངས་རྒྱས་ཀྱི་ངོ་བོ། །སྐྱབས་མཆོག་དྲིན་ཅན་གྱི་བླ་མ། །རྩེ་གཅིག་གསོལ་བ་རང་འདེབས་སོ། །ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །སྨིན་གྲོལ་ལེགས་བཤད་ཀྱི་མངའ་བདག །མཁྱེན་བརྩེ་ནུས་པ་ཡི་བདག་ཉིད། །ཐུགས་རྗེས་གཡེལ་མེད་དུ་གཟིགས་ཤིག །རྣམ་གྲོལ་དགེ་ལེགས་ཀྱི་ལམ་བཟང་། །སྟོན་མཛད་བྱམས་ལྡན་གྱི་བླ་མ། །ཚོགས་མཆོག་དགེ་འདུན་གྱི་སྤྱི་དཔལ། །རེ་ས་གཞན་


TR003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་དོ།། ༈ །།བླ་མ་ཡིད་བཞིན་གྱི་ནོར་བུ། །དངོས་གྲུབ་ཆར་ཆེན་རང་ཕོབ་དང་། བླ་མ་སྨན་མཆོག་གི་རྒྱལ་པོ། །འཁོར་བའི་གཅོང་ནད་རང་བསེལ་དང་། །བླ་མ་འདྲེན་མཆོག་གི་དེད་དཔོན། །ཐར་གླིང་བདེ་ཆེན་དུ་ཁྲིད་དང་། བླ་མ་སྟོབས་ལྡན་གྱི་དཔའ་བོ། །འཁོར་བའི་གཡུལ་ངོ་རང་ཟློག་དང་།། ༈ །།མོས་གུས་དད་པའི་ཆུ་འཛིན་ཐིབས་སེ་ཐིབ། །གསོལ་འདེབས་གདུང་དབྱངས་འབྲུག་སྒྲ་འུ་རུ་རུ། །ངེས་འབྱུང་བཟོད་མེད་མཆི་མ་ཤ་ར་ར། །རྩེ་གཅིག་སྙིང་ནས་གསོལ་བ་འདེབས་ལགས་ན། །ཐུགས་རྗེས་བྲེང་ཙམ་བདག་ལ་མི་དགོངས་སམ། །མགོན་མེད་འཁོར་བའི་སེམས་ཅན་བདག་སོགས་ལ། །ཕ་གཅིག་ཁྱེད་ཀྱིས་དགོངས་པས་ཉེར་བཟུང་ནས། །འབྲལ་མེད་བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །ཅེས་པ་འདི་ཀུན་བཟང་རིག་འཛིན་ལའོ། །ཀ་དག་དང་པོའི་སངས་རྒྱས་ཀུན་


TR003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་། །ལྷུན་གྲུབ་ལོངས་སྐུའི་གཙོ་མཆོག་རྡོ་རྗེ་འཆང་། །གང་འདུལ་སྒྱུ་མའི་གར་མཁན་རྡོ་རྗེ་སེམས། །རིགས་ཀུན་ཁྱབ་བདག་རྣམས་ལ་གསོལ་བ་འདེབས། །གྲུབ་མཆོག་ཀུན་གྱི་གཙོ་བོ་དགའ་རབ་ཞབས། །གནས་ལྔ་རིག་པའི་མཆོག་གྱུར་ཤྲཱི་སིང་། ཁམས་གསུམ་ཟིལ་གནོན་རྒྱལ་བ་པདྨ་འབྱུང་། །རིག་འཛིན་ཁྱུ་མཆོག་རྣམས་ལ་གསོལ་བ་འདེབས། །ཅོག་རོ་ཀླུ་རྒྱལ་གཏེར་སྟོན་ཀརྨ་གླིང་། །སྲས་མཆོག་ཉི་ཟླ་མཚུངས་བྲལ་ཉི་ཟླ་འོད། །ནམ་མཁའ་རྒྱ་མཚོ་ཀུན་དགའ་ལྷུན་གྲུབ་སྟེ། །ཟབ་ཆོས་མངའ་བདག་རྣམས་ལ་གསོལ་བ་འདེབས། །བསོད་ནམས་རྣམ་རྒྱལ་བསོད་ནམས་རིན་ཆེན་དང་། །ངག་དབང་པདྨ་གྲུབ་མཆོག་བསོད་ནམས་དབང་། །དྲིན་ཅན་རྗེ་བཙུན་རྩ་བའི་བླ་མ་སོགས། །སྐྱབས་གནས་དམ་པ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། ཁམས་གསུམ་འཁོར་བ་བར་དོའི་སེམས་ཅན་


TR003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན།འཁྲུལ་སྣང་རང་གྲོལ་རང་བྱུང་ཡེ་ཤེས་མཆོག །མྱུར་དུ་རྟོགས་ནས་མངོན་སངས་རྒྱས་པར་ཤོག །ཅེས་བར་དོ་ཐོས་གྲོལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཉུང་བསྡུས་འདི་དགེ་འདུན་བཀྲ་ཤིས་ལ་གདམས་པའོ།། ༈ །།ཆོས་དབྱིངས་མཁའ་ཁྱབ་ཡེ་ཤེས་གཞལ་ཡས་ཁང་། །སྐྱེ་མེད་དབྱིངས་ལས་འགགས་མེད་རྣམ་རོལ་ཅན། །ཀུན་བཟང་རྡོར་སེམས་དགའ་རབ་པདྨ་འབྱུང་། །སྐུ་གསུམ་སྟོན་པ་རྣམས་ལ་གསོལ་བ་འདེབས། །ཐོག་མེད་དུས་ནས་སྨོན་ལམ་རྒྱ་ཆེན་མཐུས། །སྣ་ཚོགས་ཐབས་ཀྱིས་བསྟན་པའི་སྒྲོན་མེ་སྦར། །བཻ་རོ་ལ་སོགས་རྗེ་འབངས་ཉི་ཤུ་ལྔ། །མཁྱེན་བརྩེའི་བདག་ཉིད་རྣམས་ལ་གསོལ་བ་འདེབས། །རྒྱལ་བས་བྱིན་རླབས་སྙིགས་དུས་འགྲོ་བའི་སྐྱབས། །སྨིན་གྲོལ་གདམས་པའི་ཆོས་མཛོད་འཛིན་པའི་དཔལ། །ཀུན་སྐྱོང་རྫ་ཡིག་རིག་འཛིན་ཡབ་སྲས་དང་། །བསྟན་འཛིན་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས།


TR003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཡེ་ནས་ཆོས་སྐུར་རོ་གཅིག་ཀྱང་། །མོས་བློའི་སྣང་ངོར་གང་འདུལ་གཟུགས་བརྙན་སྟོན། །བསོད་ནམས་དབང་པོ་རྩ་བའི་བླ་མ་དང་། །ཡི་དམ་ཆོས་སྐྱོང་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཅིས་ཀྱང་དགོས་མེད་དྲན་པའི་ཞེན་ལོག་དང་། །སྣང་སྲིད་བླ་མར་འཆར་བའི་དག་སྣང་དང་། །ཐམས་ཅད་ཆོས་སྐུར་གྲོལ་བའི་གདེང་ཚད་བཅས། །རང་གཞན་དོན་གཉིས་འགྲུབ་པའི་དངོས་གྲུབ་མཆོག །མྱུར་དུ་སྩོལ་ཞིང་བྱིན་གྱིས་རླབས་ཏུ་གསོལ། ཞེས། རྡོར་སེམས་སྙིང་ཐིག་གི་བླ་མ་རྒྱུད་པའི་གསོལ་འདེབས་འདི་གནས་ཆེན་དུར་ཁྲོད་མགོ་དགུར་བཀོད་པའོ།། ༈ །།སྐྱབས་གནས་རྣམས་ལ་གུས་པས་བཏུད་བྱས་ནས། །བདག་དང་མ་རྒན་སེམས་ཅན་བསྒྲལ་བའི་ཕྱིར། །བླ་མེད་བླ་མ་མཆོག་གི་སྒྲུབ་པ་ལ། །ཞུགས་ནས་དེ་ཡི་གོ་འཕངས་ཐོབ་པར་བྱ། །རང་ལུས་སྐད་ཅིག་དྲན་


TR003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རྡོ་རྗེ་སེམས། །དཀར་གསལ་རྡོར་དྲིལ་ཞི་འཛུམས་ལོངས་སྐུའི་ཚུལ། །ཡོངས་རྫོགས་འོད་འཕྲོར་གསལ་བའི་སྤྱི་བོའི་གཙུག །པདྨ་ཉི་ཟླ་བརྩེགས་པའི་ཁྲི་སྟེངས་སུ། །ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད། །རྣམ་པ་གུ་རུ་པདྨ་ཐོད་ཕྲེང་སྩལ། །སྐུ་མདོག་མཐིང་ནག་གཅེར་བུ་རུས་རྒྱན་ཅན། །གཡས་གཡོན་ཕྱག་གཉིས་རྡོ་རྗེ་དྲིལ་སྟབས་ཚུལ། །རྡོ་རྗེ་སྐྱིལ་ཀྲུང་གཟི་བརྗིད་མདངས་ལྡན་ཞིང་། །ཡུམ་ཆེན་མཚོ་རྒྱལ་དཀར་དམར་འོད་མདངས་ཅན། །གྲི་ཐོད་འཛིན་པས་ཡབ་ལ་འཁྲིལ་བར་བསྐྱེད། །ཕྱི་རིམ་མཐའ་སྐོར་རྒྱུད་པའི་བླ་མ་ནི། །ཀུན་བཟང་རྡོར་སེམས་དགའ་རབ་པད་འབྱུང་དང་། །བཻ་རོ་ཀུན་སྐྱོང་ཆོས་རྗེ་རྫ་ཡིག་པ། །རིག་འཛིན་ཡབ་སྲས་བསྟན་འཛིན་རྡོ་རྗེ་དང་། །བསོད་ནམས་དབང་པོ་ཡི་དམ་ཆོས་སྐྱོང་སོགས། །སྐྱབས་གནས་མ་ལུས་སྤྲིན་ཕུང་


TR003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཞུགས་སམ། །དེ་དག་ཀུན་ཀྱང་ངོ་བོ་གཅིག་པ་ལ། །རྣམ་འགྱུར་ཆ་ལུགས་གང་འདུལ་རོལ་རྩལ་ཅན། །ངེས་མེད་སྣ་ཚོགས་ཆོ་རོལ་ཅིར་ཡང་སྟོན། །བདག་སོགས་བྱིན་གྱིས་རློབས་པའི་མཐུ་ལྡན་འགྱུར། ཨོཾ་ཨཱ་ཧཱུྃཿ། སྣང་སྲིད་སྣོད་བཅུད་བདག་ལུས་ལོངས་སྤྱོད་དང་། །འདི་ཕྱི་བར་གསུམ་མདུན་མ་ཐམས་ཅད་ཀུན། །སྐྱབས་གནས་རྣམས་ལ་མཆོད་པའི་མཎྜལ་དུ། །འབུལ་གྱི་ཐུགས་རྗེས་བཞེས་ལ་བྱིན་གྱིས་རློབས། བར་འདིར་གསོལ་འདེབས་རྒྱས་བསྡུས་ཅི་རིགས་བྱས་ལ། དེ་ནས་དབང་བཞི་བླང་བ་ནི། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས། །སྐྱབས་གནས་ཀུན་གྱི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་བདག་གི་ལུས་ངག་ཡིད་གསུམ་ཐིམ། །སྒྲིབ་ཚོགས་ཀུན་དག་དབང་བཞི་ཡོངས་རྫོགས་ཐོབ། །སླར་ཡང་འཁོར་རྣམས་གཙོ་བོ་ཉིད་ལ་ཐིམ། །གཙོ་བོ་ཡབ་ཡུམ་རང་ལ་དབྱེར་མེད་ཐིམ།


TR003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བྱེད་དཔེ་ཡི་བླ་གཟུགས་བསྒོམ་པ་དང་། །མཚོན་བྱ་དོན་གྱི་བླ་མ་རང་རིག་གཉིས། །མཁའ་ལས་སྤྲིན་བྱུང་མཁའ་ལ་ཐིམ་པ་བཞིན། །སོ་སོ་མ་ཡིན་ཐ་དད་མེད་པར་འདྲེས། །འདྲེས་དང་མ་འདྲེས་སེམས་ཀྱི་བཏགས་པ་ཙམ། །ངོ་བོ་རང་བཞིན་ཐུགས་རྗེའི་རོལ་པ་ཉིད། །སྟོང་པའི་རང་མདངས་གསལ་བའི་བླ་མ་དེ། །སླར་ཡང་སྟོང་པ་ཉིད་དུ་ཕྱམ་གདལ་བར། །རིག་ཅིང་རྟོགས་ལ་བླ་མའི་རྣལ་འབྱོར་ཞེས། །མིང་དུ་བཏགས་པ་དག་སྣང་འཆར་སྒོའི་འཕྲུལ། །རང་བྱུང་ཡེ་ཤེས་གདོད་མའི་གནས་ལུགས་ལ། །བཟང་ངན་དགག་སྒྲུབ་བཟོ་བཅོས་མ་བྱས་པར། །སྒོམ་མེད་ཀློང་དུ་མ་ཡེངས་གནས་པར་བྱ། །འཁོར་འདས་བདེ་སྡུག་རེ་དོག་མེད་པ་ཡི། །དངོས་གྲུབ་ཐོབ་བྱ་ཐོབ་བྱེད་དབྱེར་མེད་པའི། །སྒྲུབ་ཐབས་མཆོག་གྱུར་གདམས་པའི་ཡང་སྙིང་ལ། །འདུ་འབྲལ་མེད་པར་ཉམས་སུ་བླང་བར་


TR003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །འདི་ལས་བྱུང་བའི་དགེ་ཚོགས་ཇི་སྙེད་པ། །འདི་དོན་མ་རྟོགས་འཁྲུལ་པའི་འགྲོ་བ་ལ། །ཡོངས་སུ་བསྔོ་ཞིང་བསྔོ་བྱ་བསྔོ་བྱེད་ཀྱང་། །ཆོས་དབྱིངས་སྤྲོས་པ་མེད་པའི་ཀློང་དུ་ཕཊཿ རྡོར་སེམས་སྙིང་ཐིག་གི་བླ་མའི་རྣལ་འབྱོར་བསྒོམ་ཐབས་ངག་འདོན་དུ་བགྱིས་ཆོག་པ་འདི་བཞིན་དགོས་བཞེས། གཙང་རོང་གོང་ར་བའི་གྲུབ་ཆེན་པ་གྲོགས་མཆེད་རྣམས་ཀྱིས་བསྐུལ་ངོར་ཕོ་བྲང་ཆེན་པོ་རིན་ཆེན་སྤུངས་པ་དང་ཉེ་བའི་བླ་མའི་གདན་སར་བཀོད་པའོ།། ༈ །།ན་མོ་མ་ཧཱ་གུ་རུ་ནིརྨ་ཀཱ་ཡ་ཧཱུྃ། །ཕྱོགས་དུས་རྒྱལ་བའི་ཐུགས་རྗེའི་འོད་ཟེར་ལས། །འགྲོ་བའི་དོན་སླད་སྣ་ཚོགས་རོལ་གར་ཅན། །སྲིད་པར་གནས་ཀྱང་སྲིད་པས་མ་གོས་པའི། །དཔལ་ལྡན་བླ་མ་མཚུངས་མེད་སྤྱི་བོས་འདུད། །འདྲེན་མཆོག་ཤཱཀྱའི་དྲུང་ན་ཀུན་དགའ་བོ། །སྲོང་བཙན་སྤྱན་སྔར་མཁྱེན་རབ་ཐོན་མིའི་ཞབས། །ཟླ་མེད་སྐད་གཉིས་སྨྲ་བ་བཻ་རོ་རྗེ། །ཆོས་ཀྱི་སྤྱན་ལྡན་རྣམས་ལ་གསོལ་བ་འདེབས། །རྡོར་


TR003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ཀུན་སྐྱོང་གླིང་པ་མཆོག་ལྡན་མགོན། །ཟབ་གཏེར་ཆོས་ཀྱིས་སྐྱེ་དགུ་སྨིན་གྲོལ་མཛད། །སླར་ཡང་སྙིང་པོའི་བསྟན་པ་སྤེལ་འཛད་པའི། །བསྟན་འཛིན་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བྱམས་པའི་ལྗོན་ཤིང་སྙིང་རྗེའི་ཡལ་ག་རྒྱས། །བྱང་ཆུབ་སེམས་ཀྱི་ལོ་འབྲས་དཔལ་གྱིས་ཕྱུག །ཟབ་དོན་སྙིང་པོའི་འབྲས་བུ་སྦྱིན་མཛད་པ། །དྲིན་ཅན་བླ་མ་མཆོག་ལ་གསོལ་བ་འདེབས། །སྣང་སྲིད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ཆེ། །ཅིར་སྣང་ཆོས་ཉིད་དབྱིངས་ཀྱི་རོལ་པ་ལ། །བཟང་ངན་བླང་དོར་དགག་སྒྲུབ་ལས་འདས་པ། །སྲིད་གསུམ་རྒྱལ་བའི་ཞིང་ལ་གསོལ་བ་འདེབས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མཆོག་དངོས་གྲུབ་ནས་རྣམ་འཕྲུལ་རྒྱ་མཚོ་ཡིས། །མཁའ་མཉམ་འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་བའི། །ཕྲིན་ལས་རྒྱལ་བ་ཀུན་དང་མཉམ་པར་ཤོག །ཅེས་པ་འདི་གནས་ཆེན་ཆུ་བོ་གཡས་འཁྱིལ་


TR003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དགེ་འདུན་རྣམས་ཀྱི་ཞལ་འདོན་དུ་མཛད་ཆོག་པ་ཞིག་དགོས་ཞེས་གྲུབ་ཆེན་ཆོས་འཕེལ་བཟང་པོས་བསྐུལ་བ་ལྟར་བྲིས་པའོ།། ༈ །།ན་མཿམ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། རྒྱལ་བ་ཀུན་དངོས་པདྨ་འབྱུང་གནས་དཔལ། །དེ་ཡིས་བྱིན་རླབས་བསྟན་འཛིན་རྡོ་རྗེའི་ཞབས། །གང་འདུལ་གཟུགས་སྤྲུལ་པདྨ་ལེགས་གྲུབ་རྩལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །དཀྱིལ་འཁོར་ཀུན་གཙོ་པདྨ་ཐོད་ཕྲེང་སྩལ། །བསྟན་པའི་གསལ་བྱེད་བསྟན་འཛིན་རྡོ་རྗེའི་ཞབས། །སྨིན་གྲོལ་མངའ་བདག་རིག་འཛིན་རྣམ་པར་རྒྱལ། །གསོལ་བ་འདེབས་སོ་དངོས་གྲུབ་ཆུ་རྒྱུན་སྩོལ། །སངས་རྒྱས་ཀུན་འདུས་པདྨ་སཾ་བྷ་ཝ། །དམ་ཆོས་མཛོད་འཛིན་བསྟན་འཛིན་རྡོ་རྗེའི་ཞབས། དགེ་འདུན་འདྲེན་མཆོག་སྣ་ཚོགས་རང་གྲོལ་རྗེ། །གསོལ་བ་འདེབས་སོ་མཁྱེན་པའི་སྤྱན་གྱིས་གཟིགས། ཁམས་གསུམ་དབང་བསྡུས་པདྨ་རྒྱལ་བའི་སྲས། །སྲིད་གསུམ་འགྲོ་སྒྲོལ་བསྟན་འཛིན་རྡོ་རྗེའི་ཞབས། །སྐུ་གསུམ་དོན་སྟོན་རྩ་


TR003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བླ་མ་རྗེ། །གསོལ་བ་འདེབས་སོ་བརྩེ་བའི་ཐུགས་ཀྱིས་དགོངས། །བྱིན་རླབས་ཀུན་འབྱུང་པདྨ་འབྱུང་གནས་དང་། །དངོས་གྲུབ་མཆོག་བརྙེས་བསྟན་འཛིན་རྡོ་རྗེའི་ཞབས། །ཕྲིན་ལས་ཐོགས་མེད་རྩ་བའི་བླ་མ་མཆོག །སྐྱབས་གནས་རྣམས་ལ་གསོལ་བ་སྙིང་ནས་འདེབས། །དེ་ལྟར་གུས་པས་གསོལ་བ་བཏབ་པའི་མཐུས། །དེང་ནས་བྱང་ཆུབ་མ་ཐོབ་བར། །གཡེལ་བ་མེད་པར་རྟག་པར་རྗེས་བཟུང་ནས། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེ་ཅན་གྱི་ཐུགས་རྗེས་མ་སྐྱབས་ན། །མགོན་མེད་ཉམ་ཐག་སེམས་ཅན་སུ་ལ་རེ། །བྱིན་རླབས་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ནས། །འཁོར་བའི་འདམ་ནས་མྱུར་དུ་དྲངས་དུ་གསོལ། །ཀྱེ་མ་ཀྱི་ཧུད་མགོན་པོ་ཐུགས་རྗེ་ཅན། །བརྩེ་བ་ཆེན་པོས་བདག་ལ་མི་དགོངས་སམ། །ད་ལྟ་ཉིད་དུ་བྱིན་


TR003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རླབས་ཏུ་གསོལ། །ཁྱེད་ཀྱི་ཐུགས་དང་དབྱེར་མེད་གཅིག་པར་ཤོག །དེ་ལྟར་བདག་ཉིད་ཀྱི་སྐྱེ་བ་གོང་འོག་དང་། གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་དང་བཅས་པ་ལ་ལྷན་ཅིག་ཏུ་གསོལ་བ་བཏབ་ཆོག་པ་ཞིག་དགོས་བཞེས། ས་སྐྱོང་ལྷ་དབང་རྣམ་རྒྱལ་གྱི་ནན་ཏན་དུ་བསྐུལ་བ་ལ་བརྟེན་ནས་འདི་ལྟ་བུ་བཀོད་པ་ལགས་ཤིང་། བདག་འདྲ་ལས་དང་ཉོན་མོངས་ཀྱི་འདམ་དུ་གཏན་དུ་ཆུད་བཞིན་པའི་དབང་གིས། གཞན་རྒྱུད་བྱིན་གྱིས་རློབས་པའི་ནུས་པ་ནི་མངོན་སུམ་དུ་གསལ་བ་འདི་ཀ་ཡིན་མོད་ཀྱང་། བསྐུལ་པ་པོའི་ནན་མ་ཆོག་པར་འདི་ལྟར་བྲིས་པ་ལ་མཁྱེན་ཅན་རྣམས་ཀྱི་མི་འཁྲེལ་བར་གསོལ།། ༈ །།ན་མོ་མ་ཧཱ་གུ་རུ་ཡེ། དུས་གསུམ་རྒྱལ་ཀུན་གྱི་ངོ་བོ། །མཁྱེན་བརྩེ་ནུས་ལྡན་གྱི་བླ་མ། །རྩེ་གཅིག་གསོལ་བ་རང་འདེབས་སོ། །ཐུགས་རྗེས་གཡེལ་མེད་དུ་གཟིགས་དང་། །རབ་འབྱམས་དཀྱིལ་འཁོར་གྱི་སྤྱི་དཔལ། །མཆོག་མཐུན་


TR003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱི་འབྱུང་གནས། །དད་ལྡན་མོས་གུས་ཀྱི་འབོད་ལ། །བརྩེ་བའི་སྤྱན་གྱིས་རང་གཟིགས་དང་། །མཐའ་ཡས་ཞིང་ཁམས་ཀྱི་གདུལ་བྱ། །མ་ལུས་འདྲེན་མཛད་ཀྱི་དེད་དཔོན། །བདག་སོགས་ཉམས་ཐག་གི་འགྲོ་ལ། །དགོངས་པས་འདོར་མེད་དུ་སྐྱོབས་ཤིག འཁོར་བ་སྡུག་བསྔལ་གྱི་མེ་འོབ། །བཟོད་མེད་ཚ་གདུང་གི་ཟིར་ལ། །ཐུགས་རྗེའི་ཆུ་འཛིན་གྱིས་དཀྲིག་ཅིང་། །ཕན་བདེའི་ཆར་ཆེན་རང་ཕོབ་དང་། །དུག་གསུམ་རྒྱུ་འབྲས་ཀྱི་ནད་ཀྱིས། །ཐོག་མཐའ་བར་མེད་དུ་མནར་བའི། །སྙིང་རྗེའི་ཡུལ་གྱུར་གྱི་འགྲོ་ལ། །དམ་ཆོས་བདུད་རྩི་ཡིས་སྐྱོབ་དང་། །འཁོར་བ་ངན་སོང་གི་ལམ་དུ། །མི་ཤེས་བླུན་རྨོང་གི་འགྲོ་ལ། །ལམ་བཟང་འཁྲིད་མཁས་ཀྱི་མགོན་ཁྱེད། །ཡང་དག་ལམ་མཆོག་རང་སྟོན་ཅིག །ཉོན་མོངས་དུག་ལྔ་ཡི་དགྲ་བོས། །ཐར་ལམ་བར་


TR003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་དུ་གྱུར་ཚེ། །དུག་ལྔ་ཡེ་ཤེས་སུ་སྒྲོལ་བའི། །སྟོབས་ལྡན་དཔའོ་ཁྱེད་མཁྱེན་ནོ། །གདུང་དབྱངས་འོ་དོད་ཀྱི་སྒྲ་ཡིས། །སྐྱབས་གནས་ཕ་ཁྱོད་ལ་འབོད་ན། །ཐུགས་རྗེས་བརྩེར་དགོངས་ཀྱི་ཀློང་ནས། །འབྲལ་མེད་བྱིན་གྱིས་རང་རློབས་ཤིག །བླ་མ་ཡིད་བཞིན་གྱི་ནོར་བུ། །བླ་མ་སྨན་མཆོག་གི་རྒྱལ་པོ། །བླ་མ་འཇིགས་སྐྱོབས་ཀྱི་དཔའ་བོ། །བླ་མ་ཐར་གླིང་གི་དེད་དཔོན། །བླ་མ་རེ་ལྟོས་ཀྱི་སྐྱབས་གནས། །བླ་མ་ཐུགས་རྗེ་ཡི་བདག་ཉིད། །གསོལ་བ་སྙིང་ནས་རང་འདེབས་སོ། །བྱིན་རླབས་ཆར་ཆེན་རང་ཕོབ་ཅིག །ད་ལྟ་ཉིད་དུ་བྱིན་གྱིས་རླབས་ཏུ་གསོལ། །མྱུར་བ་ཉིད་དུ་བྱིན་གྱིས་རླབས་ཏུ་གསོལ། །ཐུགས་རྗེས་ནུས་པའི་རྩལ་ཆེན་སྤྲུག་ནས་ཀྱང་། །མགོན་པོ་ཁྱོད་དང་དབྱེར་མེད་གཅིག་པར་ཤོག །ཅེས་པ་འདི་ནི། རིག་འཛིན་ཆེན་པོ་སོག་ཟློག་པའི་ཞབས་པད་ལ་རེག་པའི་དད་


TR003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལྷུན་གྲུབ་གདལ་ཁྱབ་ཀྱིས་བསྐུལ་བའི་ངོར། དཔལ་སྐད་གཉིས་སྨྲ་བའི་དབང་པོ་མཆོག་གི་གདན་སར་བཀོད་པའོ།། ༈ །།ན་མཽཏྟ་རེ་བྷྱཿ། དལ་འབྱོར་རིན་ཆེན་ལན་ཅིག་ཐོབ་དུས་འདིར། །རང་གཞན་དོན་གཉིས་ལེགས་པར་བསྒྲུབ་སླད་དུ། །རིགས་འདུས་བླ་མའི་སྒྲུབ་པ་ཉམས་བླངས་ནས། །རྫོགས་པའི་བྱང་ཆུབ་དམ་པ་ཐོབ་པར་བྱ། །རང་ལུས་སྐད་ཅིག་ཡི་དམ་ལྷར་གསལ་བའི། །སྤྱི་གཙུག་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །ངོ་བོ་རྗེ་བཙུན་རྩ་བའི་བླ་མ་ཉིད། །རྣམ་པ་གུ་རུ་མཚོ་སྐྱེས་རྡོ་རྗེའི་ཚུལ། །སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་བུ་བསྣོལ་བས་ཡུམ་ལ་འཁྱུད། །ཡུམ་ཆེན་མནྡྷ་ར་བ་དཀར་དམར་མདངས། །གྲི་གུག་ཐོད་འཛིན་ཡབ་ཡུམ་འཁྲིལ་སྦྱོར་ཚུལ། །གཉིས་ཀ་ཞི་འཛུམ་དར་དང་རིན་ཆེན་རྒྱན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའི་མཐའ་སྐོར་དུ། །རྩ་རྒྱུད་བླ་མ་ཡི་དམ་མཁའ་འགྲོ་


TR003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཆོས་སྲུང་མ་ལུས་ཁྲོམ་ཚོགས་ལྟར་བཞུགས་པར། །བདག་ལུས་ལོངས་སྤྱོད་སྣང་སྲིད་སྣོད་བཅུད་ཀུན། །མཆོད་པར་འབུལ་གྱི་ཐུགས་རྗེས་བཞེས་སུ་གསོལ།། ༈ །།ན་མོ། །ཕྱོགས་དུས་རྒྱལ་བ་མ་ལུས་གཅིག་བསྡུས་པའི། །དཔལ་མགོན་བླ་མ་རྣམ་སྤྲུལ་རྒྱ་མཚོར་བཅས། །ཐུགས་རྗེའི་མངའ་བདག་རྣམས་ལ་གསོལ་བ་འདེབས། །བྱིན་རླབས་ཆར་ཕོབ་སྨིན་གྲོལ་དངོས་གྲུབ་སྩོལ། །ཅེས་གསོལ་འདེབས་ཚར་ཅི་མང་བྱས་ལ། དེ་ནས་དབང་གཞི་བླང་ཐབས་ནི། དེ་ནས་བླ་མའི་སྐུ་གསུང་ཐུགས་རྣམས་ལས། །འོད་འཕྲོས་བདག་གི་ལུས་ངག་ཡིད་གསུམ་ཕོག །སྒྲིབ་ཚོགས་ཡོངས་དག་དངོས་གྲུབ་ཀུན་ཐོབ་ཅིང་། །སླར་ཡང་འཁོར་རྣམས་གཙོར་ཐིམ་གཙོ་བོ་ཡང་། །རང་ལ་ཐིམ་ནས་ཆུ་ལ་ཆུ་བཞག་ལྟར། །གྱུར་པའི་མོས་ལ་རང་སེམས་འདི་ཉིད་ནི། །སྔོན་བསུ་རྗེས་གཅོད་བཟོ་བཅོས་ཀུན་སྤངས་ཏེ། །གང་ལྟར་འདུག་པ་དེ་ཀའི་ངང་ཉིད་


TR003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རང་བབ་ངོ་བོ་ཤེས་པའི་ཐོག་ཏུ་གློད། །དྲན་མེད་ཞི་གནས་ཧད་པོ་མ་ཡིན་པའི། །སྤྲོས་བྲལ་སྟོང་གསལ་རིག་པའི་སྙིང་པོ་ཅན། །རྣམ་རྟོག་ཕྲ་རག་འགྱུ་དྲན་ལས་འདས་ཤིང་། །ཚོགས་དྲུག་མ་འགགས་དེ་རྗེས་མ་འབྲེངས་པའི། །གནས་ལུགས་དོན་ཐོག་རང་བབ་གློད་པ་ནི། །རྫོགས་ཆེན་དོན་གྱི་མཐར་ཐུག་སྙིང་པོ་ འདི་ལ་འགྱུ་བ། ཆེད་དུ་བཀག་དགོས་པ་ནི་མ་ཡིན་ཏེ་བློས་བྱས་དང་བྲལ་བའི་དོན། ཉིད། །དེ་ལ་རྣམ་རྟོག་ཕྲ་རག་གང་ཤར་ཡང་། །སྤོང་བསྒྱུར་དགགས་སོགས་དགྲར་འཛིན་མི་བྱ་བར། །གང་ཤར་ངོ་བོར་ཅེར་གྱི་བལྟ་བ་དང་། །བསྒོམ་རྒྱུའི་མཚན་མ་རྡུལ་ཙམ་མེད་མོད་ཀྱང་། །ཡེངས་འཕྲུལ་དབང་དུ་ཅུང་ཟད་མི་གཏོང་བ། །དྲན་རིག་རྩི་ཡིས་རྒྱུན་དུ་ཟིན་པ་ནི། །ཕྱག་ཆེན་ཉམས་ལེན་སྙིང་པོར་དྲིལ་བ་ཡིན། །ཕྱག་རྫོགས་བཞེད་སྲོལ་དབྱེར་མང་ན་ཡང་། ནད་དོན་སྒོམ་དོན་ཡེངས་མེད་


TR003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནར་གཅིག །ལམ་འདིར་བརྟེན་པས་འབྲས་བུ་མཆོག་ལྷུན་གྲུབ། །ནད་གདོན་སྡུག་བསྔལ་སྒོམ་གྱི་རོལ་པར་གྲོལ། །བཟུང་འཛིན་མངོན་ཞེན་མ་བཤིག་རང་བཞིན་ཞིག །ས་སྐྱའི་ལམ་འབྲས། དེ་ཕྱིར་ཆོས་ཀུན་གནད་འགགས་གཅིག་བསྡུས། ཕ་དམ་པའི་ཞི་བྱེད་ ལ། །བརྩོན་པས་འབད་ནས་དོན་གཉིས་ ལམ་སྒྲོན་གྱི་གཅོད། འགྲུབ་པར་བྱ། །དེ་ལས་བྱུང་བའི་དགེ་ཚོགས་ཇི་སྙེད་མཐུས། །མཁའ་མཉམ་འགྲོ་ཀུན་ཆོས་ཀྱི་སྐུ་ཐོབ་ཤོག །ཅེས་པ་འདི་ནི། །ཡ་འབྲོག་སྣ་དཀར་རྩེ་ནས་རིག་སྔགས་འཛིན་པ་ཕྲིན་ལས་རྒྱ་མཚོའི་བསྐུལ་ངོར། གཙང་རོང་གོང་ར་ལྷུན་འགྲུབ་ཆོས་སྡིངས་སུ་བཀོད་པའོ།། ༈ །།འགྲོ་ལ་མ་ལས་ལྷག་པའི་བརྩེ་བ་ཅན། །བཅོམ་ལྡན་ཤཱཀྱའི་རྒྱལ་དང་མི་ཕམ་མགོན། །ཐོགས་མེད་དབྱིག་གཉེན་འཕགས་བཙུན་གྲོལ་སྡེ་གཉིས། །གསོལ་བ་འདེབས་སོ་བྱང་ཆུབ་སེམས་མཆོག་སྩོལ། །ཡོན་ཏན་བཤེས་གཉེན་སེང་བཟང་གང་བ་སྤེལ། །ཀུ་ས་ལི་


TR003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེ་ཆུང་གསེར་གླིང་པ། །བསྟན་པའི་སྲོག་ཤིང་ཇོ་བོ་ཨ་ཏི་ཤ །གསོལ་བ་འདེབས་སོ༴ །རྒྱལ་བ་འགྲོམ་དང་པུ་ཏོ་ཤ་ར་བ། །འཆད་ཁ་བ་དང་སོ་སྤྱིལ་ལྷ་འགྲོ་མགོན། །ལྷ་སྡིངས་ཁུ་དབོན་ཡོན་དཔལ་བདེ་བ་དཔལ། །གསོལ་བ༴ །ཀ་བཞི་པ་དང་བསོད་ནམས་གྲགས་པ་དང་། །བློ་སྦྱོང་མངའ་བདག་རྒྱལ་སྲས་ཐོགས་མེད་ཞབས། །དཔལ་ལྡན་བྱང་ཆུབ་རྒྱལ་དབང་མཚན་ཅན་ལ། །གསོལ༴ །སྐུ་ཞང་ཆོས་རྗེ་སངས་རྒྱས་དཔལ་འབྱོར་བ། །ཤཱཀ་དབང་ཆོས་གྲགས་ཀུན་སྤངས་པད་དཀར་མཚན། །ཝགྒིན་དྲ་དང་མི་ཕམ་འཇའ་མཚོན་པ། །གསོལ༴ །སྐུ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །ཕྱོགས་དུས་རྒྱལ་དང་རྒྱལ་སྲས་མ་ལུས་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ན། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །


TR003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མེད་དུས་ནས་འཁོར་བར་འཕེན་བྱེད་པའི། །བདག་འཛིན་འགོང་པོ་མ་རུངས་གདུག་པ་ཅན། །རྡུལ་དུ་རླག་ནས་བྱང་སེམས་རིན་པོ་ཆེ། །བདག་བས་གཞན་གཅེས་འཛིན་པར་བྱིན་གྱིས་རློབས། །ཚེ་རབས་དཔག་ཏུ་མེད་ནས་ད་ལྟའི་བར། །གཞལ་མེད་དྲིན་གྱིས་བསྐྱངས་པའི་ཕ་མ་ལ། །འཁོན་འཛིན་གནོད་འཚེའི་བསམ་སྦྱོར་གཏན་སྤངས་ནས། །ཕན་བདེའི་རྒྱུ་འབྲས་རྒྱ་ཆེན་སྦྱིན་བྱེད་ཤོག །བདག་ནི་ནམ་ཡང་ཅི་འདྲར་གྱུར་ཀྱང་སླའི། །འཁོར་བའི་རྒྱ་མཚོ་གཏིང་མཐའ་མ་སྟོང་བར། །རང་འདོད་ཀུན་བྲལ་རྒྱལ་སྲས་སྤྱོད་ཞུགས་ཏེ། །འགྲོ་བ་འདྲེན་ལ་རྟག་ཏུ་གཡེལ་མེད་ཤོག །ཐམས་ཅད་བླ་མེད་བྱང་ཆུབ་སར་འགོད་ཤོག །རྒྱལ་ཀུན་ཕྲིན་ལས་བདག་གི་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་ལ་བར་ཆོད་མེད་པར་ཤོག །སྨོན་ལམ་བཏབ་པ་བཞིན་དུ་འགྲུབ་པར་ཤོག །


TR003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས། བློ་སྦྱོང་རྒྱུད་པའི་གསོལ་འདེབས་འདི་ནི། ཆོས་འདི་ཉིད་ལ་མོས་པའི་རྣལ་འབྱོར་པ་ཨ་རྒྱའི་ཤ་ཀ་ཞེས་བྱ་བའི་བསྐུལ་ངོར། བླ་མའི་གདན་ས་ལྷུན་གྲུབ་ཆོས་སྡིངས་སུ་བྲིས་པ་དགེའོ།། ༈ །།ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ འོག་མིན་བདེ་ཆེན་ཞིང་ཁམས་ནས། །སྣང་བ་མཐའ་ཡས་འོད་དཔག་མེད། །ཆོས་ཀྱི་སྐུ་མཆོག་ལ་གསོལ་བ་འདེབས། །ཀ་དག་རྟོགས་པར་བྱིན་གྱིས་རློབས། །ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ །རི་བོ་ཏ་ལའི་གནས་མཆོག་ནས། །འགྲོ་བའི་མགོན་མཛད་སྤྱན་རས་གཟིགས། །ལོངས་སྤྱོད་རྫོགས་སྐུ་ལ༴ །འོད་ལུས་འགྲུབ་པར༴ །ཨོཾ་མ་ི༴ །སྣ་ཚོགས་འགྲོ་འདུལ་ཞིངས་ཁམས་ནས། །གང་འདུལ་ཆོ་འཕྲུལ་ཅིར་ཡང་སྟོན། །པདྨ་འབྱུང་གནས་ལ༴ །འགྲོ་དོན་འགྲུབ་པར༴ །ཨོཾ༴ །སྨིན་གྲོལ་གདམས་པའི་མངའ་བདག་མཆོག །གུ་རུ་གཏེར་སྟོན་ཆོས་དབང་སྨན་ ཡར་ལུང་སྤྲུལ་སྐུ་ ལུང་པ། སངས་རྒྱས་དགའ་སྟོན་དབང་ཕྱུག་རྡོ་རྗེ་


TR003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ༴ །སྨིན་ཅིང་གྲོལ་བར་བྱིན༴ །ཨོཾ༴ །བཀའ་བབ་བྱིན་རླབས་མཛོད་འཛིན་པའི། །གཉན་སྟོན་པ་དང་སེ་སྡིངས་པ། །ཆོས་སྐུ་འོད་ཟེར་ལ༴ །འཁར་སོ་ཀུན་མཁྱེན་ དོན་གཉིས་འགྲུབ་པར༴ །ཨོཾ༴ །བདུད་དཔུང་འཇོམས་པའི་མཐུ་སྟོབས་ཅན། །དཔལ་འབྱོར་ སྒམ་པོ་རྟ་ཆུ་འདམ་ནས་ཛྙཱ་ན་བཛྲ། ཡོན་ཏན་བཟང་པོ། དབང་ཕྱུག་ནམ་མཁའི་མཚན། །རིག་འཛིན་ཡབ་སྲས་ལ་གསོལ་བ༴ །བར་ཆད་ཞི་བར༴ ཨོཾ༴ །སྔ་འགྱུར་བསྟན་པའི་སྒྲོན་མེ་མཆོག །བསྟན་འཛིན་རྡོ་རྗེ་ རྒྱལ་སྲས་ནམ་མཁའ་གུ་རུ། བསོད་ནམས་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན། དཔལ་བཟང་པོ། །རྩ་བའི་བླ་མ་ལ་གསོལ༴ །བསྟན་པ་དར་བར༴ །ཨོཾ༴ །སྣང་གཟུགས་ཐུགས་རྗེ་ཆེན་པོའི་སྐུ། །གྲགས་ཚད་རང་བྱུང་ཡིག་བདུན་སྒྲ། །དྲན་རྟོག་སྣ་ཚོགས་ཆོས་ཉིད་ཀློང་། །རང་གྲོལ་རྟོགས་པར་བྱིན༴ །ཨོཾ༴ །འདི་བཟུང་འཁོར་བ་མ་སྟོང་བར། །རང་དོན་ཞི་བདེ་མི་བསྒྲུབ་ཅིང་། །དཔག་མེད་འགྲོ་བ་འདྲེན་པ་ལ། །ངལ་བ་མེད་པར་བྱིན༴ །ཨོཾ་མ༴


TR003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །འགྲོ་དོན་ཇི་ལྟར་མཛད་པ་ཀུན། །གཅིག་བསྡུས་མཐུ་སྟོབས་བདག་འགྲུབ་ནས། །འཁོར་བའི་རྒྱ་མཚོ་སྟོང་པར་ཤོག །ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ ཆོས་དབང་གི་གཏེར་ཁའི་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བླ་རྒྱུད་གསོལ་འདེབས་འདི་རྣལ་འབྱོར་པ་སྐྱབས་མཆོག་དཔལ་གྱི་བསྐུལ་བའི་ངོར། གཙང་རོང་རིང་ལུང་ཕུག་རུ་བཀོད་པའོ། ཨོཾ་ཨཱ་ཧཱུྃ། །ཕྱི་ནང་སྣང་སྲིད་བདག་ལུས་དངོས་ཀུན་ཀྱང་། །མི་དམིགས་སྤྲོས་བྲལ་སྟོང་པའི་རངས་མདངས་ལས། །སྐད་ཅིག་དྲན་རྫོགས་ཆུ་ལ་ཆུ་བུར་བཞིན། །བདག་ཉིད་འཕགས་མཆོག་ཐུགས་རྗེ་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་བཞི་ཐལ་སྦྱོར་འཕྲེང་བ་དང་། །པདྨ་དཀར་པོ་འཛིན་ཅིང་རྒྱན་གྱིས་མཛེས། །སྣང་ལ་དངོས་མེད་གསལ་སྟོང་ཟུང་འཇུག་སྐུར། །གསལ་བའི་སྤྱི་བོར་པདྨ་ཉི་ཟླའི་སྟེང་། །ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད། །རྣམ་པ་རྒྱལ་མཆོག་


TR003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་པའི་ཚུལ། །དམར་གསལ་མདངས་ལྡན་སྤྲུལ་སྐུའི་ཆ་ལུགས་ཅན། །སྐྱིལ་ཀྲུང་མཉམ་བཞག་ངུར་སྨྲིག་ན་བཟའ་མཛེས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ་བར་གསལ། །བདག་གི་འཁོར་འདས་དུས་གསུམ་བྱ་བྱེད་ཀྱི། །མདུན་མ་ཐམས་ཅད་གཞན་ལ་མེ་རེ་བར། །སྐྱིད་རུང་སྡུག་རུང་དཔལ་མགོན་བླ་མ་ལ། །བློ་རྩེ་གཅིག་ཏུ་གཏད་ཅིང་སྣོད་བཅུད་ཀུན། །ལྟོས་མེད་རྒྱལ་བ་མཆོག་ལ་མཎྜལ་དུ། །ཕུལ་ལ་གུས་པས་འདི་ལྟར་གསོལ་བ་གདབ། །ན་མོ་མ་ཧཱ་གུ་རུ་བྷྱཿ །སྤྱི་གཙུག་འབྲལ་མེད་ཀྱི་ཅོད་པ། །ཡིད་བཞིན་འདོད་འབྱུང་གི་ནོར་བུ། །སྐུ་དྲིན་འཁོར་མེད་ཀྱི་བླ་མ། །རྩེ་གཅིག་གསོལ་བ་རང་འདེབས་སོ། །དུས་གསུམ་རྒྱལ་ཀུན་གྱི་རོལ་པ། །སྣ་ཚོགས་གང་འདུལ་དུ་སྣང་བ། །ཐམས་ཅད་ཁྱེད་ཉིད་ཀྱི་རྣམ་འཕྲུལ། །ཀུན་བྱེད་བླ་མ་རང་མཁྱེན་ནོ། །བདག་སོགས་སྙིགས་དུས་ཀྱི་སེམས་ཅན། །རྣམ་མང་


TR003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱིས་གཟེར་ལ། །མཁྱེན་བརྩེ་བྱིན་རླབས་ཀྱི་མངའ་བདག ཁྱེད་ཀྱིས་ཐུགས་རྗེས་རང་གཟིགས་ཤིག །བྱིན་རླབས་ཆར་ཆེན་རང་ཕོབ་ཅིག །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །བླ་མ་འོད་དཔག་མེད་པའི་མཉམ་བཞག་གི །སྟེང་ན་ཚེ་བུམ་བདུད་རྩིས་གང་བ་ནས། །དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་ནར་གྱིས་བབ། །ཚངས་བུག་ནས་ཞུགས་ལུས་ནང་ཐམས་ཅད་གང་། །སྒྲིབ་བཞི་དག་ཅིང་དབང་བཞི་ཡོངས་རྫོགས་ཐོབ། ཁྱད་པར་འཆི་མེད་ཚེ་ཡི་དངོས་གྲུབ་རྙེས། །དེ་རྗེས་བླ་མ་འོད་ཞུ་རང་ལ་ཐིམ། །རྒྱལ་ཀུན་གཅིག་བསྡུས་བླ་མའི་ཐུགས་ཡེ་ཤེས། །བདག་གི་ཡིད་དང་དབྱེར་མེད་གཅིག་ཏུ་འདྲེས། །འདྲེས་ཞེས་བྱ་བའང་མིང་གི་ཐ་སྙད་ཙམ། །དོན་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས། །འཇག་མིག་ནང་གི་སྲིན་བུ་ཡན་ཆད་ཀུན། །བདེ་གཤེགས་སྙིང་པོར་ཡེ་ནས་གཅིག་པའི་དོན། །གནས་


TR003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཉིད་ལ་བཟང་ངན་རྡུལ་ཙམ་མེད། །དེ་དོན་རྟོགས་དང་མ་རྟོགས་ཁྱད་པར་གྱིས། །སངས་རྒྱས་སེམས་ཅན་གཉིས་སུ་འཁྲུལ་གྲོལ་བྱུང་། །དོན་གྱི་སྙིང་པོའི་ཉམས་ལེན་མཐར་ཐུག་ནི། །ད་ལྟའི་རང་སེམས་ཐ་མལ་ཤེས་པ་ལ། །དགག་སྒྲུབ་བཟང་ངན་རྟོགས་ཚོགས་ཞེན་འཛིན་སོགས། །བཅོས་མའི་ལྷད་ཀྱིས་བསླད་པ་མ་ཡིན་པར། །གཤིས་ཀྱི་འདུག་ཚུལ་ཇི་ལྟར་འདུག་པ་དེ། །སྤྲོ་དང་བསྡུ་དང་མཚན་བཅས་དམིགས་གཏད་ཀུན། །རྒྱངས་ཀྱི་བསྐྱུར་ནས་རིག་པའི་ངོ་བོ་ལ། །ཅེར་གྱིས་བལྟ་བྱ་ལྟ་བྱེད་བྲལ་བ་བལྟ། །བསྐྱུར་དང་བལྟ་བའང་མིང་གི་འདུ་བྱེད་ལས། །ཡང་དག་དོན་ལ་བླང་དོར་བྱ་རྒྱུས་དབེན། །མ་བཅོས་ཆོས་སྐུ་བཅོས་མར་མ་སོང་ཞིང་། །དྲན་མེད་སྟོང་ལྟ་ཧད་པོར་མ་འབྱམས་པར། །མ་ཡེངས་མི་སྒོམ་རིག་པའི་རོལ་རྩལ་ཀུན། །གང་ཤར་ཆོས་ཉིད་དབྱིངས་ཀྱི་རོལ་པ་ལས། །གུ་ཡངས་


TR003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་རྣལ་འབྱོར་ཆོས་ཀུན་རྟོགས། །བར་ཆད་ཀུན་གྱི་རྩ་བ་བདག་འཛིན་འདི། །ཁྲོལ་གྱི་ཐོང་དང་རྐྱེན་ངན་གཞི་རྩ་མེད། །ནད་གདོན་སྡུག་བསྔལ་སྡིག་སྒྲིབ་འཕྱག་མ་ཉིད། །སྒོམ་གྱི་བོག་དོན་ཡིན་ནོ་ལམ་དུ་འཁྱེར། །སྣང་སྲིད་སྣོད་བཅུད་སྐྱེ་འགྲོ་རྒྱལ་བའི་ཞིང་། །དཀྱིལ་འཁོར་གཅིག་ཏུ་ཤེས་པའི་དག་སྣང་སྦྱོངས། །མདོ་རྒྱུད་མན་ངག་རྒྱ་ཆེན་ཆོས་ཀུན་གྱི། །སྙིང་པོ་གཅིག་ཏུ་ཤེས་པས་ཉམས་སུ་ལོང་། །ཐེག་པའི་མཐར་ཐུག་རྫོགས་ཆེན་སྙིང་པོའི་དོན། །མ་རྟོགས་ཚེ་གཅིག་སངས་རྒྱས་འགྲུབ་པ་དཀའ། །དོན་རྟོགས་ཙམ་གྱིས་ཆོག་པར་མ་འཛིན་པར། །ཚེ་དང་སྒྲུབ་པ་མཉམ་ན་དོན་ཆེན་འགྲུབ། །འཇིག་རྟེན་འདི་ཡི་སྣང་བ་རྨི་ལམ་འདྲ། །ཡུད་ཙམ་འདི་ལ་གཏན་དོན་བསྒྲུབ་རེ་རན། །ད་ལྟ་མི་འབད་འཆི་བས་སླེབ་ཙ་ན། །འགྱོད་ཀྱང་ཕན་པ་མེད་པས་མྱུར་དུ་རེམ། །སྙིང་གཏམ་གདམས་


TR003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ངག་སྙིང་ལ་བཅགས་པ་ཡིས། །བླང་དོར་ཚུལ་བཞིན་གྱིས་དང་རྣལ་འབྱོར་པ། །འདི་ལྟར་གདམས་པའི་དགེ་བས་འགྲོ་ཀུན་ཀྱང་། །འདི་དོན་རྟོགས་ནས་སྲིད་ལས་མཐར་གྱུར་ཅིག །ཅེས་པ་འདི། མང་ཡུལ་གུང་ཐང་གི་ཕྱོགས་ནས་བྱོན་པའི་རྣལ་འབྱོར་པ་རྒྱཱ་ན་རཏྣ་ཅེས་བྱ་བས་མོས་གུས་གདུང་ཤུགས་ཆེན་པོས་བསྐུལ་ཏེ་སྙིང་གཏམ་གདམས་ངག་ཉམས་ལེན་གཅིག་ཆོག་བློ་བདེ་ཞིག་དགོས་གསུང་བའི་དགོངས་བཞེས་སྐོང་ཕྱིར། བླ་མའི་རྣལ་འབྱོར་ཚེ་སྒྲུབ་ཐུགས་རྗེ་ཆེན་པོའི་ལྷ་ཁྲིད་སྒོམ་དོན་གྱིས་གནད་བསྡུས་དང་བཅས་ཏེ་ཕྱོགས་གཅིག་ཏུ་བསྡོམས་པ་འདི་ནི། ཆོས་ཀྱི་རྒྱལ་པོ་རིམ་པར་བྱོན་པའི་ཕོ་བྲང་ཆེན་པོ་རིན་ཆེན་སྤུངས་པའི་ཡང་ཐོག་གི་གཟིམ་ཆུང་ཁམས་གསུམ་རྣམ་རྒྱལ་ནས་ཟབ་པར་གདམས་པ་ཨིྀྠ།། ༈ །།ན་མོ་གུ་རུ་ཝེ། རང་རིག་མཆོག་ཏུ་མི་འགྱུར་སྟོང་ཉིད་ཀྱི་རང་མདངས། །རྣམ་ཀུན་མཆོག་ལྡན་ཡེ་ཤེས་གདོད་མའི་མགོན་པོ། །སྣང་བ་མཐའ་ཡས་ཞེས་གྲགས་རིགས་ཀུན་གྱི་གཙུག་བརྒྱན། །ཕ་གཅིག་གསོལ་བ་


TR003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རང་འདེབས་སོ་བྱིན་གྱིས་རང་རློབས་ཤིག །རང་གསལ་འོད་ལྔ་ལྷུན་འགྲུབ་ཡེ་ཤེས་ཀྱི་སྣང་བས། །རྨོངས་པའི་མུན་པ་བསེལ་མཛད་ཟླ་འོད་ཀྱི་མདངས་ལྡན། །སྤྱན་རས་གཟིགས་དབང་ཞེས་གྲགས་སྙིང་རྗེའི་གཏེར་ཆེན། །ཕ་གཅིག་གསོལ་བ༴ །རང་བྱུང་པདྨའི་དབུས་ནས་འགྲོ་ཀུན་གྱི་གཉེན་གཅིག །སྲིད་པའི་རྒུད་པ་ཀུན་བྲལ་ཡིད་བཞིན་གྱི་ནོར་བུ། །པདྨ་འབྱུང་གནས་ཞེས་གྲགས་གྲུབ་མཆོག་གི་སྤྱི་དཔལ། །ཕ་གཅིག༴ །ཉོན་མོངས་གཅོང་རྙིང་གིས་གཟེར་ཁམས་གསུམ་གྱི་འགྲོ་ལ། །བདེ་སྟོང་ཡེ་ཤེས་སྨན་གྱིས་རང་གྲོལ་དུ་གསོལ་མཛད། །ཡེ་ཤེས་མཚོ་རྒྱལ་ཞེས་གྲགས་མ་ལས་ཀྱང་ལྷག་པའི། །ཕ་གཅིག༴ །ཏིང་འཛིན་རྒྱུན་ཆད་མེད་པའི་འོད་གསལ་གྱི་སྒྲོན་མེས། །གདུལ་བྱའི་ལམ་བཟང་སྣང་བྱེད་སྒྲིབ་བྲལ་གྱི་ཉི་མ། །ཏིང་འཛིན་བཟང་པོ་ཞེས་གྲགས་གྲུབ་ཐོབ་ཀྱི་རྒྱལ་པོ། །


TR003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་གཅིག༴ །སྙིགས་དུས་དམུ་རྒོད་ཀྱི་འགྲོ་བ་མགོན་མེད་ཀྱི་ཚོགས་ལ། །ཟབ་ཆོས་ཉི་མ་འབུམ་ཤར་མཁས་གྲུབ་ཀྱི་གཙུག་བརྒྱན། །འཇའ་ཚོན་སྙིང་པོ་ཞེས་གྲགས་རིག་འཛིན་གྱི་གཙོ་མཆོག །ཕ་གཅིག༴ །ཆོས་བརྒྱད་འགོང་པོས་ཟིན་པའི་སེར་གཟུགས་ཀྱི་ཚོགས་ལ། །མ་ནོར་ལམ་མཆོག་སྟོན་སླད་གང་འདུལ་གྱི་རོལ་པས། །སྣ་ཚོགས་རང་གྲོལ་ཞེས་གྲགས་དྲིན་ཅན་གྱི་བླ་མ། ཕ་གཅིག༴ །སྐྱབས་གནས་ནོར་བུའི་ཕྲེང་བ་དྲིན་ཅན་གྱི་ཚོགས་ལ། །གསོལ་བ་སྙིང་ནས་འདེབས་པའི་གདུང་དབྱངས་ཀྱི་ང་རོ། །ལྷང་ལྷང་འོ་དོད་འབོད་དོ་ཐུགས་རྗེས་རང་གཟིགས་དང་། །མ་ཁྱོད་བུ་ལ་མི་གཟིགས་བཏང་སྙོམས་སུ་འདོར་རམ། །ཐུགས་རྗེས་མྱུར་དུ་གཟིགས་དང་རྩ་རྒྱུད་ཀྱི་བླ་མ། །བྱིན་རླབས་ཆར་ཆེན་ཕོབ་དང་རྩ་རྒྱུད་ཀྱི་བླ་མ། །སྨིན་གྲོལ་ལམ་ལ་བཀོད་དང་རྩ་རྒྱུད་ཀྱི་བླ་མ། །རེ་ས་གཞན་ན་མེད་དོ་བླ་མ་རང་མཁྱེན་ནོ། །


TR003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་ཡང་དད་ལྡན་ཀརྨ་འགྲོ་ཕན་ལ་གདམས་པའོ།། ༈ །།ན་མོ་གུ་རུ། །རང་རིག་སྟོང་ཉིད་ཀྱི་ངོ་བོ་ཀུན་བཟང་སྣང་མཐའ་ཡས། །རང་མདངས་འགག་མེད་ཀྱི་འཆར་སྒོ་ལོངས་སྐུ་ཞི་ཁྲོའི་ཚོགས། །རྣམ་རོལ་ཐུགས་རྗེ་ལས་སྤྲུལ་པ་རིག་འཛིན་རྒྱུད་པར་བཅས། །གསོལ་བ་སྙིང་ནས་རང་འདེབས་སོ་རྩ་རྒྱུད་ཀྱི་བླ་མ་རྣམས། །འགྲོ་བློའི་མོས་ཁམས་དང་མཐུན་པའི་རྣམ་འགྱུར་བསམ་ཡས་པས། །ཞི་རྒྱས་དབང་དྲག་གི་ཕྲིན་ལས་སྣ་ཚོགས་མཛད་པ་པོ། །འདོད་འབྱུང་ཡིད་བཞིན་གྱི་ནོར་བུ་རྩ་བའི་བླ་མ་མཆོག །གསོལ་བ་སྙིང་ནས་རང་འདེབས་སོ་རེ་སའི་གཉེན་གཅིག་པུ། །ད་དུས་རྩོད་ལྡན་གྱི་མཐའ་མ་བདུད་རིགས་སྟོབས་རྒྱས་ཤིང་། །དམ་ཆོས་ཚུལ་བཞིན་དུ་སྤྱོད་ཀྱང་བར་ཆད་དབང་བརྩན་ཚེ། །མཐུ་སྟོབས་དབང་ཕྱུག་གི་ཕ་ཁྱོད་ར་མདར་འབོད་ལགས་ན། །ཐུགས་རྗེ་བྱིན་རླབས་ཀྱི་


TR003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཆེན་མྱུར་དུ་བསྐྱེད་མཛོད་ལ། །འཁོར་བ་སྡུག་བསྔལ་གྱི་མཚོ་ལས་ད་ལྟ་བསྒྲལ་དུ་གསོལ། །ཞེས་པ་ནི་གུས་ལྡན་དགེ་འདུན་བཀྲ་ཤིས་ལའོ། ན་མོ་པདྨ་ཀཱ་ར་ཡེ། །མཁྱེན་པའི་ལྷ་ལམ་རབ་ཡངས་པར། །བརྩེ་བའི་འོད་ཟེར་འགྱེད་མཁས་པས། །འགྲོ་བའི་རེ་འདོད་སྐོང་བའི་ཕ། །པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །ཆོས་སྐུ་སྟོང་ཉིད་མཁའ་དབྱིངས་ལས། །ལོངས་སྐུ་གསལ་མདངས་མཚན་དཔེའི་གཟུགས། །སྤྲུལ་སྐུ་གང་འདུལ་རོལ་གར་ཅན། །པདྨ་ཐོད་ཕྲེང༴ །རྣམ་པ་སྣ་ཚོགས་སྐུར་སྤྲུལ་ཀྱང་། །རང་བཞིན་རྒྱལ་བ་ཀུན་གྱི་དངོས། །ངོ་བོ་ཀུན་བཟང་སྣང་མཐའ་ཉིད། །པདྨ༴ །རྣམ་འགྱུར་ཞི་བས་འདུལ་བ་ལ། །དགེ་སློང་པདྨ་སམ་བྷ་ཝ། །མཁྱེན་རབ་བློ་ལྡན་མཆོག་སྲེད་རྩལ། །པདྨ༴ །ལ་ལར་རྒྱས་དང་དབང་སོགས་ཀྱི། །གདུལ་སླད་ཉི་མ་འོད་ཟེར་


TR003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །པདྨ་རྒྱལ་པོ་ཤཱཀྱ་སེང་། །པདྨ༴ །གང་དག་ཞི་དང་རྒྱས་སོགས་ཀྱི། །མི་ཐུལ་ལོག་འདྲེན་འདུལ་བའི་དཔལ། །རྡོ་རྗེ་གྲོ་ལོད་སེང་གེ་སྒྲ། །པདྨ༴ །རྒྱ་གར་འཕགས་པའི་ཡུལ་ཆེན་དུ། །སུམ་སྟོང་དྲུག་བརྒྱའི་ལོ་ཞུགས་ནས། །བདུད་བཏུལ་བསྟན་པ་འཕེལ་མཛད་པ། །བོད་ཡུལ་མུན་པའི་དམག་རུམ་དུ། །དམ་པའི་ཆོས་ཀྱི་སྒྲོན་མེ་སྦར། །འགྲོ་རྣམས་བདེ་ལ་བཀོད་མཛད་རྗེ། །པདྨ༴ །ད་དུས་སྙིགས་མ་ལྔ་བདོའི་ཚེ། །ལས་ཀྱི་མནར་བའི་འགྲོ་བ་ལ། །ཕ་མ་ལས་ལྷག་བརྩེ་བ་ཅན། །པདྨ༴ །འདི་དང་ཕྱི་མ་དུས་ཀུན་ཏུ། །རེ་ས་ཁྱོད་ལས་གཞན་མེད་ན། །རླབས་ཆེན་ཐུགས་རྗེའི་རྨད་བྱུང་གིས། །འབྲལ་བ་མེད་པར་གཟིགས་སུ་གསོལ། །བདག་དང་ཁམས་གསུམ་སེམས་ཅན་ཀུན། །མགོན་པོ་ཁྱོད་ཀྱིས་རྗེས་བཟུངས་ནས། །ཚེ་གཅིག་སངས་རྒྱས་འགྲུབ་


TR003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཅེས་པ་ནི། བྷ་ཏྲའི་མིང་ཅན་ལ་གནོད་མཛེས་མཁར་དུ་གདམས་པའོ།། ༈ །།ཀ་དག་གནས་ལུགས་གདོད་མའི་ཕོ་བྲོང་ནས། །ཀུན་བཟང་སྣང་བ་མཐའ་ཡས་རྡོ་རྗེ་འཆང་། །རྡོར་སེམས་སྤྱན་རས་གཟིགས་སོགས་སྐུ་གསུམ་ལྷ། །ངོ་བོ་རང་བཞིན་ཐུགས་རྗེར་གསོལ་བ་འདེབས། །ལྷུན་འགྲུབ་འོད་གསལ་ཀློང་ནས་རྡོ་རྗེའི་སྐུ། །དགའ་རབ་འཇམ་དཔལ་ཤྲཱི་སེང་པདྨ་འབྱུང་། །ཁྲི་སྲོང་ལྷ་སྲས་མཚོ་རྒྱལ་སྤྲུལ་པའི་སྐུ། །གང་འདུལ་དེར་སྟོན་རྣམས་ལ་གསོལ་བ་འདེབས། །སྤྱི་གཙུག་མོས་པ་རྒྱ་མཚོ་ཡིད་བཞིན་ནོར། །བསོད་ནམས་བླ་མ་བསོད་ནམས་རིན་པོ་ཆེ། །ངག་དབང་པདྨ་གྲུབ་མཆོག་བསོད་ནམས་དབང་། །རྩ་བའི་བླ་མ་མཆོག༴ །རྩ་རྒྱུད་བླ་མ་རབ་འབྱམས་ཞི་ཁྲོའི་ལྷ། །མཁའ་འགྲོ་ཆོས་སྲུང་ཚོགས་ལ་གསོལ་བཏབ་པས། །གདོད་མའི་གནས་ལུགས་ཇི་བཞིན་མངོན་གྱུར་ནས། །རྟོག་མེད་སྤྲུལ་པས་འགྲོ་


TR003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདྲེན་པར་ཤོག །བླ་མ་དགོངས་པ་འདུས་པའི་ཟབ་ཆོས་ཕྱག་རྫོགས་གཉིས་མཐུན་མོང་གི་བླ་བརྒྱུད་གསོལ་འདེབས་མདོར་བསྡུས་འདི་ནི། གཙང་ས་རྣལ་འབྱོར་གྲོགས་མཆེད་གསུམ་གྱིས་བསྐུལ་ངོར་གནས་ཆེན་དུར་ཁྲོད་མགོ་དགུར་བྲིས་པའོ། ཨོཾ་ཨཱཿཧཱུྃ། རིག་སྟོང་སྙིང་པོ་དོན་གྱི་་གཞལ་ཡས་ནས། །ཀུན་བཟང་རྡོ་རྗེ་འཆང་དང་རྡོ་རྗེ་སེམས། པདྨ་ཐོད་ཕྲེང་ཡུམ་ཆེན་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་ཡེ་ཤེས་རང་གསལ་སྩོལ། །དུང་མཚོ་རས་པ་སངས་རྒྱས་དྲང་སྲོང་རྗེ། །བདེ་ཆེན་རས་པ་རང་ཞིག་ཟངས་ཐལ་དང་། །རྣམ་གྲོལ་བཟང་པོ་རྒྱ་ལ་རས་པ་ལ། །གསོལ་བ༴ །རྒྱལ་མཚན་འོད་ཟེར་སངས་རྒྱས་བརྩོན་འགྲུས་དང་། །རྒྱལ་མཚན་ཡེ་ཤེས་བུདྡྷ་ཀེ་དྷཱུའི་ཞབས། །དགེ་འདུན་རིན་ཆེན་དགེ་འབུམ་རིན་རྡོར་རྗེ། །གསོལ་བ༴ །ངག་དབང་གྲགས་དང་གྲུབ་མཆོག་བློ་གྲོས་མཚན། །གཞན་ཕན་རྡོ་རྗེ་རྩ་བའི་བླ་མ་དང་། །


TR003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རིགས་བརྒྱ་ལ། །གསོལ༴ །ཚེ་གཅིག་སངས་རྒྱས་རྫོགས་ཆེན་ཡང་སྙིང་མཆོག །ཡེ་ཤེས་རང་སྣང་མངོན་སུམ་སྟོན་པའི་ཆོས། །འདི་ལ་བརྟེན་ནས་སྟན་ཐོག་འདི་ཉིད་དུ། །མངོན་སངས་རྒྱས་ནས་འཁོར་བ་དོང་སྤྲུགས་ཤོག །རྫོགས་ཆེན་ཡང་ཏི་བརྒྱུད་པའི་གསོལ་འདེབས་ཉུང་བསྡུས་འདི་ནི། ཆོས་འདི་ལ་མོས་པའི་དགེ་སློང་ཚུལ་ཁྲིམས་བཟང་པོས་བསྐུལ་ངོར་བཀོད་པའོ།། ༈ །།ཨོཾ་ཨཱཿཧཱུྃ། རིགས་ཀྱི་རིགས་མཆོག་རྒྱལ་ཀུན་རིགས་ཀྱི་བདག །ཀུན་བཟང་རྒྱལ་བ་རིགས་ལྔ་རྡོ་རྗེ་སེམས། ། གསངབདགཕྱགརྡོར ་སྐལ་ལྡན་རྒྱལ་པོ་ཛཿ །ཀུ་ཀུ་རཱ་ཛཱ་རྣམས་ལ་གསོལ་བ་འདེབས། །ཤཱཀྱ་སུ་ཏྲ་སིང་ཧ་རཱ་ཛཱ་དང་། །ཨུ་པ་རཱ་ཛཱ་གོ་མ་དེ་ཝིའི་ཞབས། །བཻ་ཏྲི་ཀ་མ་ལ་དང་ཨཱ་ཙརྱ། །ཛི་ན་མི་ཏྲ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་བཞད་པ་ཉིན་བྱེད་སེང་གེ་དང་། །བདེ་བ་གསལ་མཛད་ཤཱཀྱ་


TR003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དྷའི་ཞབས། །སེ་ཀྱ་དེ་ཝ་སྒེག་པ་རྡོ་རྗེ་དང་། །ཆོས་བློན་དེ་བར་བཅས་ལ་གསོལ་བ་འདེབས། །རྒྱ་གར་མཁན་པོ་ཆོས་རྒྱལ་སྐྱོང་གི་མཚན། །གྲུབ་པའི་དབང་ཕྱུག་གནུབ་བན་མཐུ་སྟོབས་བདག །མ་ཧཱ་ཡོ་ག་རྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །རིགས་མཆོག་ཀུན་ཏུ་བཟང་དང་རིགས་ལྔའི་ལྷ། ཞི་དང་ཁྲོ་གར་སྟོན་མཛད་ཐུགས་རྗེ་ཅན། །འཇམ་དབྱངས་སྤྱན་རས་གཟིགས་དང་རྡོ་རྗེ་འཛིན། །གྲགས་ལྡན་ཕྱོགས་སྐྱོང་རྣམས་ལ་གསོལ་བ་འདེབས། །རིགས་འཛིན་སྐར་མདའ་གདོང་དང་ལང་ཀའི་བདག །ཀླུ་རྒྱལ་འཇོག་པོ་དྲི་མེད་ལི་ཙཱ་ཝི། །གསང་སྔགས་སྒྲོན་མས་འཇིག་རྟེན་སྣང་བྱེད་པ། །དམ་པའི་རིགས་ཅན་རྣམས་ལ་གསོལ་བ་འདེབས། །རྒྱལ་པོ་ཛ་དང་ཨུ་པ་རཱ་ཛའི་མཚན། ཨིནྜ་བོདྷི་ཀླུ་རྒྱལ་ནཱ་ག་པུ། །ག་ཡ་པཱུ་ཏྲ་ཀུ་ཀུ་རཱ་ཛཱ་


TR003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རོ་ལངས་བདེ་བ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་བཞད་པ་རཱ་ཛཱ་པྲ་ཧ་ཏི། །དྷ་ན་རཀྵི་ཏ་དང་ཧཱུྃ་ཀ་ར། །སྠི་ར་མ་ཏི་བདེ་བ་གསལ་མཛད་མཆོག །དྷརྨ་བོ་དྷི་རྣམས་ལ་གསོལ་བ་འདེབས། །མཁན་པོ་དྷརྨའི་མཚན་དང་བོར་འཛིན་ཞབས། །གཙུག་ལག་དཔལ་དགེ་བླ་ཤའི་ཚེ་བཙན་སྐྱེས། །སངས་རྒྱས་ཡེ་ཤེས་ལ་སོགས་ཨ་ནུའི་རྒྱུད། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་བཀའ་ཡི་སྡུད་པ་རྡོ་རྗེ་འཛིན། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། །དྷ་ན་ཏ་ལོ་རྣམས་ལ་གསོལ་བ་འདེབས། །རཱ་ཛཱ་ཧ་ཏི་སྲས་མོ་ས་ར་ནི། །བྱང་ཆུབ་མོ་དང་ཀླུ་རྒྱལ་འཇོག་པོའི་མཚན། །གཟུང་མ་ཨ་ར་ལི་དང་ཨཀྵྱོ་བྷྱཿ །ཀུ་ཀུ་རཱ་ཛཱ་བཅས་ལ་གསོལ་བ་འདེབས། །བུདྡྷ་པཱ་ལ་བུདྡྷ་ས་མ་དྷི། །


TR003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་རཱ་ཛཱ་གོ་མ་དེ་ཝི་དང་། །སློབ་དཔོན་རབ་སྣང་ཁྲི་རྒྱལ་ཕྱི་མ་དང་། །མ་ཧཱ་རཱ་ཛཱ་རྣམས་ལ་གསོལ་བ་འདེབས། །དྲང་སྲོང་བྷ་ཥི་ཏ་དང་བདག་ཉིད་མ། །ན་ག་རྫུ་ན་དེ་ཝ་རཱ་ཛཱ་དང་། །འཇམ་དཔལ་ཕྱི་མ་རིག་འཛིན་དགེ་བསྙེན་ལེགས། །བུདྡྷ་གུ་ཧྱ་རྣམས་ལ་གསོལ་བ་འདེབས། ཤྲཱི་སིངྷ་དགེ་སློང་ཀུན་དགའ་མོ། །བི་མ་བཻ་རོ་ཙ་ན་གཡུ་སྒྲ་སྙིང་། །ཛྙཱ་ན་སོག་པོ་དཔལ་ཡེ་གནུབས་བན་མཆོག །རྫོགས་ཆེན་རྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཡོ་ག་གསུམ་སོགས་མེད་དབང་སྨིན་གྲོལ་གྱི། །བྱིན་རླབས་ཆུ་བོ་མ་ལུས་གཅིག་འདུས་པའི། །གནུབས་བན་མཆོག་གི་ཐུགས་སྲས་རྣམ་བཞི་དང་། །དགེ་མཆེད་བཅོ་ལྔ་སོགས་ལ་གསོལ་བ་འདེབས། །གསང་བའི་བུ་གཅིག་ཡོན་ཏན་རྒྱ་མཚོ་དང་། །ཡེ་ཤེས་རྒྱ་མཚོ་བྱང་ཆུབ་རྣམ་པ་གསུམ། །


TR003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལྡེ་དང་ཞུ་སྟོན་ཟུར་ཆེན་རྗེ། །ཟུར་ཆུང་ཤེར་གྲགས་རྣམས་ལ་གསོལ་བ་འདེབས། །དེ་ཡི་སྲས་བཞི་སྐྱོ་སྟོན་ཤཱཀཱ་ཡེ་དང་། །གསང་བདག་ཤཱཀ་སེང་འགར་སྟོན་སྲེག་སྟོན་པ། །གླན་བན་རྡོ་རྗེ་འོད་དང་བརྩོན་འགྲུས་སེང་། །གླན་སྟོན་བསོད་རྒྱལ་རྣམས་ལ་གསོལ་བ་འདེབས། །བུདྡྷ་ཤྲཱི་ལྷ་འབུམ་བསོད་ནམས་མགོན། །ཤེར་དཔལ་གཟི་སྟོན་ཤཱཀ་བཟང་བསམ་རྡོར་མཚན། །མདོ་དབང་པད་ཚལ་རྒྱས་མཛད་འོད་སྟོང་ཅན། །ཟུར་སྟོན་ཐམས་ཅད་མཁྱེན་ལ་གསོལ་བ་འདེབས། །ཟུར་མོ་དགེ་འབུམ་ཤཱཀྱ་བཤེས་གཉེན་དང་། །མཁས་གྲུབ་ཆོས་འབུམ་དཀོན་བཟང་རྡོར་བཟང་རྗེ། །འཕགས་མཆོག་བྱ་བཏང་མཁས་གྲུབ་རྡོར་རྒྱལ་བ། །གཡུ་འབྲུག་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །གངས་ཅན་འགྲོ་བའི་སྐྱབས་གཅིག་སོག་ཟློག་པ། །མཁས་གྲུབ་ཀུན་གྱི་མཆོག་གྱུར་ལོ་


TR003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་བ། །སྨིན་གྲོལ་ནོར་བུའི་ཕྲེང་འཛིན་རྒྱུད་པར་བཅས། །བདག་སོགས་གུས་པའི་སྙིང་ནས་གསོལ་བ་འདེབས། །སྦྱང་བྱ་ལུས་ངག་ཡིད་དང་ཤེས་བྱའི་སྒྲིབ། །སྦྱོང་བྱེད་སྨིན་དབང་ཟབ་དོན་མངོན་གྱུར་ཅིང་། །སྦྱང་འབྲས་སྐུ་བཞིའི་གོ་འཕངས་མཆོག་ཐོབ་ནས། །འགྲོ་བ་ཀུན་ཀྱང་དེ་འདྲའི་སར་འགོད་ཤོག །འདུས་པ་མདོ་དབང་ཆེན་པོའི་བླ་བརྒྱུད་ཀྱི་གསོལ་འདེབས་ཉུང་ངུར་སྡོམ་པ་ཞིག་དགོས་ཞེས། རྣལ་འབྱོར་པ་ཨ་དྷི་ཤ་ཀ་སོགས་ཀྱིས་བསྐུལ་ངོར་གནས་ཆེན་ཆུ་བོ་གཡས་འཁྱིལ་གྱི་ཡང་དབེན་དུ་བཀོད་པའོ།། ༈ །།སྟོན་པའི་སྟོན་པ་ཀུན་བཟང་ཐོག་མའི་མགོན། །ལྷུན་གྲུབ་འོད་གསལ་སྐུར་སྟོན་རྡོ་རྗེ་སེམས། །ཐེག་པའི་ཡང་རྩེ་སྟོན་མཁས་དགའ་རབ་ཞབས། །སྐུ་གསུམ་དབྱེར་མེད་མཆོག་ལ་གསོལ་བ་འདེབས། །འཇམ་དཔལ་བཤེས་གཉེན་དྷ་ན་ཏ་ལོ་དང་། །ཐུ་བོ་


TR003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཛཱ་མེ་ཏོག་གསལ་སྒྲོན་མ། །འཇོག་པོ་བྱང་ཆུབ་མ་དང་ས་ར་ནི། །མཁན་པོ་རབ་སྣང་རྣམས་ལ་གསོལ་བ་འདེབས། །བུདྡྷ་ས་མན་ཀུ་ཀུ་རཱ་ཛཱ་ཆེ། །མ་ཧཱ་རཱ་ཛཱ་སྲས་མོ་གོ་མ་དེ། །ཨཱ་ཙར་ཨ་ལོ་ཀེ་དང་ཕྱི་རྒྱལ་ཕྱི། །དྲང་སྲོང་བྷ་ཥི་རྣམས་ལ་གསོལ་བ་འདེབས། །ཀླུ་སྒྲུབ་བདུད་རྩི་མ་དང་མཉྫུ་ཤྲཱི། །དེ་བ་རཱ་ཛཱ་བུདྡྷ་ཀུྚའི་མཚན། །ཀུན་དགའ་མོ་དང་ཤྲཱི་སིང་བཻ་རོ་རྗེ། །བི་མ་མི་དྲར་བཅས་ལ་གསོལ་བ་འདེབས། །ཛྙཱ་ན་ཀུ་མ་སོག་པོ་དཔལ་ཡེ་ཤེས། །འོ་བྲན་སངས་རྒྱས་ཡེ་ཤེས་བར་རྒྱུད་པའི། །རྫོགས་ཆེན་ བཻ་རོ་དང་བི་མ་གཉིས་རྒྱུད་པ་མཐར་ཆགས་མིན་ཀྱང་སྔ་འགྱུར་ཕྱི་འགྱུར་སོ་སོ་ནས་ཛྙཱ་ནར་འདུས་སོ། སེམས་བདེ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་རང་བྱུང་ཡེ་ཤེས་སྟོན། །ཀུན་བཟང་རྡོར་སེམས་དགའ་རབ་འཇམ་དཔལ་དང་། །དྷ་ན་ཏ་ཐུའོ་རཱ་ཛ་མེ་ཏོག་གསལ། །ཀླུ་རྒྱལ་


TR003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་པ་ར་ནི་རབ་སྣང་། །བུདྡྷ་ས་མན་རྣམས་ལ་གསོལ་བ་འདེབས། །ཁྱི་རྒྱལ་མ་ཧཱ་རཱ་ཛ་ཨ་ལོ་ཀ །ཁྱི་རྒྱལ་ཕྱི་མ་བུདྡྷ་ཀུྚ་དང་། །འཇམ་དཔལ་བཟང་པོ་དྲང་སྲོང་བྷ་ཥི་ཏ། །གཟུང་མ་བདུད་རྩི་མ་ལ་གསོལ་བ་འདེབས། ཤིནྟིང་གརྦ་ཀླུ་སྒྲུབ་ཤྲཱི་སིང་ཧ། །ཀུན་དགའ་མོ་དང་བི་མ་བཻ་རོ་གཉིས། །རྫོགས་ཆེན་ཀློང་སྡེ་རྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་ཀ་དག་ཀློང་གྲོལ་སྩོལ། །ཀུན་བཟང་རྡོར་སེམས་དགའ་རབ་བདེ་མཆོག་སྙིང་། །ཤྲཱི་སིང་ཧ་བི་མ་ཏིང་འཛིན་བཟང་། །འབྲོམ་སྟོན་ཡེ་ཤེས་སྙིང་དང་མྱང་དབང་ཕྱུག །ཡོན་ཏན་མཆོག་སོགས་རྣམས་ལ་གསོལ་བ་འདེབས། །རྫོགས་ཆེན་མན་ངག་གི་སྡེ་ལ་རྒྱུད་ལུགས་མི་གཅིག་པ་མང་ཀྱང་། འདི་སྡུད་པ་བྲམ་ཟེའི་སྐོར་གྱི་བརྒྱུད་པའོ། །སྐོར་ཐུང་རྔོག་སྟོན་གཙུག་གཞོན་ཤཱཀྱ་དབང་། །ཆུ་བོ་རི་པ་རྡོར་འོད་འགོས་དགེ་སློང་། །


TR003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀ་རྒྱལ་དཔལ་བཟང་རྡོར་རྒྱལ་བདེ་ལེགས་པ། །འཇམ་དབྱངས་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །ཆོས་དཔལ་བསྟན་འཛིན་བཟང་པོ་རཏྣ་གླིང་། །ཚེ་དབང་གྲགས་སོགས་རྒྱུད་པ་མུ་སྟེག་འཕྲེང་། །རྫོགས་ཆེན་མན་ངག་རྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་རིག་པ་གཅེར་མཐོང་སྟོན། །ཀུན་བཟང་ཞི་ཁྲོ་རྡོར་འཆང་རྡོ་རྗེ་སེམས། །གསང་བདག་དགའ་རབ་འཇམ་དཔལ་ཤྲཱི་སིང་། །ཛྙཱ་ན་སཱུ་ཏྲ་བི་མ་མྱང་བན་དང་། །ལྡང་མ་ལྷུན་རྒྱལ་རྣམས་ལ་གསོལ་བ་འདེབས། །ལྕེ་བཙུན་སེང་དབང་ཞང་སྟོན་ཉི་མ་འབུམ། ཇོ་འབེར་སངས་རྒྱས་དབོན་པོ་མེ་ལོང་རྡོར། །རིག་འཛིན་ཀུ་མ་ཀློང་ཆེན་ཡང་གསང་རྒྱུ། །གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་སྩོལ། །ཀུན་བཟང་རྡོར་སེམས་དགའ་རབ་འཇམ་དཔལ་དང་། །ཤྲཱི་སིང་ཛྙཱ་ན་སཱུ་ཏྲ་བི་མ་ལ། །པདྨ་འབྱུང་གནས་གཉགས་ལོ་ཀུ་མ་ར། །སློབ་མ་དཔལ་རྒྱས་བཅས་


TR003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །ཀླུ་ཡི་དབང་ཕྱུག་ཀླུ་ཡི་རྒྱལ་མཚན་དང་། །འཕགས་པ་ཤེས་རབ་ཚུལ་རྒྱལ་ཞང་ཛྙཱ་ན། །ཡེ་ཤེས་ཚུལ་ཁྲིམས་སྤ་ཚབ་སྟོང་གྲགས་དང་། །བྱང་ཆུབ་སྙིང་པོར་བཅས་ལ་༴ །བྱང་སྒོམ་རིན་བཟང་བྱང་པ་འཇམ་དཔལ་དང་། །ཤངས་པ་ནག་པོ་གླན་སྟོན་རྡོ་རྗེ་འོད། །བསོད་རྒྱལ་དངོས་གྲུབ་མགོན་དང་ཤཱཀ་རྒྱལ་བ། །དཔལ་བཟང་རྡོར་རྒྱལ་རྣམས་ལ་གསོལ༴ །བདེ་ལེགས་པ་དང་འཇམ་དབྱངས་བཤེས་གཉེན་དང་། །ཆོས་དཔལ་བསམ་གཏན་བཟང་པོ་རཏྣ་གླིང་། །རྫོགས་ཆེན་སྤྱི་ཏི་རྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་ཀུན་བཟང་དགོངས་པ་སྟོན། །གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་སེམས། །དགའ་རབ་འཇམ་དཔལ་ཤྲཱི་སིང་པདྨ་འབྱུང་། །དུང་མཚོ་རས་སོགས་གཏེར་གྱི་རྒྱུད་པ་དང་། །གཉགས་དང་ འདི་ཡན་རྒྱུད་པ་མི་གཅིག་པ་མང་ཀྱང་། འདི་ནས་གཅིག་པ་ཤས་ཆེའོ། ཡང་ཏི་བཀའ་མ་


TR003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན། དཔལ་ཆེན་བརྒྱད་ལ༴ །ཀླུ་དབང་ཀླུ་རྒྱལ་སྦ་ཀླུ་འབྲོག་མི་དང་། །ཞང་སྟོན་ཁམ་པ་ཡེ་ཚུལ་སྤ་ཚབ་སྟོང་། །ནགས་ཤོད་ཡེ་སྙིང་བྱང་སྒོམ་རིན་ཆེན་བཟང་། །འཇམ་དཔལ་ཤངས་པར་བཅས་ལ༴ །སེམས་ཀློང་མན་ངག་ཡང་ཟབ་སྤྱི་ཡང་ཏི། །རྒྱུད་པའི་ཆུ་བོ་ཀུན་འདུས་ཆོས་ཀྱི་མཛོད། །གླན་སྟོན་རྡོར་འོད་གསོལ་རྒྱལ་དངོས་གྲུབ་མཚན། །བསམ་འཕེལ་དངོས་གྲུབ་མགོན་ལ༴ །ཤཱཀ་རྒྱལ་དཔལ་བཟང་རྡོ་རྗེ་རྒྱལ་མཚན་དང་། །བདེ་ལེགས་དཔལ་དང་འཇམ་དབྱངས་བཤེས་གཉེན་མཚན། །ཆོས་དཔལ་རྒྱལ་མཚན་ཆོས་རྗེ་བསམ་གཏན་བཟང་། །རིག་འཛིན་རཏྣ་གླིང་ལ༴ །རྒྱལ་སྲས་ཚེ་དབང་རྗེ་བཙུན་ངག་དབང་གྲགས། །ངག་དབང་ནོར་བུ་ནོར་བུ་ཡོངས་གྲགས་རྗེ། །མཚུངས་མེད་ནོར་བུ་དབང་རྒྱལ་ཚུལ་ཁྲིམས་མཚན། །གཞན་ཕན་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཀུན་བཟང་རིགས་ལྔ་སྡུད་པོ་རིགས་གསུམ་མགོན། །ལྷ་ཀླུ་


TR003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་སྲིན་པོ་མེའི་རིག་འཛིན། །རྒྱལ་པོ་ཛ་དང་ཨིནྟྲ་བཱུ་ཏི་དང་། །ནཱ་ག་པུ་ཏྲི་རྣམས་ལ་གསོལ་བ་འདེབས། །གུ་ཧྱ་བོ་དྷི་ཁྲི་རྒྱལ་རོ་ལངས་བདེ། །རྡོ་རྗེ་བཞད་པ་མཁན་པོ་པྲ་ཧ་ཏི། །ཤཱཀྱ་རྣམ་གསུམ་དྷ་ན་རཀྵི་ཏ། །སྠི་ར་མ་ཏི་རྣམས་ལ་གསོལ༴ །བདེ་བ་གསལ་མཛད་དྷརྨཱ་བོ་དྷི་དང་། །བ་སུ་དྷ་ར་སངས་རྒྱས་ཡེ་ཤེས་སོགས། །ཨ་ནུ་ཡོ་ག་རྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །ཀུན་བཟང་རིགས་ལྔའི་སངས་རྒྱས་རིགས་གསུམ་མགོན། །དེ་ལས་གདུལ་བྱ་སོ་སོར་རིམ་བརྒྱུད་དེ། །འཇམ་དཔལ་གྲགས་ལྡན་མཆོག་སྐྱོང་རིན་ཆེན་འོད། །ཚངས་དང་ཀུན་སྒྲོལ་གཙུག་འཛིན་བརྒྱ་བྱིན་སོགས། །ལྷ་ཡི་རིག་འཛིན་འབུམ་ལ༴ །སྤྱན་རས་གཟིགས་དབང་ཀླུ་རྒྱལ་མགྲིན་ནག་པོ། །ཀླུ་མོ་ཁ་འདུལ་ཀླུ་མོ་འདུལ་ཚངས་མ། །


TR003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་དགའ་བའི་ཀླུ་དང་ཀླུའི་རྒྱལ་པོ། །འཇོག་པོ་ཀླུ་ཚོགས་འབུམ་དང་གསང་བདག་སོགས། །གནོད་སྦྱིན་རིག་འཛིན་འབུམ༴ །རིགས་ཅན་དྲ་མ་ལྔ་དང་རྒྱལ་པོ་ཛ། །ཀུ་ཀུ་རཱ་ཛཱ་ཨིནྟྲ་བཱུ་ཏི་དང་། །སིང་ཧ་རཱ་ཛཱ་ཨུ་པ་གོ་མ་དྷི། །བུདྡྷ་ཀུྚ་མེ་ཏྲི་ཀ་མ་ལ། །སངས་རྒྱས་གསང་བར་བཅས༴ །རྨ་བན་རིན་ཆེན་མཆོག་དང་གཙུག་རིན་བཞོན། གྱོ་རེ་མཆོག་སྐྱོང་ཁྱུང་པོ་དབྱིག་གི་འོད། །དར་རྗེ་དཔལ་གྲགས་རྒྱལ་བའི་ཡོན་ཏན་དང་། །སངས་རྒྱས་ཡེ་ཤེས་ལ་སོགས་ཏནྡྲ་སྡེ། །བཅོ་བརྒྱད་རྒྱུད་པ་རྣམས་ལ་གསོལ་བ་འདེབས། ཀུན་བཟང་རྡོར་སེམས་དགའ་རབ་འཇམ་དཔལ་དང་། །དྷ་ན་ཏ་ལ་གཙུག་ལག་དཔལ་དགེ་བ། །།།།།ནག་པོ་བ་སུ་དྷཱ་ཛ་དང་། །སངས་རྒྱས་ཡེ་ཤེས་འཇམ་དཔལ་སྐུ་ཡི་རྒྱུད། །གསོལ་བ་འདེབས་སོ་སྐུ་ཡི་དངོས་གྲུབ་སྩོལ། །པདྨ་དབང་གི་རྒྱལ་པོ་ཧེ་རུ་ཀ །ནཱ་གརྫུ་ན་པདྨ་ཐོད་ཕྲེང་ཚལ། །


TR003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་མཆོག་དབྱངས་རྨ་བན་རིན་ཆེན་མཆོག །གཙུག་ཏུ་རིན་གཞོན་རྣམས་ལ༴ །ཁྱུང་པོ་དབྱིག་རྡོར་དར་རྗེ་དཔལ་གྱི་བྲག །ཁྱུང་པོ་དབྱིག་གི་འོད་དང་ཞང་རྒྱལ་ཡོན། །བུདྡྷ་ཛྙཱ་ན་པདྨ་གསུང་གི་རྒྱུད། །གསོལ་བ་འདེབས་སོ་གསུང་གི་དངོས་གྲུབ་སྩོལ། །ཀུན་བཟང་རིགས་ལྔ་རིག་གསུམ་མགོན་པོ་དང་། །དགའ་རབ་ཤྲཱི་སིང་ཨུ་པ་རཱ་ཛཱ་ཆེ། ཨིནྡྲ་བཱུ་ཏི་ཀུ་ཀུ་རི་པ་དང་། །རྡོ་རྗེ་འཕྲེང་བའི་འོད་ལ་གསོལ་བ་འདེབས། །རྡོ་རྗེ་སྣོན་པོ་ཤ་ར་ཚོགས་ཀྱི་དབང་། །བློ་གྲོས་གཟི་བརྗིད་དུར་ཁྲོད་བདེ་བ་དང་། ཁ་ཆེ་ཀུ་ཀུ་རི་པ་ཧཱུྃ་ཀ་ར། །པད་འབྱུང་བི་མ་གཉགས་དང་སངས་རྒྱས་ཡེ། །ཡང་དག་ཐུགས་ཀྱི་རྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་ཀྱི་དངོས་གྲུབ་སྩོལ། །ཀུན་བཟང་རྡོར་སེམས་འཇམ་དབྱངས་རྡོ་རྗེ་ཆོས། །ཚང་པ་ཐོར་ཚུགས་ཅན་དང་ཙ་ར་ཀ །ཐ་སྐར་ནབས་སོ་སྐྱེས་དང་ལྗང་སྔོན་དང་། །རྐང་ཐུབ་མྱུད་འཛིན་


TR003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ༴ །འགྲོ་སྐྱོབ་གཤོལ་མདའ་འཛིན་དང་མེ་བཞི་འཇུག །ཛི་ན་མི་ཏྲ་ཀླུ་རྒྱལ་འཇོག་པོ་དང་། །དགའ་བོ་ཉེར་དགའ་འབྱུང་ལྔའི་ལྷ་མོར་བཅས། །རིག་འཛིན་ལི་ཙ་ཝི་ལ༴ །དགའ་རབ་འཇམ་དཔལ་ཀུ་ཀུ་རཱ་ཛཱ་ཆེ། །ཨུ་པ་རཱ་ཛཱ་ཨོ་རྒྱན་ཐོར་ཅོག་ཅན། །སིང་ཧ་རཱ་ཛཱ་ཨིནྟྲ་བྷུ་ཏི་དང་། །མ་ཧཱ་རཱ་ཛཱ་རྣམས་ལ༴ །ཉིན་བྱེད་སེང་གེ་སངས་རྒྱས་གསང་བ་དང་། །བི་མ་པདྨ་འབྱུང་གནས་གཉགས་ཛྙཱ་ན། །སོག་པོ་འོ་བྲན་གནུབས་བན་བདུད་རྩིའི་རྒྱུད། །གསོལ་བ་འདེབས་སོ་ཡོན་ཏན་དངོས་གྲུབ་སྩོལ། ཀུན་བཟང་ཆེ་མཆོག་རྡོ་རྗེ་གཞོན་ནུའི་ལྷ། །རིགས་ལྔ་ཕྱག་རྡོར་ཨིནྡྲ་བྷུ་ཏི་དང་། །པྲ་ཆེན་ཧསྟི་པདྨ་སམ་བྷ་ཝ། །ཡུམ་ཆེན་མཚོ་རྒྱལ་རྣམ་ལ་གསོལ་བ་འདེབས། །ལྕེ་སྟོན་ཀུ་ཀུ་ལ་བྱེད་ལང་ལབ་དང་། །སྣ་ནམ་སྟོང་ཚབ་རྒྱ་སྟོན་ངབ་ཐུང་བ། །འགོས་སྟོན་རྡོར་རྒྱལ་དར་


TR003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ཡོན་རྡོ་རྗེ། །འདམ་སྟོན་གྲུབ་པ་རྣམས་ལ༴ །དངོས་གྲུབ་རྒྱལ་མཚན་དངོས་གྲུབ་མགོན་ཤཀ་རྒྱལ། །དཔལབཟང་རྡོར་རྒྱལ་དགེ་ལེགས་འཇམ་དབྱངས་མཚན། །ཆོས་དཔལ་བསམ་གཏན་རཏྣ་ཕུར་པའི་རྒྱུད། །གསོལ་བ་འདེབས་སོ་ཕྲིན་ལས་དངོས་གྲུབ་སྩོལ། ཁྱབ་བདག་རྡོར་འཆང་ཟླ་གསང་རིན་ཆེན་དང་། །རིགས་ལྔ་ཕྱག་རྡོར་དམ་པའི་རིགས་ཅན་ལྔ། །རྒྱལ་པོ་ཛ་དང་ཨུ་པ་ཁྱི་རྒྱལ་ཆེ། །སྠཱི་ར་མ་ཏི་ཉི་རྡོར་བྷ་ཧུ་ར། །སངས་རྒྱས་གསང་བ་མི་ལ་མི་དྲ། །དྷ་ན་སམ་སྐྲྀ་འབྲོག་མི་གཉགས་ཛྙཱ་ན། །རིན་ཆེན་མཆོག་དང་གཙུག་ཏུ་གྱེ་རེ་མཆོག །དར་རྗེ་རྒྱལ་བའི་ཡོན་ཏན་གནུབས་བན་ཆེ། །མ་མོ་རྦོད་གཏོང་རྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བར་ཆད་བགེགས་ཚོགས་བཟློག །རྒྱལ་མཆོག་རྡོར་འཆང་རིགས་ལྔ་གསང་བའི་བདག །རྒྱལ་པོ་ཛ་དང་ཨིནྡྲ་ཀླུའི་བྱང་ཆུབ། གུ་ཧྱ་


TR003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དྷི་ཀུ་ཀུ་རོ་ལངས་བདེ། །རྡོ་རྗེ་བཞད་པ་རྣམས་ལ་གསོལ་བ་འདེབས། །པྲ་ཆེན་ཧསྟི་ཤཱཀྱ་སེང་གེ་དང་། དྷ་ན་རཀྵི་སྠཱི་ར་མ་ཏིའི་མཚན། །བདེ་གསལ་དྷརྨ་བོ་དྷི་ཟླ་བ་མགོན། །དོལ་སྒང་ལྕེ་སྟོན་སོགས་ལ༴ ཁང་སར་བ་དང་འབུམ་གྲགས་དངོས་གྲུབ་རྒྱལ། །སྲས་ཆུང་དགེ་སློང་དངོས་གྲུབ་མགོན་ཤཱཀྱ་རྒྱལ། །དཔལ་བཟང་རྡོར་རྒྱལ་བདེ་ལེགས་བཀའ་སྲུང་རྒྱུད། །གསོལ་བ་འདེབས་སོ་བསྟན་སྲུང་ཕྲིན་ལས་སྩོལ། །སྔ་འགྱུར་རྒྱུད་སྡེ་དུ་མའི་ཆུ་བོ་ཀུན། །མ་ལུས་གཅིག་ཏུ་གཞོལ་བའི་ཆོས་ཀྱི་མཛོད། །རྒྱུད་འབུམ་བླ་རྒྱུད་ལ། །གཙང་རྒྱུད་དང་དབུས་རྒྱུད་གཉིས་ལྡན་ཡོད་ཀྱང་། འདི་མན་ཆད་གཙང་རྒྱུད་བཞིན་བཀོད་པ་ཡིན། །གནུབས་བན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། །གསང་བདག་མི་གཟུགས་ཅན་ལ་གསོལ༴ །ཡོན་ཏན་རྒྱ་མཚོ་ཡེ་ཤེས་མྱང་ཤེར་མཆོག །ཡེ་འབྱུང་ཟུར་ཆེན་ཟུར་ཆུང་སྐྱོ་སྟོན་དང་། །གསང་བདག་འགྲོ་མགོན་ཤཱཀ་རྒྱལ་ལྷ་རྗེ་


TR003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །ཐང་སྟོན་འབུམ་མེ་རྣམས་ལ༴ །བླ་སྐྱབས་ལྕེ་སྟོན་སྒྲུབ་འབུམ་དཔལ་ཡེ་ཤེས། །མཁས་བཙུན་སངས་རྒྱས་ཡེ་བཟང་གཡུ་སྟོན་དང་། །ཟུར་མོ་སྲས་བཙུན་ཤཱཀྱ་མི་ཏྲ་རྗེ། །སོག་པོ་དཔལ་ཡེ་རྣམས་ལ༴ །ཀུན་བཟང་དཔལ་བ་བསོད་ནམས་རྒྱལ་མཚན་དང་། །རྣམ་གྲོལ་བཟང་པོ་ཆོས་ཀྱི་དབང་པོའི་ཞབས། །ཀརྨ་ཆོས་སྐྱོང་བཀྲ་ཤིས་ལྷུན་གྱིས་གྲུབ། །གཞན་ཕན་མཆོག་གི་རྡོར༴ །བསྟན་པའི་སྙིང་པོ་ཡོ་ག་རྣམ་གསུམ་སོགས། །ཟབ་རྒྱས་ཆོས་ཀྱི་རྒྱ་མཚོས་རང་དང་གཞན། །སྨིན་གྲོལ་ལམ་གྱི་འབྲས་བུ་མངོན་གྱུར་པའི། །བྱིན་རླབས་མཐུ་དཔུང་སྐྱེད་ཅིག་བླ་མའི་ཚོགས། ཁམས་གསུམ་འཁོར་བའི་རྒྱ་མཚོ་མ་སྟོང་བར། །ཟབ་རྒྱས་ཆོས་ཀྱི་བསྟན་པ་མ་ནུབ་ཅིང་། །ཉན་འཆད་སྒོམ་པའི་ཉི་མ་འབུམ་ཤར་བས། །འགྲོ་ཀུན་ཐར་ལམ་སྣང་བའི་སྒྲོན་མེར་ཤོག །ཅེས་


TR003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྔ་འགྱུར་གྱི་རྒྱུད་འབུམ་རིན་པོ་ཆེའི་བླ་མ་རྒྱུད་པའི་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས། །གཙང་གི་རྣལ་འབྱོར་པ་སྐྱབས་མཆོག་དཔལ་གྱི་ཡང་ཡང་བསྐུལ་མོད་ཀྱང་། རྒྱུད་སྡེ་རེ་རེའི་བླ་རྒྱུད་ཀྱང་མི་གཅིག་པ་མང་བའི་ཕྱིར་དང་། རྒྱུད་འབུམ་སྤྱི་བསྡོམས་ཉིད་ལའང་གཙང་རྒྱུད་དབུས་རྒྱུད་སོ་སོར་མཆིས་པའི་དབང་གིས་མཐའ་དག་ནི་བརྗོད་པར་མི་སྤོབས་ཤིང་། དེ་དག་ལས་བརྒྱུད་ལུགས་རེ་མདོར་བསྡུས་ཏེ་བཀོད་པའི་དགེ་བས་ཟབ་ཆོས་འདི་དག་འཇིག་རྟེན་ཀུན་ཏུ་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་གྱུར་ཅིག། ༈ །།ཧྲཱིཿ བདེ་བ་ཅན་གྱི་ཞིང་མཆོག་དམ་པ་ནས། །བཅོམ་ལྡན་རིགས་ཀྱི་བདག་པོ་སྣང་མཐའ་ཡས། །དེང་འདིར་གསོལ་བ་འདེབས་པའི་བུ་རྣམས་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཡེ་ཤེས་ལྔ་ལྡན་ཐིག་ལེའི་གཞལ་ཡས་ནས། །ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་ཚེ་དཔག་མེད། །དེང་འདིར་གསོལ༴ འཆི་མེད་ཚེ༴ །རྣམ་དག་པདྨ་འོད་ཀྱི་ཕོ་བྲང་ནས། །ཚེ་དབང་གྲུབ་མཆོག་པདྨ་འཆི་མེད་སྐུ། །དེང་འདིར༴ །འཆི་མེད༴ །


TR003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་དུས་འགྲོ་ལ་ཕན་བདེ་སྩོལ་མཁས་པའི། །འདྲེན་མཆོག་རིག་འཛིན་ཧཱུྃ་ནག་མེད་འབར་མཚན། །དེང་འདིར༴ །འཆི་མེད༴ །རིག་སྟོང་རྫོགས་པ་ཆེན་པོའི་ཡང་དག་དོན། །མ་ནོར་སྟོན་མཛད་པདྨ་ལེགས་གྲུབ་སྩལ། །དེང་འདིར་༴ །འཆི་མེད༴ །དམ་ཆོས་ཚུལ་བཞིན་སྒྲུབ་པའི་སྐྱེས་བུ་རྣམས། །ལོང་མེད་འཆི་བདག་བདུད་ཀྱི་རབ་བཅོམས་པའི། །འཇིགས་ཆེན་འདི་ལས་མཐར་ན་བྱང་ཆུབ་ལམ། །མྱུར་དུ་བགྲོད་ནས་འགྲོ་ཀུན་འདྲེན་པར་ཤོག །ཞེས་པ་འདི་ནི། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་རྒྱུད་པའི་གསོལ་འདེབས་ཉུང་བསྡུས་སོ།། ༈ །ཁྱབ་བདག་རིགས་ཀྱི་བདག་པོ་འོད་དཔག་མེད། །འགྲོ་ལ་བརྩེ་བའི་བདག་ཉིད་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་བདག་སོགས་གདུལ་བྱའི་ཚོགས། །སྐྱེད་མེད་ཀློང་དུ་གྲོལ་བར་བྱིན་གྱིས་རློབས། །གངས་


TR003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འགྲོ་བའི་ཕ་གཅིག་སྲོང་བཙན་སྒམ། །སྣང་སྲིད་ཟིལ་གནོན་རྒྱལ་བ་པདྨ་འབྱུང་། །གསོལ་བ་འདེབས་སོ་དུས་མཐའི་འགྲོ་བ་ཀུན། །ཟག་མེད་འོད་སྐུར་གྲོལ་བར་བྱིན་གྱིས་རློབས། །རྩོད་ལྡན་འགྲོ་བའི་དེད་དཔོན་ལས་འཕྲོ་གླིང་། །དཀྱིལ་འཁོར་ལྷག་ཚོགས་རྒྱལ་བ་རྒྱ་མཚོར་བཅས། །གསོལ་བ་འདེབས་སོ་ཁམས་གསུམ་སེམས་ཅན་རྣམས། །ཐུགས་རྗེའི་ཟེར་གྱིས་གྲོལ་བར་བྱིན་གྱིས་རློབས། །རྩ་རྒྱུད་བླ་མ་རབ་འབྱམས་རྒྱལ་ཀུན་གྱི། །ཐུགས་རྗེ་གཅིག་བསྡུས་འཕགས་མཆོག་སྤྱན་རས་གཟིགས། ཁྱེད་ཀྱི་ཐུགས་རྗེ་ནུས་པའི་ཉི་འོད་ཀྱིས། །སྡུག་བསྔལ་སྲིད་མཚོ་སྐེམས་པར་ད་མཛོད་ཅིག །ཉོན་མོངས་ལས་ཀྱི་རླུང་ཆེན་བཟློག་ཏུ་གསོལ། །མ་རིག་མུན་པའི་དམག་རུམ་གསལ་དུ་གསོལ། །དངོས་གྲུབ་ཕན་བདེའི་ཆར་རྒྱུན་དབབ་ཏུ་གསོལ། །འགྲོ་རྣམས་བདེ་ཆེན་ཞིང་དུ་ཁྲིད་དུ་གསོལ། །ཅེས། འཕགས་པ་


TR003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་རྒྱུད་པའི་གསོལ་འདེབས་སོ། ཨོཾ་ཨཱཿཧཱུྃ། ཆགས་མེད་འགྲོ་ལ་ཐུགས་རྗེས་ཆགས་པའི་མགོན། །སྤྲོས་དང་བྲལ་ཡང་རྣམ་འགྱུར་སྤྲོ་མཁས་པ། ཁྱབ་བདག་ཀུན་བཟང་སྣང་བ་མཐའ་ཡས་ཀྱིས། །བདག་སོགས་བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །ཟླ་བྲལ་ཐུགས་རྗེའི་ཟླ་སྣང་རབ་རྒྱས་པས། །འགྲོ་བློའི་མུན་སེལ་འགྲོ་མགོན་སྤྱན་རས་གཟིགས། །གདུག་པ་འདུལ་མཛད་གར་གྱི་དབང་ཕྱུག་དཔལ། །མཆོག་མཐུན་དངོས་གྲུབ་སྩོལ་གཅིག་ལྷག་པའི་ལྷ། །རྒྱལ་དང་དེ་སྲས་ཐུགས་རྗེ་གཅིག་བསྡུས་པ། །མཁྱེན་དང་བརྩེ་བའི་བདག་ཉིད་སྤྲུལ་པའི་སྐུ། །དཔལ་ལྡན་པདྨ་ཐོད་ཕྲེང་སྲིད་ཞིའི་དཔལ། །མགོན་མེད་བདག་སོགས་སྐྱོབ་ཅིག་འགྲོ་བའི་མགོན། །བདེ་སྟོང་ཡེ་ཤེས་སྩོལ་མཛད་མཚོ་རྒྱལ་མ། །གདོས་བཅས་འོད་སྐུར་གྲོལ་བ་ཏིང་འཛིན་བཟང་། །བདག་སོགས་


TR003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཀུན་ཀྱང་ཁྱེད་བཞིན་དུ། །གཉིས་མེད་ཀློང་དུ་སྒྲོལ་ཅིག་དྲིན་ཅན་གཉིས། །ད་དུས་དུས་ངན་ངན་སྤྱོད་སྐྱེ་འགྲོ་ཀུན། །ཐར་ལམ་ལམ་བཟང་བཟང་པོར་འཁྲིད་མཛད་རྗེ། །དུས་གསུམ་གསུམ་རིག་རིག་འཛིན་འཇའ་ཚོན་སྙིང་། །སྐྱབས་མཆོག་མཆོག་དངོས་དངོས་གྲུབ་དུས་འདིར་སྩོལ། །སྐྱབས་གནས་ཀུན་ཀྱང་རྩ་བའི་བླ་མའི་སྐུར། །རང་རིག་ཀློང་དུ་དབྱེར་མེད་གཉིས་འཛིན་བྲལ། །འཕྲུལ་པའི་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ། །ཡེ་ཤེས་ཐུགས་རྗེས་གཟིགས་ཤིག་དྲིན་ཅན་རྗེ། །བླ་མའི་བླ་མ་མཆོག་གྱུར་ཁྱེད་རྣམས་ཀྱིས། །འཁོར་བར་འཁོར་བ་བདག་སོགས་རྗེས་བཟུང་ནས། །ཐམས་ཅད་ཐམས་ཅད་མཁྱེན་པའི་གོ་འཕངས་ལ། །སྐད་ཅིག་སྐད་ཅིག་འདི་ལ་འགོད་དུ་གསོལ། །ཅེས་པ། རྟ་ཕག་ཡིད་བཞིན་ནོར་བུའི་རྒྱུད་པའི་གསོལ་འདེབས་ཏེ། དེ་ལྟར་ལེ་མཚན་གོང་འོག་འདི་རྣམས་ནི། ལྷ་


TR003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ཕྲིན་ལས་གསང་སྔགས་ཀྱི་བསྐུལ་ངོར་བཀོད་པའོ། །ཨོཾ་ཨཱཿཧཱུྃ། ཐབས་ཤེས་བདེ་སྟོང་མེ་རླུང་འདུ་འཕྲོ་ཡིས། །བཅུད་ལྡན་ཟག་མེད་བདུད་རྩིའི་རོལ་མཚོ་བསྐྱིལ། །ངོ་མཚར་རྨད་བྱུང་འདོད་ཡོན་སྣ་ཚོགས་འཕྲོ། །རབ་འབྱམས་རྒྱལ་བ་མ་ལུས་མཆོད་པར་གྱི། །སྤྲོས་བྲལ་སྟོང་ཉིད་ཡེ་ཤེས་སྣོད་མཆོག་ཏུ། །ཟག་མེད་བདེ་ཆེན་བདུད་རྩིས་ཡོངས་གངས་བས། །དགོངས་བརྒྱུད་བླ་མ་རྒྱལ་བའི་ཚོགས་མཆོད་པས། །རང་རིགས་རྟོགས་པ་མངོན་གྱུར་དངོས་གྲུབ་སྩོལ། །གསལ་མདངས་མ་འགགས་ལྷུན་གྲུབ་སྣོད་མཆོག་ཏུ། །ཞེན་མེད་འོད་གསལ་ཉམས་ཀྱི་བདུད་རྩིས་གཏམ། །བརྡའ་རྒྱུད་གྲུབ་མཆོག་རིན་ཆེན་རྣམས་མཆོད་པས། །སྣང་སྲིད་འོད་སྐུར་གྲོལ་བའི་དངོས་གྲུབ་སྩོལ། །ཅིར་སྣང་དག་པ་རབ་འབྱམས་སྣོད་ནང་དུ། །གངས་ཤར་རང་གྲོལ་འཛིན་མེད་བདུད་རྩིས་བཀང་།


TR003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་རྒྱུད་བཤད་སྒྲུབ་བླ་མ་ཀུན་མཆོད་པས། །འབད་མེད་ཡོངས་གྲོལ་ཆེན་པོའི་དངོས་གྲུབ་སྩོལ། །དྲིན་ཅན་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །རྩ་ཁམས་དག་པའི་དཔའ་བོ་རྣལ་འབྱོར་མ། །མ་རུངས་འཇོམས་མཛད་དམ་ཅན་རྒྱ་མཚོ་ལ། །ཟག་མེད་བདུད་རྩིའི་མཆོད་པ་འདི་འབུལ་གྱི། །མཆོག་མཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ། །ཅེས་པའི་ཇ་མཆོད་འདི། །སྦྱང་པ་མངོན་གྱུར་གྱི་རྣལ་འབྱོར་པ་ཤཱི་ལ་བྷ་དྲས་བསྐུལ་ངོར་བྲིས་པའོ།། ༈ །།ལྷ་བཅས་འཇིག་རྟེན་ཀུན་གྱི་མགོན་ཅིག་པུ། །འགྲོ་བ་ཡོངས་ལ་བདེ་ལེགས་སྩོལ་བའི་ཕ། །རྗེ་བཙུན་མཆོག་གི་བླ་མ་མཚུངས་མེད་རྗེ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །མཐོང་ཐོས་དྲན་པ་ཙམ་གྱིས་སྲིད་པ་འཇིལ། །ཐར་པའི་ལམ་མཆོག་སྟོན་ལ་ངལ་མེད་པའི། །ཕ་ཁྱོད་སྙིང་རྗེའི་གཟིགས་ལ་མི་གཡེལ་བར། །གསོལ་


TR003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་བུ་ལ་ཐུགས་ཀྱི་དགོངས་པར་མཛོད། །སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་དང་། །རྟག་ཏུ་མི་འབྲལ་ཐེག་ཆེན་ཟབ་མོའི་དོན། །མངོན་དུ་གྱུར་ཞིང་དོན་གཉིས་མཐར་ཕྱིན་པར། །གསོལ་བཏབ་འབྲས་བུ་འགྲུབ་པར་མཛད་དུ་གསོལ། །ཅེས་པ་ནི། རྗེ་བཙུན་བླ་མ་མཆོག་གི་ཞབས་འབྲིང་བ་ནི་རྡེ་པ་རེ་ཞེས་པའི་བསྐུལ་ངོར་བཀོད་པའོ།། ༈ །།ན་མོ་གུ་རུ་བྷྱཿ མཁའ་མཉམ་འགྲོ་ཀུན་བདེ་ཆེན་ལ་འགོད་ཕྱིར། །བདག་གི་རྒྱལ་བ་ཀུན་འདུས་བླ་མ་སྒྲུབ། །རང་ཉིད་རིགས་འདུས་རྡོ་རྗེ་སེམས་དཔར་གསལ། །སྤྱི་གཙུག་སེང་ཁྲི་པད་ཟླའི་གདན་གྱི་སྟེང་། །དྲིན་ཅན་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཡུམ་ཆེན་མཛེས་འཛུམ་དཀར་དམར་གྲི་ཐོད་འཁྲིལ། །ཡབ་ཡུམ་གཉིས་


TR003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དར་དང་རིན་ཆེན་རྒྱན། །འཇའ་འོད་ཀློང་ན་གཟི་མདངས་ལམ་མེར་བཞུགས། །ཀུན་བཟང་རྡོར་འཆང་པདྨ་འབྱུང་གནས་སོགས། །རྣམ་འགྱུར་ཆ་ལུགས་མིང་ཚུལ་ཅིར་སྣང་ཀུན། །དབྱེར་མེད་དྲིན་ཅན་བླ་མའི་རོལ་པར་གཅིག །སྣང་སྲིད་ཕྱི་ནང་དངོས་པོ་ལུས་ལོངས་སྤྱོད། །མཐའ་དག་གཏན་མདུན་བཅས་པ་མཆོད་པར་འབུལ།། ༈ །།མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། །མཐའ་ཡས་ཞིང་དུ་རྣམ་འཕྲུལ་སྣ་ཚོགས་ཀྱིས། །སྐྱེ་དགུའི་སྐྱབས་མགོན་དཔུང་གཉེན་གཅིག་པུ་ཉིད། །བདག་སོགས་སྣང་ངོར་རྡོ་རྗེའི་སློབ་དཔོན་ཚུལ། །སྟོན་མཛད་དྲིན་ཅན་བླ་མར་གསོལ་བ་འདེབས། །ཐོག་མེད་དུས་ནས་ལས་ཉོན་ཤུགས་གོམས་པས། །མཐའ་མེད་སྲིད་མཚོར་འཁྱམས་པའི་གདུལ་བྱ་ལ། །ཐོག་མེད་མྱུར་འགྱོགས་ཐུགས་རྗེའི་ལྕགས་ཀྱུ་ཡིས། །མཐའ་མེད་འཁོར་བའི་འདམ་ལས་མྱུར་དུ་དྲོངས།


TR003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས། །གཅིག་བསྡུས་གཟུགས་སྐུའི་རོལ་གར་སྤྲུལ་མཁས་ཁྱོད། །བདག་ཉིད་དད་པའི་ཟེའུ་འབྲུ་མངོན་གསལ་རྩེར། །བྱང་ཆུབ་བར་དུ་གཡོ་མེད་བརྟན་བཞུགས་གསོལ། །ལས་ཉོན་དུག་ཆེན་ནད་ལས་གྲོལ་བར་མཛོད། །བདེ་ཆེན་ཡེ་ཤེས་སྣང་བ་རྒྱས་པར་མཛོད། །བཟོད་དཀའ་འཁོར་བའི་མཚོ་ཆེན་སྐེམ་པར་མཛོད། ཁྱབ་བདག་སྐུ་བཞིའི་དབང་ཕྱུག་མྱུར་ཐོབ་མཛོད། །བླ་མའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན། །ཆེར་བབས་ཚངས་བུག་ནས་ཞུགས་ལུས་ཀུན་ཁྱབ། །དབང་ཐོབ་སྒྲིབ་དག་སྐུ་བཞིའི་རྟེན་འབྲེལ་འགྲིགས། །སླར་ཡང་བླ་མ་འོད་ཞུ་རང་ལ་ཐིམ། །དུས་གསུམ་འགྱུ་དྲན་ཕྲ་རག་རྟོགས་ཚོགས་ཀུན། །མ་སྤངས་མི་འབྲེང་སྒོམ་ཡེངས་མེད་པའི་ཀློང་། །ཅིར་སྣང་རང་གྲོལ་གཤིས་ཀྱི་འདུག་


TR003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཐོག །མཉམ་ཡང་ཆེན་པོ་བླ་མའི་རྣལ་འབྱོར་དངོས། །སྒྲིབ་བྲལ་ཇི་བཞིན་རྟོགས་དེའི་དགེ་འབྲས་ཀུན། ཁམས་གསུམ་མ་རྒན་དོན་དུ་ཡོངས་སུ་བསྔོ། །ཅེས་པ་ནི། གུས་ལྡན་ཤཱཀྱ་བསྟན་འཛིན་སོགས་ཀྱི་བསྐུལ་ངོར་ལོང་ཡུལ་པདྨ་ཆོས་གླིང་ཞེས་བྱ་བའི་གནས་སུ་བཀོད་པའོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི། །ཐུགས་རྗེ་གཅིག་བསྡུས་དཔལ་ལྡན་རྡོ་རྗེ་འཛིན། །དྲིན་ཅན་རྗེ་བཙུན་བླ་མ་ཆོས་ཀྱི་རྗེ། །བདག་གི་སྤྱི་གཙུག་དད་བརྒྱའི་འདབས་སྟོང་དབུས། །འབྲལ་བ་མེད་པ་རྟགས་ཏུ་བཞུགས་ནས་ཀྱང་། །དུས་འདི་ནས་བཟུང་བྱང་ཆུབ་མཐར་ཐུག་བར། །བྱམས་ཆེན་ཐུགས་རྗེས་བཟུང་ཞིང་བྱིན་བརླབས་ནས། །སྨིན་གྲོལ་མཆོག་གི་དངོས་གྲུབ་སྩོལ། །ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་དང་། །འབྲལ་མེད་ཐེག་ཆེན་ཆོས་ལ་གུས་སྤྱོད་ཅིང་། །རྣམ་མང་སྤྲུལ་པ་རྒྱ་མཚོ་མཐའ་ཡས་ཀྱིས། །འགྲོ་ལ་ཕན་པ་དཔག་མེད་


TR003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་ཤོག །ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཀྱིས། །བྱང་ཆུབ་ཐུགས་བསྐྱེད་འགྲོ་ཕན་གང་མཛད་པའི། །རླབས་ཆེན་སྤྱོད་པའི་ཕྲིན་ལས་མ་ལུས་ཀུན། །གཅིག་བསྡུས་མཐུ་སྟོབས་བདག་གིས་འགྲུབ་པར་ཤོག །དཔལ་ལྡན་བླ་མའི་བྱིན་བརླབས་ནུས་སྟོབས་དང་། །རྒྱལ་བ་སྲས་བཅས་ཐུགས་རྗེ་རྨད་བྱུང་མཐུས། །རྣམ་དག་སྨོན་ལམ་བདེན་ཚིག་འགྲུབ་པ་དང་། །མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་ཤོག །ཅེས་པ་འདི། ཚེས་རི་རྒྱལ་མཚན་གྱི་རྩེ་མོ་རྣམ་པར་བཀོད་པ་ནས། ཀརྨ་ཆོས་ཉིད་དཔལ་བཟང་གིས་བསྐུལ་ངོར་བྲིས་པའོ།། ༈ །།ན་་མོ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། །གྲངས་མེད་བསྐལ་མང་གོང་ནས་སེམས་བསྐྱེད་ཅིང་། །འགྲོ་ལ་ཕན་བདེ་སྒྲུབ་པར་དམ་བཅས་པའི། །སྨོན་ལམ་འབྲས་མཆོག་མངོན་གྱུར་དྲིན་ཅན་རྗེ། །རྟག་པར་སྤྱི་བོའི་རྒྱན་དུ་བཞུགས་སུ་གསོལ། །སྔོན་ཚེ་


TR003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཞབས་འབྲིང་ཀུན་དགའ་བོ། །གངས་ཅན་བློ་མུན་བསེལ་མཛད་ཐོན་མིའི་ཞབས། །སྔ་འགྱུར་བསྟན་པའི་སྒྲོན་མེ་བཻ་རོ་རྗེ། །མཆོག་སྤྲུལ་ཟླ་མེད་རྣམས་ལ་གསོལ་བ་འདེབས། །ལྔ་རིགས་མཁས་པའི་གཙུག་རྒྱན་ས་པ་ཞབས། །མཆོག་དངོས་བདེ་བླག་གྲུབ་པའི་ཁྱུང་པོ་བ། །ཟབ་གཏེར་མངའ་བདག་མཚུངས་བྲལ་རྡོ་རྗེ་གླིང་། །འགྲོ་བའི་འདྲེན་མཆོག་རྣམས་ལ་གསོལ་བ་འདེབས། །ཞིང་ཁམས་ཀུན་ཉུལ་དཔའ་བོ་ཀུན་སྐྱོང་གླིང་། །སྙིགས་དུས་གདུལ་བྱ་འདྲེན་མཁས་མཆོག་ལྡན་མགོན། །བསྟན་པའི་སྲོག་ཤིང་བསྟན་འཛིན་རྡོ་རྗེ་དཔལ། །རྣམ་འདྲེན་མཚུངས་མེད་རྣམས་ལ་གསོལ༴ །ད་དུས་གདུལ་དཀའི་སྐྱེ་བོ་མཐའ་ཡས་རྣམས། །ཕན་བདེའི་ལམ་ལ་འཁྲིད་ཕྱིར་གང་འདུལ་གཟུགས། །སྤྲུལ་བསྒྱུར་ཟློས་གར་དུ་མས་འགྲོ་འདུལ་བ། །རྩ་བའི་


TR003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོག་དེར་གསོལ་བ་འདེབས། །དཀྱིལ་འཁོར་ཀུན་བདག་རྡོ་རྗེའི་སློབ་དཔོན་ཉིད། །སངས་རྒྱས་ཀུན་བདག་རྡོ་རྗེའི་སློབ་དཔོན་ཉིད། །སངས་རྒྱས་ཀུན་ལས་ལྷག་པའི་མཁྱེན་བརྩེ་ཅན། །མགོན་ཁྱོད་བསྐལ་བརྒྱར་ཞབས་པད་རབ་བརྟན་ཞིང་། །བདག་སོགས་འགྲོ་ལ་སྨིན་གྲོལ་དངོས་གྲུབ་སྩོལ། །ཅེས་པ་ཡང་དད་ལྡན་རིག་འཛིན་དབང་པོའི་མཚན་ཅན་ལའོ།། ༈ །།རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན་གྱི་གཙོ། །སྲིད་ཞིའི་ཁྱབ་བདག་དཔལ་མགོན་བླ་མ་མཆོག །སྤྱི་གཙུག་དད་བརྒྱའི་གེ་སར་སྙིང་པོའི་དབུས། །ཇི་སྲིད་བྱང་ཆུབ་བར་དུ་རྟག་བཞུགས་གསོལ། །བདག་དང་མཁའ་མཉམ་འགྲོ་ལ་རྩེར་དགོངས་ཏེ། །དབང་བཞིས་རྒྱུད་སྨིན་གདམས་པའི་དོན་གཉིས་འགྲུབ། །སྐུ་གསུམ་དབྱེར་མེད་མཆོག་ལ་མྱུར་འགོད་པའི། །ཐུགས་རྗེའི་ཕྲིན་ལས་རྨད་བྱུང་བསྟན་དུ་གསོལ། །སྐྱེ་བ་ཀུན་ཏུ་རྡོ་རྗེ་སློབ་དཔོན་དང་། །རྟག་པར་མི་འབྲལ་ཐེག་ཆེན་སྙིང་པོའི་དོན། །


TR003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་གྱུར་ནས་རྣམ་འཕྲུལ་རྒྱ་མཚོ་ཡིས། །འགྲོ་ཕན་མཐའ་ཡས་བདག་གི་འགྲུབ་གྱུར་རིག །ཅེས། དགེ་སློང་བརྩོན་འགྲུས་ཆོས་འཕེལ་གྲོགས་མཆེད་ལའོ།། ༈ །།སངས་རྒྱས་ཀུན་འདུས་དཔལ་ལྡན་བླ་མ་མཆོག །བདག་གི་སྤྱི་གཙུག་དད་པའི་མདྨོ་དབུས། །འབྲལ་བ་མེད་པར་རྟགས་ཏུ་བཞུགས་ནས་ཀྱང་། །སྨིན་གྲོལ་བདུད་རྩིས་བདག་སོགས་རྗེས་བཟུང་གསོལ། །མགོན་ཁྱོད་སྐུ་ཚེ་བསྐལ་བརྒྱར་ཞབས་བརྟན་ཞིང་། །ཟབ་རྒྱས་ཆོས་འཁོར་རྒྱུན་ཆད་མེད་པ་དང་། །ཐུགས་རྗེའི་ཕྲིན་ལས་རྣམ་རོལ་དཔག་མེད་ཀྱིས། །མཁའ་མཉམ་འགྲོ་ཀུན་གྲོལ་བར་མཛད་དུ་གསོལ། །སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་དང་། །འབྲལ་མེད་ཆོས་ཀྱི་ཐུགས་རྗེས་རྟག་སྐྱོང་ཞིང་། །བླ་མེད་བྱང་ཆུབ་སྙིང་པོའི་གོ་འཕངས་ལ། །མྱུར་དུ་བསྒྲོད་ནས་འཁོར་བ་སྟོངས་པར་ཤོག །ཅེས། བསོད་ནམས་ཕུན་ཚོགས་ལ་གདམས་པའོ།། ༈ །།ན་མཿགུ་རུ་སརྦ་བུདྔྷ་བོ་དྷི་ས་ཏྭ་བྷྱཿ །རྒྱལ་བ་ཀུན་


TR003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུགས་རྗེའི་མཁའ་དབྱིངས་ལས། །ངོ་མཚར་རྨད་དུ་བྱུང་བའི་རིན་པོ་ཆེ། །འདོད་དགུའི་རེ་བ་སྐོངས་མཛད་ཆོས་ཀྱི་རྗེ། །མཆོག་གི་དཔལ་ལྡན་བླ་མར་གསོལ་བ་འདེབས། །བསྐལ་པ་གྲངས་མེད་རྒྱ་མཚོ་ཇི་སྲིད་དུ། །སྐྱེ་སྤྲུལ་དཔག་མེད་རྒྱ་མཚོ་དུ་མ་ཡིས། །གདུལ་བྱའི་ལེགས་ལམ་རྒྱ་མཚོ་སྣང་མཛད་པ། །བཀའ་དྲིན་འཁོར་མེད་མཆོག་ལ༴ །འགྲོ་བའི་རྣམ་འདྲེན་ཤཱཀྱའི་ཟླ་ཟེར་གྱིས། །ལེགས་སྨིན་དགྲ་བཅོམ་འཕགས་མཆོག་ཀུན་དགའ་བོ། །བསྟན་པའི་ཀུ་མུད་ཕྱོགས་མཐར་རྒྱས་མཛད་དེར། །གསོལ་བ་འདེབས་སོ་ཆོས་ཀུན་ཁོང་ཆུད་ཤོག །སྤྱན་རས་གཟིགས་དབང་སྲོང་བཙན་ཐུགས་རྗེའི་མཁར། །སྐྱེས་མཆོག་ཐོན་མིའི་མཁྱེན་རབ་རྟ་བདུན་འཕྱོ། །རིག་གནས་དམ་ཆོས་ཚ་ཟེར་སྟོང་འགྱོད་པར། །གསོལ་བ་འདེབས་སོ་འགྲོ་བློའི་མུན་སེལ་ཤོག །མདོ་སྔགས་རྒྱུ་འབྲས་གསུང་རབ་


TR003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བཟང་ཚོགས། །མཛེས་བྱེད་སྒྲ་བསྒྱུར་ལྷ་བྲན་གྲངས་མེད་དབུས། །མཁྱེན་བརྩེའི་སྤྱན་སྟོང་བཀྲ་བ་བཻ་རོ་རྗེ། །གསོལ་བ་འདེབས་སོ་ཤེས་བྱ་ཀུན་མཁྱེན་ཤོག །རྒྱལ་བ་ཀུན་ཡབ་པད་འབྱུང་ཐུགས་རྗེའི་མཚོར། །ངོ་མཚར་འདོད་འབྱུང་གཏེར་འཛིན་དེད་དཔོན་མཆོག །ཆོས་ཀྱི་འབྱུང་གནས་མཚུངས་བྲལ་རྡོ་རྗེ་གླིང་། །གསོལ་བ་འདེབས་སོ་ཚེ་གཅིག་སངས་རྒྱས་ཤོག །དགའ་ལྡན་ཆོས་ཀྱི་ཕོ་བྲང་ས་སྐྱའི་གདུང་། །ཆོས་ཀྱི་སྤྱན་ལྡན་བྱམས་མགོན་ཀུན་དགའི་མཚན། །གནས་ལྔ་རིག་པའི་པ་ཆེན་བསྟན་པའི་བདག །གསོལ་བ་འདེབས་སོ་འགྲོ་བའི་འདྲེན་པར་ཤོག །སྟུག་པོ་བཀོད་མཚུངས་ཤངས་ཡུལ་ཞོང་ཞོང་ནས། །སྐལ་ལྡན་མཆོག་དངོས་སྟེར་མཛད་རྡོ་རྗེ་འཆང་། །ཐབས་མཁས་གང་འདུལ་གཟུགས་འཛིན་ཁྱུང་པོ་བ། །གསོལ་བ་འདེབས་སོ་སྒྱུ་ལུས་ལྟར་འགྲུབ་ཤོག །གུ་རུའི་གཏེར་ཆོས་


TR003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་གསེར་གྱི་གླིང་། །ཟབ་དགུའི་བང་མཛོད་འདོད་འབྱུང་དབང་སྐུར་བ། །གདེང་ཅན་མཁའ་འགྲོའི་གཙོ་བོ་ཀུན་སྐྱོང་གླིང་། །གསོལ་བ་འདེབས་སོ་མཁའ་སྤྱོད་མྱུར་འགྲུབ་ཤོག །བོད་ཁམས་མཐའ་དམག་གདུགས་པས་གཙེས་པ་ལས། །ཡོངས་སུ་སྐྱོབས་མཛད་གདུལ་ཐབས་སྣ་ཚོགས་ཀྱིས། །འགྲོ་བ་སྐྱབས་མཛད་རིག་འཛིན་མཆོག་ལྡན་མགོན། །གསོལ་བ་འདེབས་སོ་གདུག་པ་ཐུལ་བར་ཤོག །སྙིགས་དུས་རྩོད་ལྡན་ཐ་མའི་དུས་ཉིད་ལའང་། །ཤཱཀྱའི་བསྟན་པ་རྨ་མེད་སྤེལ་མཛད་པའི། །སྔ་འགྱུར་སྙིང་པོའི་བསྟན་འཛིན་རྡོ་རྗེ་དཔལ། །གསོལ་བ་འདེབས་སོ་རྒྱལ་བསྟན་འཛིན་པར་ཤོག །སྣ་ཚོགས་འགྲོ་བའི་མོས་ཁམས་བསམ་ཡས་ལ། །དེ་དང་མཚམས་པའི་གང་འདུལ་ཕྲིན་ལས་ཀྱིས། །བྱང་ཆུབ་བླ་མེད་སྟེར་མཁས་ལེགས་གྲུབ་སྩལ། །གསོལ་བ་འདེབས་སོ་འགྲོ་ཕན་འགྲུབ་པར་ཤོག །སྔོན་རབ་


TR003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འབྲས་དཔག་མེད་ལེགས་བསྐྲུན་ཅིང་། །རླབས་ཆེན་བྱང་ཆུབ་སྤྱོད་ལ་ངལ་མེད་པས། །ངོ་མཚར་སྐྱེས་རབ་འཕྲེང་བར་སྤྲུལ་མཛད་དེར། །གསོལ་བ་འདེབས་སོ་འབྲལ་མེད་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་ལས་བྱུང་བའི་དགེས། །བདག་སོགས་འདི་གཟུངས་ཚེ་རབ་ཐམས་ཅད་དུ། །མཉམ་མེད་བླ་མ་མཆོག་གི་རྗེས་བཟུང་ནས། །རྟག་ཏུ་བསྟན་འགྲོའི་དོན་མཆོག་འགྲུབ་པར་ཤོག །ཅེས་པའི་སྐྱེས་རབ་གསོལ་འདེབས་འདི། །དགེ་སློང་ཆོས་བསྟན་འཛིན་དཔལ་བཟང་པོས་བསྐུལ་ངོར་བཀོད་པའོ།། ༈ །།ན་མོ་གུ་རུ། །རང་ཉིད་སྤྱི་གཙུག་སེང་ཁྲི་པད་ཟླའི་སྟེང་། །དྲིན་ཅན་རྗེ་བཙུན་རྩ་བའི་བླ་མ་ནི། །མཛེས་འཛུམ་མཚན་དཔེ་གཟི་འོད་འབར་བཞུགས་པའི། །མཐའ་སྐོར་རྒྱུད་པའི་བླ་མ་སྤྲིན་ལྟར་སྟིབས། །སྣང་སྲིད་བདག་ལུས་ལོངས་སྤྱོད་མ་ལུས་ཀུན། །མཆོད་པར་བཞེས་ལ་བདག་སོགས་སེམས་ཅན་རྣམས། །


TR003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་གཟུངས་ནས་འཁོར་བའི་རྒྱ་མཚོ་ལས། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛད་དུ་གསོལ། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་མཐའ་ཡས་ཀྱིས། །དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་མ་ལུས་པའི། །ཐུགས་རྗེ་གཅིག་བསྡུས་དཔལ་ལྡན་བླ་མ་ཞེས། །གྲགས་པ་རབ་དཀར་ཀུན་ཁྱབ་དེར་ཕྱག་འཚལ། །ཞིང་ཁམས་རྒྱ་མཚོ་རྣམ་འཕྲུལ་དཔག་མེད་ཀྱིས། །འགྲོ་རེའི་མདུན་དུ་རྫུ་འཕྲུལ་བཀོད་པ་རེས། །ཕན་དང་བདེ་བ་བླ་མེད་སྟེར་བའི་བདག །མཚུངས་བྲལ་རྒྱལ་བ་མཆོག་དེར་གསོལ་བ་འདེབས། །གནས་སྐབས་འདོད་དོན་ཕྲ་མོ་ཙམ་ལའང་། །ཇི་ལྟར་སྨོན་པ་གེགས་མེད་སྩོལ་བྱེད་ན། །གཏན་གྱི་བདེ་བ་བླ་མེད་བྱང་ཆུབ་མཆོག །འདོད་ལ་ཅི་ཕྱིར་ཁྱོད་ཀྱི་སྦྱིན་མི་མཛད། །རྣམ་རོལ་བསམ་མི་ཁྱབ་པའི་ཞིང་ཀུན་ཏུ། །མཚན་དཔེ་ངོ་མཚར་དུ་མས་བརྒྱན་པའི་སྐུ། །


TR003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་མཛད་པ་དུས་གསུམ་དུས་མེད་ཀུན། །རྒྱུན་ཆད་མེད་གང་ཁྱོད་ཀྱིས་ཕྲིན་ལས་ལགས། །དྲི་མེད་ཟླ་བའི་དཀྱིལ་འཁོར་ཉ་གང་བ། ཁྱོད་ཞལ་མཚུངས་ཡང་ཉེས་ཚོགས་ཆུ་འཛིན་གྱིས། །སྒྲིབ་མིན་ཐུགས་རྗེ་ཀུན་ཁྱབ་གཏེར་མཆོག་གི །ཡོན་ཏན་ཁྱོད་མཚུངས་འཇིག་རྟེན་གསུམ་ན་མེད། །འགགས་མེད་ཚངས་དབྱངས་རྡོ་རྗེ་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་གང་ལ་གང་འདུལ་གྱིས། །འགྲོ་ལ་ཆོས་ཆར་འབེབས་མཛད་ཐམས་ཅད་མཁྱེན། ཁྱོད་ཀྱི་ཕྲིན་ལས་དུས་དེ་འདི་ལགས་མོད། །ཟབ་ཡངས་གསལ་སྟོང་དབྱེར་མེད་ཆོས་ཀྱི་སྐུ། །ཡེ་ཐོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །དེ་ཉིད་མགོན་པོ་ཁྱེད་ཐུགས་གདོད་མའི་གཤིས། ཁོ་ན་ཉིད་འདྲར་བདག་ཀྱང་འགྱུར་བར་མཛོད། །དཔག་མེད་ཡོན་ཏན་རིན་ཆེན་དབང་གི་རྒྱལ། །སྐལ་ལྡན་འདོད་དགུར་བསྒྱུར་བའི་དངོས་གྲུབ་ཆར། །རྟོག་མེད་ཀློང་ནས་རྒྱུན་ཆད་མེད་ཕབ་པའི། །


TR003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་མངའ་ཁྱོད་བདག་ལ་གཟིགས་རེ་རན། །རིས་དྲུག་སེམས་ཅན་ནམ་མཁས་གར་ཁྱབ་སུ། །བསམ་མི་ཁྱབ་པའི་ཕྲིན་ལས་སྣ་ཚོགས་པས། །འགྲོ་བའི་སྐྱབས་མགོན་དཔུང་གཉེན་གཅིག་པུ་རུ། །གྱུར་ཁྱོད་སྐལ་དམན་བདག་འདྲ་འདོར་ཕོད་དམ། །ཞི་བས་དུལ་དང་རྒྱས་པ་དབང་དང་དྲག །གང་ལྟར་འདོད་པའི་གདུལ་བྱའི་ཡུལ་དེ་དང་། །མཆོག་ཏུ་མཐུན་པའི་ཐུགས་རྗེ་ཡིད་བཞིན་སྟེར། །ལས་ཀྱི་མནར་བ་བདག་ལ་སྩལ་དུ་གསོལ། །འཁོར་བ་ཐོག་མ་མེད་ནས་ད་བར་དུ། །མ་རིག་འཐུག་པོའི་མུན་ནང་རྟག་འཐུམ་ཞིང་། །ལས་ངན་འཁྲུལ་པའི་སྦུབས་སུ་རབ་ཆུད་པའི། །སྡུག་བསྔལ་འདམ་དུ་ཚུད་ལས་བསྒྲལ་དུ་གསོལ། །བསྐལ་བཟང་སངས་རྒྱས་སྟོང་དང་བྱང་ཆུབ་སེམས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས། །མིང་དང་རྣམ་འགྱུར་སྣ་ཚོགས་ཅིར་བསྟན་ཀྱང་། །རྒྱལ་མཆོག་


TR003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱི་རོལ་པར་བདག་ཡིད་ཆེས། །ངོ་བོ་རང་བཞིན་ཐུགས་རྗེའི་མཁའ་དབྱིངས་སུ། །འདུས་བྱས་འདུས་མ་བྱས་པའི་ཆོས་རྣམས་ཀུན། །དབྱེར་མེད་བདེ་བ་ཆེན་པོར་རོ་གཅིག་པ། །འདི་ནི་མགོན་པོ་ཁྱེད་ཀྱི་རྣམ་ཐར་ལགས། །ཞི་དང་ཁྲོ་སོགས་སྣང་ཚུལ་དུ་མ་དང་། །གཙོ་དང་འཁོར་སོགས་རྣམ་འགྱུར་སྣ་ཚོགས་ཀུན། །རིགས་བདག་བླ་མ་ཁོ་ནའི་རོལ་གར་དུ། །གཅིག་ཉིད་དེ་ཕྱིར་གསོལ་བ་སྙིང་ནས་འདེབས། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་རྣམ་འདྲེན་མཆོག་ཉིད་རྟགས་བསྟེན་ཅིང་། །རིས་མེད་ཐུགས་རྗེའི་ཉི་འོད་སྒྲིབ་བྲལ་གང་། །བདག་ཡིད་དད་པའི་པད་ཚལ་སྨིན་མཛད་གསོལ། །བདག་གི་ལུས་དང་ལོངས་སྤྱོད་གཏན་མདུན་བཅས། །རྗེ་བཙུན་ཁྱེད་ལ་མཆོད་པར་འབུལ་ལགས་ན། །བྱང་ཆུབ་བླ་མེད་སྙིང་པོ་མ་ཐོབ་བར། །བརྩེ་ཆེན་ཐུགས་རྗེས་རྟགས་ཏུ་གཟུངས་དུ་གསོལ། །མཚུངས་


TR003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་མཆོག་ལ་གསོལ་བ་བཏབ་པའི་མཐུས། །སྒོ་གསུམ་སྒྲིབ་དག་དབང་བཞིས་རྒྱུད་སྨིན་ཞིང་། །རང་གཞན་དོན་གཉིས་འབད་མེད་ལྷུན་གྲུབ་ནས། །འགྲོ་ཀུན་ཐར་པའི་ལམ་ལ་འགོད་བྱེད་ཤོག །ཅེས། རྩ་བའི་བླ་མ་ལ་བསྟོད་ཅིང་གསོལ་བ་གདབ་པ་འདི་ནི། །ཀོང་ཡུལ་གསང་བ་མཆོག་གི་སའི་ཐིག་ལེ་ནས་དད་ལྡན་ལྷ་དབང་དོན་འགྲུབ་ལ་གདམས་པའོ།། ༈ ན་མཿསརྦ་བུདྡྷ་གུ་རུ་རཏྣ་བྷྱཿ གཞིག་བྲལ་ཡེ་ཤེས་འཁོར་ལོའི་དབྱིངས་ཉིད་དུ། །མི་འགྱུར་ཀུན་འགྲོ་ཁྱབ་པའི་གར་གྱི་བདག །བསམ་ཡས་གདུལ་བྱའི་ཞིང་མང་དེ་སྙེད་དུ། །སྒྲིབ་བྲལ་མཆོག་གི་སྣང་བྱེད་རྣམས་ལ་འདུད། །རབ་འབྱམས་རྒྱལ་བའི་ཐུགས་རྗེའི་ཆུ་གཏེར་ལས། །མངོན་བྱུང་ངོ་མཚར་པདྨའི་ཟེ་འབྲུ་རྒྱས། །ལེགས་རྒོད་བྱིན་རླབས་སྦྲང་རྩིའི་འབྱུང་གནས་ཀྱི། །གེ་སར་ཡིད་བཞིན་སྙིང་པོ་དེ་ལ་འདུད། །


TR003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་མེད་ཐུགས་རྗེའི་ཕྱོགས་སུ་ལྷུང་བྲལ་བའི། །རྒྱལ་བའི་ཉི་མ་ཀུན་ཀྱང་བཏང་སྙོམས་སུ། །མཛད་འདིར་མུན་བསེལ་སྒྲོན་ཅིག་ཀརྨ་པ། །ཐུགས་རྗེའི་ཆ་ཤས་ཡོངས་རྫོགས་དེ་ལ་འདུད། །བྱང་སེམས་གྲུ་བོ་སྨོན་འཇུག་བ་དན་འཕྱར། །ལས་འཕྲོའི་རླུང་ཆེན་ཡང་དག་རབ་བསྐྱོད་པས། །ཟབ་གཏེར་ནོར་གླིང་བསྒྲོད་པའི་དེད་དཔོན་མཆོག འགྲོ་བའི་དབུལ་བ་སེལ་བ་དེ་ལ་འདུད། །ཀརྨའི་གདུང་རིགས་སཱ་ལའི་ལྗོན་འཕྲེང་དབུས། །མངོན་མཐོ་ངེས་ལེགས་ཡལ་འདབ་ཁྱོན་ཡངས་པོས། །འགྲོ་ལ་ཕན་བདེའི་གྲིབ་བསིལ་སྦྱིན་པའི་སྟོབས། །མི་ཕམ་དགེ་ལེགས་དཔག་བསམ་དེ་ལ་འདུད། །དུས་རིང་ཐོག་མ་མེད་གོམས་མ་རིག་མུན། །ཐིབ་པོས་རབ་ལྡོངས་འགྲོ་ལ་ཆོས་ཀྱི་སྒྲོན། །སྣ་ཚོགས་རབ་སྦར་རང་བྱུང་ཡེ་ཤེས་དོན། །རང་གྲོལ་མངོན་སུམ་སྟོན་མཛད་དེ་ལ་འདུད། །


TR003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མ་མ་རིག་འཁྲུལ་པའི་རྒྱ་མཚོ་ཆེར། །མི་ཟད་སྡུག་བསྔལ་ཤུགས་དྲག་རྦ་ཀློང་གི། །དབང་མེད་བསྐྱོད་པའི་གྲུ་བོ་ཁ་ལོ་གང་། །ཐར་པའི་ཕྱོགས་སུ་བསྒྱུར་དང་དྲིན་ཅན་རྣམས། །རྟག་ཏུ་བླངས་དོར་ལ་རྨོངས་ཉེས་སྤྱད་པའི། །རྣམ་སྨིན་མི་ཟད་ཧ་ལའི་སྟོབས་དྲག་པོས། །བྱང་ཆུབ་སྙིང་སྲོག་གཅོད་པའི་ཟུག་རྔུ་འདི། །མྱུར་དུ་ཞི་བར་མཛོད་ཅིག་ཐུགས་རྗེ་ཅན། །ཕན་བདེའི་གྲོང་ཁྱེར་བསྒྲོད་ལམ་རྒྱུས་ཀྱི་དབེན། །ངན་སོང་འཁོར་མཚོར་ལས་ཉོན་གཤེད་མས་འཁྲིད། །ཉམས་ལེན་གོམས་ཤུགས་ཆུང་མཐུས་མི་བཟློག་ན། །བརྩེ་བས་གཅིག་ཆར་སྐྱོབ་ཅིག་སྐྱབས་གནས་རྗེ། །ལྷག་བསམ་སྨོན་པའི་ས་བོན་སྔོན་བསྐྲུན་ཀྱང་། །ཚོགས་གཉིས་ཆུ་རྒྱུན་ཆར་གྱིས་མ་རླན་ཞིང་། །མི་མཐུན་ཚ་གདུང་གིས་སྐེམ་མྱུ་གུ་ལ། །བྱིན་རླབས་ཆུ་རྒྱུན་ཕོབས་དང་རྗེ་བཙུན་


TR003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མགོན། །བླངས་དང་དོར་བའི་གནས་ལ་རབ་རྨོངས་ཞིང་། །སྲིད་དང་ཞི་བའི་ལམ་གོལ་འཁྱམས་པའི་བུ། །བདག་འདྲ་ད་དུང་མཐའ་མེད་འཁོར་དོང་འདིར། །འདོར་བར་ཕོད་དམ་འཕགས་མཆོག་དམ་པའི་ཚོགས། །མཁྱེན་པའི་དབྱིངས་ནས་བརྩེ་བའི་གློག་སྟོང་འགྱུ། །ཟབ་ཆོས་འབྲུག་སྒྲོག་ཐུགས་རྗེའི་སྤྲིན་ཆེན་སྟིབས། །བྱིན་རླབས་ཆར་ཆེན་དབབ་པའི་ཕྲིན་ལས་འཕྲུལ། །གང་དེ་མཛད་པའི་དུས་ནི་འདི་ལགས་མོད། །ཐུགས་རྗེས་གཟིགས་དང་དཔལ་ལྡན་བླ་མའི་ཚོགས། །བྱིན་གྱིས་རློབས་དང་ནུས་པའི་མངའ་བདག་རྣམས། །རྟག་པར་སྐྱོབ་ཅིག་རེ་སའི་གནས་རྣམས་ཀྱིས། །ད་ལྟ་ཉིད་དུ་སྨིན་གྲོལ་དངོས་གྲུབ་སྩོལ། །སྐྱེ་བ་འདི་དང་སྐྱེ་གཞན་ཐམས་ཅད་དུ། །རྣམ་གྲོལ་མགོན་པོ་མཆོག་གི་རྗེས་བཟུངས་སྟེ། །ཕྲིན་ལས་ནམ་མཁའ་ཇི་སྲིད་གནས་བར་དུ། །ལེགས་སྤྱོད་རྒྱལ་བ་ཀུན་དང་དབྱེར་མེད་ཤོག །ཅེས་པ་འདི་ནི། རིག་པ་འཛིན་པ་


TR003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་དུ་དངར་བའི་གདུང་ལས་འཁྲུངས་པ་རྒྱལ་སྲས་ཀརྨ་ལས་གྲུབ་ཀྱིས་བསྐུལ་བར་མཛད་པ་རྟེན་ནས་བྲིས་པའོ། །ན་མ་མ་ཧཱ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་བདག་ཉིད་རྒྱལ་བ་སྐུ་བཞིའི་ངོ་བོ་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ལྡན་བླ་མ་རྡོ་རྗེའི་སློབ་དཔོན་མཚུངས་བྲལ་སྐྱབས་ཀྱི་དམ་པ་ཉིད། བདག་གི་སྤྱི་གཙུག་བདེ་ཆེན་རྩེ་མོ་རྣམ་པར་བཀོད་པའི་ཡང་ཐོག་ཏུ་མི་འགྱུར་རིན་པོ་ཆེ་སེང་གེའི་ཁྲི་ལ་འབྲལ་བ་མེད་པར་བཞུགས་སུ་གསོལ། བཞུགས་ནས་ཀྱང་ཐུགས་རྗེ་བརྩེ་བ་ཆེན་པོས་བདག་གི་ལུས་དང་ལོངས་སྤྱོད་མཐའ་དག་འདི་ཕྱི་གཏན་གྱི་མདུན་མ་དང་བཅས་པ་མཆོད་པའི་མཎྜལ་དུ་འབུལ་གྱིས་བཞེས་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་དུས་འདི་ཉིད་དུ་སྩལ་དུ་གསོལ། གུ་རུ་རཏྣ་མཎྜལ་པཱུ་ཛ་མཻ་གྷ་ས་མུ་དྲ་སྥ་ར་་ས་མ་


TR003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཨཱཿཧཱུྃ།། ༈ །།ཨེ་མ། ཕྱོགས་བཅུ་རབ་འབྱམས་ཀྱི་ཞིང་ཁམས། །མ་ལུས་དབང་བསྒྱུར་གྱི་གཙོ་བོ། །རྗེ་བཙུན་དཔལ་ལྡན་གྱི་བླ་མ། །སྐུ་བཞིའི་དབང་ཕྱུག་རང་མཁྱེན་ནོ། །མཐའ་བྲལ་ཀ་དག་གི་ཀློང་ལས། །འགགས་མེད་རང་གསལ་གྱི་སྐུ་མཆོག །གང་འདུལ་སྒྱུ་འཕྲུལ་གྱི་གར་མཁན། །སྐུ་གསུམ་དབྱེར་མེད་རང་མཁྱེན་ནོ། །རྒྱུད་ལུང་མན་ངག་གི་རྒྱ་མཚོར། །སྨིན་གྲོལ་ཐེག་བརྒྱད་ཀྱི་བང་རིམ། །མངོན་མཐོ་ངེས་ལེགས་ཀྱི་གཟི་འབར། །ཐུགས་རྗེའི་ལྷུན་པོ་རང་མཁྱེན་ནོ། །མཁྱེན་པ་ལྷ་ལམ་གྱི་དབྱིངས་ནས། །བརྩེ་ཆེན་ཐུགས་རྗེའི་འོད་ཀྱིས། །གདུལ་བྱའི་པད་ཚལ་རྣམས་རྒྱས་མཛད། །བསྟན་པའི་ཉི་མ་རང་མཁྱེན་ནོ། །ལས་ངན་འཁོར་བ་ཡི་སེམས་ཅན། །ཉོན་མོངས་གཅོང་ནད་ཀྱིས་གཟིར་ལ། །ཕན་བདེའི་སྨན་མཆོག་གིས་ཞི་མཛད། །བདེ་བའི་འབྱུང་གནས་རང་མཁྱེན་ནོ། །རྣམ་མཁྱེན་སངས་རྒྱས་ཀྱི་ལམ་ལ། །ཐར་འདོད་


TR003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཇུག་གི་གདུལ་བྱ། །མ་རིག་མུན་ཁྱམས་ལ་བརྩེ་མཛད། །ཐར་པའི་ལམ་མཁན་རང་མཁྱེན་ནོ། །ཚོགས་གཉིས་བདེ་ཆེན་གྱི་གླིང་དུ། །མྱུར་འགྱོགས་ཐོག་མེད་དུ་སྒྲོལ་བའི། །དེད་དཔོན་མཉམ་མེད་ཀྱི་བླ་མ། །སྲིད་ཞིའི་འཇིགས་སྐྱོབས་རང་མཁྱེན་ནོ། །བླ་མ་ཡིད་བཞིན་གྱི་ནོར་བུ། །བྱིན་རླབས་ཆར་ཆེེན་རང་ཕོབ་དང་། །བླ་མ་སྨན་མཆོག་གི་རྒྱལ་པོ། །འཁོར་བའི་གཅོང་ཆེན་རང་བསོལ་དང་། །བླ་མ་སྟོབས་ལྡན་གྱི་དཔའ་བོ། །ཉོན་མོངས་དཔུུང་ཆེན་རང་བཟློག་དང་། །བླ་མ་དེད་དཔོན་གྱི་དམ་པ། །ལས་ངན་མཚོ་ཆེན་ལས་སྒྲོལ་དང་། །བླ་མ་རེ་སའི་གཉེན་ཅིག །བླ་མ་སྐྱབས་གནས་ཀྱི་དམ་པ། །བླ་མ་ཀུན་རིག་གྱི་བདག་པོ། །བླ་མ་རྒྱལ་ཀུན་གྱི་ངོ་བོ། །གཡེལ་མེད་ཐུགས་རྗེ་ཡི་གཟིགས་དང་། །འབྲལ་མེད་བྱིན་གྱིས་རང་རློབས་དང་། །རྟག་ཏུ་རྗེས་སུ་རང་གཟུངས་དང་། །རེ་ས་གཞན་


TR003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ན་རང་མེད་དོ། །དཔལ་ལྡན་བླ་མ་དུས་གསུམ་སངས་རྒྱས་མཁྱེན་ནོ། །འདྲེན་མཆོག་རྒྱལ་པོ་རྗེ་བཙུན་བླ་མ་མཁྱེན་ནོ། །བྱིན་རླབས་མཚུངས་མེད་རྩ་བའི་བླ་མ་མཁྱེན་ནོ། །བཀའ་དྲིན་འཁོར་མེད་བླ་མ་དམ་པ་མཁྱེན་ནོ།། ༈ །།དཔལ་ལྡན་བླ་མའི་སྐུ་ལ་གསོལ་བ་འདེབས་སོ། །ལུས་ལ་ཟག་མེད་བདེ་ཆེན་བསྐྱེད་དུ་གསོལ། །དཔལ་ལྡན་བླ་མའི་གསུང་ལ་གསོལ་བ་འདེབས། །ངག་ལ་ཐོག་མེད་ནུས་པ་སྦར་དུ་གསོལ། །དཔལ་ལྡན་ཐུགས་ལ༴ །སེམས་ལ་རྟོགས་མེད་ཡེ་ཤེས་བསྐྱེད་དུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རླབས་ནས་ཀྱང་། །སྒོ་གསུམ་རྡོ་རྗེ་གསུམ་དུ་འགྱུར་བར་མཛོད། །གང་འདུལ་སྤྲུལ་བསྒྱུར་ཅིར་ཡང་སྟོན་མཛད་པ། །དཔལ་ལྡན་བླ་མའི་སྐུ་ཡི་རྣམ་ཐར་ལགས། །རྣམ་ཐར་དེ་ནི་བདག་ཀྱང་མྱུར་འགྲུབ་ནས། །གང་འདུལ་སྤྲུལ་པས་འགྲོ་བ་འདྲེན་པར་ཤོག །རྣམ་མང་གདུལ་བྱའི་དཔལ་དུ་ཆོས་སྟོན་པ། །དཔལ་ལྡན་བླ་མའི་གསུང་


TR003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་ཐར་ལགས། །རྣམ་ཐར་དེ་བཞིན༴ །ཆོས་སྒོ་དུ་མས་འགྲོ་བ་སྨིན་བྱེད་ཤོག །དྲན་པ་ཙམ་གྱི་ཡེ་ཤེས་འཆར་མཛད་པ། །དཔལ་ལྡན་བླ་མའི་ཐུགས་ཀྱི་རྣམ་ཐར་ལགས། །རྣམ་ཐར་དེ་བཞིན༴ །འགྲོ་ལ་སངས་རྒྱས་ལག་བཅངས་སྟོན་པར་ཤོག །གསོལ་བ་བཏབ་པས་འདོད་དགུ་འབྱུང་བ་ཡི། །དཔལ་ལྡན་བླ་མའི་ཡོན་ཏན་རྣམ་ཐར་ལགས། །རྣམ་ཐར་དེ་བཞིན༴ །འགྲོ་ལ་འདོད་དགུའི་ཆར་ཆེན་འབེབ་པར་ཤོག །སྤྱི་བོར་བསྒོམས་པའི་བར་ཆད་ཀུན་ཞི་བ། །དཔལ་ལྡན་བླ་མའི་ཕྲིན་ལས་རྣམ་ཐར་ལགས། །རྣམ་ཐར་དེ་བཞིན༴ །འགྲོ་བའི་ལས་ཉོན་བར་ཆད་བསེལ་བར་ཤོག །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་སོགས། །རྣམ་འགྱུར་མཚན་གྲངས་སྣ་ཚོགས་སྤྱིར་སྣང་ཡང་། །དབྱེར་མེད་བླ་མའི་ངོ་བོར་བདག་ཡིད་ཆེས། །བླ་མ་ཁྱེད་རང་ལྟ་བུར་བདག་འགྲུབ་ཤོག །མི་མཐུན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཆོས་མཐུན་འདོད་དགུ་འབྱུང་


TR003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱིན་གྱིས༴ །ཚམ་དང་སྒྲུབ་པ་མཉམ་པར༴ །རང་གཞན་དོན་གཉིས་འགྲུབ་པར༴ །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཅེས་པ་འདི་ནི། སྐྱེ་བར་དུ་མའི་སྤྱོད་པ་ལ་གོམས་པའི་སྐྱེས་མཆོག་གསང་སྔགས་བསྟན་འཛིན་རྡོ་རྗེས་བསྐུལ་བར་མཛད་པའི་ངོར་བཀོད་པའོ།། ༈ །།ན་མོ་གུ་རུ་སྲིད་དང་ཞི་བའི་ཁྱབ་བདག་འཁོར་འདས་ཀུན་གྱི་སྤྱི་དཔལ་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་མཆོག་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བཀའ་དྲིན་འཁོར་མེད་ཀྱི་རྗེ་བཙུན་དྲན་མཆོག་རྒྱལ་པོ་རྩ་བའི་བླ་མ་དམ་པ་ཉིད། བདག་གི་སྤྱི་གཙུག་བདེ་ཆེན་འཁོར་ལོའི་ཡང་རྩེར་སྐུ་མཚན་དཔེ་གཟི་བརྗིད་ཀྱི་ཕུང་པོ་དཔལ་དུ་འབར་ཞིང་གསུང་གྲགས་སྟོང་ཚངས་དབྱངས་ཀྱི་ཆོས་སྒྲ་རྒྱུན་ཆད་མེད་པ། ཐུགས་མི་རྟོགས་མཉམ་ཉིད་ཡེ་ཤེས་ཆེན་པོའི་ཀློང་ནས་ཐུགས་རྗེ་རྒྱུན་མི་ཆད་པར་གཟིགས་ཏེ་འབྲལ་མེད་རྟག་ཏུ་བཞུགས་སུ་གསོལ་ཞིང་། བདག་གི་ལུས་དང་ལོངས་སྤྱོད་འཁོར་འདས་དུས་གསུམ་གྱི་དགེ་རྩ་


TR003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་གཏན་གྱི་མདུན་མར་བཅས་པ་མཆོད་པའི་མཎྜལ་དུ་འབུལ་གྱིས་བཞེས་སུ་གསོལ། བཞེས་ནས་འདི་གཟུངས་བྱང་ཆུབ་ཀྱི་བར་དུ་བརྩེ་ཆེན་རྒྱུན་ཆད་མེད་པའི་ཐུགས་རྗེས་སྐྱོབ་ཅིང་བྱིན་གྱིས་རླབས་ཏུ་གསོལ། ཨེ་མ་ཀྱ་ཧོཿ། དུས་གསུམ་སངས་རྒྱས་ཀྱི་སྤྱི་གཟུགས། །ཆགས་བྲལ་དམ་ཆོས་ཀྱི་འབྱུང་གནས། །རིག་གྲོལ་དགེ་འདུན་གྱི་གཙུག་རྒྱན། །དཔལ་ལྡན་བླ་མ་རང་མཁྱེན་ནོ། །ཀུན་བཟང་སྐྱེ་མེད་ཀྱི་དབྱིངས་ནས། །ཞི་ཁྲོ་འགགས་མེད་ཀྱི་དཀྱིལ་འཁོར། །ཐམས་ཅད་གཅིག་བསྡུས་ཀྱི་པད་འབྱུང་། །དབྱེར་མེད་རྗེ་བཙུན་རང་མཁྱེན་ནོ། །ཐོགས་མེད་བྱིན་རླབས་ཀྱི་གཏེར་མཛོད། །འདོད་དགུ་དངོས་གྲུབ་ཀྱི་འབྱུང་གནས། །འགྲོ་འདུལ་ཕྲིན་ལས་ཀྱི་མངའ་བདག །མཚུངས་མེད་ཆོས་རྗེ་རང་མཁྱེན་ནོ། །བདག་འདྲ་ལས་ངན་གྱི་སེམས་ཅན། །དུག་གསུམ་ཉོན་མོངས་ཀྱི་སྡོང་པོ། །འཁོར་བའི་གཅོང་ནད་ཀྱི་ཉམ་ཐག །འདི་འདྲ་


TR003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འདོར་བ་རུ་ཕོད་དམ། ཁམས་གསུམ་འཁོར་བའི་བརྩོན་རྭ། །ཅི་བྱས་སྡུག་བསྔལ་གྱི་འཁྲུལ་འཁོར། །ཐར་མེད་ལས་ངན་གྱི་རྒྱ་མཚོ། །འདི་ལས་ད་ལྟ་རང་དྲོངས་དང་། །མ་རིག་འཁྲུལ་སྣང་གི་མུན་པར། །བདག་འཛིན་ལྕགས་སྒྲོགས་ཀྱི་འཆིངས་བས། །བཅིངས་འདི་བརྩན་ཐབས་སུ་གྲོལ་བར། །མཐུ་ཆེན་ཁྱོད་ཀྱི་རང་མཛོད་དང་། །བདེ་ཆེན་བྱང་ཆུབ་ཀྱི་ལམ་ལ། །བསྒྲོད་འདོད་རྒྱལ་བསྟན་ལ་ཞུགས་ཀྱང་། །ཟབ་དོན་ཉམས་ལེན་གྱིས་དབེན་པའི། །ཆོས་མེད་བདག་འདྲ་ལ་གཟིགས་དང་། །རྒྱུད་ལུང་མན་ངག་གི་ཆུ་བོ། །བརྩེ་བས་རྒྱུན་ལྡན་དུ་ཕབ་ཀྱང་། །བདག་བློ་བསྲ་འཐས་སུ་ལུས་པའི། །ལས་ངན་སེམས་ཅན་ལ་སྐྱོབས་དང་། །ཐོག་མེད་ད་བར་གྱི་འཁོར་བར། །རྫ་མཁན་འཕང་ལོ་ལྟར་འཁྱམས་པ། །བདག་འདྲ་བརྩེ་ཆེན་གྱིས་སྐྱབས་ནས། །མྱུར་དུ་སྨིན་གྲོལ་རང་མཛོད་ཅིག །ཨེ་མ་རྒྱལ་བ་ཀུན་གཙོ་བླ་མ་རྗེ། །ཐུགས་རྗེ་ནུས་


TR003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་ཁྱོད་གང་དུ་བཞུགས། །བུ་ཡིས་གསོལ་བ་འདེབས་འདི་དགོངས་མཛོད་ལ། །བྱིན་རླབས་ཐུགས་རྗེའི་དཔུང་ཆེན་སྐྱེད་དུ་གསོལ། ཁྱེད་ཀྱི་ཐུགས་རྗེ་ཕྱོགས་རིས་མེད་ན་ཡང་། །རེ་ལྟོས་བཅས་པའི་བུ་ལ་ཁྱད་པར་དུ། །བརྩེ་བས་མི་དགོངས་ཡལ་བར་འདོར་མཛད་ན། །ཐུགས་སྐྱེད་གོ་ཆ་ཆེན་པོའང་ཅིར་འགྱུར་གྲགས། །དེས་ན་ལས་ཉོན་ཕུང་པོའི་གདུལ་བྱ་བདག །སྙིང་ནས་གསོལ་བ་འདེབས་ལ་ཉེར་དགོངས་ཏེ། །ཐུགས་རྗེ་རྒྱུན་ཆད་མེད་པའི་ཕྲིན་ལས་དེ། །དུས་འདི་ཁོ་ན་ཉིད་དུ་མཛོད་གཅིག་ཕ། །ལས་ཉོན་སྒྲིབ་ཚོགས་དག་པར་བྱིན་གྱིས་རློབས། །འགལ་རྐྱེན་བར་ཆད་ཞི་བར༴ །ཅི་བསམ་ལྷུན་གྱིས་འགྲུབ་པར༴ །མི་ཚེ་ཆོས་ལ་འདྲིལ་བར༴ །རང་གཞན་དོན་གཉིས་འགྲུབ་པར༴ ཁྱོད་དང་དབྱེར་མེད་གཅིག་པར༴ །ཚེ་གཅིག་སངས་རྒྱས་འགྲུབ་པར༴ །གསོལ་བཏབ་དོན་ལྡན་འགྲུབ་པར༴ །ཅེས་པ་འདི་ཡང་


TR003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་འཛིན་པ་ཀརྨ་ལས་གྲུབ་ལའོ། །ན་མོ་གུ་རུ། མཐའ་ཡས་ཞིང་ཁམས་རྒྱ་མཚོ་དཔག་མེད་ན། །སྣ་ཚོགས་ཕྲིན་ལས་འདོད་སྟེར་རོལ་པ་ཅན། །རབ་འབྱམས་རྒྱལ་བ་སྲས་བཅས་མ་ལུས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིགས་སྟོང་སྤྲོས་པ་བྲལ་བ་ཆོས་ཀྱི་སྐུ། །གསལ་མདངས་འགགས་མེད་ཤར་བ་ལོངས་སྤྱོད་རྫོགས། །རྣམ་འཕྲུལ་ཅིར་ཡང་སྟོན་མཛད་སྤྲུལ་པའི་སྐུ། །གསོལ་བ་འདེབས་སོ༴ །བསྐལ་མང་ཐོག་མེད་དུས་ནས་ཐུགས་བསྐྱེད་ཅིང་། །འདོད་འབྱུང་ཆོས་སྒོ་གྲངས་མེད་འགྲོ་ལ་སྟོན། །རྒྱ་བོད་མཁས་གྲུབ་གསར་སྙིང་སྐྱེས་ཆེན་ཚོགས། །གསོལ་བ༴ །གདུལ་བྱ་དུ་མའི་མོས་བློ་སྣ་ཚོགས་པར། །འདུལ་བྱེད་ཆ་ལུགས་རྣམ་འགྱུར་མཐའ་ཡས་པས། །དངོས་གྲུབ་སྩོལ་མཛད་ཡི་དམ་ལྷ་ཚོགས་ལ། །གསོལ་བ༴ །དོན་དམ་ཆོས་དབྱིངས་སྐྱེ་བ་མེད་པ་ལས། །ལོག་རྟོག་གདུག་པ་འདུལ་བར་སྐུར་སྤྲུལ་པའི། །བསྟན་སྲུང་


TR003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་རྒྱལ་བ་རྒྱ་མཚོ་ལ། །གསོལ་བ༴ །རྒྱལ་བ་སྲས་བཅས་བླ་མ་ཡི་དམ་ལྷ། །མཁའ་འགྲོ་དམ་ཅན་སོ་སོར་སྣང་བ་ཀུན། །གཅིག་བསྡུས་དཔལ་ལྡན་བླ་མ་རིགས་ཀྱི་བདག །གསོལ་བ༴ །སྐྱབས་གནས་རྒྱལ་བ་སྲས་བཅས་ཡི་དམ་ལྷ། །རྩ་རྒྱུད་བླ་མ་མཁའ་འགྲོ་ཆོས་སྐྱོངས་ལ། །དད་མོས་གདུང་བས་གསོལ་བ་བཏབ་པའི་མཐུས། །སྨིན་གྲོལ་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །ལས་ངན་སྡིག་སྒྲིབ་མ་ལུས་བྱང་བ་དང་། །ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། །མཐུན་རྐྱེན་བསམ་པ་མཐའ་དག་འགྲུབ་པ་ཡི། །བྱིན་བརླབས་དངོས་གྲུབ་དེང་འདིར་སྩལ་དུ་གསོལ། །ཉོན་མོངས་འཁོར་བའི་འདམ་ལས་ཐར་བ་དང་། །ཐེག་ཆེན་དམ་པའི་ཆོས་དང་མཇལ་བ་དང་། །མཚན་ལྡན་བླ་མ་མཆོག་གི་རྗེས་བཟུང་སྟེ། །ཚེ་གཅིག་ཐར་ལམ་བསྒྲོད་པར་མཛད་དུ་གསོལ། །རང་དོན་ཆོས་སྐུ་མངོན་དུ་འགྱུར་བ་དང་། །གཞན་དོན་གཟུགས་སྐུས་འགྲོ་བ་


TR003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདུལ་བ་དང་། །ཕྲིན་ལས་ཐོགས་མེད་ཕྱོགས་བཅུར་འགྱེད་པ་ཡི། །མཆོག་གི་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། །ཅེས་པ་ནི། །མི་དབང་ཀརྨ་དོན་འགྲུབ་ལ་གདམས་པའོ།། ༈ །།ན་མཿགུ་རུ་རཏྣ་བྷྱཿ །དཔལ་ལྡན་ཚོགས་གཉིས་དུ་མའི་རྒྱ་མཚོ་ལས། །ལེགས་བྱུང་ཐེག་བརྒྱད་བང་རིམ་མངོན་མཐོའི་རྩེར། །སྨིན་གྲོལ་ཁང་བཟང་དབང་བསྒྱུར་ལྷ་ཡི་ལྷ། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །གྲངས་མེད་སྔོན་ནས་བྱང་ཆུབ་ཐུགས་བསྐྱེད་ཅིང་། །སྨོན་ལམ་རབ་དཀར་ས་བོན་ཆེར་བསྐྲུན་པས། །ཕན་བདེའི་སྡོང་པོ་བྱིན་བརླབས་ལོ་འབྲས་ཕྱུག །འདོད་འབྱུང་དཔག་བསམ་མཆོག་ལ་གསོལ༴ །ཐོས་བསམ་ཆུ་གཏེར་དབུས་སུ་ལེགས་བསྒྲོད་ཅིང་། །རིམ་གཉིས་ཟབ་མོའི་ནོར་བུ་ལོན་པའི་མཐུས། །གདུལ་བྱའི་དབུལ་བ་སེམས་ལ་མངའ་བརྙེས་པ། །དེད་དཔོན་དམ་པ་མཆོག་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་འདུས་དཀྱིལ་འཁོར་ཀུན་གྱིས་གཙོ། །མཉམ་མེད་བླ་མ་


TR003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལ་གསོལ་བཏབ་པས། །རང་གཞན་དོན་གཉིས་ལྷུན་གྲུབ་སྨིན་གྲོལ་གྱི། །དངོས་གྲུབ་མ་ལུས་མྱུར་དུ་སྩལ་དུ་གསོལ། །ཅེས་པ་འདི་ནི། དཔལ་ལྡན་བསམ་འགྲུབ་བདེ་ཆེན་ནས་དགེ་སློང་ཀུན་དགའ་སྙིང་པོ་ལའོ།། ༈ །།ཨོཾ་ཨཱཿཧཱུྃ་ཧྲཱིཿ བདེ་ཆེན་དབང་དྲག་རོལ་པའི་ཕོ་བྲང་ནས། ཧྱ་གྲྀ་ཝ་ཀླུ་འདུལ་ཧེ་རུ་ཀ །དུས་གསུམ་རྒྱལ་བ་འདུས་པའི་བཅོམ་ལྡན་འདས། །གསོལ་བ་འདེབས་སོ་མཆོག་མཐུན་དངོས་གྲུབ་སྩོལ། །ཆོས་སྐུ་སྟོང་ཉིད་ཞི་བའི་དབྱིངས་ཆེན་ལས། །ལོངས་སྐུ་གསལ་མདངས་ཉི་མ་འབུམ་གྱི་གཟི། །སྤྲུལ་སྐུ་འོད་བརྒྱས་མ་རིགས་མུན་ཚོགས་འཇོམས། །གསོལ་བ་འདེབས་སོ་ནད་གདོན་བར་ཆད་བཟློག །བྱམས་ཆེན་ངང་ལས་ཁྲོ་བོ་འབར་བའི་གཟུགས། །མཐིང་ནག་ཞལ་དཀྱིལ་ཆུ་འཛིན་འཁྲིགས་པ་ལས། །སྤྱན་གསུམ་གློག་སྟོང་བསྐལ་པ་བསྲེག་བཞིན་བརྗིད། །གསོལ་བ་འདེབས་སོ་གདུག་


TR003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདོན་ཚོགས་འཐུལ། །སྲིད་གསུམ་ཟ་བར་འཆས་འདྲའི་ཞལ་གདངས་ཤིང་། །ཀཻ་ལ་ཤ་འཕྲེང་དཀྲིག་མཚུངས་མཆེ་དབལ་ཅན། །དྲག་པོའི་སྐན་སྒྲས་འབྱུང་པོའི་སྙིང་སྲོག་གཅོད། །གསོལ་བ་འདེབས་སོ་བགེགས་དཔུང་རྡུལ་དུ་རློག །རབ་འབར་སྨ་ར་ཨག་ཚོམ་མེ་སྤུངས་དང་། །གནམ་ལྕགས་རལ་པ་སྲིད་རྩེར་འཕྱོ་བ་ལས། །ཁྲོ་ཚོགས་རྡོ་རྗེའི་ཚ་ཚ་སྐར་ལྟར་འཕྲོ། །གསོལ་བ་འདེབས་སོ་དགྲ་བགེགས་གཞོབ་བསྲེག །ལྕགས་ཀྱུ་འབར་བས་དགྲ་བགེགས་སྙིང་བཟུང་ནས། །རྣོ་དབལ་རལ་གྲིས་གཟུགས་ཕུང་དུམ་བུར་བཏུབ། །ལྕགས་ཀྱི་སྡིག་པས་གནོད་བྱེད་རྔམ་ཟས་བྱེད། །གསོལ་བ་འདེབས་སོ་དགྲ་བགེགས་ཚར་ཆོད་མཛོད། །རི་རབ་ལྟ་བུ་བརྗིད་པའི་སྐུ་མཆོག་གི །རྔམ་པའི་ཞལ་ནས་ཧ་ཧའི་གད་རྒྱངས་སྒྲོགས། །སྲིད་གསུམ་གཡོ་འཁྲུགས་འཐོར་བའི་འཇིགས་གཟུགས་སྟོན། །གསོལ་བ་འདེབས་སོ་ལས་ཉོན་སྲིད་རྩ་གཅོད། །ཐོད་སྐམ་རིན་ཆེན་རིགས་


TR003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དབུ་རྒྱན་དང་། །ཕྱག་ཞབས་རིན་ཆེན་གདུབ་སྐོར་གཡོ་བའི་འོད། ཁམས་སུ་མུན་པ་བསེལ་བའི་གཟི་མདངས་ཅན། །གསོལ་བ་འདེབས་སོ་ཡེ་ཤེས་སྣང་བ་སྩོལ། །བདུད་སྲིན་མ་རུངས་བསྒྲལ་བའི་མགོ་འཕྲེང་ཚོགས། །གླད་ཞག་ཁྲག་གིས་སྦག་རྣམས་སྦྲུས་ཐག་བཅས། །དཔལ་ཆེན་སྐུ་ལ་དཔའ་བའི་རྟགས་འཆང་བ། །གསོལ་བ་འདེབས་སོ་བསྟན་པའི་རཱུ་དགྲ་སྒྲོལ། །དར་ནག་བེར་ཆེན་རྡོ་རྗེའི་གསང་གོས་དང་། །ཀོ་རློན་གཡང་གཞི་སྟག་ཤམ་སྦྲུལ་ཆུན་བརྒྱན། །པད་ཉི་ཀླུ་གདོན་གདན་ལ་གར་དགུས་རོལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །མེ་དཔུང་ཀློང་ནས་གཏུམ་ཆེན་ཁྲག་འཐུང་སྐུའི། །སྤྲུལ་པ་ཡང་སྤྲུལ་གྲངས་མེད་འཁོར་ཚོགས་བཅས། །རང་བཞིན་དབྱིངས་ནས་འདིར་གཤེགས་བདག་ལ་དགོངས། །བྱང་ཆུབ་བར་དུ་འབྲལ་བ་མེད་པར་མཛོད། །ལུས་


TR003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལོངས་སྤྱོད་སྣང་སྲིད་འདོད་ཡོན་ཀུན། ཁྱེད་ལ་མཆེད་འབུལ་གུས་པས་བསྟོད་བགྱི་ན། །དམིགས་མེད་བརྩེ་བ་ཆེན་པོས་ཉེར་གཟིགས་ནས། ཁྱེད་དང་དབྱེར་མེད་གཅིག་ཏུ་བྱིན་གྱིས་རློབས། །ཅེས། དཔལ་རྟ་མགྲིན་ནཱ་ག་ཀླུ་འདུལ་ལ་སྐུ་མདོག་ཕྱག་མཚན་ཆ་ལུགས་ཀྱི་སྒོ་ནས་བསྟོད་ཅིང་གསོལ་བ་འདེབས་པ་འདི་ཡང་། རིག་འཛིན་ཀརྨ་ལས་གྲུབ་ཀྱིས་བསྐུལ་ངོར་བཀོད་པའོ།། ༈ །།ཨཱཿཨོཾ་ཧཱུྃ། །ཡེ་ཐོག་དང་པོའི་སངས་རྒྱས་བོན་གྱི་སྐུ། །ཀུན་བཟང་མཆོག་དང་དྲན་པ་ནམ་མཁའི་མཚན། །ཚེ་དབང་རིག་འཛིན་པདྨ་མཐོང་གྲོལ་ལ། །གསོལ་བ་འདེབས་སོ་ཀ་དག་མངོན་གྱུར་ཤོག །བོན་དབྱིངས་ཀློང་ནས་ཐུགས་རྗེའི་རྣམ་འཕྲུལ་མཆོག །ལོ་ཆེན་བཻ་རོ་མཁའ་འགྲོ་སྲིད་པའི་རྒྱལ། །ཟབ་གཏེར་མངའ་བདག་བོན་ཞིག་གཡུང་དྲུང་གླིང་། །གསོལ་བ་འདེབས་སོ་ཡེ་ཤེས་རང་གསལ་སྩོལ། །རང་དོན་མངོན་གྱུར་གཞན་དོན་ལྷུན་གྲུབ་པའི། །མཚུངས་མེད་བསོད་བློ་གཡུང་དྲུང་


TR003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་ཞབས། །རིག་པ་རང་ཤར་བླ་མ་གསས་ཆེན་པོ། །གསོལ་བ་འདེབས་སོ་འགྲོ་དོན་འགྲུབ་པར་ཤོག །བླ་མ་སྲས་ཆུང་སྦྱིན་པ་རྒྱལ་མཚན་དང་། །སྔགས་འཆང་ཁྲོ་གསལ་ནམ་མཁའ་རྒྱལ་པོའི་མཚན། །ནམ་མཁའ་དབང་ལྡན་རིག་འཛིན་ལྷུན་གྱིས་གྲུབ། །གསོལ་བ་འདེབས་སོ་མཆོག་མཐུན་དངོས་གྲུབ་སྩོལ། །བསྟན་པ་འོད་ཟེར་ཚུལ་ཁྲིམས་རིན་ཆེན་དང་། །དྲིན་ཅན་རྗེ་བཙུན་རྩ་བའི་བླ་མ་དང་། །གཡུང་དྲུང་ཟབ་མོ་རྒྱུད་པའི་བླ་མ་ལ། །མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མི་འགྱུར་བོན་གྱི་ངོ་བོར་བྱང་ཆུབ་ཅིང་། །སྟོང་གསལ་འགགས་མེད་གཡུང་དྲུང་ཐུགས་རྗེའི་འཕྲུལ། །གཤེན་རབ་སྤྲུལ་བསྒྱུར་དུ་མས་འགྲོ་འདྲེན་པའི། །ཕྲིན་ལས་རྒྱལ་བ་ཀུན་དང་དབྱེར་མེད་ཤོག །ཅེས་པ། བོན་ཁྲིད་ཟབ་མོ་སྐུ་གསུམ་བཅུད་འདྲིལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་འདི་


TR003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བླ་མ་དམ་པ་བློ་གྲོས་རྒྱལ་མཚན་གྱི་ཐུགས་བཞེད་ལྟར་བཀོད་པའོ། །ན་མོ་གུ་རུ། །རང་ཉིད་ཐ་མལ་མདུན་གྱི་ནམ་མཁའ་རུ། །རིན་ཆེན་སེང་ཁྲི་ཉི་ཟླ་པདྨའི་སྟེང་། །སྐྱབས་གནས་དཀོན་མཆོག་རབ་འབྱམས་རྒྱལ་བའི་ཚོགས། །མ་ལུས་སྤྲིན་ཕུང་འཁྲིག་བཞིན་བཞུགས་པར་གྱུར། །བདག་གི་འཁོར་འདས་དུས་གསུམ་དགེ་རྩ་ལས། །བྱུང་བའི་མཆོད་ཚོགས་རྒྱ་མཚོ་ཡོངས་འབུལ་ཞིང་། །འགལ་རྐྱེན་སྒྲིབ་པའི་རིགས་རྣམས་ཅི་མཆིས་པ། གནོང་འགྱོད་དྲག་པོས་མཐོལ་བཤགས་བྱང་གྱུར་ཅིག །བདག་དང་མཁའ་མཉམ་འགྲོ་ཀུན་དུས་འདི་ནས། །བྱང་ཆུབ་བར་དུ་བླ་མ་ཀུན་ཏུ་བཟང་། །སྤྲུལ་འཁོར་བཅས་ལ་སྙིང་ནས་སྐྱབས་སུ་མཆི། །འཁོར་བ་དོང་སྤྲུག་སྐུ་གསུམ་མངོན་གྱུར་ཤོག །འགྲོ་ཁམས་ཡེ་སངས་རྒྱས་པ་ཆོས་སྐུའི་དོན། །མ་རིག་ལྷན་སྐྱེས་དྲི་མས་སྦག་པ་ལས། །རང་གྲོལ་ཡེ་ཤེས་མངོན་སུམ་རྟོག་པ་རུ། །བླ་མེད་བྱང་ཆུབ་སེམས་


TR003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བསྐྱེད་པར་བགྱི། །རང་གི་སྤྱི་གཙུག་དྲི་མེད་པད་ཟླའི་ཁྲིར། །སྐད་ཅིག་དྲན་རྫོགས་དཔལ་ལྡན་རྡོ་རྗེ་སེམས། །སྟོང་གསལ་ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར། །འོད་འཕྲོས་བདག་གཞན་ཉེས་ཚོགས་ཀུན་དག་གྱུར། །ཨོཾ་བཛཱ་ས་ཏྭ་ས་མ་ཡ་རྡོར་སེམས་འོད་ཞུ་རང་དང་དབྱེར་མེད་པའི། །སྤྱི་གཙུག་པད་སྡོང་ཁྲི་འཕངས་བརྩེགས་པ་ཡི། །འཇའ་འོད་གུར་ནང་རྩ་བའི་བླ་མ་ནས། །ཀུན་བཟང་འོད་མི་འགྱུར་བ་མན་ཆད་ཀྱི། །རྒྱུད་པའི་བླ་མ་ཚར་དངར་བཞུགས་རྣམས་ལ། །སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི། །བརྟན་གཡོ་མཐའ་དག་མཆོད་པའི་མཎྜལ་དུ། །རྟག་པར་འབུལ་གྱིས་ཐུགས་རྗེས་བཞེས་ནས་ཀྱང་། །ལྷན་སྐྱེས་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ། །བར་འདིར་གསོལ་འདེབས་རྒྱས་བསྡུས་ཅི་རིགས་བྱས་ལ། །དེ་ནས་སྙིང་ནས་གསོལ་བ་བཏབ་པའི་འཐུས། །བླ་མ་རྣམས་ཀྱི་


TR003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལས་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱུན་བབས་བདག་གི་ཚངས་བུག་ཞུགས། །བདེ་ཆེན་འཁོར་ལོའི་རྩ་འདབ་སོ་གཉིས་པོ། །བདུད་རྩིས་གང་བས་ལུས་ཀྱི་སྒྲིབ་པ་དག །བུམ་དབང་ཐོབ་ནས་སྤྲུལ་སྐུའི་རྟེན་འབྲེལ་འགྲིགས། །ལོངས་སྤྱོད་འཁོར་ལོའི་རྩ་འདབ་བཅུ་དྲུག་གང་། །གསང་བའི་དབང་ཐོབ་ལོངས་སྐུའི་རྟེན་འབྲེལ་འགྲིགས། །ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་གང་བས། །ཤེར་ཡེའི་དབང་ཐོབ་ཆོས་སྐུའི་རྟེན་འབྲེལ་འགྲིགས། །སྤྲུལ་འཁོར་རྩ་འདབ་དྲུག་ཅུ་རྩ་བཞི་གང་། །ཚིག་དབང་ཐོབ་ནས་ངོ་བོ་ཉིད་སྐུ་ཐོབ། །སླར་ཡང་བླ་བརྒྱུད་གཅིག་ལ་གཅིག་ཐིམ་ནས། །ཀུན་འདུས་འདྲེན་ཆོག་རྩ་བའི་བླ་མ་ཉིད། །འོད་དུ་ཞུ་ནས་བདག་དང་དབྱེར་མེད་ཐིམ། །སྒྲིབ་པ་ཀུན་དག་དབང་རྣམས་ཡོངས་རྫོགས་ཐོབ། །དྲིན་ཅན་མཚོན་བྱེད་དཔེའི་བླ་མ་དང་། །རང་རིག་མཚོན་བྱ་དོན་གྱི་བླ་མ་དང་། །གཉིས་


TR003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རང་གྲོལ་ཆེན་པོའི་གནས་ལུགས་དང་། །སྒོམ་མེད་ཡེངས་བྲལ་ཆོས་ཀྱི་དབྱིངས་སུ་ཕཊཿ །སྤྲོས་བཅས་སྤྲོས་པ་མེད་པའི་ཆོས་རྣམས་ཀྱི། །ཡང་སྙིང་བླ་མ་བསྒོམ་ཞིང་སྒྲུབ་པའི་མཐུ། །འདུས་བྱས་འདུས་མ་བྱས་པའི་དགེ་ཚོགས་ཀུན། །གཅིག་བསྡུས་མ་རྒན་འགྲོ་བ་ཡོངས་ལ་བསྔོ། །ཅེས། རྫོགས་པ་ཆེན་པོ་སྙིང་པོ་གསེར་གྱི་ཡང་བཞུན་གྱི་འཁྲིད་ཀྱི་སྔོན་འགྲོའི་རིམ་པ་འགའ་ཞིག་གི་གསོལ་འདེབས་ངག་འདོན་དུ་བྱས་ཆོག་པ་འདི་བཞིན་གྱིས་ཞེས། ལྷ་བཙུན་ཀརྨ་གཞན་ཕན་བཟང་པོས་བསྐུལ་བ་ལ་བརྟེན་ནས་བཀོད་པ་ཨིྀྠ།། ༈ །།ན་མོ་བུདྡྷཱ་ཡ། སྲིད་གསུམ་འགྲན་ཟླ་ཀུན་བྲལ་ལྷ་ཡི་ལྷ། །ཆོས་དང་འཕགས་པའི་དགེ་འདུན་འབྱུང་གནས་གཙོ། །རྒྱལ་བ་ཐུབ་དབང་འགྲོ་མགོན་ཤཱཀྱའི་སྲས། །གསོལ་བ་འདེབས་སོ་སླབ་གསུམ་མཐར་ཕྱིན་སྩོལ། །ཤཱ་རིའི་བུ་དང་གནས་


TR003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་སྒྲ་གཅན་འཛིན། །བྲམ་ཟེ་སྒྲ་གཅན་འཛིན་དང་ཀླུ་གྲུབ་ཞབས། །ཡོན་ཏན་ལྷུན་གྲུབ་རིན་ཆེན་བཤེས་གཉེན་ལ། །གསོལ་བ་འདེབས་སོ༴ །ཆོས་ཀྱི་བཟང་པོ་ཡོན་ཏན་རྒྱ་མཚོ་དང་། །ཆོས་ཀྱི་འཕྲེང་བ་བློ་གྲོས་འབྱུང་གནས་སྦས། །པ་ཆེན་ཤཱཀྱ་ཤྲི་བྱང་ཆུབ་དཔལ། །གསོལ༴ །དབང་ཕྱུག་གྲགས་པ་གཞོན་ནུ་བྱང་ཆུབ་དང་། །གནས་བརྟན་ཡོན་རྒྱལ་ཡོན་ཏན་བློ་གྲོས་ཞབས། །འདུལ་འཛིན་སེང་གེ་དཔལ་དང་རབ་འབྱོར་སེང་། །གསོལ༴ །ཆོས་གྲུབ་སེང་གེ་མཚུངས་མེད་དབྱངས་ཅན་བཟང་། །དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེའི་ཞབས། །གཙུག་ལག་རྒྱ་མཚོ་རྩ་བའི་བླ་མ་རྗེ། །གསོལ༴ །བསྟན་པའི་གཞི་མ་སྡེ་སྣོད་གསུམ་གྱི་སྙིང་། །བསླབ་གསུམ་རིན་ཆེན་ཁང་བཟང་དམ་པ་རུ། །འཁྲིད་མཛད་རྒྱལ་བ་སྲས་དང་བརྒྱུད་པར་བཅས། །བདག་སོགས་གུས་པའི་གསོལ་བ་སྙིང་ནས་འདེབས། །དེང་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །རྒྱལ་བསྟན་དྲི་མེད་ལ་ཞུགས་བཤེས་གཉེན་མཆོག །


TR003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པས་རྗེས་བཟུང་སྡོམ་གསུམ་མཐར་ཕྱིན་པས། །རིན་ཆེན་བསྟན་ལ་བྱ་བ་བྱེད་པར་ཤོག །བག་ཆགས་ངན་གོམས་ཉོན་མོངས་རླུང་ཤུགས་ཀྱིས། །མི་བསྐྱོད་རྒྱལ་སྲས་མཛད་སྤྱོད་ཉེར་ཞུགས་ཏེ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སྦྱང་ཡོན་ཀུན། །མངོན་གྱུར་རྣམ་མཁྱེན་ཐོབ་ནས་འགྲོ་འདྲེན་ཤོག །ཅེས། པ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་སྡོམ་རྒྱུན་དེང་སང་གྲུབ་མཐའ་ཕལ་མོ་ཆེ་དང་། ཁྱད་པར་རྒྱལ་བ་ཡབ་སྲས་བརྒྱུད་པའི་མཁན་བརྒྱུད་རྣམས་ལ་གསོལ་བ་འདེབས་པ་འདི་བཞིན་དགོས་ཞེས། ལྷ་བཙུན་ཀརྨ་གཞན་ཕན་བཟང་པོས་བསྐུལ་བ་ལྟར་བཀོད་པ་དགེའོ།། ༈ །།ན་མོ་གུ་རུ། །སྤྱི་གཙུག་དྲི་མེད་སེང་ཁྲི་པད་ཟླའི་སྟེང་། བཀའ་དྲིན་མཉམ་མེད་རྩ་བའི་བླ་མའི་སྐུ། བྱིན་རླབས་མཚན་དཔེ་གཟི་འོད་རབ་འབར་བ། །རྒྱལ་བའི་དཀྱིལ་འཁོར་ཀུན་འདུས་བཞུགས་པའི་དྲུང་། །སྣང་སྲིད་སྣོད་བཅུད་བདག་ལུས་ལོངས་སྤྱོད་ཀུན། ལྟོས་མེད་མཆོད་


TR003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཎྜལ་ཉིད་དུ་འབུལ། །ཐུགས་རྗེས་བཞེས་ལ་འདི་གཟུངས་བྱང་ཆུབ་བར། །འབྲལ་མེད་རྟག་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །ཨེ་མ་ཧོཿ །དུས་གསུམ་རྒྱལ་བའི་སྐུ་མཆོག་ཀུན་འདུས་ཤིང་། །དམ་ཆོས་ཡིད་བཞིན་འབྱུང་བའི་རིན་པོ་ཆེ། །འཕགས་མཆོག་འདུས་པའི་གཙུག་རྒྱན་ཆོས་ཀྱི་རྗེ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ཇི་སྙེད་པར། །རྨད་བྱུང་མཛད་པ་ཕྲིན་ལས་དཔག་མེད་པས། །མཐའ་ཡས་གདུལ་བྱ་འདྲེན་པའི་རོལ་གར་ཅན། །བླ་མ་ཡིད་བཞིན་འདོད་འབྱུང་གཙུག་གིས་མཆོད། །བདག་སོགས་དད་ལྡན་གདུལ་བྱ་རྣམས་ཀྱི་ཕྱིར། །བསྐལ་མང་གྲངས་མེད་གོང་ནས་ད་བར་དུ། །དཔག་མེད་ཐུགས་རྗེའི་རྣམ་འཕྲུལ་འགྱེད་མཁས་པ། ཁྱེད་ཀྱིས་ད་དུང་བདག་སོགས་སྐྱབས་ཏུ་གསོལ། །ནམ་མཁའ་མཉམ་པའི་འགྲོ་བ་བདག་འདྲའི་རིགས། །ལས་དང་ཉོན་མོངས་བག་ཆགས་ཚན་ཆོས་པས། །


TR003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་མཐའ་མེད་པ་འཁོར་བའི་རྒྱ་མཚོར་འཁྱམས། །བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་སྐྱོབ། །ཞི་དང་རྒྱས་པ་དབང་དྲག་སྣ་ཚོགས་ཀྱི། །ཐུགས་རྗེའི་ཕྲིན་ལས་སྒོ་བརྒྱ་ཕྱེས་མཛོད་ལ། །སྡུག་བསྔལ་འཁོར་བའི་འདམ་ཆུད་བུ་རྣམས་ཀྱི། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་སྐྱོབས། །བྱིན་རླབས་ཐུགས་རྗེ་འགྲན་ཟླ་མ་མཆིས་པའི། །དཔལ་ལྡན་བླ་མ་ཡིད་བཞིན་ནོར་བུ་ལ། །གསོལ་བ་བཏབ་པས་དབང་བཞིའི་ཆར་ཕབས་ཏེ། །སྐུ་བཞིའི་སྒོ་འཕངས་ཚེ་འདིར་འགྲུབ་པར་ཤོག །བདག་ནི་དེང་ནས་སྐྱེ་བ་ཐམས་ཅད་དུ། །མཉམ་མེད་བླ་མ་མཆོག་ཉིད་མ་གཏོགས་པ། །གསོལ་འདེབས་སྐྱབས་ཡུལ་གཞན་ན་མ་མཆིས་པས། །སྐྱབས་གནས་མཆོག་དང་འབྲལ་བ་མེད་པར་ཤོག །དཔལ་མགོན་བླ་མས་རྗེས་སུ་བཟུང་བའི་མཐུས། །འཁོར་བ་ངན་འགྲོའི་སྡུག་བསྔལ་མི་མྱོང་ཞིང་། །དལ་འབྱོར་ཐེག་ཆེན་


TR003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སྐྱེས་སྨིན་གྲོལ་ལམ། །མཐར་ཕྱིན་ཆོས་སྐུའི་གོ་འཕངས་མངོན་གྱུར་ཤོག །རང་དོན་བརྩན་ས་ཟིན་ནས་གཞན་དོན་དུ། །གང་འདུལ་ཐུགས་རྗེས་མཐའ་ཡས་སྤྲུལ་པའི་སྐུས། །མ་རྒན་མཁའ་ཁྱབ་འགྲོ་རྣམས་ཐར་ལམ་ལ། །ལེགས་འཁོད་མཐོང་ཐོས་དྲན་རེག་སྨིན་གྲོལ་ཤོག །དེ་སྲིད་གར་སྐྱེའི་གནས་སྐབས་ཀུན་ཏུ་ཡང་། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །བསམ་དོན་ཆོས་དང་མཐུན་པར་འགྲུབ་པ་སོགས། །སྨོན་ལམ་གང་བཏབ་གེགས་མེད་འབྱུང་བར་ཤོག །ཅེས་པ་འདི་ནི་དད་ལྡན་ཆོས་མཛད་ཚེ་རིང་རྒྱལ་པོ་ལ་ཉེ་བར་གདམས་པའོ།། ༈ །།ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་ཀུན། །གཅིག་ཏུ་བསྡུས་ནས་འགྲོ་བ་འདྲེན་པའི་སྐུ། །དཔལ་ལྡན་བླ་མ་བྱིན་རླབས་གཏེར་མཛོད་འཛིན། །བདག་གི་སྤྱི་བོའི་རྒྱན་དུ་འབྲལ་མེད་བཞུགས། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་ཀུན། །ཟག་མེད་མཆོད་པའི་


TR003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་འབུལ་ལགས་ན། །ཐུགས་རྗེ་གཟིགས་ནས་བདག་དང་མཁའ་མཉམ་གྱི། །སེམས་ཅན་སྡུག་བསྔལ་འདམ་ལས་དྲངས་དུ་གསོལ། །ལས་ཉོན་སྡིག་སྒྲིབ་མ་ལུས་དག་པར་ཤོག །ཆོས་མཐུན་འདོད་དགུ་མ་ལུས་འབྱུང་བར་ཤོག །མཆོག་མཐུན་དངོས་གྲུབ་མ་ལུས་ཐོབ་པར་ཤོག །རང་གཞན་དོན་ཀུན་ཐོགས་མེད་འགྲུབ་པར་ཤོག །ཅེས་པ་འདི་མཁས་བཙུན་དཔལ་བཟང་ལ་གདམས་པའོ།། ༈ །།ན་མོ་གུ་རུ། །སྤྱི་གཙུག་ཐབས་ཤེས་དྲི་མེད་པད་ཟླའི་སྟེང་། །སྐུ་དྲིན་འཁོར་མེད་རྩ་བའི་བླ་མ་ཉིད། །མཚན་དཔེའི་གཟི་འོད་དཔལ་འབར་བཞུགས་པ་ལ། །སྣང་སྲིད་བདག་ལུས་ལོངས་སྤྱོད་མཆོད་པ་འབུལ། །དེང་ནས་བཟུང་སྟེ་བྱང་ཆུབ་མཐར་ཐུག་བར། །སྐྱབས་གནས་སྙིང་པོ་རྗེ་བཙུན་བླ་མ་མཆོག །གུས་པས་མཆོད་ཅིང་རྩེ་གཅིག་གསོལ་བ་འདེབས། །ཡིད་བཞིན་ནོར་བུ་བླ་མ་མཆོག་ཉིད་དང་། །འབྲལ་


TR003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཐུགས་ཀྱི་དགོངས་པ་ཉེར་བཟུངས་ཏེ། །བར་ཆད་ཀུན་གཞི་འདོད་དགུ་མ་ལུས་འགྲུབ། །ཚེ་གཅིག་སངས་རྒྱས་འགྲུབ་པའི་དངོས་གྲུབ་སྩོལ། །བླ་མའི་སྐུ་གསུང་ཐུགས་ལས་འོད་འཕྲོས་པས། །བདག་ལ་རབ་ཕོགས་སྒྲིབ་ཚོགས་མ་ལུས་དག །དབང་དང་དངོས་གྲུབ་ཀུན་ཐོབ་བླ་མ་ཡང་། །འོད་དུ་ཞུ་སྟེ་རང་ལ་དབྱེར་མེད་ཐིམ། །རང་རིག་སྤྲོས་བྲལ་རྫོགས་པ་ཆེན་པོའི་དོན། །མ་ནོར་མངོན་གྱུར་འགྲོ་བ་འདྲེན་པར་ཤོག །ཅེས་པ་ནི་གུས་ལྡན་ཚེ་དབང་བརྟན་འཕེལ་ལའོ། །ན་མ་ཤྲཱི་མ་ཧཱ་གུ་རུ་རཏྣ་མཱུ་ལ་བྷྱཿ །དཔལ་དུས་གསུམ་གྱི་སངས་རྒྱས་མ་ལུས་མི་ལུས་ལུས་པ་མེད་པའི་དཀྱིལ་འཁོར་མཐའ་དག་ཡོངས་སུ་རྫོགས་པའི་སྤྱི་དཔལ་ཆེན་པོ་རྒྱལ་བ་སྐུ་བཞིའི་བདག་ཉིད་དམ་པ་ཕྱོགས་བཅུ་རབ་འབྱམས་ཀྱི་ཞིང་ཁམས་ཀུན་ཏུ་ངོ་མཚར་སྤྲུལ་པའི་གར་གྱི་སྒྱུ་འཕྲུལ་མངོན་པར་འདུ་མཛད་པ་ཉིད་ལས་ཁྱད་པར་རྨད་དུ་བྱུང་བའི་ཐུགས་རྗེས་སྙིགས་མའི་ཐ་མ་


TR003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་ལྡན་རྨུ་རྒོད་ཀྱི་གདུལ་བྱ་བདག་སོགས་ཉོན་མོངས་གཅོང་ཆེན་གྱི་གཟིར་བའི་སྐྱེ་བོ་རྣམས་འདུལ་ཕྱིར་སངས་རྒྱས་མི་གཟུགས་རྡོ་རྗེ་སློབ་དཔོན་གྱི་ཚུལ་དུ་སྤྲུལ་པའི་རྒྱལ་བ་ཉིད། དེང་ཡང་ལས་ངན་སྒྲིབ་པས་འཐུམ་པའི་བུ་འབངས་བདག་འདྲར་བརྩེ་ཆེན་རྒྱུན་ཆད་མེད་པའི་ཐུགས་རྗེས་ཉེ་བར་དགོངས་ཏེ། སྤྱི་གཙུག་བདེ་ཆེན་རྩེ་མོ་རྣམ་པར་བཀོད་པའི་གནས་སུ་ཐབས་ཤེས་ཉི་ཟླ་པདྨའི་གདན་ལ་ཡོངས་སུ་བཞུགས་ཤིང་། ལུས་དང་ལོངས་སྤྱོད་གཏན་མདུན་དང་བཅས་པ་མཆོད་པའི་མཎྜལ་དུ་འབུལ་བ་ཟག་མེད་རོལ་པ་ཆེན་པོར་བཞེས་ནས། གདུང་ཤུགས་གུས་པའི་གསོལ་འདེབས་སྨྲེ་ངག་ང་རོའི་དབྱངས་འདི་ཕའི་སྙན་དུ་གསན་ཏེ་བུའི་རེ་བ་བསྐོངས་ཤིང་དམིགས་མེད་སྙིང་རྗེའི་ཀློང་ནས་ཐུགས་རྗེ་བྱིན་རླབས་ཀྱི་ཆར་ཆེན་ད་ལྟ་ཉིད་དུ་དབབ་པར་མཛད་དུ་གསོལ། ཨེ་མ། ཕ་གཅིག་སྙིང་ནས་རང་དྲན་ནོ་དྲིན་ཅན་


TR003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བླ་མ། །ཉམས་ཐག་ལས་ངན་གྱིས་མནར་བའི་བུ་འབངས་ལ་གཟིགས་དང་། །ལྷང་ལྷང་འོ་དོད་ཀྱི་གདུང་དབྱངས་སྙན་དབང་དུ་གསན་ནམ། །ཕ་ཁྱེད་བུ་ལ་རང་བརྩེ་བས་བྱིན་རླབས་ཀྱི་ཆར་ཕོབ། །ཡ་གི་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་ཀྱི་བཀོད་པར། །གང་འདུལ་དེར་སྣང་གི་དཀྱིལ་འཁོར་ཇི་སྙེད་ཅིག་མཆིས་ཀྱང་། །བདག་འདྲའི་བློ་གཏད་ཀྱི་ཡུལ་གྱུར་ཕ་མཆོག་ཁྱེད་ཁོ་ནར། །བསམ་ཤིང་རྩེ་གཅིག་ཏུ་དྲན་ནོ་དུས་གསུམ་གྱི་སངས་རྒྱས། །མ་གི་ཁམས་གསུམ་གྱི་འཁོར་བ་གཏིང་མེད་ཀྱི་རྒྱ་མཚོར། །ཐོག་མེད་ད་བར་དུ་འཁྱམས་ཤིང་ཡང་སྲིད་དུ་འཁོར་བས། །ད་ནི་སྐྱབས་གནས་ཀྱི་ལྟོས་ས་གང་ན་ཡང་མ་མཆིས། །བརྩེ་བས་གཡེལ་མེད་དུ་གཟིགས་དང་དྲན་མཆོག་གི་རྒྱལ་པོ། །ཚེ་གང་གཏན་དུ་རང་འབད་ཀྱང་དོན་མེད་ཀྱི་བྱ་བྱེད། །ཅི་བྱས་སྡུག་བསྔལ་གྱི་སྒོ་ཐབས་ལས་ཉོན་གྱི་འཁྲུལ་འཁོར། །དམ་ཆོས་བྱེད་འདོད་ཀྱི་


TR003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་མི་ཚེ་འདི་སྟོང་ཟད། །བདག་འདྲར་རྒྱུན་ལྡན་དུ་སྐྱོབ་དང་ཐུགས་རྗེ་བདག་ཉིད། ཁྱེད་ཀྱི་ཐུགས་རྗེ་དང་ཕྲིན་ལས་ཕྱོགས་རིས་དང་བྲལ་ཡང་། ཅི་བྱ་གཏོས་མེད་ཀྱི་བུ་ང་ལས་དབང་དུ་འདོར་ན། །ཚད་མེད་ཐུགས་སྐྱེད་ཀྱི་གོ་ཆ་དོན་མེད་དུ་འགྱུར་གྲང་། །སྟོབས་ཆེན་རྫུ་འཕྲུལ་གྱི་མཐུ་ལྡན་ད་དུས་ལ་བབས་སོ། །ཐུགས་རྗེས་ད་ལྟ་རང་གཟིགས་དང་མཚན་ལྡན་གྱི་བླ་མ། །བྱིན་རླབས་ཆར་རྒྱུན་རང་ཕོབ་གཅིག་སངས་རྒྱས་ཀུན་གཅིག་བསྡུས། །ལས་ཉོན་བར་ཆད་ལས་སྐྱོབས་ཅིག་དྲིན་ཅན་གྱི་རྗེ་བཙུན། །མཆོག་མཐུན་དངོས་གྲུབ་ཀུན་སྩོལ་ཅིག་ཡིད་བཞིན་གྱི་ནོར་བུ། །ཅེས་པ་འདི་ཡང་དགེ་སློང་དྷརྨ་ཤཱ་དྷར་ལ་གདམས་པ་ཨིྀྠ།། ༈ །།ན་མོ་གུ་རུ། །མཆོག་མི་འགྱུར་བདེ་ཆེན་གྱི་ཞིང་ཁམས་ནས། །དཔལ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །གདངས་འགག་མེད་འོད་གསལ་གྱི་སྒྱུ་འཕྲུལ་སྐུ། །


TR003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་སེམས་དཔའ་ལ་གསོལ༴ །སྐུ་སྣང་སྟོང་འཇའ་ལུས་ཀྱི་ཟློས་གར་ཅན། །དཔལ་དགའ་རབ་རྡོ་རྗེ་ལ༴ །ལམ་གྲུབ་པ་མཆོག་བརྙེས་ཀྱི་རྫུ་འཕྲུལ་བདག །རྗེ་ཤྲཱི་སིང་ཧ་ལ༴ །སྐྱབས་སངས་རྒྱས་ཀུན་འདུས་ཀྱི་ཐུགས་རྗེ་ཅན། །རྗེ་པད་འབྱུང་ཡབ་ཡུམ༴ །ཆོས་ཟབ་དགུའི་གཏེར་མཛོད་ཀྱི་རང་དབང་ཅན། །རྗེ་ཀརྨ་གླིང་པ་ལ༴ །ཐར་ལམ་གྱི་དེད་དཔོན་དམ་པ་མཆོག །སྲས་ཉི་ཟླ་ཆོས་རྗེ་ལ༴ །དོན་གཉིས་ཀྱི་འབྲས་བུ་ཆེར་སྨིན་པ། །རྗེ་སཱུརྱ་ཙནྟྲ་ལ༴ །ཐེག་ཆེན་གྱི་བསྟན་པའི་སྲོག་ཤིང་འཛིན། །རྗེ་ནམ་མཁའ་རྒྱ་མཚོ་ལ༴ །བྱང་སེམས་ཀྱི་བརྟུལ་ཤུགས་ཕན་བདེའི་གཏེར། །རྗེ་ཀུན་དགའ་ལྷུན་གྲུབ་ལ༴ །སྙིགས་དུས་ཀྱི་འགྲོ་མགོན་མཐུ་སྟོབས་བདག །རྗེ་རིག་འཛིན་ཡབ་སྲས༴ །ཕྱོགས་མེད་ཀྱི་འགྲོ་དོན་ཆོས་ཆར་འབེབ། །རྗེ་བསོད་ནམས་རིན་ཆེན༴ །གསང་སྔགས་ཀྱི་བསྟན་སྲོག་འཛིན་པའི་དཔལ། །རྗེ་ངག་གི་དབང་པོ༴ །སངས་རྒྱས་ལག་


TR003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཅངས་སུ་སྤྲོས་མཁས་པ། །རྗེ་བསོད་ནམས་དབང་པོ་ལ༴ །རྗེ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །ཕ་རྩ་བའི་བླ་མ་ལ༴ །རྗེ་ཡིད་བཞིན་ནོར་བུ་ཚར་དངར་བ། ཁྱེད་རྒྱུད་པའི་བླ་མ་ཐུགས་རྗེ་ཅན། །བདག་གསོལ་བ་འདེབས་པའི་བུ་འབངས་ལ། །དངོས་བྱིན་གྱིས་རློབས་ཤིག་བླ་མའི་ཚོགས། །ཀུན་གཅིག་བསྡུས་རྩ་བའི་བླ་མ་མཆོག །ཕྱོགས་དུས་ཀྱི་སངས་རྒྱས་སྲས་བཅས་དང་། །ལྷ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས། །མཚན་རྣམ་འགྱུར་སྤྲུལ་ཚོགས་ཅིར་བསྟན་ཀྱང་། །དོན་འགྱུར་མེད་དྲིན་ཅན་ཁྱོད་ཀྱི་འཕྲུལ། །བདག་རེ་ས་གཞན་ན་མ་མཆིས་པས། །དུས་འདི་ནས་མཐར་ཐུག་བྱང་ཆུབ་བར། །མགོན་ཁྱེད་ཀྱི་ཐུགས་རྗེས་སྐྱབས་ཏུ་གསོལ། །བདག་ལས་ངན་མ་རིག་སྒྲིབ་པས་འཐུམ། །དོན་མེད་ཀྱི་བྱ་བ་སྣ་ཚོགས་ལ། །ལོང་མེད་ཀྱི་མི་ཚེ་ཆེར་འདས་ཤིང་། །ཉོན་མོངས་ཀྱི་འདམ་དུ་རབ་བྱིང་བས། །རང་བྱུང་གི་


TR003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཆོས་སྐུའི་དོན། །མ་རྟོག་པས་འཁོར་བར་འཁོར་ཞིང་འཁྱམས། །འཁྲུལ་སྣང་གི་རྦ་ལ་གཡེང་གཡེང་ནས། །བདེ་ཆེན་གྱི་སྐམ་སར་བསྒྲོད་དུས་མེད། །ཐུགས་རྗེ་ཅན་གྱིས་ཐུགས་རྗེས་དང་གཟིགས་ལ། །ཉོན་མོངས་ཀྱི་འཁྲུལ་འཁོར་གཞོམ་པ་དང་། །ལོག་རྟོག་གི་གཅོང་ཆེན་ཞི་བ་དང་། །ཐར་ལམ་གྱི་ཞིང་དུ་འཁྲིད་དུ་གསོལ། །རང་སེམས་སངས་རྒྱས་ཀྱི་ཡེ་ཤེས་ཆེ། །བདེ་ཆེན་ལྷན་སྐྱེས་ཀྱི་རང་ཞལ་དེ། །ད་ལྟ་མངོན་སུམ་དུ་མཐོང་ནས་ཀྱང་། །ཚེ་གཅིག་བྱང་ཆུབ་ཀྱི་དངོས་གྲུབ་སྩོལ། །ཐུགས་རྗེ་ཅན་གྱིས་གཟིགས་ཤིག་རྗེ་བཙུན་བླ་མ་མཆོག །བྱིན་རླབས་ཆར་རྒྱུན་ཕོབ་ཅིག་དྲིན་ཅན་རིན་པོ་ཆེ། །ཉམས་རྟོགས་ཡེ་ཤེས་སྩོལ་ཅིག་སངས་རྒྱས་མི་གཟུགས་ཅན། །མཆོག་མཐུན་དངོས་གྲུབ་སྩོལ་ཅིག་ལྷ་ཡི་ལྷ་གཅིག་བུ། །རང་གཞན་དོན་གཉིས་ལྷུན་གྲུབ་སྨིན་ཅིང་གྲོལ་བར་མཛོད། །རྒྱལ་བ་ཀུན་འདུས་དཔལ་ལྡན་བླ་མ་མཁྱེན་ནོ། །


TR003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྒྱ་ཕྲག་ལ་སོགས་ཅི་རིགས་པར་མོས་གུས་དྲག་པོས་གསོལ་བ་ཕུར་ཚུགས་སུ་བཏབ་པའི་མཐར། ཀཱ་ཡ་ཨ་བྷི་ཥཱིཉྩ་ཨོཾ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ལུས་ལ་སྐུའི་བྱིན་གྱིས་རློབས། །ལུས་སྤྲུལ་པས་གཞན་དོན་འགྲུབ་པར་ཤོག །ངག་ལ་གསུང་གི་བྱིན་གྱིས་རློབས། །ངག་ཆོས་སྒྲས་འགྲོ་བ་སྨིན་པར་ཤོག །ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས། །ཡིད་རང་གྲོལ་ཆོས་སྐུ་མངོན་འགྱུར་ཤོག །ཕ་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས། །བདག་སྒོ་གསུམ་དབྱེར་མེད་གཅིག་གྱུར་ཏེ། །དོན་སྤྲོས་མེད་ཆོས་དབྱིངས་ཐིག་ལེའི་ཀློང་། །མཆོག་ངོ་བོ་ཉིད་སྐུ་རྟགས་འགྲུབ་ཤོག །དཔལ་ལྡན་བླ་མ་སྒོམ་ཞིང་སྒྲུབ་པ་ཡི། །དགེ་བ་འདི་དང་ཚེ་རབ་དགེ་ཚོགས་རྣམས། །མ་ལུས་མཁའ་མཉམ་འགྲོ་བ་སངས་རྒྱས་ལམ། །ཐོབ་ཕྱིར་བསྔོ་བ་སྨོན་ལམ་ཀུན་འགྲུབ་ཤོག །


TR003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བར་དེ་ཐོས་གྲོལ་གྱི་རྒྱུད་རིམ་གསོལ་འདེབས་དབང་བཞི་བླངས་བ་དང་བཅས་པ་འདི་ནི་རང་གི་རིགས་རྒྱུས་ལས་བྱུང་བ་མཆོག་གྲུབ་སྙིང་པོ་ལ་ཆེད་དུ་གདམས་པའོ། །ཕྱོགས་དུས་རྒྱལ་བ་མ་ལུས་གཅིག་བསྡུས་པའི། །བླ་མ་རིགས་བདག་རྒྱལ་པོ་ཐུགས་རྗེ་ཅན། །བདག་སོགས་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །གཡེལ་མེད་ཐུགས་རྗེ་ཆེན་པོས་གཟིགས་སུ་གསོལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །མཆོག་མཐུན་དངོས་གྲུབ་མྱུར་དུ་ཐོབ་པ་དང་། །ཚེ་དང་སྒྲུབ་པ་མཉམ་སྟེ་རང་གཞན་དོན། །མྱུར་འགྲུབ་རྒྱལ་བ་ཁྱེད་དང་དབྱེར་མེད་ཤོག །ཅེས་པ་ནི། དད་འབྱོར་ལྡན་པ་ཏིང་འཛིན་དབང་མོ་ལའོ། །རྒྱལ་བ་སྐུ་བཞི་དབྱེར་མེད་པའི། །བླ་མ་སངས་རྒྱས་ཀུན་གྱི་དངོས། །བདག་དང་མཁའ་མཉམ་འགྲོ་བ་ལ། །དམིགས་མེད་ཐུགས་རྗེ་ཆེན་པོ་ཡི། །དུས་དང་རྣམ་པ་ཐམས་ཅད་དུ། །བརྩེ་བས་བྱིན་རླབས་ཆར་ཆེན་ཕོབ། །བདག་འདྲ་ལས་ངན་འཁོར་བར་འཁྱམས། །ཉོན་མོངས་སྡུག་བསྔལ་གྱིས་གཟིར་བ།


TR003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་སྐྱབས་མ་མཆིས་པས། །ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །བྱིན་གྱིས་རློབས་ཤིག་རྒྱལ་བ་མཆོག །ཚེ་གཅིག་སངས་རྒྱས་མྱུར་ཐོབ་པའི། །དངོས་གྲུབ་སྩོལ་ཅིག་སྐུ་དྲིན་ཅན། །གསོལ་བ་འདེབས་པའི་བུ་འབངས་ལ། །རྟག་པར་རྗེས་སུ་བཟུངས་ནས་ཀྱང་། །མགོན་པོ་ཁྱེད་དང་དབྱེར་མེད་ཤོག །ཅེས་པ་འདི་ནི་སྐལ་ལྡན་ཚུལ་ཁྲིམས་དབང་པོ་ལ་གདམས་པའོ། །ན་མཿསརྦ་བུདྡྷ་སུ་སཾ་གྲ་མ་ཧཱ་གུ་རུ་རཏྣ་བྷྱཿ གང་གི་ཐུགས་རྗེ་ཟླ་ཤེལ་སྙིང་པོ་ནི། །གུས་ལྡན་རབ་དྭངས་མཚོ་མོར་རྟག་འཆར་བའི། །རྨད་བྱུང་བདེ་སྟེར་རོལ་པའི་འོད་སྟོང་ཅན། །རྗེ་བཙུན་སྐུ་བཞིའི་དབང་ཕྱུག་སྤྱི་བོས་འདུད། །སྨོན་ལམ་རྒྱ་ཆེན་གདུལ་བྱའི་དཔལ་དུ་བསྐྲུན། །ཐུགས་རྗེ་ཚད་མེད་སྐལ་ལྡན་སྨིན་གྲོལ་སྟེར། །ཕྲིན་ལས་མཐའ་ཡས་བྱང་ཆེན་ལམ་མཁར་རབ། །ངོ་མཚར་འབྱུང་གནས་དེ་ལ་གསོལ་བ་འདེབས། །སྙིང་ནས་དྲན་ནོ་བླ་མ་སངས་རྒྱས་དྲན། །ཐུགས་རྗེས་


TR003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དང་རྒྱལ་བའི་ཕྲིན་ལས་པ། །གསོལ་བ་འདེབས་སོ་གཡེལ་མེད་བརྩེ་བས་སྐྱོངས། །བྱིན་གྱིས་རློབས་ཅིག་ལས་ངན་སེམས་ཅན་ལ། །རེ་ས་གཞན་མེད་དྲིན་ཅན་ཆོས་ཀྱི་རྗེ། །འདོར་བར་འཕོད་དམ་སྙིགས་དུས་གདུལ་བྱའི་ཚོགས། །སྒྲིབ་མེད་གཟིགས་པ་མངའ་ཁྱེད་གང་ན་བཞུགས། །འབྲལ་མེད་མཁྱེན་བརྩེའི་ཕྱག་གིས་བཟུང་དུ་གསོལ། །ཨོཾ། །སངས་རྒྱས་ཀུན་གྱི་འགྱུར་མེད་དྲི་བྲལ་སྐུ། །མ་ལུས་དཔལ་ལྡན་བླ་མའི་རྫུ་འཕྲུལ་བཀོད། ཁོ་ན་ཉིད་དུ་ངེས་ཤེས་རྩེ་གཅིག་ཤར། །བདག་ལུས་དེ་བཞིན་ཉིད་དུ་དབྱེར་མེད་ཤོག །ཨཱཿ །རྒྱལ་གསུང་རབ་འབྱམས་ཆོས་སྒོ་ཇི་སྙེད་ཀུན། །དོན་གཅིག་བླ་མ་མཆོག་གི་གསུང་འགགས་མེད། །གྲགས་སྟོང་རྡོ་རྗེའི་སྔགས་སུ་ལྷུན་གྲུབ་པའི། །དབྱིངས་སུ་བདག་གི་ངག་ཀྱང་དབྱེར་མེད་ཤོག །ཧཱུྃ། །ཆོས་སྐུ་ཁྱབ་གདལ་རྒྱལ་བའི་ཐུགས་ཡེ་ཤེས། །གདོད་མའི་ཉིད་ནས་རང་རིག་གནས་ལུགས་དོན། །མ་བཅོས་ཡང་དག་དོན་


TR003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བླ་མའི་ངང་། །འདུ་འབྲལ་མེད་པའི་འབྲས་བུ་རྟོགས་པར་ཤོག །ཧྲཱིཿ །སྣང་གྲགས་ཡེ་ནས་བླ་མའི་དཀྱིལ་འཁོར་དབྱིངས། །དྲན་རིག་རང་བྱུང་རང་གྲོལ་ཡེ་ཤེས་ཀྱི། །ཕྱི་ནང་གསང་བ་དེ་ཉིད་དབྱེར་མེད་ཀློང་། །བླ་མ་སྐུ་བཞི་འབྲལ་མེད་མངོན་གྱུར་ཤོག །ཅེས་པ་ནི། །དགེ་བཤེས་བསྟན་འཛིན་ཕུན་ཚོགས་ལའོ།། ༈ །།ན་མོ་གུ་རུ་བྷྱཿ །ཚོགས་གཉིས་ཆུ་གཏེར་ཐུགས་རྗེའི་རླབས་ཕྲེང་ཅན། །སྨོན་ལམ་ཡེ་ཤེས་ཡོན་ཏན་དུ་མས་གཏམས། །གདུལ་བྱའི་ཡིད་བཞིན་འདོད་གཏེར་འབྱུང་གནས་ཆེ། །རྗེ་བཙུན་བླ་མ་རྒྱལ་བ་ཀུན་གྱི་དངོས། །མཁྱེན་པའི་ལྷ་ལམ་བརྩེ་ཆེན་འོད་སྟོང་ཅན། །རྨད་བྱུང་ཕྲིན་ལས་ནམ་མཁའི་མཐར་ཁྱབ་པས། །འགྲོ་བའི་ལས་ཉོན་མུན་ཆེན་བསེལ་མཁས་གང་། །བསྟན་པའི་སྒྲོན་མེ་མཆོག་དེར་སྙིང་ནས་འདུད། །གསོལ་བ་འདེབས་སོ་བླ་མ་འགྲོ་བའི་མགོན། །ཐུགས་རྗེས་གཟིགས་དང་ལས་ལས་སེམས་ཅན་ལ། །བྱིན་


TR003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས་ཅིག་རེ་སའི་སྐྱབས་ཅིག་པུ། །འབྲལ་མེད་མཁྱེན་བརྩེའི་སྤྱན་གྱིས་གཟིགས་སུ་གསོལ། །བདག་སོགས་འདི་གཟུང་བྱང་ཆུབ་མཐར་ཐུག་བར། །སྐྱབས་མཆོག་ཁྱེད་ཀྱི་རྟགས་པར་རྗེས་བཟུང་སྟེ། །ལས་ངན་འཁོར་བའི་མཚོ་ལས་མྱུར་སྒྲོལ་ཞིང་། །རྣམ་གྲོལ་བྱང་ཆུབ་སྙིང་པོ་མངོན་གྱུར་ཤོག །སྐྱེ་ཞིང་སྐྱེ་བར་དལ་འབྱོར་དམ་ཆོས་ལྡན། །བསྟན་དང་འགྲོ་བའི་དོན་ལ་རྟག་བརྩོན་ཞིང་། །རང་གཞན་སྨིན་གྲོལ་ཐོས་བསམ་སྒོམ་མཐར་ཕྱིན། །ཀུན་མཁྱེན་རྒྱལ་བའི་གོ་འཕངས་མཆོག་ཐོབ་ཤོག །ཅེས་པ་འདི། །དད་ལྡན་ཀརྨ་མངོན་ལེགས་དང་ཀརྨ་སྒྲུབ་རྒྱུད་གྲོགས་མཆེད་གཉིས་ལའོ།། ༈ །།ན་མོ་སྭ་ཙིཏྟ་བུདྡྷ་ཡ། །སྲིད་ཞི་གཏན་སྒྲོལ་མཆོག་གི་དམ་བཅའ་དང་། །སྨོན་ལམ་ཐུགས་རྗེའི་ཉི་འོད་གསལ་འབར་བས། །མཁའ་ཁྱབ་འགྲོ་ལ་དགེ་ལེགས་ལམ་སྟོན་པ། །རྣམ་འདྲེན་བླ་མ་མཆོག་ཞབས་


TR003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ནས་འདུད། །དུས་གསུམ་རྟག་ཏུ་འགྲོ་ཕན་ངལ་མེད་པས། །རྣམ་འཕྲུལ་རྒྱུན་མི་ཆད་པའི་ཟློས་གར་ནི། །འཕགས་མཆོག་ཀུན་དགའ་ཐོན་མི་སམྦྷོ་ཊ། །ལོ་ཆེན་བཻ་རོ་གཏེར་སྟོན་རྡོ་རྗེ་གླིང་། །འཇམ་དངོས་ས་པ་གྲུབ་མཆོག་ཁྱུང་པོ་ཞབས། །གཡག་ཆར་སྔོན་པོ་ཀུན་སྐྱོང་མཆོག་ལྡན་མགོན། །མཚུངས་བྲལ་བསྟན་འཛིན་ལེགས་གྲུབ་སྩལ། །ལ་སོགས་སྲིད་པ་ཇི་སྲིད་གནས་བར་དུ། །གང་འདུལ་ཕྲིན་ལས་གཏེར་ཆེན་རོལ་པའི་བདག །མཉམ་མེད་རྒྱལ་བའི་སྤྱི་གཟུགས་ཁྱེད་ཞབས་ལ། །བདག་སོགས་སྙིང་ནས་གུས་པས་གསོལ་བ་འདེབས། །ཚེ་གཅིག་སངས་རྒྱས་འགྲུབ་པའི་དངོས་གྲུབ་སྩོལ། །ཅེས་པ་འདི་ནི། །གཙང་རོང་གི་བཙུན་པ་སུ་སིདྡྷི་ལའོ། །ན་མོ་མ་ཧཱ་གུ་རུ་གུ་་སིདྡྷི་ཧཱུྃ། །འགྲོ་ལ་ཕན་བདེའི་སྤྱན་གྱིས་བསྐྱངས་མཛད་པའི། །བླ་མ་རིགས་འདུས་རྒྱལ་བ་


TR003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གྱི་བླ། །སྙིགས་དུས་འགྲོ་བ་འདུལ་སླད་སྐུ་སྤྲུལ་པ། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་དང་མཁའ་མཉམ་རིས་དྲུག་སྐྱེ་འགྲོ་རྣམས། །འཁོར་བ་མེ་འོབ་སྡུག་བསྔལ་བརྒྱས་གང་བའི། །རབ་འཇིགས་ཁྲི་མུན་ཆེན་པོར་རྟག་ཆུད་པ། །འདི་ལས་སྐྱོབས་ཅིག་དཔལ་ལྡན་བླ་མ་རྗེ། །སྙིང་ནས་དྲན་ནོ་རེ་སའི་སྐྱབས་གཅིག་པུ། །བརྩེ་བས་གཟིགས་དང་ཐུགས་རྗེའི་བདག་ཉིད་ཁྱོད། །བྱིན་གྱིས་རློབས་ཤིག་ལས་ངན་སེམས་ཅན་ལ། ཁྱེད་ཀྱི་ཕྲིན་ལས་བྲི་གང་མེད་ན་ཡང་། །བདག་འདྲ་རྨོངས་པའི་བུ་ཡིས་འབོད་ལགས་ན། །གཡེལ་བ་མེད་པར་རྗེས་སུ་བཟུངས་ནས་ཀྱང་། །རྣམ་མཁྱེན་སངས་རྒྱས་ས་ལ་འགོད་དུ་གསོལ། །ན་མོ་བདག་གིས་དཔལ་ལྡན་བླ་མ་བསྒྲུབ་པ་ཡིས། །དགེ་བ་འདི་དང་དགེ་གཞན་ཅི་མཆིས་མཐུས། །མཁའ་མཉམ་ཕ་མ་འགྲོ་བ་མ་ལུས་ཀུན། །བདག་གིས་འདྲེན་


TR003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནུས་ལྡན་ཉིད་གྱུར་ཅིག །གང་དུ་སྐྱེས་ཀྱང་དལ་འབྱོར་དམ་ཆོས་དང་། །རྣམ་འདྲེན་མཆོག་བརྙེད་དགེ་ལེགས་ཕུན་ཚོགས་དོན། །རབ་འགྲུབ་རང་གཞན་ཕན་བདེ་སྒྲུབ་ལ་མཁས། །འགལ་རྐྱེན་བར་ཆད་མེད་པ་ཉིད་གྱུར་ཅིག །ཡིད་ལ་འདོད་དགུའི་དཔལ་ཀུན་ལྷུན་གྲུབ་ནས། །ལྷ་དང་བླ་མ་མཉེས་ཤིང་དམ་ཚིག་ལྡན། །མཐོང་ཐོས་དྲན་རེག་འགྲོ་བ་བདེ་ལ་འགོད། །རྒྱལ་ཀུན་ཕྲིན་ལས་མ་ལུས་བདག་འགྲུབ་ཤོག །ཅེས་པ་འདི་ནི་གསོ་རིག་འཛིན་པ་སྨན་བླ་ཚེ་དབང་ལ་གདམས་པའོ། །ན་མོ་མ་ཧཱ་གུ་རུ་བྷྱཿ རང་གི་སྤྱི་གཙུག་སྟོང་ཉིད་དུ། །རིན་ཆེན་ཁྲི་དང་པད་ཟླའི་ཁར། །སྐྱབས་གནས་རྩ་བའི་བླ་མ་དེ། །སློབ་དཔོན་པདྨའི་ཆ་བྱད་ཚུལ། །ཞལ་གཅིག་ཕྱག་གཉིས་མཛེས་འཛུམ་ཅན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་མཉམ་གཞག་ཐོད་པ་བསྣམས། །མཆན་ཁུང་གཡོན་དུ་ཁ་ཊཾྭཱ་དང་། །དབུ་ལ་


TR003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ལྡན་རིགས་ལྔས་མཚན། །ན་བཟའ་ཟབ་བེར་ཕོད་ཀ་དང་། །ཆོས་གོས་འོད་ཟེར་འབར་བས་མནབས། །ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་བཞུགས། །འཇའ་འོད་ལྔ་ལྡན་འཁྱིལ་བའི་སྐུའི། །སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿ །ཐུགས་ཀར་ཧཱུྃ་གི་མཚན་པ་ཅན། །བདག་སོགས་མོས་པའི་བུ་རྣམས་ལ། །འབྲལ་མེད་ཐུགས་རྗེས་གཟིགས་མཛད་ཅིང་། །བྱིན་རླབས་ཆར་ཆེན་འབེབས་བཞུགས་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །སྐྱབས་གནས་བླ་མ་བསྒྲུབ་པ་ཡི། །དགེ་བ་འདི་དང་ཚེ་རབས་ཀྱི། །དགེ་ཀུན་གཅིག་ཏུ་བསྒོམ་པའི་མཐུས། །བདག་དང་འགྲོ་ཀུན་བྱང་ཆུབ་ཤོག །ཅེས་དད་ལྡན་བསོད་ནམས་ཆོས་འཕེལ་ལའོ། །ན་མོ་གུ་རུ། །ཆོས་ཀུན་གདོད་ནས་དག་པའི་གནས་ལུགས་མཆོག །ཡེ་ཤེས་རང་གསལ་མངོན་སུམ་ནོར་བུའི་གཏེར། །འགྲོ་ཁམས་མོས་པ་རྒྱ་མཚོར་སྩོལ་མཁས་པ། །སྣ་ཚོགས་རང་


TR003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཞབས་ལ་གསོལ་བ་འདེབས། །བསྐལ་མང་དུ་མར་འགྲོ་ཕན་ཁོ་ནའི་ཐུགས། །མངོན་པར་བྱང་ཆུབ་མཆོག་ཏུ་བསྐྱེད་མཛད་ལྟར། །སྙིགས་མཐའི་འགྲོ་བ་སྡུག་བསྔལ་བརྒྱས་གཟིར་ཀུན། །སྐྱོབས་ཕྱིར་བསྐལ་བརྒྱར་གཡོ་མེད་ཞབས་བརྟན་གསོལ། །བདག་དང་མཁའ་མཉམ་མ་གྱུར་སེམས་ཅན་རྣམས། །ལྷན་སྐྱེས་མ་རིག་སྒྲིབ་བྲལ་ཆོས་ཀྱི་སྐུ། །རང་བྱུང་དོན་གྱི་སངས་རྒྱས་མངོན་གྱུར་པའི། །དངོས་གྲུབ་མཆོག་ཉིད་མྱུར་དུ་འགྲུབ་པར་ཤོག །ཅེས་པ་འདི་ནི། རིག་འཛིན་ཆེན་པོ་ཀུན་རྣམ་པའི་གྲྭ་པ་རྣམས་ཀྱིས་བསྐུལ་ངོར་བཀོད་པའོ།། ༈ །།ན་མོ་གུ་རུ། ཀ་དག་རིག་སྟོང་གི་ཞིང་ཁམས། །ཀློང་ཆེན་ཁྱབ་གདལ་གྱི་བདག་ཉིད། །ཆོས་སྐུ་སྤྲོས་བྲལ་གྱི་བླ་མ། །གསོལ་བ་སྙིང་ནས་རང་འདེབས་སོ། །མ་བཅོས་མཐའ་བྲལ་གྱི་ཐུགས་རྗེས། །འདུ་འབྲལ་གཉིས་མེད་དུ་གཟིགས་


TR003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རང་གསལ་ལྷུན་གྲུབ་ཀྱི་ཞིང་ཁམས། །ཡེ་ཤེས་ལྔ་རྫོགས་ཀྱི་དཀྱིལ་འཁོར། །གསལ་མདངས་ལོངས་སྐུའི་བླ་མ། །གསོལ་བ་སྙིང་ནས་རང་འདེབས་སོ། །རང་མདངས་འགགས་མེད་ཀྱི་ཐུགས་རྗེས། །འཛིན་མེད་རང་གྲོལ་དུ་གཟིགས་དང་། །རོལ་རྩལ་སྣ་ཚོགས་ཀྱི་ཞིང་ཁམས། །དག་པ་རབ་འབྱམས་ཀྱི་ཕོ་བྲང་། །རྣམ་འགྱུར་སྤྲུལ་སྐུ་ཡི་བླ་མ། །གསོལ་བ་སྙིང་༴ །གང་འདུལ་དེར་སྟོན་གྱི་ཐུགས་རྗེས། །སྲིད་ཞི་གཏན་སྒྲོལ་དུ་གཟིགས་དང་། །དག་སྣང་ཕྱོགས་མེད་ཀྱི་ཞིང་ཁམས། །ཕྲིན་ལས་རྣམ་འཕྲུལ་གྱི་འབྱུང་གནས། །སྐུ་བཞི་ཡོངས་རྫོགས་ཀྱི་བླ་མ། །གསོལ་བ༴ །དམིགས་མེད་བརྩེ་ཆེན་གྱི་ཐུགས་རྗེས། །ལས་ངན་བདག་སོགས་ལ་གཟིགས་དང་། །ཨེ་མ་ཧོཿ། དྲན་པ་ཙམ་གྱི་འཁྲུལ་སྣང་འཇིགས་པ། །ཐུགས་རྗེ་ནུས་ལྡན་གྱི་བླ་མ་མཁྱེན་ནོ། །མཐོང་ཐོས་ཙམ་གྱི་དག་སྣང་འཆར་བ། །འབྲེལ་ཚད་དོན་ལྡན་གྱི་བླ་མ་མཁྱེན་ནོ། །བསྒོམ་པ་ཙམ་གྱིས་ཉམས་རྟོགས་བསྐྱེད་པ། །སངས་རྒྱས་མངོན་


TR003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་གྱི་བླ་མ་མཁྱེན་ནོ། །གསོལ་བ་བཏབ་པས་བྱིན་རླབས་འབྱུང་བ། །སྐྱབས་གནས་གཅིག་ཆོག་གི་བླ་མ་མཁྱེན་ནོ། །དྲིན་ཅན་རྗེ་བཙུན་ཁྱེད་ཀྱི་ཐུགས་རྗེ་ལ་ཕྱོགས་རིས་མེད་ཀྱང་། །བདག་འདྲ་ལས་ངན་གྱི་འགྲོ་ལ་བརྩེ་བས་གཟིགས་ནས། །འཁོར་བ་སྡུག་བསྔལ་གྱི་མཚོ་ལས་མྱུར་དུ་བསྒྲལ་ནས། །ཚེ་གཅིག་བྱང་ཆུབ་ཀྱི་ལམ་ལ་དྲངས་ཏུ་གསོལ། །ཅེས་པ་ནི་ཆོས་དབྱིངས་དཔལ་མོ་ལའོ།། ༈ །།ན་མོ་གུ་རུ། །གདོད་ནས་དག་པ་ཆེན་པོ་ཆོས་ཀྱི་སྐུ། །འགགས་མེད་མཚན་དཔེའི་སྐུར་སྟོན་ལོངས་སྤྱོད་རྫོགས། །ཅིར་སྣང་གང་འདུལ་སྒྱུ་འཕྲུལ་སྤྲུལ་པའི་སྐུ། །སྐུ་གསུམ་བླ་མ་མཆོག་གི་ཞབས་པད་ལ། །གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །འཁོར་འདས་དགེ་ཚོགས་མཆོད་འབུལ་སྡིག་པ་བཤགས། །མཛད་ཕྲིན་ཀུན་ལ་ཡི་རངས་ཆོས་འཁོར་བསྐུལ། །བསྐལ་བརྒྱར་འགྲོ་བའི་དོན་དུ་ཞབས་བརྟན་གསོལ། །བདག་དང་མཁའ་


TR003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་འགྲོ་བ་ཐམས་ཅད་ལ། །རྗེ་བཙུན་ཁྱེད་ཀྱི་ཐུགས་རྗེས་རབ་གཟིགས་ནས། །བྱིན་རླབས་བདེ་ཆེན་ཡེ་ཤེས་དངོས་གྲུབ་ཀྱིས། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །སྐྱེ་བ་འདི་ནས་ཚེ་རབས་ཀུན་ཏུ་ཡང་། །དལ་འབྱོར་དམ་ཆོས་ལྡན་པའི་ལུས་ཐོབ་ནས། །བླ་མ་བདེ་ཆེན་ཡེ་ཤེས་དངོས་གྲུབ་ཀྱིས། །བླ་མ་མཆོག་བསྟེན་སྒྲུབ་པ་མཐར་ཕྱིན་ཏེ། །རང་གཞན་དོན་གཉིས་ཡང་དག་འགྲུབ་པར་ཤོག །ཅེས་པ་ནི་ཆོས་ཀྱི་དབང་མོ་ལའོ།། ༈ །།ཕྱོགས་དུས་རྒྱལ་དང་རྒྱལ་སྲས་ཐུགས་རྗེའི་བདག །མ་ལུས་གཅིག་བསྡུས་འགྲོ་བའི་འདྲེན་པ་མཆོག །རབ་འབྱམས་དཀྱིལ་འཁོར་ཀུན་གཙོ་དྲིན་ཅན་རྗེ། །བདེ་ཆེན་འཁོར་ལོའི་རྒྱན་དུ་རྟགས་བཞུགས་གསོལ། །གླིང་བཞི་རིན་ཆེན་ཞིང་ཁམས་བྱེ་བྲག་བརྒྱ། །བདག་གཞན་ཕུང་ཁམས་སྐྱེ་མཆེད་ལུས་ལོངས་སྤྱོད། །དྲན་རིགས་སྐྱེ་མཆེད་རང་བྱུང་མཆོད་པར་བཅས། །མ་ལུས་ལྟོས་མེད་མཆོད་པའི་མཎྜལ་དུ། །འབུལ་གྱི་བདག་


TR003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཁའ་ཁྱབ་གདུལ་བྱའི་ཚོགས། །བརྩེ་ཆེན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཡིས། །འབྲལ་མེད་ཉེར་བཟུང་བྱིན་རླབས་ཡེ་ཤེས་མཆོག །དོན་དམ་བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །སྐྱབས་གནས་བླ་མ་མཆོག་གི་ཞབས་པད་ལ། །གུས་པས་ཕྱག་འཚལ་སྒོ་གསུམ་གཏན་མདུན་ཀུན། །ཉེར་མཆོད་ཉམས་ཆགས་སྒྲིབ་ཚོགས་སྙིང་ནས་བཤགས། །རྨད་བྱུང་རྣམ་ཐར་ཡིད་རངས་ཐེག་ཆེན་གྱི། །ཆོས་འཁོར་བསྐོར་ཞིང་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་འཁོར་འདས་དུས་གསུམ་དགེ་ཚོགས་ཀུན། །རྣམ་མཁྱེན་བྱང་ཆུབ་ཁོ་ནའི་རྒྱུར་བསྔོ་བའི། །དགེ་བས་མཁའ་མཉམ་འགྲོ་དོན་ཀུན་འགྲུབ་ཤོག །འདི་ནས་ཟུངས་སྟེ་ཚེ་རབས་ཐམས་ཅད་དུ། །མཉམ་མེད་བླ་མ་མཆོག་དང་དབྱེར་མེད་པའི། །རྣམ་འཕྲུལ་དཔག་ཡས་ཕྲིན་ལས་རྒྱ་ཆེན་པོས། །བསྟན་དང་འགྲོ་ལ་ཕན་བདེའི་མཆོག་འགྲུབ་ཤོག །འཁོར་བའི་རྒྱ་མཚོ་མ་སྟོང་དེ་


TR003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དུ། །འགྲོ་ལ་འདོད་དགུའི་ཕན་བདེ་སྩོལ་བ་ཡི། །དངོས་གྲུབ་རྒྱ་མཚོའི་མཛོད་དབང་མཐུ་སྟོབས་བདག །མཚུངས་བྲལ་རྒྱལ་བ་ཁྱེད་བཞིན་བདག་འགྲུབ་ཤོག །ཅེས་པ་འདི་ནི། །དོན་གཉེར་མང་པོས་ཡང་ཡང་བསྐུལ་ཏེ། ཟབ་ཆོས་དབང་ལུང་འཁྲིད་སོགས་ཞལ་ཕྱེ་བའི་སྐབས་རྣམས་སུ་མཎྜལ་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་ཐམས་ཅད་ཚང་མ་མདོར་བསྡུས་ཞིག་ཚོགས་འདོན་དུ་དགྱིད་རུང་བ་དགོས་བཞེས་ཟེར་བ་རྣམས་ཀྱི་ཆེད་དུ་བཀོད་ནས་སྤར་དུ་ཡང་སྒྲུབ་སོ།། ༈ །།ཆོས་སྐུ་འདུས་མ་བྱས་པའི་མཁའ་ཀློང་ནས། །ཐུགས་རྗེ་འགགས་མེད་རོལ་པའི་འཕྲོ་འདུ་ཤར། །གང་འདུལ་ཆུ་ཟླའི་གར་གྱི་འགྲོ་བ་འདྲེན། །མཚུངས་བྲལ་དྲིན་ཅན་བླ་མ་སྙིང་ནས་དྲན། །སྤྲོས་དང་བྲལ་ཡང་སྤྲུལ་པའི་སྤྲོ་བསྡུ་མཁན། །སྐྱེ་བ་མེད་ཀྱང་སྐྱེ་འཆིའི་སྣང་ཚུལ་ཙམ། །འགྲོ་ལ་བསྟན་པ་སྐྱེས་ཆེན་རྒྱུད་མར་བྱོན། །དཔལ་ལྡན་ཀརྨ་རིག་འཛིན་རྣམ་པར་རྒྱལ། །ཞབས་པད་སྤྱི་བོའི་རྒྱན་དུ་རྟགས་བཞུགས་གསོལ། །སོ་ཐར་བྱང་སེམས་གསང་སྔགས་


TR003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་ཆོས། །མངའ་དབང་འབྱོར་པའི་རིག་འཛིན་གྲུབ་ཚོགས་ཀུན། །དགོངས་པའི་རྩེ་མོ་གཅིག་དྲིལ་མངའ་གསོལ་བའི། །རྗེ་བཙུན་མཁས་མཆོག་པདྨ་ལེགས་གྲུབ་རྩལ། །འབྲལ་མེད་རྟག་ཏུ་ཐུགས་རྗེས་གཟིགས་མཛད་གསོལ། །ཆོས་ཀུན་སྙིང་པོའི་མཐར་ཐུག་ངེས་དོན་གྱི། །ཟབ་བཅུད་གཏེར་ཁ་ཕྱེས་པས་གདུལ་བྱའི་ཚོགས། །བླ་མེད་མཆོག་གསང་སྙིང་པོར་བཀོད་མཛད་པའི། །འདྲེན་མཆོག་མཚུངས་མེད་སྣ་ཚོགས་རང་གྲོལ་རྩལ། །ཁྱེད་བཞིན་བདག་སོགས་སྐུ་གསུམ་མངོན་གྱུར་མཛོད། །ཡིད་བཞིན་ནོར་བུ་མཉམ་མེད་བླ་མ་ལ། །དད་དུང་གུས་པའི་དྲན་ཅིང་གསོལ་བཏབ་པས། །བདག་སོགས་འགྲོ་བ་ཀུན་ཀྱང་ཁྱེད་ཞབས་དྲུང་། །མྱུར་དུ་བླ་མེད་བྱང་ཆུབ་རེག་པར་ཤོག །ཅེས་པ་འདི་ཡང་ཆོས་དབྱིངས་དཔལ་མོས་བསྐུལ་ངོར་བྲིས་པའོ།། ༈ །།སྲིད་པའི་འཆིང་བ་ལས་གྲོལ་ཀྱང་། །འདམ་གྱི་པདྨོ་ཇི་བཞིན་དུ། །སྲིད་པ་ཉེ་བར་


TR003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ཚུལ་གྱིས། །འགྲོ་བ་འདུལ་མཛད་ཁྱེད་ཕྱག་འཚལ། །སྤྲོས་བྲལ་ཆོས་སྐུ་རོ་གཅིག་པའི། །རྣམ་པར་རོལ་པ་འགགས་མེད་ཀྱིས། །གང་ལ་གང་འདུལ་ཐུགས་རྗེའི་གཏེར། །ཡིད་བཞིན་ནོར་བུ་ཁྱེད་ཕྱག་འཚལ། །གྲངས་མེད་བསྐལ་པར་བྱང་ཆུབ་ཏུ། །ཐུགས་བསྐྱེད་ཚོགས་གཉིས་ལེགས་བསྐྲུན་པ། །ཕན་བདེའི་ལོ་འདབ་ཕྱོགས་བཅུར་རྒྱས། །འདོད་འབྱུང་དཔག་བསམ་ཁྱེད་ཕྱག་འཚལ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་རུ། །ལས་ཉོན་གཅོང་ཆེན་གྱིས་གདུང་པའི། །འགྲོ་ལ་བདེ་ཆེན་སྩོལ་མཁས་པ། །སྨན་པ་བླ་མེད་ཁྱེད་ཕྱག་འཚལ། །སྐྱེ་བ་མཐའ་དག་འགྲོ་བའི་མགོན། །ཁོ་ནར་མཛད་ཕྲིན་སྣ་ཚོགས་པ། །རྣམ་པར་འཕྲུལ་པའི་འབྱུང་གནས་མཆོག །ཐབས་ཆེན་དཔའ་བོ་ཁྱེད་ཕྱག་འཚལ། །འཕགས་པ་ཀུན་དགའ་སམྦྷོ་ཊ། །


TR003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་རོ་ཙ་ན་རྡོ་རྗེ་གླིང་། །ཁྱུང་པོ་རྣལ་འབྱོར་ས་པ་སོགས། །མཁས་གྲུབ་ཀུན་དངོས་ཁྱེད་ཕྱག་འཚལ། །སྙིགས་མའི་འགྲོ་བ་འདུལ་དཀའི་སྐྱབས། །མཆོད་ལྡན་མགོན་པོ་ལ་སོགས་དང་། །བསྟན་འཛིན་རྡོ་རྗེ་དཔལ་བཟང་པོའི། །སྐྱེ་བ་རིམ་རྒྱུད་ཁྱེད་ཕྱག་འཚལ། །སླར་ཡང་ཐུགས་རྗེས་ཉེར་སྤྲུལ་པའི། །དཔག་ཡས་ཕྲིན་ལས་མི་ཟད་པའི། །སྲིད་པ་ཇི་སྲིད་འགྲོ་སྒྲོལ་མཛད། །ཆོས་ཀྱི་རྒྱལ་པོ་ཁྱེད་ཕྱག་འཚལ། །བདག་སོགས་ལས་ཀྱི་མནར་བ་ཡི། །སྐྱེ་འགྲོ་མ་ལུས་རྗེས་བཟུང་སྟེ། །ཐར་ལམ་བྱང་ཆུབ་སྙིང་པོའི་སར། །མྱུར་དུ་འཁོད་པར་མཛད་དུ་གསོལ། །ཅེས་བྱང་ཆུབ་མཚོ་མོ་ལའོ།། ༈ །།ན་མོ། །སྐྱབས་གནས་རྒྱལ་བ་མ་ལུས་གཅིག་བསྡུས་པའི། །བླ་མ་རིགས་བདག་རྒྱལ་པོ་ཧེ་རུ་ཀ །དམིགས་མེད་བརྩེ་ཆེན་ཐུགས་རྗེའི་ཀློང་ཡང་ནས། །མཆོག་དངོས་ཚེ་འདིར་འགྲུབ་པར་བྱིན་གྱིས་རློབས། །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་པར། །ཆོས་


TR003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མིན་བསམ་སྦྱོར་སྐད་ཅིག་མི་འབྱུང་ཞིང་། །ཡང་དག་སྙིང་པོ་ངེས་དོན་མཆོག་བསྒྲུབ་པས། །རང་གཞན་ཆོས་དབྱིངས་ཀློང་གྲོལ་ཆེན་པོར་ཤོག །ཅེས་པ་ནི། །རྒྱལ་སྲས་རིག་འཛིན་ལྷུན་གྲུབ་ཀྱི་བཞེད་པ་བསྐོངས་ཕྱིར་བྲིས་པའོ།། ༈ །།ཕྱོགས་དུས་རྒྱལ་བའི་སྤྱི་གཟུགས་མཆོག །པདྨ་ཐོད་ཕྲེང་སྤྲུལ་པའི་དབྱིངས། །སྣ་ཚོགས་རང་གྲོལ་སྙིང་རྗེའི་གཏེར། །ནམ་མཁའ་འཇིག་མེད་ཡིད་བཞིན་ནོར། །སྐྱབས་གནས་ཐུགས་རྗེའི་འབྱུང་གནས་རྣམས། །འདི་གཟུངས་རྫོགས་པའི་བྱང་ཆུབ་བར། །འབྲལ་མེད་བདེ་ཆེན་འཁོར་ལོའི་རྒྱན། །སྙིང་ནས་གུས་པས་གསོལ་བ་འདེབས། །དལ་འབྱོར་སྟོང་ཟད་མི་འགྱུར་ཞིང་། །ཞེན་ལོག་ངེས་འབྱུང་དྲག་པོ་ཡིས། །ཚེ་འདི་ཆོས་ཀྱི་འདའ་ནུས་ཤིང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །ཅེས། དབོན་པོ་ནམ་མཁའ་ལྷུན་གྲུབ་ལའོ།། ༈ །།གྲངས་མེད་བསྐལ་པའི་གོང་ནས་ཐུགས་བསྐྱེད་ཅིང་། ཁམས་གསུམ་འགྲོ་བ་འདྲེན་ཕྱིར་བསམ་བཞིན་དུ། །ངོ་མཚར་སྐྱེས་རབས་འཕྲེང་བར་ལེགས་བརྒྱུད་


TR003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རྣམ་འདྲེན་རིམ་པར་བྱོན་ལ་གསོལ་བ་འདེབས། །འཕགས་པ་ཀུན་དགའ་ཐོན་མི་སམྦྷོ་ཊ། །ལོ་ཆེན་བཻ་རོ་གཏེར་སྟོན་རྡོ་རྗེ་གླིང་། ཁྱུང་པོ་རྣལ་འབྱོར་ས་པ་ཀུན་སྐྱོངས་གླིང་། །མཆོག་ལྡན་མགོན་པོ་རྣམས་ལ་གསོལ་བ་འདེབས། །སྙིགས་མ་ལྔ་བདོའི་མུ་རྒོད་གདུལ་བྱ་ལ། །ཐབས་མཁས་ཐུགས་རྗེས་ལམ་བཟང་སྟོན་མཛད་པ། །བསྟན་འཛིན་རྡོ་རྗེ་མཁས་མཆོག་ལེགས་གྲུབ་རྩལ། །གང་འདུལ་དེར་སྣང་མཆོག་ལ༴ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རྒྱལ་བའི་སྤྱི་གཟུགས་དཔལ་ལྡན་བླ་མ་དང་། །དབྱེར་མེད་མི་ཟད་རྒྱན་གྱི་འཁོར་ལོ་ལ། །དབང་འབྱོར་ཕྲིན་ལས་རབ་འབྱམས་མཐའ་ཡས་ཀྱི། །བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག །ངོ་བོ་སྐྱེ་མེད་ཆོས་ཀྱི་སྐུ་འགྲུབ་ཅིང་། །རང་བཞིན་འགགས་མེད་གཟུགས་སྐུའི་དཀྱིལ་འཁོར་རྒྱས། །སྣ་ཚོགས་གང་འདུལ་སྤྲུལ་སྐུའི་རོལ་རྩལ་སྟོན། །སྐུ་བཞི་དབྱེར་མེད་ངོ་བོ་ཉིད་འགྲུབ་ཤོག །ཅེས་པ་ནི། གསང་སྔགས་རྒྱུད་སྡེ་རབ་འབྱམས་


TR003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐོས་པ་འཛིན་པ་ཀརྨ་མདོ་སྡེས་བསྐུལ་ངོར་བཀོད་པའོ།། ༈ །།ཕྱོགས་བཅུ་གང་གའི་ཀླུང་གི་བྱེ་སྙེད་ཀྱི། །སངས་རྒྱས་མ་ལུས་གཅིག་ཏུ་བསྡུས་པའི་སྐུ། །སྐྱབས་མཆོག་རྗེ་བཙུན་བླ་མ་རིན་པོ་ཆེ། །བདག་ཡིད་དད་བརྒྱས་འདབ་སྟོང་དབུས་བཞུགས་གསོལ། །དེང་ནས་བཟུང་སྟེ་ཚེ་རབ་ཀུན་ཏུ་ཡང་། །དལ་འབྱོར་རིན་ཆེན་ལེགས་ཐོབ་བསྟན་ལ་ཞུགས། །དགེ་བའི་བཤེས་ཀྱི་རྗེས་བཟུང་སྒྲུབ་ལ་བརྩོན། །རང་གཞན་དོན་གཉིས་མངོན་དུ་འགྱུར་བར་ཤོག །བླ་མ་ཡི་དམ་རྒྱལ་བའི་དཀྱིལ་འཁོར་ཀུན། །གཅིག་བསྡུས་སྙིང་ནས་བསྒོམ་ཞིང་གསོལ་བཏབ་པས། །དོན་དམ་ཆོས་སྐུ་ཡེ་ཤེས་བླ་མ་དངོས། །མཆོག་འགྲུབ་མཁའ་མཉམ་འགྲོ་བ་འདྲེན་པར་ཤོག །ཅེས་པ་ནི། རྣལ་འབྱོར་འཇའ་ལུས་བསྟན་འཛིན་ལའོ།། ༈ །།དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག །བླ་མེད་བླ་མ་པདྨ་སམ་བྷ་ཝ། །རིག་འཛིན་གཙོ་བོ་མཚུངས་མེད་འཇའ་ཚོན་སྙིང་། །གང་འདུལ་དེར་སྣང་སྣ་ཚོགས་རང་གྲོལ་རྩལ། །


TR003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་རྒྱལ་པོ་ནམ་མཁའ་འཇིགས་མེད་ཞབས། །གསོལ་བ་སྙིང་ནས་འདེབས་སོ་ཐུགས་རྗེས་གཟིགས། །འཇིག་རྟེན་སྒྱུ་མའི་འཁྲུལ་འཁོར་རབ་འཇིག་ཅིང་། །ཆོས་བརྒྱད་འཁོར་བའི་འཁོར་ལོ་རྒྱུན་ཆད་ནས། །མི་མེད་དབེན་པའི་རི་ཁྲོད་འགྲིམ་ནུས་པས། །གྲུབ་ཐོབ་རྒྱུད་པའི་རྣམ་ཐར་འཁྱོང་བར་ཤོག །རང་རིག་གདོད་མའི་གནས་ལུགས་ཇི་བཞིན་ཉིད། །མ་ནོར་མངོན་སུམ་རྟོགས་པ་ཆོས་ཀྱི་སྐུའི། །གཏན་སྲིད་ཟིན་ནས་མཁའ་ཁྱབ་འགྲོ་བ་ལ། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་འགྱེད་པར་ཤོག །དེ་ལྟར་བུའི་གསོལ་བ་སྙིང་ཐག་པ་ནས་བཏབ་ཅིང་། དོན་དམ་པ་རང་གི་རིག་པ་བྱང་ཆུབ་ཀྱི་སྙིང་པོ་ཐིག་ལེ་ཉག་གཅིག་སྟོང་གསལ་ཟུང་འཇུག་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པའི་རང་ཤེས་རིག་པའི་རྒྱལ་པོ་ཉིད་ཡང་དག་དོན་གྱི་བླ་མ་ཆོས་ཀྱི་སྐུ་ཡིན་པ་ལ་ཡིན་པར་ཤེས་པའི་བཅོས་མིན་གྱི་དད་པ་བརྟན་པོ་བཟོ་མེད་རང་བབས་ལྷུག་པ་བསྒོམ་མེད་


TR003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་མེད་གུ་ཡངས་ཁྱབ་གདལ་ཆེན་པོས་དུས་འདའ་བར་བྱ་ཞིང་། །ཅིར་སྣང་བླ་མའི་རོལ་བ། གང་བྱུང་བྱིན་རླབས་ཀྱི་རང་བཞིན། ཅི་བྱེད་བླ་མའི་ཞབས་ཏོག །སྨྲ་བརྗོད་གསོལ་འདེབས་ཀྱི་རང་བཞིན་ཁོ་ནར་རྟོགས་ན། །དངོས་གྲུབ་ཐོབ་བྱ་ཐོབ་བྱེད་ཀྱི་མཚན་འཛིན་རང་སར་གྲོལ་ཞིང་། མཚོན་བྱེད་དཔེའི་བླ་མའི་སྐུ་དྲིན་གྱི་མཚམས་སྦྱར་ཏེ། མཚོན་བྱ་དོན་གྱི་བླ་མ་སྐུ་བཞི་དབྱེར་མེད་ངོ་བོ་ཉིད་དང་འདུ་འབྲལ་མེད་པའི་གཏན་སྲིད་ཟིན་པའི་ཐབས་ཟབ་མོ་ལ་རྣམ་པ་ཀུན་ཏུ་ཉམས་སུ་བླང་བར་མཛད་ཚལ། ཅེས་སྐལ་ལྡན་གྱི་རྣལ་འབྱོར་དད་ཅན་ཀུན་བཟང་ལྷུན་འགྲུབ་འོད་ཀློང་ལ་གདམས་པ་ཨིྀྠ།། ༈ །།ཆོས་དབྱིངས་ཁྱབ་གདལ་ཡེ་ཤེས་སྙིང་པོའི་ཀློང་། །རང་གསལ་རང་རིག་འདུས་མ་བྱས་པའི་གཤིས། །ཡེ་ཐོག་གདོད་མའི་བླ་མ་ཆོས་ཀྱི་སྐུ། །འགགས་མེད་གསལ་རིགས་ལོངས་སྐུ་མཚན་དཔེའི་དཔལ། །ཅིར་འཆར་སྣང་སྲིད་རང་གྲོལ་སྤྲུལ་པའི་སྐུ། །ཤེས་རིག་


TR003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་སྐུ་བཞི་དབྱེར་མེད་ལ། །གཉིས་འཛིན་མཚན་མ་བྲལ་བས་གསོལ་བ་འདེབས། །བཅོས་སླད་གཟའ་གཏད་བྲལ་བའི་ཐུགས་རྗེས་གཟིགས། །རེ་དོག་དགག་སྒྲུབ་བྲལ་བར་བྱིན་གྱིས་རློབས། །མཐའ་བྲལ་ཕྱོགས་ལྷུངས་མེད་པའི་ཞིང་ཁམས་སུ། །བདག་སོགས་མཁའ་ཁྱབ་འགྲོ་ཀུན་གྲོལ་བར་ཤོག །ཅེས། ཆོས་མཛད་ཀརྨ་ཀློང་ཡང་ལའོ།། ༈ །།ན་མཿགུ་རུ་བྷྱཿ །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལྷུན་རྫོགས་པའི། །དཔལ་ལྡན་པདྨ་ཐོད་ཕྲེང་ཧེ་རུ་ཀ །སྲིད་ཞི་ཀུན་གྱི་ཁྱབ་བདག་རྣམ་འདྲེན་མཆོག །རྩ་བའི་བླ་མ་རྗེ་ལ་གསོལ་བ་འདེབས། །ཕྱོགས་བཅུ་མཐའ་ཡས་འཇིག་རྟེན་གྲངས་མེད་ཀྱི། །གདུལ་བྱའི་ཁམས་དབང་མོས་པ་དང་མཚུངས་པའི། །རྣམ་འཕྲུལ་རྒྱ་མཚོ་འགྱོད་པའི་མཐུ་སྟོབས་བདག །མཚུངས་མེད་དྲིན་ཅན་བླ་མར་གསོལ༴ །དེང་ནས་བཟུངས་ཏེ་བྱང་ཆུབ་མཆིས་བར་དུ།


TR003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་ཐུགས་རྗེ་ཟབ་མོ་ཡི། །ཉེར་བཟུང་ཐེག་མཆོག་སྙིང་པོར་རང་བྱན་ཚུད། །ཚེ་གཅིག་བྱང་ཆུབ་དམ་པ་ཐོབ་པར་ཤོག །རང་དོན་ཀ་དག་མངོན་དུ་འགྱུར་བར་ཤོག །གཞན་དོན་གཟུགས་སྐུས་འགྲོ་བ་འདྲེན་པར་ཤོག །རྣམ་འཕྲུལ་དུ་མས་འཁོར་བ་སྟོངས་པར་ཤོག །རྗེ་བཙུན་ཁྱེད་དང་དབྱེར་མེད་གཅིག་པར་ཤོག །ཅེས་སྙིང་ཐག་པ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་། །མཚོན་བྱེད་དཔེ་ཡི་བླ་མ་ལ་ཀུན་རྫོབ་ཚིག་གི་གསོལ་བ་བཏབ་པ་དེ་ཉིད་ཀྱང་། །དོན་དམ་པར་ནི་རང་སེམས་ཀྱི་གསལ་ཆའི་བྱེ་བྲག་ཙམ་ལས་མ་འདས་ཤིས། །རང་རིག་སྐུ་གསུམ་དབྱེར་མེད་ལྷུན་གྲུབ། །རང་བྱུང་མཚོན་བྱ་དོན་གྱི་བླ་མ་ཡེ་གདོད་མ་ནས་རང་དང་ལྷན་ཅིག་འདུ་འབྲལ་མེད་པའི་རང་ཞལ་མཇལ་ཐབས་མ་བཅོས་ལྷུག་པའི་གནས་ལུགས་ལ་རང་རིག་རང་ངོ་ཤེས་ཙམ་བསྐྱངས་ན། །སྐད་ཅིག་ཉིད་ལ་གདོད་མའི་མགོན་


TR003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གོ་འཕངས་ཐོབ་བྱ་ཐོབ་བྱེད་ལས་འདས་པའི་གཏན་སྲིད་ཟིན་པར་ཐེ་ཚོམ་མེད་དོ། །ཅེས་པ་ནི། དབུ་མཛད་ནམ་མཁའ་རྒྱ་མཚོ་ལའོ།། ༈ །།དཀྱིལ་འཁོར་མ་ལུས་ཀུན་གྱི་ཁྱབ་བདག་མཆོག །སྐྱབས་གནས་རྗེ་བཙུན་རྡོ་རྗེ་འཛིན་པ་ལ། །རབ་དད་གུས་པས་སྙིང་ནས་གསོལ་བ་འདེབས། །གཡེལ་མེད་ཐུགས་རྗེས་རྟག་ཏུ་གཟིགས་མཛོད་ལ། །འདི་ནས་བཟུངས་སྟེ་ཚེ་རབས་ཐམས་ཅད་དུ། །ཟབ་གསང་རྡོ་རྗེ་ཐེག་པའི་བདུད་རྩི་ཡི། །སྨིན་གྲོལ་དགའ་སྟོན་རྒྱུན་ཆད་མེད་སྩོལ་ཞིང་། །བྱམས་ཆེན་མཁྱེན་བརྩེའི་ཕྱག་གི་སྐྱབས་ཏུ་གསོལ། །དག་པ་རབ་འབྱམས་རྒྱལ་བའི་ཞིང་ཀུན་ལས། །རྨད་བྱུང་བདེ་ཆེན་པདྨ་འོད་ཀྱི་གནས། །གང་དེར་རྒྱལ་བ་ཁྱེད་དང་དབྱེར་མེད་པའི། །པདྨ་འབྱུང་གནས་ཞབས་པད་གཙུག་བསྟེན་ཤོག །དེ་ཞབས་སྤྱི་བོར་ཉེར་བསྟེན་མཐུ་སྟོབས་ཀྱིས། །མཆོག་དངོས་བདེ་བླག་འགྲུབ་ནས་གང་འདུལ་གྱི། །སྤྲུལ་


TR003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཆུ་ཟླ་ཇི་བཞིན་རོལ་པའི་གར། །འགྲོ་ཁམས་རྒྱ་མཚོར་འགྱེད་པར་ནུས་འགྲུབ་ཤོག །ཅེས་པ་འདི་ནི། རྣལ་འབྱོར་པ་དྷརྨ་ཙཀྐྲ་ལའོ།། ༈ །།དཔལ་ལྡན་བླ་མ་སངས་རྒྱས་ཀུན་གྱི་དངོས། །རྣམ་འཕྲུལ་གྲངས་མེད་གདུལ་བྱའི་དཔལ་དུ་ཤར། །ངོ་མཚར་སྒྱུ་འཕྲུལ་ཐུགས་རྗེའི་འབྱུང་གནས་མཆོག །སྣ་ཚོགས་རང་གྲོལ་སྙིང་ནས་དྲན་ནོ་ཕ། །ཐུགས་རྗེས་གཟིགས་དང་རིག་འཛིན་རྣམ་པར་རྒྱལ། །བྱིན་གྱིས་རློབས་ཤིག་མཁས་མཆོག་ལེགས་གྲུབ་སྩལ། །གདུང་བའི་གསོལ་བ་འདེབས་པའི་བུ་འབངས་ལ། །བརྩེ་ཆེན་རྒྱུན་ཆད་མེད་པར་གཟིགས་སུ་གསོལ། །མཚོན་བྱེད་དཔེ་ཡི་བླ་མ་སྤྲུལ་པའི་སྐུ། །མཚོན་བྱ་དོན་གྱི་བླ་མའི་ངོ་བོ་དང་། །གཉིས་མེད་་ཁྱབ་གདལ་གདོད་མའི་གནས་ལུགས་ངང་། །མངོན་སངས་རྒྱས་ནས་འཁོར་བ་དོང་སྤྲུག་ཤོག །ཅེས་པ་ནི་མཐོང་གྲོལ་རྒྱལ་པོ་ལའོ། ཀ་དག་གདོད་མའི་མགོན་པོ་ཆོས་ཀྱི་སྐུ། །ལྷུན་གྲུབ་གསལ་མདངས་ལོངས་སྤྱོད་རྫོགས་པའི་ངང་། །དབྱེར་མེད་རང་རིག་བླ་


TR003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྤྲུལ་པའི་སྐུ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །སྐུ་དྲིན་འཁོར་མེད་རྩ་བའི་བླ་མ་དང་། །སྐུ་གསུམ་དབྱེར་མེད་རང་སེམས་སངས་རྒྱས་གཉིས། །དོན་དམ་དབྱིངས་སུ་འདུ་འབྲལ་མེད་པའི་ངང་། །ཆོས་ཉིད་ཡངས་པ་ཆེན་པོར་གྲོལ་བར་ཤོག །ཅེས་གསོལ་བ་བཏབ་པ་ལ་འདས་མ་འོངས་ད་ལྟར་གྱི་རྟོགས་པ་གང་ཤར་ལ་རྗེས་ཕྱིར་མི་འབྲངས། གཉན་པོས་མ་བསླད། བཟོ་བཅོས་མི་བྱ་བར། གང་ཤར་དེ་ཀའི་ངོ་བོ་ཧྲིག་གེར། རྗེན་ནེ། གུ་ཡངས་ཆམ་མིར་ཉམས་སུ་བླངས་བ་ཉིད་དུས་དང་རྣམ་པ་ཐམས་ཅད་དུ་མ་ཡེངས་བར་བྱའོ། །ཅེས་བྱ་བཏང་ཆོས་དབྱིངས་ཟག་མེད་ལའོ།། ༈ །།ན་མོ་སྲས་བཅས་རྒྱལ་བ་མ་ལུས་གཅིག་བསྡུས་པའི། །བླ་མ་ཡིད་བཞིན་ནོར་བུ་རིན་པོ་ཆེ། །བདག་སྙིང་དད་བརྒྱས་ཟེའུ་རྒྱས་པའི་དབུས། །འགྱུར་མེད་རྡོ་རྗེའི་སྐུ་རུ་བཞུགས་སུ་གསོལ། །དཔག་ཏུ་མེད་པའི་མཁྱེན་བརྩེ་ནུས་སྟོབས་ཀྱི། །ཡེ་ཤེས་


TR003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པ་སྒྲིབ་མེད་རྟག་མངའ་བའི། །ཐུགས་རྗེ་མི་ཟད་དངོས་གྲུབ་མཆོག་གི་རྒྱུན། །བདག་སོགས་འདུལ་བྱའི་ཚོགས་ལ་སྩལ་རེ་རན། །སྐྱེ་བ་འདི་བཟུངས་བླ་མེད་བྱང་ཆུབ་བར། །མཉམ་མེད་བླ་མའི་གདུལ་བྱར་བདག་གྱུར་ཏེ། །རང་གཞན་དོན་གཉིས་བགེགས་མེད་འགྲུབ་པ་རུ། །གསོལ་བཏབ་སྨོན་ལམ་ཇི་བཞིན་འགྲུབ་པར་ཤོག །ཅེས། ཆོས་དབང་ཡེ་ཤེས་ལའོ།། ༈ །།སྐུ་དྲིན་མཉམ་མེད་རྗེ་བཙུན་བླ་མ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཆེན་པོ། །སྙིགས་དུས་སེམས་ཅན་བདག་འདྲའི་གདུལ་བྱར། །བརྩེ་བ་ཆེན་པོས་ཐུགས་རྗེས་གཟིགས་དང་། །སྙིང་ནས་འབོད་དོ་བླ་མ་སངས་རྒྱས། །ཉིན་མཚན་རྟག་ཏུ་གདུང་བའི་དབྱངས་ཀྱིས། །གསོལ་བ་འདེབས་པའི་བུ་ལ་དགོངས་ནས། །བྱིན་རླབས་དངོས་གྲུབ་ཆར་རྒྱུན་ཕོབ་དང་། །རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་ཀྱང་། །དད་ལྡན་འགྲོ་བའི་སྐྱབས་མགོན་མཛད་ཕྱིར། །བསྐལ་བརྒྱར་མི་འགྱུར་རྡོ་རྗེའི་གདན་ལ། །བརྟན་བཞུགས་ཆོས་ཀྱི་སྒྲོན་མེ་སྦོར་དང་། །བདག་


TR003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལོངས་སྤྱོད་གཏན་འདུན་ཐམས་ཅད། །རྗེ་བཙུན་ཁྱོད་ལ་མཆོད་པ་འབུལ་གྱི། །འདི་གཟུངས་མཐར་ཐུག་བྱང་ཆུབ་བར་དུ། །སྐྱབས་མཆོག་ཉིད་ཀྱི་གདུལ་བྱར་ཤོག་ཅིག །ཅེས་དཔལ་གྱི་རྒོད་ཚང་གི་གནས་སུའོ།། ༈ །།ཨེ་མ། །དུས་གསུམ་རྒྱལ་བ་རབ་འབྱམས་མ་ལུས་ཀུན། །ཆོས་དབྱིངས་ཡེ་ཤེས་དབྱིངས་སུ་དབྱེར་མེད་ཀྱང་། །སྣ་ཚོགས་གདུལ་བྱ་སོ་སོར་གང་འདུལ་གྱི། །རྣམ་འཕྲུལ་བསམ་ཡས་འགྱེད་ལ་གུས་ཕྱག་འཚལ། ༡ །འོག་མིན་རྡོ་རྗེའི་མཁའ་དབྱིངས་ཆོས་སྐུའི་ཞིང་། །གདོད་མའི་སངས་རྒྱས་ཀུན་བཟང་རྡོ་རྗེ་འཆང་། །འོད་གསལ་ལོངས་སྐུའི་ཞིང་དུ་རིགས་ལྔའི་ཚུལ། །མངོན་པར་བྱང་ཆུབ་མཆོག་ལ་གསོལ༴ ༢ །མི་འཇེད་བྱེ་བ་ཕྲག་བརྒྱར་སངས་རྒྱས་སྟོང་། །གསང་སྔགས་རྒྱུད་སྡེ་རབ་འབྱམས་དཀྱིལ་འཁོར་ལྷ། །མ་དག་འགྲོ་བློའི་སྣང་ངོ་རིགས་མཐུན་གཟུགས། །ཀུན་དངོས་རྩ་བའི་བླ་མར་གསོལ་བ་འདེབས། ༣ །རྒྱལ་ཀུན་དོན་དམ་སྤྲོས་བྲལ་འདུས་མ་བྱས། །མཉམ་རྫོགས་ཐིག་ལེ་


TR003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་རོ་གཅིག་པའི། །ཐུགས་རྗེའི་གོང་བུ་རྗེ་བཙུན་བླ་མ་མཆོག །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། ༤ །ཀྱེ་མ་བདག་སོགས་ཁམས་གསུམ་འགྲོ་བའི་ཚོགས། །ཐོག་མེད་བག་ཆགས་ངན་གོམས་ལས་ཉོན་ཅན། །ལྷན་སྐྱེས་མ་རིག་སྒྲིབ་པས་རྟག་འཐུམས་པའི། །རྨོངས་པའི་མུན་ཆེན་གསལ་བར་མཛད་དུ་གསོལ། ༥ །རྟག་ཏུ་བདེ་བ་དོན་དུ་གཉེར་ན་ཡང་། །གཏན་བདེ་བྱང་ཆུབ་སྒྲུབ་ཐབས་མི་ཤེས་པར། །ལོག་མིན་སྡུག་བསྔལ་རྒྱུ་ཐབས་ཁོ་ནར་བརྩོན། །ཐར་པའི་མྱུ་གུ་སྐེམ་ལ་ཐུགས་རྗེས་གཟིགས ༦ །ཕུན་ཚོགས་དལ་འབྱོར་དམ་པ་ཐོབ་གྱུར་ཅིང་། །བསྟན་དང་དགེ་བའི་བཤེས་གཉེན་འཛོམ་དུས་འདིར། །འཁོར་བའི་རུ་བཟློག་གཏན་སྲིད་མི་ཟིན་པར། །དོན་མེད་མགོ་སྟོང་མཁན་ལ་ཐུགས་རྗེས་གཟིགས། ༧ །སྐྱེས་པའི་མཐའ་མ་འཆི་ལས་འདས་པ་མེད། །སྐད་ཅིག་རེས་སོང་ཚེ་ལ་སྣོན་མེད་འཕྲི། །ཤི་ཁར་འགྱོད་ཚེ་ཕན་མེད་འདུན་མ་ཐལ། །སྙོམ་ལས་ཕྱི་ཤོལ་


TR003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ལ་ཐུགས་རྗེས་གཟིགས། ༨ །དེ་རིང་ཕན་ཆད་ཡེངས་འཕྲུལ་མི་ཚེ་འདས། །ཡང་ཡང་ཕུན་ཚོགས་འདི་འདྲ་བརྙེད་པར་དཀའ། །དབང་པོ་ཚང་ཀྱང་མདོ་དོན་མ་ཤེས་པའི། །སེར་གཟུགས་སྙིང་པོ་མེད་ལ་ཐུགས་རྗེས་གཟིགས། ༩ །ཡིད་བཞིན་ནོར་བུ་སྙེད་དུས་ཡལ་བར་དོར། །ནམ་ཞིག་ངན་འགྲོར་ལྷུང་ཚེ་འགྱོད་ཀྱང་ཕྱིས། །མཐའ་མེད་ངན་འགྲོའི་སྡུག་བསྔལ་དར་རེ་དྲག །ལས་ངན་རྨོངས་པའི་འགྲོ་ལ་ཐུགས་རྗེས་གཟིགས། ༡༠ །ཀྱེ་མ་ཧོཿ །སྙིགས་མ་རྩོད་ལྡན་ཐ་མའི་དུས་ངན་འདིར། །བསྟན་པ་ནུབ་ཕྱོགས་ཤིང་སྐྱེ་འགྲོ་ཀུན། །བདེ་བའི་གོ་སྐབས་བྲལ་འདིར་ལོང་མེད་དུ། །དམ་ཆོས་རྩེ་གཅིག་ནུས་པར་བྱིན་གྱིས་རློབས། ༡༡ །འཁོར་བའི་མཚན་ཉིད་རང་བཞིན་དུ། །གྲོགས་ངན་བདུད་ཀྱིས་བསླུ་ཕྱིར་མི་འབྲངས་ཤི །སྐྱིད་འདོད་ལྟོ་གོས་ཞེན་པས་བཅིང་མིན་པར། །ཆོས་ཕྱིར་དཀའ་སྤྱད་ནུས་པར་བྱིན་གྱིས་རློབས། ༡༢ །དགྲ་གཉེན་ཆགས་སྡང་འགྲན་སེམས་ཕྲག་དོག་


TR003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གི། །རྐྱེན་ཚོགས་དུ་མས་རང་བློ་བདུད་ཀྱིས་ཁྱེར། །འཁོར་བ་པ་ལས་དུག་ལྔ་ཆེས་རག་པའི། །ཉོན་མོངས་དགྲ་བོ་ཞི་བར་བྱིན་གྱིས་རློབས། ༡༣ །ངུར་སྨྲིག་གོས་ཀྱིས་ཀླུབས་ཤིང་སྐྱེ་བོ་ཡིས། །བཀུར་ཞིང་དད་ཟས་ལ་སྤྱོད་དགེ་སྦྱོང་དུ། །བརློམ་ཀྱང་ཆོས་བརྒྱད་མཁར་སོ་མ་ཞིག་པའི། །བློ་འདི་ལས་སུ་རུང་བར་བྱིན་གྱིས་རློབས། ༡༤ །ཐོས་བསམ་ཚིག་ལ་སྦྱངས་ཀྱང་ནེ་ཙོའི་ངག །ཟབ་དོན་སྒོམ་ལ་ཞུགས་ཀྱང་གོ་ཡུལ་ཙམ། །རྒྱུ་འབྲས་རྟེན་འབྲེལ་ཤེས་ཀྱང་དྲེད་པོར་ཤོར། །རང་སེམས་རང་གི་འཐུལ་བར་བྱིན་གྱིས་རློབས། ༡༥ །བསླབ་གསུམ་བརྡོམ་པ་ཚུལ་ཆོས་དྲི་མས་སྦག །གཞན་དོན་སེམས་བསྐྱེད་ལོ་འདོད་ཁོང་གཅོང་ཅན། །རིམ་གཉིས་ཏིང་འཛིན་རེ་དོག་ཟེབ་རྒྱས་བཅིངས། །ཆོས་བརྒྱད་དྲི་མ་བྲལ་བར་བྱིན་གྱིས་རློབས། ༡༦ །རང་སྐྱོན་མ་རིག་ལིང་ཐོག་འཐུག་པོ་ཡི། །ཕ་རོལ་གཞན་གྱི་ཡོན་ཏན་མི་མཐོང་བར། །བསྐུར་འདེབས་ལོག་ལྟའི་དུག་ཆེན་རབ་བཞི་ནས། །


TR003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། ༡༧ །རང་ལ་ཚིག་ཟུར་ཅུང་ཟད་མི་བཟོད་ཀྱང་། །གཞན་ལ་གནོད་ཚེ་བྱེད་པའི་སྙིང་ཁམས་ཅན། །ཆོས་མིན་བསམ་སྦྱོར་མཐའ་དག་གཏན་སྤངས་ཏེ། །རྒྱལ་སྲས་སྤྱོད་ལ་འཇུག་པར་བྱིན་གྱིས་རློབས། ༡༨ །དཀོར་ཟས་མེ་མདག་འདྲ་ལ་ཚིམ་མེད་སྤྱོད། །གཉིད་དང་གཡེང་བ་ཕྱོགས་ལ་དུས་འདའ་བཞིན། །སྒྲུབ་པ་བྱས་ཞེས་ངོ་སོར་སྒྲོག་བྱེད་པའི། །རང་ཕུང་སྤྱོད་དང་བྲལ་བར་བྱིན་གྱིས་རློབས། ༡༩ །སངས་རྒྱས་དངོས་མཚུངས་བླ་མས་ཐབས་མང་པོས། །ལམ་ཟབ་སངས་རྒྱས་ལག་བཅངས་སྤྲད་ན་ཡང་། ཁ་ལྟ་གོ་དྲེད་མཁན་གྱི་བུ་འབངས་ལ། །ཉམས་རྟོགས་མྱུ་གུ་སྐྱེ་བར་བྱིན་གྱིས་རློབས། ༢༠ །ཀྱི་ཧུད། །ལས་ཉོན་མང་པོ་བདག་འདྲའི་གདུལ་བྱ་ལ། །མཁྱེན་བརྩེ་ནུས་ལྡན་སངས་རྒྱས་བླ་མ་རྗེ། །ཐུགས་རྗེ་རྨད་དུ་བྱུང་བའི་མཐུ་སྟོབས་ཅན། །མྱུར་བ་ཉིད་དུ་བསྐྱེད་པར་མཛད་དུ་གསོལ། ༢༡ །


TR003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཟུངས་རྣམ་པ་ཀུན་ཏུ་སྐྱབས་ཀྱི་མཆོག །དཀོན་མཆོག་ཀུན་འདུས་བླ་མ་རྗེ་བཙུན་ལས། །རེ་ལྟོས་བློ་གཏད་གཞན་ན་མ་མཆིས་པས། །འབྲལ་མེད་ཐུགས་རྗེ་ཞག་པས་བཟུང་དུ་གསོལ། ༢༢ །ལས་ངན་འཁྲུལ་པའི་རླུང་གི་མི་བསྐྱོད་པར། །དམ་ཆོས་ཆིག་དྲིལ་ནུས་པར་བྱིན་གྱིས་རློབས། །བར་ཆད་ངན་རྐྱེན་དབང་དུ་མི་འཆོར་བར། །ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས། ༢༣ ཁམས་གསུམ་འཁོར་བར་གཏན་འཁྱམ་མི་འགྱུར་ཞིང་། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །རང་དོན་ཞི་བདེ་སྒྲུབ་པ་མ་ཡིན་པར། །མཁའ་མཉམ་ཕ་ལ་འགྲོ་དྲུག་སྒྲོལ་བར་ཤོག ༢༤ །ཅེས་རང་གི་རང་ཉིད་ལ་མི་རྟགས་པའི་བསྐུལ་བ་དང་། །སྐྱོན་ཚང་མ་ལུས་པ་དྲུང་ནས་ཕྱུངས་ཏེ་དམ་པའི་ཆོས་ལ་ནན་ཏན་དུ་བསྐུལ་ཞིང་། །བླ་མ་རྗེ་བཙུན་མཆོག་ལ་གདུང་བས་གསོལ་བ་འདེབས་པ་དང་བཅས་པ་འདི་ནི། །དད་ཅན་གྱི་སྐལ་ལྡན་ཚུལ་ཁྲིམས་དབང་པོས་བསྐུལ་ངོར་བཀོད་པའོ།། ༈ །།བླ་ན་མེད་པའི་སྐྱབས་མཆོག་


TR003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བདག །མཉམ་མེད་རྗེ་བཙུན་བླ་མ་སངས་རྒྱས་དངོས། །སྲིད་དང་ཞི་བའི་ཁྱབ་བདག་འཁོར་ལོའི་མགོན། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐུགས་རྗེ་ཕྱོགས་མེད་ཀུན་ལ་ཁྱབ་ན་ཡང་། །ལས་ཉོན་ཕུང་པོའི་གདུལ་བྱ་བདག་སོགས་ལ། །གང་དུ་བཞུགས་ཀྱང་ཡེ་ཤེས་གཟིགས་པ་ཡིས། །གཡེལ་བ་མེད་པར་རྟག་ཏུ་གཟིགས་མཛད་གསོལ། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་ཁྱེད་ཀྱི་གདུལ་བྱར་གྱུར་ནས་ཀྱང་། །དམ་ཆོས་ཟབ་དོན་བདུད་རྩིའི་ཆར་ཆེན་གྱིས། །བདག་དང་མཁའ་མཉམ་འགྲོ་བ་སྨིན་གྲོལ་ཤོག །ཅེས་མཁྱེན་རབ་དབང་ཕྱུག་ལའོ།། ༈ །།ཀྱེ་མ། དྲིན་ཅན་བླ་མ་དཀོན་མཆོག་རིན་པོ་ཆེ། །སྙིང་ནས་འབོད་དོ་རེ་སའི་སྐྱབས་གནས་རྣམས། །མཁྱེན་པས་གཟིགས་དང་ལས་ངན་སེམས་ཅན་ལ། །ཐུགས་རྗེས་བཟུངས་ཅིག་མྱུར་དུ་བྱིན་གྱིས་རློབས། །ཀྱེ་མ། མི་ལུས་ཐོབ་ཅིང་དབང་པོ་ཚང་བ་དང་། །ཆོས་དང་མཇལ་ཞིང་


TR003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོག་རྙེད་ཀྱང་། །ད་དུང་ཡེང་མ་ལམ་ལ་མི་ཚེ་སྐྱེལ། །བརྩོན་འགྲུས་ཆོས་ལ་ནུས་པར་བྱིན་གྱིས་རློབས། །ཟས་གོས་འཇིག་རྟེན་ཆེད་དུ་འབད་པ་རེམ། །དམ་ཆོས་གཏན་འདུན་དོན་ལ་ཕྱི་ཤོལ་ཆེ། །གོ་ཞིང་རིག་པའི་ངང་ནས་སྙོམ་ལས་ཅན། །བློ་སེམས་ལས་སུ་རུང་བར་བྱིན་གྱིས་རློབས། །སྡིག་དང་དོན་མེད་ལས་ལ་བསུན་པ་མེད། །སྒྲུབ་དང་དགེ་སྦྱོར་ཕྱོགས་ལ་སྤྲོ་ནུས་ཞན། །གཉིད་དང་རྣམ་གཡེང་ལོང་གཏམ་ལ་གོམ་པའི། །བག་ཆགས་ཆོས་ལ་འབྱུང་བར༴ །གྲོགས་ངན་བདུད་ཀྱི་བསླུ་ཕྱིར་འབྲེང་བ་དང་། །ལས་ངན་མི་དགེ་ངན་གོམས་ཆེ་བ་དང་། །ལྟར་སྣང་ཚེ་འདིའི་བྱ་བ་བསྒྲུབ་པ་སོགས། །ཅིས་ཀྱང་འབྱུང་བ་མེད་པར༴ །དོ་ནུབ་ཙམ་ཡང་མི་འཆིའི་བློ་གཏད་མེད། ཁ་བཤད་ཚིག་གི་ཆོས་ཀྱི་དགོས་དུས་བསླུ། །སང་བྱ་གནང་བྱར་མི་ཚེ་མི་ཟད་པར། །ལོང་མེད་སྒྲུབ་ལ་བརྩོན་པར༴ །རང་སྐྱོན་ཉོན་མོངས་མེ་སྤུངས་འབར་བ་ཡི། །རང་བརྒྱུད་བསྲེགས་པའི་ཐལ་བས་གཞན་


TR003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སུན་འབྱིན། །ད་དུང་གཞན་སྐྱོན་རྟོགས་པའི་བློ་ཉེས་པོ། །དག་སྣང་གཏིང་ནས་འབྱོངས་པར༴ །ཐོག་མེད་ད་ལྟའི་བར་དུ་ཡང་ནས་ཡང་། །ཆོས་མེད་འཁོར་བའི་རྒྱ་མཚོར་འཁྱམས་ལགས་ཀྱི། །ད་ནི་དམ་ཆོས་སྙིང་ནས་བསྒྲུབ་ནུས་ཤིང་། །བྱང་ཆུབ་ལམ་སྣང་ཟིན་པར༴ །དལ་འབྱོར་སྙིང་པོ་ལོན་པར༴ །འཆི་བ་སྙིང་ནས་དྲན་པར༴ །ཅིས་ཀྱང་དགོས་མེད་ཤེས་པར༴ །དག་སྣང་མོས་གུས་སྐྱེ་བར༴ །ཆོས་དང་རང་རྒྱུད་འདྲེ་བར༴ །སྙིང་རྗེ་བྱང་སེམས་འབྱོངས་པར༴ །དཀའ་དཔྱད་ཆོས་ཕྱིར་ནུས་པར༴ །སྒྲུབ་ལ་བར་ཆད་མེད་པར༴ །ཉམས་རྟོགས་མཐའ་རུ་ཕྱིན་པར༴ །ངར་འཛིན་ཞེན་འདོད་ཟད་པར༴ །དོན་གཉིས་ལྷུན་གྲུབ་འབྱུང་བར༴ །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཅེས་པ་འདི་མཆོག་གྲུབ་སྙིང་པོ་ལའོ།། ༈ །།སྒྲིབ་བྲལ་ཡེ་ཤེས་མཆོག་གི་གཟིགས་པ་ནི། །རྟག་པར་གཡེལ་བ་མེད་པའི་སྐྱབས་མཆོག་རྗེ། ཁམས་གསུམ་


TR003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་མེད་རྒྱལ་བ་འཇའ་ཚོན་སྙིང་། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །དོན་དམ་སྐྱེ་འཆིའི་མཚན་མ་མི་མངའ་ཡང་། །ལྟར་སྣང་གཟུགས་སྐུའི་ཉི་མ་དབྱིངས་ནུབ་ན། །འཁོར་བའི་མུན་འཁྱམས་ལྟོས་བཅས་བུ་འབངས་རྣམས། །ལམ་སྟོན་ཡེ་ཤེས་སྒྲོན་མེ་སུ་ལ་རེ། །ཆོས་ཉིད་བདེ་ཆེན་དག་པའི་དགོངས་ཀློང་ནས། །འགགས་མེད་མཁྱེན་བརྩེའི་རོལ་པའི་ཐུགས་རྗེའི་འཕྲུལ། །རྨད་བྱུང་ཕྲིན་ལས་སྒོ་བརྒྱ་ཕྱེས་མཛོད་ལ། །བདག་སོགས་མཁའ་ཁྱབ་གདུལ་བྱ་དྲངས་ཏུ་གསོལ། །ཅེས་རིག་འཛིན་ཆེན་པོ་དེ་ཉིད་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚེ་གདུང་བས་གསོལ་བ་བཏབ་པའོ།། ༈ །།ཨེ་མ་ཧོཿ སྣང་སྲིད་གཟུགས་ཀྱི་སྣང་བ་ཇི་སྙེད་པ། །མ་ལུས་དཔལ་ལྡན་བླ་མའི་སྒྱུ་འཕྲུལ་སྐུར། །གདོད་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི། །སྤྲུལ་སྐུའི་ཞིང་ཁམས་རབ་འབྱམས་དབང་བསྒྱུར་ཤོག །སྣ་ཚོགས་སྒྲ་སྐད་བསམ་འདས་ཇི་སྙེད་ཀྱང་། །བླ་མ་ལོངས་སྐུའི་འགགས་མེད་གསུང་རྡོ་རྗེར། །རྒྱུན་ཆད་མེད་པའི་ཆོས་


TR003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲར་ལེགས་རྟོགས་ནས། །གང་འདུལ་ཆོས་ཆར་འགྲོ་ལ་འབེབས་པར་ཤོག །བདག་གཞན་ཡིད་ཀྱི་དྲན་བསམ་འདུ་འཕྲོའི་ཚོགས། །མཐའ་དག་བླ་མ་ཆོས་སྐུའི་དབྱིངས་གཅིག་པར། །ཐིག་ལེ་ཉག་གཅིག་ཀློང་དུ་ཡོངས་གྲོལ་སྟེ། །སྐུ་གསུམ་དབྱེར་མེད་མངོན་དུ་འགྱུར་བར་ཤོག །ཅེས། རང་གི་བུ་མོ་ནོར་བཟང་ཆོས་ཀྱིས་དབང་པོས་བསྐུལ་ངོར་བཀོད་པའོ།། ༈ །།ན་མོ་མ་ཧཱ་གུ་རུ་རཏྣ་པཱ་ད་མཱུ་ལེ། །དེ་ཡང་སྲིད་དང་ཞི་བ་འཁོར་བ་མྱང་འདས་ལ་སོགས་རྣམ་གྲངས་ཀྱི་གདགས་གཞི་བསམ་ལས་འདས་པའི་རོལ་པ་མ་ལུས་པའི་ཁྱབ་བདག་འཁོར་ལོའི་དབང་ཕྱུག་ནི་དཔལ་ལྡན་བླ་མ་རྡོ་རྗེའི་སློབ་དཔོན་ཞེས་གྲགས་པའི་བདག་ཉིད་ཁོ་ནར་མདོ་རྒྱུད་མན་ངག་མཁས་གྲུབ་མཐའ་དག་མགྲིན་གཅིག་པ་ཉིད་དུ་ཟད་ཅིང་། དེ་ལ་མཆོད་དང་བསྟོད་བསྒོམ་བགྱིས་ན་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ལ་མཆོད་སྒྲུབ་བགྱིད་པར་འགྱུར་བ་ཉིད་དང་། རྡོ་རྗེའི་སློབ་དཔོན་གང་དེ་ཡང་ཕྱོགས་བཅུ་རབ་འབྱམས་ཀྱི་ཞིང་ཁམས་སོ་སོར་ནི་


TR003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་གང་གིས་འདུལ་བའི་སྐུ་དང་རྣམ་འགྱུར་བརྗོད་ལས་འདས་པ་དང་། ཕྲིན་ལས་ཀྱི་འཕྲུལ་བཀོད་བློའི་ར་བ་ལས་བརྒལ་བའི་ཆོས་ཅན་ཡིན་པའི་ཕྱིར། མཚན་དང་གདུལ་བྱེད་ཀྱི་ལྡོག་པར་ནི་ཞིང་ཁམས་ལ་ལར་སངས་རྒྱས་སྤྲུལ་པའི་སྐུ་ཞེས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་གནང་བ་དང་། ལ་ལར་ལོངས་སྤྱོད་རྫོགས་སྐུ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཚུལ་དུ་སྟོན་པ་དང་། དེ་བཞིན་དུ་ལྷ་རྣམས་ལ་ལྷ་དང་། ལྷ་མ་ཡིན་རྣམས་ལ་ལྷ་མིན་དང་། བྱོལ་སོང་རྣམས་ལ་ནི་བྱོལ་སོང་གི་དབང་པོའི་ཚུལ་དང་། ཡི་དྭགས་རྣམས་ལ་དེ་དང་དམྱལ་བ་ལ་དེའི་བདག་པོའི་བཀོད་པའི་ཟོལ་གྱིས་འདུལ་བ་དང་མི་རྣམས་ལ་མི་གཟུགས་ཀྱི་སྣང་བརྙན་སྟོན་པ་དེ། དོན་དམ་པར་ནི་སྤྲོ་བསྡུའི་དམིགས་མཚན་གྱིས་དབེན་པའི་ཆོས་ཉིད་ཀྱི་ཀློང་ལས་འགགས་མེད་རང་བྱུང་གི་རོལ་རྩལ་ཅིར་ཡང་སྣང་ཚོགས། དེས་ན་བསམ་གྱི་མི་ཁྱབ་པའི་ཆོས་ཉིད་ཀྱི་དོན་དྲན་པར་བྱ་ཡི། བདག་གི་འདྲེན་པ་འདི་ནི་མིའོ། །ཟག་པ་


TR003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་བྲལ་བའོ། །ཀུན་ནས་ཉོན་མོངས་པའི་ཤུན་པ་དང་བཅས་པ་ཉིད་དོ། །ཅེས་ཡིད་ཀྱི་ལམ་དུ་བཅང་བར་གྱུར་ན་ལྷན་སྐྱེས་ཡེ་ཤེས་མཆོག་གི་ཆོས་ཀྱི་སྐུའི་དོན་ལ་བསྒྲིབ་པར་འགྱུར་བས། གཟུགས་སྒྲ་སེམས་ཀྱི་རི་མོ་གང་ལྟར་སྣང་ཡང་རང་ཉིད་ཀྱི་མཐོང་བ་དག་དང་མ་དག་གི་རྐྱེན་ཚུལ་ཁོ་ན་ཉིད་དུ་ངེས་པར་ཤེས་པར་བྱས་ལ། བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ཡེ་ནས་ཇི་བཞིན་པའི་གནས་ལུགས་ཀྱི་གདེང་ཚད་བློའི་མཐིལ་ཕུར་དུ་བཅངས་ཏེ། རྟག་པ་རྒྱུན་གྱི་འཁོར་མོར་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རིགས་བརྒྱ་རིགས་ལྔའི་རང་བཞིན་ཡེ་གདོད་མ་ནས་ཡིན་པར་ངེས་པ་ཉིད་ཀྱི་བདེ་ཆེན་འཁོར་ལོའི་ཡང་རྩེའམ། ཆོས་ཀྱི་འཁོར་ལོའི་གཞལ་ཡས་སུ། དཔལ་ལྡན་བླ་མ་ཡིད་བཞིན་ནོར་བུ་ཉིད་ཀྱི་སྐུའི་སྣང་བསྙན་བཟོ་བཅོས་མཚན་རྟོག་གིས་མ་བསྒྱུར་མ་བསླད་པར། སྟོང་གསལ་ཟུང་འཇུག་གམ་རང་རིག་དང་གཉིས་སུ་མ་ཡིན། གཉིས་སུ་བྱར་མེད་པའི་དྲན་རིག་འཛིན་མེད་


TR003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རང་བབ་རང་ཤར་རང་གྲོལ་ཆེན་པོར་བཟློག་པའི་ངང་ནས། །ཤུགས་འབྱུང་མགྲིན་པའི་རྫ་རྔ་ལྷུང་ལྷུང་གི་དབྱངས་སུ་འདི་ལྟར་བསྒྲགས་པར་བྱའོ། །ཨེ་མ་ཀྱེ་ཧོཿ །ཕ་གཅིག་དྲན་ནོ་དེ་དུས་གསུམ་གྱི་སངས་རྒྱས་དྲན། །ཕ་གཅིག་དྲན་ནོ་དེ་རྗེ་བཙུན་གྱི་བླ་མ་དྲན། །སྙིང་ནས་འབོད་དོ་དེ་གདུང་དབྱངས་ཀྱི་འོ་དོད་འབོད། །གསོལ་བ་འདེབས་སོ་དེ་ཐུགས་རྗེ་ཡི་སྤྱན་གྱིས་གཟིགས། ༡ །གནས་ཡ་གི་ཤེད་བདེ་ཆེན་གྱི་འོག་མིན་ན། །ཕ་རྒྱལ་བ་མཆོག་དྲིན་ཅན་གྱི་བླ་མ་རྗེ། །སྐུ་སྣང་སྟོང་ནི་འཇའ་འོད་ཀྱི་དཀྱིལ་འཁོར་རྒྱས། །གསུང་ཟབ་སྙན་གྱི་ཆོས་དབྱངས་དེ་ལྷངས་སེ་ལྷངས། ༢ །ཐུགས་མཁྱེན་བརྩེ་དང་ཡེ་ཤེས་ཀྱི་ཀློང་ཡངས་ནས། །བུ་དད་ལྡན་དང་མཁའ་མཉམ་གྱི་གདུལ་བྱ་ལ། །དུས་རྒྱུན་ལྡན་དུ་བརྩེ་ཆེན་གྱི་གཟིགས་པ་དེ། །རྗེ་མཚན་ལྡན་གྱི་རྣམ་ཐར་ཅིག་མ་ལགས་སམ། ༣ །ཁྱེད་སྒྲིབ་བྲལ་གྱི་སྤྱན་རས་ཕྱོགས་བཅུ་ཡི། །གནས་མ་ལུས་ཀུན་ལྷམ་མེར་གཟིགས་མངའ་ན། །བདག་དུས་ངན་དུ་སྐྱེས་པའི་བུ་འབངས་འདི། །གཏན་མཐའ་མེད་དུ་འཁོར་


TR003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བར་མནར་འཇུག་གམ། ༤ །ལས་ངན་གོམས་འཕྲུལ་ཞེན་གྱི་བག་ཆགས་དང་། །རྐྱེན་བློ་བུར་འགལ་མཐུན་གྱི་གཟེབ་རྒྱ་སོགས། །ལམ་བླ་མེད་བྱང་ཆུབ་ཀྱི་བར་ཆད་ཚོགས། །འདི་ཞི་བར་བྱིན་གྱིས་ཤིག་མི་རློབས་སམ། །ལུས་ཉམས་ཐག་ཉོན་མོངས་ཀྱི་མལ་ནང་ན། །སེམས་འཁྲུལ་འཁོར་གཅོང་ཆེན་གྱིས་ཟིན་པའི་ཤུགས། །ངག་འོ་དོད་སྨྲེ་ངག་གི་གདུང་དབྱངས་སྒྲ། །ཕ་རྗེ་བཙུན་དབང་མེད་དུ་དྲན་པས་འབོད། ༦ །ཚེ་མི་རྟག་འཆི་ངེས་ཀྱི་ལྷག་མ་ནི། །ལོ་ཟླ་ཞག་འགའ་ཞིག་གནས་རིང་འདིར། །ལས་འཁྲུལ་འབྱམས་ཆོས་མིན་དང་སྙོམ་ལས་དགྲ། །བཟློག་ངེས་པར་དམ་ཆོས་ཤིག་སྒྲུབ་བྱིན་རློབས། ༧ །གཏན་མདུན་མའི་ཡང་རྩེ་ཚེ་གཅིག་འདིར། །ལམ་སྒྲུབ་པ་སྙིང་པོར་ཆིག་དྲིལ་དུ། །འབད་ནུས་ལ་བར་ཆད་མི་འབྱུང་བར། །འབྲས་མངོན་གྱུར་ཆོས་སྐུར་གྲོལ་བར་མཛོད། ༨ །མཆོག་མཐུན་མོངས་དངོས་གྲུབ་ཀྱི་གཏེར་མཛོད། །སྐུ་གང་འདུལ་དེར་སྟོན་


TR003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྫུ་འཕྲུལ་དང་། །ཐུགས་མཉམ་ཉིད་ཡེ་ཤེས་ཀྱི་ཟློས་གར་སོགས། །ཕ་ཁྱེད་དང་ཚུལ་མཐུན་གྱིས་འགྲོ་སྒྲལ་ཤོག། ༩ ༈ །།ཨེ་མ་ཧོཿ །མཁྱེན་དང་བརྩེ་དང་མཛད་པའི་ཕྲིན་ལས་ལ། །ཚད་མེད་རྒྱལ་བ་ཀུན་ལས་ལྷག་པའི་རྗེ། །གང་གི་ཡོན་ཏན་བསྐལ་བརྒྱར་རྡོ་རྗེའི་ལྕེ། །འབུམ་ཕྲག་དུ་མས་བརྗོད་པར་སུ་ཞིག་སྤོབས། ༡༠ །ལས་ཉོན་འཁོར་བའི་གྲུ་ཆེན་འབྱུང་གནས་ཆེར། །ལས་དབང་བཙན་པོས་རབ་འཕྱན་བདག་སོགས་འགྲོ། །ལོག་རྟོག་རླུང་དྲག་ཤུགས་ཆེན་གྱིས་བསྐྱོད་པའི། །ལོག་ལམ་སྲིན་གླིང་ལས་སྐྱོབས་ལྷ་ཡི་ལྷ། ༡༡ །དལ་འབྱོར་དལ་ཁོམ་ལྡན་པའི་གྲུར་བརྟེན་ནས། །བླ་མེད་བླ་མ་མཆོག་གསུངས་ཡིད་བཞིན་ནོར། །རབ་བླངས་རབ་ཞི་དོན་གཉེར་སྐྱེ་བོ་དག །སྐྱབས་བྲལ་སྐྱབས་ཀྱི་མཆོག་ཁྱེད་སྙིང་ནས་དྲན། ༡༢ །སྣ་ཚོགས་ལས་ལ་ཐོག་མེད་ད་ལྟ་བར། །སྣ་ཚོགས་སྤྱད་ཀྱང་དོན་མེད་སྡུག་བསྔལ་ལུས། །སྣ་ཚོགས་བླངས་ལ་ད་ནི་ཡིད་རབ་སྐྱེ། །སྣ་ཚོགས་རང་གྲོལ་


TR003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་དེས་གཟིགས་རེ་རན། ༡༣ །སྲིད་པའི་ངང་ཚུལ་ཚུལ་མིན་ཡིད་བྱེད་ལ། །རྟགས་པར་རབ་ཞེན་ཞེན་པས་རང་ཉིད་བཅིང་། །འདུས་བྱས་མི་རྟག་རྟག་ཏུ་རེ་བས་ཕུང་། །ཐུགས་རྗེས་མྱུར་གཟིགས་གཟིགས་པ་དྲི་མེད་མཆོག ༡༤ །མཆོག་ཏུ་དག་པའི་སྐུ་དང་ཚངས་དབྱངས་གསུང་། །གསུང་རབ་སྙིང་པོའི་བཅུད་ལྡན་འདོད་འཇོའི་དཔལ། །དཔལ་ལྡན་མཚུངས་བྲལ་ཁྱེད་ཐུགས་ཇི་བཞིན་དུ། །དུ་མའི་ཆོས་ཀུན་རང་བྱན་ཚུད་པར་ཤོག ༡༥ །རབ་དད་དད་དང་དང་བའི་ཡིད་རྩེ་གཅིག །གཅིག་འདི་འདི་ཉིད་ཉིད་ལས་གཞན་པ་ཡི། །ཡི་དམ་དམ་ཆོས་ཆོས་ཀུན་རྗེ་བཙུན་ཁྱེད། ཁྱེད་ལས་ལས་གཞན་གཞན་དུ་བདག་མི་སེམས། ༡༦ །སྐྱེ་བ་འདི་གཟུངས་མཐར་ཐུག་བྱང་ཆུབ་ཀྱི། །གོ་འཕང་མངོན་དུ་མ་གྱུར་དེ་སྲིད་དུ། །སྐྱབས་གནས་རྒྱལ་བའི་ཁྱབ་བདག་བླ་མ་ཁྱེད། །བདག་སྙིང་དད་རྒྱའི་ཟེའུ་འབྲུར་དབྱེར་མེད་ཤོག ༡༧ །རབ་འབྱམས་ཕྱོགས་མཐའ་བཏུག་པའི་ཞིང་། །


TR003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཡོངས་དག་དཀྱིལ་འཁོར་བཀོད། །གྲངས་མེད་དེ་སྙེད་རྒྱལ་བ་ཁྱེད། །འགྲོ་འདུལ་རྣམ་འཕྲུལ་མ་ལགས་སམ། ༡༨ །གང་གི་རྨད་བྱུང་ཐུགས་རྗེ་ལ། །བྲི་གང་ཕྱོགས་སུ་ལྷུང་བའི་མཐའ། །མི་མངའ་དེ་སླད་རྨོངས་པའི་འགྲོ། །ཉམས་ཐག་བུ་ང་ཅིས་མི་གཟིགས། ༡༩ །འགྲོ་རེའི་མདུན་དུ་གང་འདུལ་གྱི། །སྤྲུལ་བཀོད་དེ་སྙེད་སྟོན་པའི་ཕྱིར། །བདག་དང་བདག་འདྲའི་གདུལ་སྐལ་དུ། །མགོན་ཁྱོད་མངོན་དུ་འགྱུར་ལགས་སོ། ༢༠ །མ་རིག་ལྷན་སྐྱེས་རང་སྒྲིབ་ཀྱིས། །རང་ལ་གདོད་ནས་སྒྲིབ་པའི་མུན། །བསལ་མཁས་ཐུགས་རྗེའི་སྣང་བྱེད་ཁྱེད། །བདག་གི་དཔལ་དུ་ཤར་བར་གྱུར། ༢༡ །བསྙེལ་དང་གཡེལ་བའི་སྐྱོན་ཚོགས་ནི། །ནམ་ཡང་ཐུགས་རྗེ་ལ་མི་མངའ། །དེ་ཕྱིར་རྟག་པར་རྒྱུན་འཁོར་མོར། །དད་ལྡན་བུ་ལ་གཟིགས་སུ་གསོལ། ༢༢ །བྱིན་རླབས་མི་ཟད་ཆུ་རླུང་ལ། །གུས་ལྡན་སྐྱེ་འགྲོ་ཇི་སྙེད་པས། །སྤྱད་ཀྱང་རྒྱུན་ཆད་གཏན་བྲལ་བ། །བདག་གི་རྒྱུད་ལ་དབབ་པར་མཛོད། ༢༣ །བདག་དང་འགྲོ་བའི་ལས་ཉོན་ཁམས་ཟབ་


TR003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ཇི་སྲིད་དེ་བར་མགོན་ཁྱེད་ཚད་མེད་ཀྱི། །སྙིང་རྗེའི་ཟློས་གར་བསྒྱུར་བ་མི་དམན་པས། །སྡུག་བསྔལ་འཁོར་མཚོ་ཆེན་ལས་བསྒྲལ་དུ་གསོལ། ༢༤ །བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ལྷ། །མཁའ་འགྲོ་དམ་ཅན་རྒྱ་མཚོར་བཏགས་པའི་མཚན། །སྣ་ཚོགས་འཆང་བའི་མགོན་གཅིག་དྲིན་ཅན་རྗེ། །ཁྱེད་ཀྱི་གོ་འཕངས་མྱུར་དུ་འགྲུབ་གྱུར་ཅིག ༢༥ །མཁའ་ཁྱབ་འགྲོ་འདི་བདག་གི་ཕ་དང་མ། །ཁོ་ན་ལས་གཞན་མིན་ཀྱང་བདག་ཉིད་ཀྱིས། །སྒྲོལ་བའི་ནུས་མེད་དེ་ཕྱིར་སངས་རྒྱས་མཆོག །གང་ཁྱེད་བདག་དང་འགྲོ་ཀུན་གྲོལ་བར་མཛོད། ༈ །ཀྱཻ་རྗེ་བཙུན་དམ་པ་དཔལ་ལྡན་བླ་མ་རྒྱལ་བ་མ་ལུས་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པའི་བདག་ཉིད་ཆེན་པོ་མཁྱེན་བརྩེ་ནུས་པ་ཕུལ་དུ་བྱུང་བའི་སྐྱབས་གནས་ཀྱི་རྒྱལ་པོ་མཆོག་གི་ཞབས་ལ་སྙིང་ནས་སྐྱབས་སུ་མཆིའོ། །ཐུགས་རྗེས་གཟིགས་སུ་གསོལ། བྱིན་གྱིས་རླབས་ཏུ་གསོལ། ལམ་སྣ་དྲངས་ཏུ་གསོལ། བར་ཆད་


TR003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དུ་གསོལ། །རྗེ་ཉིད་དང་གཉིས་སུ་མེད་པར་བྱིན་གྱིས་རླབས་ཏུ་གསོལ། དེ་ལྟར་གསོལ་བ་བཏབ་པས་བླ་མའི་སྐུ། །འོད་དུ་ཞུ་ནས་རང་ལ་དབྱེར་མེད་ཐིམ། །ཀུན་རྫོབ་གཟུགས་སྐུའི་བླ་མ་སྤྲུལ་པའི་སྐུ། །དོན་དམ་རང་རིགས་ཆོས་སྐུའི་དབྱིངས་སུ་འདྲེས། ༢༧ །འདྲེས་དང་མ་འདྲེས་བློ་ཡི་བཏགས་པ་ལས། །གདོད་ནས་གཉིས་མེད་རང་བབ་གཤིས་ཀྱི་ངང་། །སྒྲིབ་ཚོགས་འཁྲུལ་པའི་བག་ཆགས་རང་བཞིན་དག །བསྐུར་ཐོབ་མཚན་བཅས་དབང་གི་བརྫུན་ཕུག་དིབ། ༢༨ །སྐུ་བཞིའི་ངོ་བོར་ཡེ་ནས་ལྷུན་གྱིས་གྲུབ། །རྟོགས་མེད་གཞན་དོན་རྩོད་བྲལ་ཤུགས་ལ་འབྱུང་། །དུས་གསུམ་དུས་མེད་བླ་མའི་རྣལ་འབྱོར་ཆེ། །མཐར་ཐུགས་དོན་གྱི་སྙིང་པོ་ཨེ་མ་ཧོཿ ༢༩ །དེ་དོན་མ་རྟོགས་འཁྲུལ་པའི་སེམས་ཅན་ཀུན། །རང་སྣང་ལོག་པའི་ལས་ལམ་རྒྱུན་ཆད་ཅིང་། །བདེ་ཆེན་འདུ་འབྲལ་མེད་པའི་མཁའ་དབྱིངས་སུ། །འགྱུར་མེད་དོན་གྱི་བླ་མ་མཆོག་འགྲུབ་ཤོག ༣༠ །ཅེས་པའི་གསོལ་འདེབས་འདི་ནི་སྤྲུལ་པའི་སྐུ་མཆོག་རྣམ་རོལ་ཆོས་


TR003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་མཚན་པས་བསྐུལ་བར་མཛད་པའི་ངོར་བཀོད་པའོ།། ༈ །།ན་མོ་གུ་རུ། །བདེ་ཆེན་འཁོར་ལོ་དོན་གྱི་འོག་མིན་ན། །རྒྱུད་པ་ཀུན་འདུས་རྩ་བའི་བླ་མ་ཉིད། །སངས་རྒྱས་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །མཚན་དཔེའི་གཟི་འབར་འཇའ་འོད་སྐུ་རུ་བཞུགས། །བདག་དང་འགྲོ་བའི་ལུས་སྲོག་ལོངས་སྤྱོད་ཀུན། །ལྟོས་མེད་མཆོད་པར་འབུལ་གྱི་བཞེས་ནས་ཀྱང་། །ཚད་མེད་ཐུགས་རྗེ་མྱུར་འགྱོགས་ལྕགས་ཀྱུ་ཡིས། །སྡུག་བསྔལ་ཉམས་ཐག་བུ་འབངས་དྲངས་ཏུ་གསོལ། །ཚེ་འདིའི་སྣང་བ་རྨི་ལམ་ལྟ་བུ་ནུབ། །བཟློག་མེད་འཆི་བདག་ཞགས་པ་དམ་པོས་བཅིངས། །རབ་འཇིགས་བར་དོའི་འཕྲང་ཆེན་འགྲིམ་ཁ་འདིར། །ཐུགས་རྗེས་མྱུར་དུ་གཟིགས་དང་བླ་མ་རྗེ། །ལོངས་སྤྱོད་གཉེན་འདུན་གཅེས་པའི་ལུས་དང་བཅས། །ཕན་མེད་ཤུལ་དུ་བཞག་ནས་རང་རིག་འདི། །དབང་མེད་འཁྲུལ་སྣང་རླུང་གིས་མི་སྐྱོད་པར། །ལམ་མཆོག་འཕོ་བའི་ཟབ་དོན་མངོན་གྱུར་ཤོག །བསླུ་བྱེད་ཚེ་འདིའི་ཞེན་འཛིན་བྲལ་


TR003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །ལོག་ལམ་འཁྲུལ་པའི་བག་ཆགས་མི་འཆར་བར། །གསལ་སྟོང་འཛིན་མེད་རིག་པ་རྗེན་པ་འདི། །རྗེ་བཙུན་བླ་མའི་ཐུགས་དང་དབྱེར་མེད་པར། །ཆོས་དབྱིངས་སྐྱེ་མེད་ཀློང་དུ་གྲོལ་བར་ཤོག །ཅེས་པ་འདི་འཕོ་བའི་རིགས་གང་ལ་ཡང་གསོལ་འདེབས་ཟུར་གསལ་མི་འདུག་པས་འདི་ལྟ་བུ་ཅིག་དགོས་ཞེས་རྣལ་འབྱོར་ཚུལ་ཁྲིམས་བཟང་པོས་བསྐུལ་ངོར་བཀོད་པའོ།། ༈ །།ན་མསྶྭ་ཙིཏྟ་དི་དྷརྨ་ཀཱ་ཡ་གུ་རུ་བྷྱཿ །གང་གི་ཐུགས་རྗེའི་གཟིངས་མཆོག་ནི། །ངེས་པར་ཆུང་མིན་ཁྱོན་ལྡན་པས། །འཇིགས་རུང་ཆུ་སྲིན་འབྱུང་ རང་སེམས་བླ་མ་གདོད་མའི་ཆོས་སྐུ་ལ་ཕྱག་འཚལ་ལོ། གནས་རླབས། །སྒྲོལ་མཛད་དེད་དཔོན་བླ་མ་མཆོད། །མཁྱེན་བརྩེ་སྟོང་གི་བཀྲ་བའི་འདྲེན་བྱེད་ནི། །གང་ལ་མངའ་དེས་མ་རྒན་ཉམས་ངའི་གཡང་། །མཐར་འཕྱན་བག་ཆགས་སྟུག་པོའི་སྐྲ་ཤད་ཅན། །སྐྱོབས་ནུས་དེ་ལ་སུ་ཡི་ཕྱག་འོས་མིན། །དེ་ལས་རྣམ་འདྲེན་ཐུགས་རྗེའི་གཟི་འབར་བཻཌཱུརྱ། །ཟློག་མེད་མོས་པའི་མགོ་སྐྱེས་ནགས་ཀྱི་རྩེར་ཡང་དག །རབ་


TR003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མཐོའི་རྒྱལ་མཚན་མངོན་གསལ་ཏོག་ཏུ་ལེགས་བཀོད་པས། སྲིད་གསུམ་ཉིན་དང་མཚན་སྣང་འཕོང་བའང་འཕྲོག་འདི་མཚར། ཨེ་མ་གདོད་ནས་ཡེ་དག་རང་རིག་གི། །གཤིས་ལ་བཅོས་བསྒྱུར་དབེན་ཀྱང་རོལ་རྩལ་གྱི། །འདུ་བྱེད་ཕུང་ཁམས་ལྷག་པའི་ལྷའི་དཀྱིལ་འཁོར། །ལྷུན་གྲུབ་ཡེ་ཤེས་ལྔ་གདངས་རབ་གསལ་འབར། །ཕྱི་དང་ནང་ངམ་བར་དང་བླ་འོག་ཅེས། །ཀུན་བཏགས་བློ་སྣང་ལྟོས་འགྲོའི་མདུད་པ་བརྒྱ། །བཀྲོལ་མེད་རང་སར་ཤིག་གི་གྲོལ་བའི་ངོར། །འགགས་མེད་ཅིར་སྣང་སྒྱུ་མའི་སྒྱུ་འཕྲུལ་གར། །དོན་གྱི་འོག་མིན་བདེ་ཆེན་འཁོར་ལོའི་ཞིང་། །རབ་གསལ་ཤེལ་གྱི་གུར་ཁང་ག་བུར་དྲི། །བཟང་ལྡན་མུ་ཏིག་གེ་སར་འཕྲེང་མཛེས་སྟོང་། །གཏི་མུག་ཆོས་དབྱིངས་བུདྡྷ་གུ་རུའོ། །རོ་འདུས་ཙཀྲ་པདྨ་རཱ་ག་ཡི། །སྐྱེད་ཚལ་ཐུན་མཚམས་འོད་ལ་རྒོད་པའི་ཞིང་། །གང་དབུས་འདོད་ཆགས་སོར་རྟོགས་ཡེ་ཤེས་སུ། །ལྷུན་གྲུབ་ངོ་མཚར་པདྨ་གུ་རུར་ཤར། །དྲན་པ་རྣམ་བཀོད་


TR003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ་ཙཀྐྲ་ཞེས། །མཐོན་ཁ་ཆེན་པོ་འབར་བའི་གཞལ་ཡས་ཁང་། །མཛེས་ལྡན་ཞེ་སྡང་མེ་ལོང་ཡེ་ཤེས་ཀྱི། །རྣམ་འགྱུར་བཛྲ་གུ་རུར་རང་བཞིན་གྲུབ། །སྐྱེས་བྱེད་སྤྲུལ་འཁོར་གསེར་གྱི་ས་གཞི་ནི། །མུན་པ་འཕྲོག་ནུས་འདབ་ཡངས་འབུམ་བརྡལ་བའི། །དབུས་དེར་ང་རྒྱལ་མཉམ་ཉིད་ཡེ་ཤེས་ཉིད། །རཏྣ་གུ་རུ་སྐུ་ཡི་ལྷུན་པོར་བརྗིད། །རབ་བདེ་མྱོང་བྱེད་ལྷ་ཡི་དགའ་ཚལ་ནི། །མ་རྒ་ཏ་ཡི་ནགས་ལྗོངས་རབ་ཡངས་པར། །རྟག་ཏུ་ཡང་དག་རོལ་བ་བླ་མའི་སྐུ། །ཕྲག་དོག་བྱ་གྲུབ་ཀརྨ་གུ་རུའོ། །ཀུན་ནས་ཀུན་ཏུ་འདུ་འབྲལ་ཡོངས་དབེན་པའི། །རྩ་ཁམས་རླུང་ཐིག་སྣ་ཚོགས་གྲངས་ཡས་ཀྱི། །བཀོད་པ་མ་ལུས་བླ་མའི་སྒྱུ་འཕྲུལ་ལ། །ཡི་དམ་དཔའ་བོ་མཁའ་འགྲོར་གྲགས་ཏེ་མཚར། །ཨ་ལ་ལ་ཧོ་སྣང་སྲིད་རིག་རྩལ་ཉིད། །གཅིག་དང་དུ་མར་འཛིན་པའི་སྨིག་རྒྱུ་ལ། །ཞེན་མིན་སྐུ་གསུམ་བླ་མའི་ཆུ་གཏེར་དང་། །མི་འབྲལ་སྐལ་མཆོག་གདེང་ཅན་དབང་པོར་གྱུར། །བཟོད་མ་ཉིད་ནས་རང་རིག་བླ་མ་དངོས། །


TR003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཆོས་སྐུ་རང་བཞིན་ལོངས་སྤྱོད་རྫོགས། །རྣམ་རོལ་སྤྲུལ་སྐུ་དོན་ལ་དབྱེར་མེད་པའི། །ཡེ་ཤེས་རྡོ་རྗེ་ཡེ་གྲོལ་གཤིས་ཀྱི་ངང་། །བསྐྱེད་དང་བསྟིམ་དང་བསྒྲུབ་དང་བསྡུ་བ་སོགས། །སྣ་ཚོགས་བྱིས་པ་བྲིད་བྱེད་སྤྲོས་པའི་ཆོས། །མཐའ་དག་མཉམ་ཉིད་ཆེན་པོར་ལ་ཟློས་པའི། །ཆོས་ཉིད་དབྱིངས་ལ་དུས་གསུམ་འཕོ་འགྱུར་བྲལ། །བག་ཆགས་གཡོ་བའི་སྤྲིན་ཚོགས་ལང་ལོང་གི །ཆོ་འཕྲུལ་རང་བྱུང་རང་ཐིམ་རང་གྲོལ་ལ། །བཅོས་བསྒྱུར་དགགས་སྒྲུབ་མི་དགོས་དག་པའི་མཁའ། །གདོད་ནས་ཡངས་པ་ཆེན་པོར་ལྷུན་གྲུབ་ཉིད། །འདོད་ལྔ་ཚོགས་དྲུག་ཡུལ་སྣང་སྒྱུ་འཕྲུལ་རྨི་ལམ་གྱི། །རྒྱལ་སྲིད་གང་ལ་ཞེན་དང་སྤོང་བགེགས་གནས་བསྒྱུར་སོགས། །བློ་ཡི་བྱེ་བྲག་དུ་མའི་རང་ངོར་ཐེག་པའི་རིམ། །མ་ལུས་བདེན་དང་བདེན་མིན་འཛིན་རྟོག་སྐབས་འདིར་མིན། །རང་རིག་ཐ་དད་བླ་མ་ཡང་ནི་གཞན་པ་དང་། །བྱིན་རླབས་རེ་ལྟོས་འབྲས་བུ་ཐོབ་བྱར་འཛིན་པ་སོགས། །ཐུན་མོངས་གདུལ་ངོར་སྤྲོས་ཚོགས་ཤིང་རྟའི་


TR003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བརྒྱ། །བསྐྱོད་པའི་རྩོལ་བས་ཐང་ལ་བགྲོད་ཀྱི་ཆུ་བོར་མིན། །གཞི་ཉིད་ནས་ལ་འབྲས་བུའང་དེར། །གྲུབ་མོད་འོན་ཀྱང་རྟེན་འབྲེལ་ཐབས། །མྱུག་སོགས་ཁྱད་དུ་གསོད་མིན་པར། །ཀུན་ཤོང་ནམ་མཁའི་བློ་ལྡན་གཅེས། །ཀ་ཡེ་རྨོངས་པ་དག་ལྟའི་ཚིག །མུ་ཅོར་སྨྲས་འདི་རྒྱལ་མཆོག་དངོས། །ཉིད་ཀྱི་སྤྱན་སྔར་བྲིམ་བཟོད་པ། །ཅི་མཆིས་འོན་ཀྱང་ནོངས་ཀུན་བཤགས། །གསང་དོན་ཡང་དག་གནད་སྙིང་པོ། །ཆ་ཙམ་འདིར་བཀོད་དགེ་བའི་ཟླ། །དམར་ཕྱོགས་ཀྱིས་དབེན་འགྲོ་བློ་ཡི། །ཡེ་ཤེས་ཀུན་མུ་ཏ་རྒྱས་བྱེད་ཤོག །ཅེས། བླ་མའི་རྣལ་འབྱོར་ཟབ་དོན་སྙིང་པོར་གྱུར་བ་གང་ཟག་བློ་རབ་ཀྱི་གདུལ་ངོ་དང་མཐུན་ཅིང་སྙན་ངག་གི་བརྒྱན་པ་ཞིག་དགོས། ཞེས། སྐུ་རིན་པོ་ཆེས་བཀའ་བསྩལ་པ་བཞིན་བཀོད་ནས་ཕུལ་བ་དགེ།། ༈ །།ན་མ་དྷརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ནིརྨ་ཀཱ་ཡ་ཤསྟྲ་དཱ་ཤ་ཡ། ངོ་བོ་ཀ་དག་སྤྲོས་བྲལ་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་གསལ་མདངས་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་གང་འདུལ་སྤྲུལ་པའི་སྐུ། །དབྱེར་མེད་རང་རིག་བླ་


TR003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མར་རྟོགས་པས་འདུད། །ཆོས་སྐུའི་གནས་ནི་བསམ་འདས་ཆོས་དབྱིངས་ཞིང་། །སྟོན་པ་གདོད་ནས་རང་རིག་ཀུན་ཏུ་བཟང་། །རང་གསལ་ཡེ་ཤེས་རྒྱ་མཚོའི་འཁོར་ཚོགས་ལ། །བརྗོད་མེད་མ་བཅོས་ཅོག་བཞག་ཆོས་འཁོར་ཆེ། །དུས་བཞི་འཕོ་འགྱུར་མེད་པར་བསྐོར་བ་ལས། །ཀུན་རྫོབ་འདུས་བྱས་ཕུན་ཚོགས་ལྔ་ལྡན་གྱི། །མིང་དང་མཚན་མས་དབེན་པའི་ཆོས་ཉིད་ཀློང་། །དོན་དེ་འགྲོ་བ་ཀུན་གྱིས་རྟོགས་གྱུར་ཅིག །ཆོས་སྐུའི་ངང་ལས་ཡེ་ཤེས་རང་གསལ་གྱི། །གནས་ནི་རང་སྣང་སྟུག་པོ་བཀོད་པའི་ཞིང་། །སྟོན་པ་རིགས་ལྔའི་སངས་རྒྱས་འཁོར་ཚོགས་ནི། །རྒྱལ་བ་རབ་འབྱམས་ཆོས་ནི་ཡེ་ཤེས་ལྔའི། །དགོངས་པར་དུས་གསུམ་རྒྱུན་ཆད་མེད་བཞུགས་འདུས། །སྤྲུལ་པའི་དང་པོ་གནས་ནི་དགའ་ལྡན་བརྩེགས། །སྟོན་པ་ཁྱེའུ་སྣང་བ་དམ་པའི་འོད། །པད་སྡོང་ཁྲི་འཕངས་ལས་འཁྲུངས་སྤྲུལ་པའི་འཁོར། །བསྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས་ལ། །བསྟན་པའི་སྙིང་


TR003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐལ་འགྱུར་རྩ་བའི་རྒྱུད། །ལ་སོགས་རྫོགས་ཆེན་རྒྱུད་མཆོག་བཅུ་བདུན་གསུང་། །སྟོན་འཁོར་ངོ་བོ་གཅིག་ཀྱང་སྤྲུལ་པ་མཛད། །ཚེ་ལོ་དཔག་མེད་དུས་ན་བྱོན་དེར་འདུད། །གཉིས་པ་གནས་ནི་མི་འཇེད་འཇིག་རྟེན་འདིར། །སྟོན་པ་ཁྱིའུ་འོད་མི་འཁྲུག་པ་ཉིད། །འོད་ལྔའི་སྒོ་ལྔ་ལས་འཁྲུངས་སྤྲུལ་པའི་འཁོར། །བདེར་གཤེགས་རྡོ་རྗེ་རིན་ཆེན་པད་ཕྲིན་ལས། །རིགས་ཀྱི་མཁའ་འགྲོ་འབུམ་ཕྲག་གཉིས་རྣམས་ལ། །ཆོས་ནི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྒྱུད། །དུས་ནི་ཚེ་ལོ་བྱེ་བ་ཐུབ་པའི་ཚེ། །འགྲོ་འདུལ་རྣམ་སྤྲུལ་དེ་ལྟར་བསྟན་ལ་འདུད། །གསུམ་པ་གནས་ནི་འོད་ཀྱི་ཕུང་པོའི་ཞིང་། །སྟོན་པའི་མཚན་ནི་འཇམ་དཔལ་འཇིག་སྐྱོབ་སྟེ། །དྲོད་ཤེར་སྐྱེས་ལས་སྐུ་བལྟམས་དེ་ཡི་འཁོར། །རང་བཞིན་བྱམས་སེམས་འབུམ་དང་ལམ་གནས་འབུམ། །སེམས་སྦྱངས་འབུམ་དང་སེམས་འདུལ་འབུམ་ཕྲག་དང་། །ས་གནས་འབུམ་དང་ཕྱིར་མི་ལྡོག་འབུམ་སྟེ། །འབུམ་ཕྲག་དྲུག་ལ་འཁོར་བ་དོང་སྤྲུག་ཆོས། །ཚེ་ལོ་འབུམ་གྱི་དུས་ན་


TR003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་དེར་འདུད། །བཞི་པ་གནས་ནི་ཆགས་འབྱུང་མངལ་སྣང་ཞིང་། །ལྷ་དབང་མཆོག་གའི་ཡབ་དང་རྩེ་ལྡན་ཡུམ། །དེ་གཉིས་སྲས་སུ་གཞོན་ནུ་རོལ་པ་ནི། །རྣམ་པར་རྩེ་བ་ཞེས་བྱའི་སྟོན་པ་འཁྲུངས། །འཁོར་ནི་སྤྲུལ་པའི་གནོད་སྦྱིན་སྟོང་ཕྲག་དང་། །ཡབ་ཡུམ་སྤྲུལ་པའི་རིག་འཛིན་གྲངས་མེད་ལ། །རྫོགས་ཆེན་བྱ་སྩོལ་བྲལ་བ་སེམས་སྡེའི་རྒྱུད། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གསུང་དེར་འདུད། །ལྔ་པའི་གནས་ནི་སུམ་ཅུ་རྩ་གསུམ་གྱི། །འཚོ་བྱེད་ལྡུམ་རར་སྟོན་པ་རྡོ་རྗེ་འཆང་། །འཁོར་ནི་ཐུན་མོངས་མཐུ་མིན་རྣམ་གཉིས་ལས། །ཐུན་མོངས་བརྒྱ་བྱིན་སྲས་ཡུམ་རིགས་གསུམ་མགོན། །རྣམས་ལ་གདུང་བསེལ་ཕར་ཕྱིན་དྲུག་ཆོས་གསུང་། །ཐུན་མོངས་མིན་འཁོར་ཐུབ་པ་རྣམ་དྲུག་དང་། །ལྷ་བུ་ནོར་བཟང་དང་བཅས་བདུན་པོ་ལ། །ཐིག་ལེ་ཀུན་གསལ་རྒྱུད་སོགས་རྫོགས་ཆེན་ཆོས། །ཚེ་ལོ་བདུན་ཁྲིའི་དུས་ན་གསུངས་དེར་འདུད། །དྲུག་


TR003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསང་མཆོག་མེ་རི་འབར་བ་ཞེས། །རི་རབ་བྱང་གི་བང་རིམ་སྟེང་ཉིད་ན། །སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱིས། །འཁོར་དུ་བྱང་སེམས་སྤྲིན་གྱི་ཤུགས་ཅན་བདུན། །གནོད་སྦྱིན་ལེགས་སྤྱོད་དང་ནི་ཌཱཀྐིའི་ཚོགས། །རྣམས་ལ་ཕ་རྒྱུད་མ་རྒྱུད་ཁྱད་པར་དུ། །རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་སོགས། །ཚེ་ལོ་དྲུག་ཁྲིའི་དུས་ན་གསུངས་དེར་འདུད། །བདུན་པ་སྲིན་ཕུག་རུ་ལུའི་སྒྲ་ལྡན་གྱི། །དུར་ཁྲོད་ཆེན་པོར་སྟོན་པ་སྤྲུལ་པའི་གཟུགས། །དྲང་སྲོང་ཁྲོས་པའི་རྒྱལ་པོར་བསྟན་ནས་ནི། །འཁོར་དུ་ཐུབ་དྲུག་ནོར་བཟང་བདུན་གྱི་སྟེང་། །སྲིན་པོ་བྱེ་བ་ཕྲག་ལ་བསྟན་པའི་ཆོས། །མ་གཤིན་ཕུར་གསུམ་རྒྱུད་སྡེ་དཔག་མེད་རྣམས། །དྲེགས་བྱེད་གདུག་པ་འདུལ་བའི་དོན་དུ་གསུངས། །ཚེ་ལོ་ཁྲི་པའི་དུས་ན་བྱོན་དེར་འདུད། །བརྒྱད་པ་འཛམ་གླིང་བྱ་རྒོད་སྤུངས་རིའི་གནས། །སྟོན་པ་དགྲ་བཅོམ་གསེར་འོད་དམ་པ་ནི། །རྒྱལ་པོ་སེང་བཟང་མཛེས་མ་འོད་ལྡན་ཡུམ། །གཉིས་ལས་སྐུ་བལྟམས་


TR003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནི་ཉན་ཐོས་མཆོག །ཀུན་དགའ་བ་སོགས་རྫུ་འཕྲུལ་ལྡན་རྣམས་ལ། །བསྟན་པ་དམ་ཆོས་འདུལ་བ་ལུང་ཆེན་ནི། །བམ་པོ་ལྔ་བརྒྱ་ཤོ་ལོ་སྟོང་བདུན་བརྒྱ། །ཚེ་ལོ་ལྔ་སྟོང་དུས་ན་གསུངས་དེར་འདུད། །དགུ་པ་བྱང་ཕྱོགས་གཡུ་ཡི་སྨིན་མ་ཅན། །རང་བྱུང་བདེ་བྱེད་མཆོད་རྟེན་དྲུང་ཉིད་ན། །སྟོན་པ་བརྩེ་བ་རོལ་བའི་བློ་གྲོས་ཀྱི། །ས་བརྒྱད་བྱང་སེམས་གློག་འབྱུང་འོད་ཟེར་དང་། །བློ་གྲོས་བཟང་སོགས་སེམས་དཔའ་གྲངས་མེད་ལ། །ཆོས་ནི་ཀུན་བྱེད་སེམས་ལུང་ཁུ་བྱུག་རོལ། །ཀུན་བཟང་ཆེ་བ་རང་གནས་རྒྱུད་ལ་སོགས། །ཚེ་ལོ་སྟོང་ཐུབ་དུས་ན་གསུངས་ལ་འདུད། །བཅུ་པ་གནས་ནི་ལྷོ་ཕྱོགས་བདེ་ལྡན་གྱི། །བྱ་རྒོད་སྤུངས་རིར་སྟོན་པ་འོད་སྲུངས་ཆེས། །འཁོར་ནི་ཐུབ་དྲུག་བྲམ་ཟེ་མགོན་སེམས་རྣམས། །ཉན་ཐོས་གཟུགས་སུ་སྤྲུལ་ལ་དམ་པའི་ཆོས། །མདོ་སྡེ་འབུམ་ཕྲག་ཉེར་ལྔ་ཁྱད་པར་དུ། །རྫོགས་ཆེན་ཨ་ཏི་བཀོད་པ་ཆེན་པོ་ནི། །ཚིགས་སུ་


TR003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་འབུམ་ཕྲག་དྲུག་ལ་སོགས། །ཚེ་ལོ་ལྔ་བརྒྱའི་དུས་ན་གསུངས་དེར་འདུད། །བཅུ་གཅིག་ནས་ནི་རྡོ་རྗེ་གདན་དྲུང་གི །བྱང་ཆུབ་སྙིང་པོར་སྟོན་པ་མངོན་རྫོགས་རྒྱལ། །བྲམ་ཟེ་ལེགས་ལྡན་མཁའ་འགྲོ་དཔལ་བྱིན་གྱིས། །ཡབ་ཡུམ་ལས་འཁྲུངས་དམ་པའི་འཁོར་ཚོགས་ནི། །རིགས་གསུམ་མགོན་སོགས་སེམས་དཔའ་དཔག་མེད་ལ། །དམ་ཆོས་ངེས་པ་དོན་གྱི་མདོ་སྡེའི་ཚིག །ཤོ་ལོ་ཀ་ནི་སྟོང་ཕྲག་ལྔ་ཉིད་བདག །ཚེ་ལོ་སུམ་བརྒྱའི་དུས་ན་གསུངས་དེར་འདུད། །བཅུ་གཉིས་གནས་ནི་མགོན་མེད་ཟས་བྱིན་གྱིས། །ཀུན་དགའ་ར་བར་སྟོན་པ་ཤཱཀྱའི་རྒྱལ། །ཐུན་མོངས་འཁོར་དུ་དགེ་སློང་ཕ་མ་དང་། །དགེ་གཉེན་ཕ་མ་ལ་སོགས་རྣམ་བཞི་ལ། །བདེན་པ་རྣམ་བཞིས་བསྡུས་པའི་རྒྱུ་ཡི་ཆོས། །ལན་གྲངས་བཅུ་གཉིས་འདས་ཏེ་བསྐོར་མཛད་པའི། །དུས་ནི་ཚེ་ལོ་བརྒྱ་པའི་རྩོད་ལྡན་ལ། །མཛད་པ་བཅུ་གཉིས་ཚུལ་བསྟན་དེ་ལ་འདུད། །དེ་ལྟར་ཆོས་ཉིད་དབྱིངས་ལས་གཟུགས་སྐུའི་དཔལ། །སྤྲུལ་


TR003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་སྟོན་པ་གྲགས་ཆེན་བཅུ་གཉིས་ཀྱི། །རྣམ་པར་རོལ་པའི་སྒྱུ་འཕྲུལ་ཕྲིན་ལས་ལ། །ངོ་མཚར་དད་བརྒྱས་རབ་བཏུད་ཕྱག་བགྱིའོ། །གདུལ་བྱའི་འགྲོ་བའི་ཕུང་པོ་ལྔ་དང་ནི། །འབྱུང་ལྔ་ཁམས་ལྔ་ཉོན་མོངས་དུག་ལྔ་སོགས། །སྦྱོང་ཕྱིར་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི། །འདུལ་བྱེད་དུས་གསུམ་དུས་མེད་བསྟན་ལ་འདུད། །ཆོས་སྐུ་ཀུན་བཟང་གཅིག་གི་རོལ་པ་ལས། །ལོངས་སྤྲུལ་རྣམ་འགྱུར་འདི་དང་དེ་བཞིན་གཞན། །གྲངས་མེད་བསྟན་ཀྱང་དོན་ལ་སྤྲོ་བསྡུས་ཤོག །དབྱིངས་དང་ཡེ་ཤེས་དབྱེར་མེད་ཨེ་མ་ཧོཿ ༈ །།རྡོར་སེམས་དགའ་རབ་འཇམ་དཔལ་ཤྲཱི་སིང་། །ཛྙཱ་ན་བི་མ་མྱང་བན་ལྡང་མ་ལྷུན། །ལྕེ་བཙུན་ཞང་སྟོན་ཉི་འབུམ་ཇོ་འབེར་དང་། །འཁྲུལ་ཞིག་ཆེ་དང་གྲུབ་ཐོབ་མེ་ལོང་རྡོར། །ཀུ་མ་རཱ་ཛཱ་སྣ་ཚོགས་རང་གྲོལ་ཞབས། །བྱ་བྲལ་ཆོས་རྗེ་གཞན་ཕན་ནམ་མཁའི་མཚན། །འོད་གསལ་ཀློང་ཡངས་བསོད་ནམས་རིན་ཆེན་རྗེ། །ངག་གི་དབང་དང་གྲུབ་མཆོག་བསོད་ནམས་དབང་། །སྐུ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །


TR003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་སྙིང་པོའི་མཐར་ཐུག་རྫོགས་པ་ཆེ། །གནས་ལུགས་རང་ཞལ་མངོན་སུམ་སྟོན་མཛད་པའི། །རྩ་བརྒྱུད་བླ་མར་ཕྱག་འཚལ་གསོལ་བ་འདེབས། །དག་པ་གཉིས་ལྡན་གདོད་མའི་གནས་ལུགས་མཆོག །བདེར་གཤེགས་སྙིང་པོས་འགྲོ་བ་ཀུན་ཁྱབ་ཀྱང་། །མ་རྟོག་དབུལ་པོའི་ཁྱིམ་གྱིས་གཏེར་བཞིན་རྨོངས། །སྒྲིབ་བྲལ་ཆོས་ཁམས་དགེ་བ་མངོན་གྱུར་ཤོག །སེམས་ཅན་ཁམས་གང་ཇི་སྙེད་ཡོད་པ་དང་། །མཚུངས་པའི་བདེར་གཤེགས་ཐུགས་རྗེའི་བཀོད་སྤྲུལ་གྱིས། །ཁྱབ་བཞིན་འགྲོ་འདི་ལས་ཉོན་སྒྲིབ་པས་ལྡོངས། །དག་པ་རབ་འབྱམས་ཞིང་ལ་དབང་བསྒྱུར་ཤོག །ཐ་མལ་ཤེས་པ་བཟོ་མེད་ཆོས་སྐུ་དངོས། །རྟག་པར་རང་ལ་འབྲལ་མེད་བཞུགས་བཞིན་དུ། །མ་རྟོགས་བློས་བྱས་བཅོས་མའི་འཇུར་སྒོམ་གྱིས། །བཅིངས་ལས་རང་གྲོལ་གནས་ལུགས་རྟོག་པར་ཤོག །ཚོགས་དྲུག་རང་སྣང་སྒྱུ་མའི་རོལ་རྩལ་དུ། །མ་ཤེས་ཡུལ་དང་བདག་ཏུ་འཁྲུལ་པའི་བློ། །ཐོག་མེད་ནས་གོམས་ད་དུང་གཟུང་འཛིན་ལ། །སྦྱངས་པས་ཅི་བྱ་རང་


TR003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་རིགས་གྲོལ་ཤོག །བདག་དང་གཞན་དང་འཁོར་བ་མྱང་འདས་སོགས། །ཐ་དད་བཟང་ངན་འཛིན་བློས་ད་བར་ཕུང་། །ད་ནི་ཡེ་གྲོལ་རང་བབས་གཉུག་མའི་ཀློང་། །ཕྱམ་གདལ་མཉམ་ཉིད་ཆེན་པོར་གྲོལ་བར་ཤོག །ཐེག་པའི་ཡང་རྩེ་རྩོལ་མེད་ཨ་ཏིའི་ལམ། །རྩོལ་བཅས་བགྲོད་འདོད་འབྲས་བུ་རེ་བའི་བདུད། །རང་ལས་བྱུང་བས་རང་སྲོག་མི་གཅོད་པར། །མཉམ་རྫོགས་བྱང་ཆུབ་གཏན་སྲིད་ཟིན་པར་ཤོག །མཚན་བཅས་བསྐྱེད་རྫོགས་འཛིན་པའི་གཏོད་ཕུར་བུད། །ལྟ་སྒོམ་སྤྱོད་འབྲས་ས་ལམ་རྫུན་ཁྲིགས་ཡལ། །ཐོབ་བྱ་ཐོབ་བྱེད་བྱང་ཆུབ་མངོན་ཞེན་བྲལ། །གདོད་མའི་ཆོས་སྐུར་འགྲོ་ཀུན་ལྷུན་རྫོགས་ཤོག འདི་ལྟར་གསང་ཆེན་ཨ་ཏི་ཡོ་གའི་འབྱུང་ཁུངས་ལོ་རྒྱུས་རྣམས་ལས་རྒྱ་ཆེར་བྱུང་བའི་གྲགས་ཆེན་གྱི་སྟོན་པ་བཅུ་གཉིས་རྣམས་ཀྱི་ཕུན་སུམ་ཚོགས་པ་ལྔ་ལྡན་འདི་དག །ཐེག་པའམ་གྲུབ་མཐའ་གཞན་གྱིས་ལོ་རྒྱུས་དག་ལ་མ་གྲགས་པ་ཤས་ཆེ་བའི་དབང་གིས། དིང་སང་གི་མཁས་པར་རློམ་པའི་བླུན་པོ་ང་རྒྱལ་ཅན་དག་གི་ཐུགས་ལ་ཤོང་བར་དཀའ་ཞིང་


TR003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལར་ཡང་། རྒྱལ་བ་རྣམས་ཀྱི་མཛད་ཕྲིན་རྣམ་རོལ་གྱི་སྒྱུ་འཕྲུལ་དང་ཐེག་ཆེན་གྱི་ཆོས་ཚུལ་ཟབ་མོ་ལ་ཕ་མཐའ་མི་མངོན་ཞིང་སོ་སོ་སྐྱེ་བོའི་བློའི་ར་བ་ལས་བརྒལ་བ་ཡིན་མོད་ཀྱང་། རང་དང་མི་མཐུན་པའི་ཆོས་ཐམས་ཅད་མི་བདེན་པར་བལྟ་བ་ལ་གོམས་པའི་བློ་ཅན་མང་བ་དང་ཁྱད་པར་ཐེག་པའི་རྩེ་མོ་རྫོགས་པ་ཆེན་པོ་ལས་དམ་པའི་ཆོས་ཡང་དག་པ་མ་ཡིན་ནོ་ཞེས་མགྲིན་པའི་རྔ་གསང་མཐོན་པོར་སྒྲོགས་ལ་བརྩོན་པའི་གང་ཟག་གི་རྒྱ་མཚོའི་གོས་ཅན་ཁྱབ་པའི་དུས་འདི་འདྲར། ཚུལ་འདི་དག་ཡི་གེའི་ལམ་དུ་སྣང་བར་བྱས་རུང་གཞན་ཡིད་གཟུགས་རྔུ་ལྡང་བའི་རྐྱེན་ལས་མ་མཆིས་ཀྱང་། ཐོས་བསམ་གྱི་མིག་འཕངས་མི་དམའ་བའི་དགེ་སློང་བསྟན་འཛིན་ཕུན་ཚོགས་པས་ཆེད་གཉེར་དུ་བསྐུལ་བའི་ངོར། གསོལ་འདེབས་སུ་བགྱིས་ནས་གསལ་བར་བཀོད་པའི་དགེ་བས། འགྲོ་བ་ཐམས་ཅད་ཐེག་མཆོག་སྙིང་པོའི་བསྟན་པ་ལ་གུས་པས་འཇུག་པའི་རྒྱུར་གྱུར་ཅིག། ༈ །།ན་མོ་གུ་རུ། །གཟོད་པ་ཉིད་ནས་སྤྲོས་ཀུན་ཉེར་ཞི་བའི། །ཆོས་དབྱིངས་འདུས་མ་བྱས་དབྱིངས་ཀུན་ཏུ་བཟང་། །འགགས་མེད་སྒྱུ་འཕྲུལ་དཔལ་ལྡན་བླ་མའི་སྐུར། །སྟོན་མཛད་གཞན་ཕན་རྡོ་རྗེར་གསོལ་བ་འདེབས། །གང་སྐུ་མཚན་དཔེའི་ཉི་མ་ཐུགས་རྗེའི་འོད། །གདུལ་


TR003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་གླིང་ཀུན་ཕྱོགས་ལྷུངས་མེད་ཁྱབ་ན། །ཅི་སླད་བདག་སོགས་མུན་གླིང་རབ་འཁྱམས་པའི། །ཚུལ་འདི་འདོར་བ་ཕོད་དམ་རྗེ་བཙུན་མཆོག །སྐྱེ་འཆིས་དབེན་བཞིན་སྐྱེ་འཆིའི་སྣང་ཚུལ་དུ། །བདག་སོགས་རྨུ་རྒོད་གདུལ་བྱར་སྟོན་མོད་ཀྱང་། །ཡེ་ཤེས་ཐུགས་རྗེ་བྲི་གང་མ་མཆིས་ཚེ། །རྟག་པར་བརྩེ་བས་གཟིགས་ཤིག་དགོངས་སུ་གསོལ། །རབ་འབྱམས་ཞིང་ཀུན་སྟོན་པ་གང་ཇི་སྙེད། །མ་ལུས་མགོན་ཁྱོད་སྤྲུལ་པའི་རོལ་གར་དུ། །གྱུར་མོད་དེང་འདིར་བདག་སོགས་རྨོངས་པའི་བུ། །རོ་ཡུལ་གཞན་མེད་སྙིང་རྗེས་མི་གཟིགས་སམ། །རྒྱལ་བ་རྣམས་ལ་འགྲོ་བའི་དོན་ཉིད་ལས། །གཞན་པའི་མཛད་པ་ནམ་ཡང་མཆིས་མིན་ན། །སྐྱབས་མེད་ཉམས་ཐག་བུ་འབངས་གདུང་དབྱངས་ཀྱི། །གསོལ་བ་འདེབས་སོ་ཕ་ཁྱོད་གཟིགས་རེ་རན། །རིན་ཆེན་དབང་གི་རྒྱལ་པོ་ཇི་བཞིན་དུ། །རྩོལ་མེད་གདུལ་བྱའི་རེ་བ་རྟགས་བསྐོངས་ན། །བཀའ་འབངས་སྡུག་བསྔལ་འཁོར་མཚོར་མི་བསྒྱུར་བར། །རྫུ་འཕྲུལ་སྤྲུལ་པའི་ཟློས་གར་བསྒྱུར་མཛད་


TR003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཆོས་དབྱིངས་ཞི་བདེར་སྙོམས་པར་མི་བཞུགས་པར། །ཐུགས་རྗེའི་འོད་དཀར་གདུལ་བྱའི་དད་མཚོ་རུ། །སྣང་མཛད་མུན་བསེལ་ཆོས་ཀྱི་སྒྲོན་མེ་ཡི། །བསྟན་འགྲོའི་སྒྲོན་མ་སླར་ཡང་མཛད་གསོལ་འདེབས། །བདག་སོགས་སྐྱེ་བ་འདི་གཟུངས་བྱང་ཆུབ་བར། །རྣམ་འདྲེན་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ཞིང་། །དམ་གཙང་མཉེས་གསུམ་མཐར་ཕྱིན་དོན་གཉིས་འགྲུབ། །རྗེ་བཙུན་བླ་མའི་གོ་འཕངས་ཐོབ་པར་ཤོག །ཕྱོགས་དུས་རྒྱལ་བ་སྲས་བཅས་ལྷག་པའི་ལྷ། །བསླུ་མེད་བདེན་པ་གྲུབ་པའི་དཀོན་མཆོག་གིས། །ཐུགས་རྗེ་ནུས་སྟོབས་མཐུ་ཡི་བདག་སོགས་ཀྱིས། །གསོལ་བ་བཏབ་པའི་མྱུར་འགྲུབ་བྱིན་གྱིས་རློབས། །ཅེས་པ་འདི་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་གཞན་ཕན་མཆོག་གི་རྡོ་རྗེ་དེ་ཉིད་གཟུགས་སྐུའི་སྣང་བསྙན་ཆོས་དབྱིངས་སུ་ཐིམ་པའི་ཚེ་གསོལ་བ་བཏབ་པའོ།། ༈ །།ཨེ་མ་ཧོཿ །གདོད་མ་ནས་ཡེ་གྲོལ་འགྱུར་མེད་གཤིད། །ཀ་དག་གི་གནས་ལུགས་རང་རིག་ལ། །ཀུན་བཟང་ཆོས་སྐུར་མཚན་གསོལ་བར། །ཡིན་ལུགས་རྟོགས་པས་གསོལ་བ་འདེབས། །སྐྱེ་མེད་དུ་


TR003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཤིགས་སེ་ཤིག །རང་གྲོལ་དུ་བྱིན་གྱིས་རློབས། །ཆོས་ཉིད་ཀྱི་ཀློང་ལས་རང་བྱུང་གདངས། །ལྷུན་གྲུབ་ཀྱི་འོད་གསལ་ལོངས་སྤྱོད་རྫོགས། །རིགས་ལྔ་རྡོར་འཆང་རྡོ་རྗེ་སེམས། །རང་གསལ་ངང་ནས་གསོལ་བ་འདེབས། །སྣང་སྟོང་དུ་ཡ་ལ་ལ། །འོད་ལུས་སུ་བྱིན་གྱིས་རློབས། །སྐུ་གཉིས་ཀྱི་ཐུགས་རྗེ་ཤུགས་འབྱུང་རྩལ། །ཀུན་ཁྱབ་ཀྱི་རོལ་གར་སྤྲུལ་པའི་སྐུ། །པྲཛྙཱ་བྷ་ཝ་དགའ་རབ་ཞབས། །རང་བབས་ཀློང་ནས་གསོལ་བ་འདེབས། །འགག་མེད་དུ་ཁྲོ་ལོ་ལོ། །ཤར་གྲོལ་དུ་བྱིན་གྱིས་རློབས། །བསོད་ནམས་དང་ མཁྱེན་པའི་བདག་ཉིད་ ཡེ་ཤེས་ཚོགས་གཉིས་མཐུ། །མངོན་གྱུར་གྱི་འབྲས་བུ་མཐར་ཕྱིན་པ། །ཤྲཱི་སིངྷ་པ་གྲུབ་མཆོག །མོས་གུས་སེམས་ཀྱི་གསོལ་བ་འདེབས། །བཅོས་མིན་དུ་ལམ་སེ་ལམ། །འབད་མེད་དུ་བྱིན་གྱིས་རློབས། །དུས་གསུམ་གྱི་རྒྱལ་བའི་ཕྲིན་ལས་ཀུན། །གཅིག་བསྡུས་ཀྱི་ངོ་བོ་ཐུགས་རྗེ་ཅན། །འཆི་མེད་རྡོ་རྗེ་པདྨ་འབྱུང་། །གདུང་ཤུགས་དྲག་པོས་གསོལ་བ་འདེབས། །གང་བྱུང་ཀུན་ཐུགས་རྗེར་


TR003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གོ། །ཡོངས་གྲོལ་དུ་བྱིན་གྱིས་རློབས། །རྒྱལ་ཡུམ་གྱི་རྡོ་རྗེ་རྣལ་འབྱོར་ཉིད། །ཟབ་གཏེར་གྱི་བཀའ་ཡི་བསྡུ་བ་མོ། །ཡེ་ཤེས་མཚོ་རྒྱལ་མཁའ་འགྲོའི་གཙོ། །དག་སྣང་ཡིད་ཀྱིས་གསོལ་བ་འདེབས། །ཚོགས་དྲུག་གི་འཆར་སྣང་ཀུན། །བདེ་ཆེན་དུ་བྱིན་གྱིས་རློབས། །མཐའ་ཡས་ཀྱི་ཤེས་བྱ་ཇི་སྙེད་རྣམས། །མཁྱེན་རབ་ཀྱི་གནས་ལུགས་ཇི་བཞིན་གཟིགས། །པདྨ་ལས་འབྲེལ་ཀློང་ཆེན་ཞབས། །མོས་པའི་བུ་ཡིས་གསོལ་བ་འདེབས། །ཆོས་ཀུན་གྱི་སྙིང་པོའི་དོན། །ཁོང་ཆུད་དུ་བྱིན་གྱིས་རློབས། །དེ་ཉིད་ཀྱི་ཐུགས་སྲས་འགྲོ་བའི་མགོན། །རྗེ་གུ་རུ་ཡེ་ཤེས་རབ་འབྱམས་དང་། །མཁས་གྲུབ་ཆོས་རྗེ་བསམ་གཏན་པ། །རྗེས་འཇུག་དད་པས་གསོལ་བ་འདེབས། །རང་གཞན་གྱི་དོན་གཉིས་ཀུན། །ལྷུན་གྲུབ་ཏུ་བྱིན་གྱིས་རློབས། །གནས་ལུགས་ཀྱི་ལྟ་བའི་གདེངས་ཐོབ་བཞིན། །འོད་གསལ་གྱི་ཟབ་བཞེས་རྩོན་མཛད་པ། །ཡེ་ཤེས་མཆོག་བརྙེས་སྦྱིན་པ་བཟང་། །གྲུབ་མཆོག་དེ་ལ་གསོལ་བ་འདེབས། །བག་ཆགས་ཀྱི་འཁྲུལ་


TR003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་འདི། །གཞི་མེད་དུ་བྱིན་གྱིས་རློབས། །མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་ཡིས། །ཞལ་གདམས་ཀྱི་བདུད་རྩི་རྒྱུད་སྨིན་པ། །ཟབ་ལུང་ཆོས་རྗེ་ཤཱཀྱའི་མཚན། །འཁྲུལ་ཞིག་ཆེ་ལ་གསོལ་བ་འདེབས། །ལས་ཉོན་གྱི་རྩ་ལག་ཀུན། །གཏིང་ཐོན་དུ་བྱིན་གྱིས་རློབས། །ཆོས་ཀུན་གྱི་ཡང་རྩེ་ཨ་ཏིའི་དོན། །ཇི་བཞིན་དུ་རྟོག་ནས་གཞན་དོན་མཛད། །བསོད་ནམས་རིན་ཆེན་རྫོགས་ཆེན་པ། །སྙིང་ཐིག་བདག་པོར་གསོལ་བ་འདེབས། །གདོས་བཅས་ཀྱི་སྒྱུ་ལུས་འདི། །ལྷག་མེད་དུ་བྱིན་གྱིས་རློབས། །རིག་འཛིན་གྱི་གདུང་རབ་མཚར་དངར་དབུས། །མཁྱེན་རྟོགས་ཀྱི་ཉི་འོད་གསལ་འབར་ཅན། །ངག་དབང་པདྨ་རྣམ་པར་རྒྱལ། །ཕྲིན་ལས་ཅན་ལ་གསོལ་བ་འདེབས། །སྨིན་གྲོལ་གྱི་ལམ་བཟང་ལ། །མྱུར་འགྲོད་དུ་བྱིན་གྱིས་རློབས། །ཞེན་ལོག་དང་ངེས་འབྱུང་སྙིང་རུས་མཐུས། །ཉམས་རྟོགས་ཀྱི་གཏེར་ཁ་ནང་ནས་ཕྱེས། །གྲུབ་ཐོབ་ཆེན་པོ་བསོད་ནམས་དབང་།


TR003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་ཟླ་བྲལ་དེར་གསོལ་བ་འདེབས། །བདག་འཛིན་་གྱི་འཆིང་བ་ཀུན། །བརྩན་ཆོད་དུ་བྱིན་གྱིས་རློབས། །སྙིགས་དུས་ཀྱི་གདུལ་བྱ་བློ་དྲེད་རྣམས། །མ་ནོར་བའི་ལམ་ལ་འཁྲིད་མཁས་པ། །མཚུངས་བྲལ་རྩ་བའི་བླ་མ་རྗེ། །སྐུ་དྲིན་ཅན་ལ་གསོལ་བ་འདེབས། །སྒོ་གསུམ་གྱི་བྱ་བྱེད་ཀུན། །ཆོས་མཐུན་དུ་བྱིན་གྱིས་རློབས། །སྣང་སྲིད་ཀུན་ཡི་དམ་དཀྱིལ་འཁོར་ལྷ། །རྩ་རླུང་ཐིག་དཔའ་བོ་མཁའ་འགྲོའི་ཚོགས། །མ་སྐྱེད་རྫོགས་པའི་ངོ་བོར་གྲུབ། །ཟུང་འཇུག་ངང་དུ་གསོལ༴ །བདེ་གསལ་དང་མི་རྟོག་ཆེ། །འཛིན་མེད་དུ་བྱིན་གྱིས་རློབས། །སྐུ་གསུམ་གྱི་སྟོན་པ་རིག་འཛིན་རྒྱུད། །བཀའ་སྡོད་ཀྱི་སྲུང་མ་སྤྲུལ་འཁོར་བཅས། །སྐྱབས་གནས་ཐུགས་རྗེའི་གཏེར་རྣམས་ལ། །རྒྱུན་ཆད་མེད་པར་གསོལ༴ །དངོས་གྲུབ་ཆར་ཆེན་ཕོབ། སྨིན་གྲོལ་བྱིན༴ ༈ །།ཨོཾ་ཨཱཿཧཱུྃ། ཨོཾ། སྐྱེ་འཆི་འཕོ་འགྱུར་མི་མངའ་བའི། །ཡེ་ཤེས་རྡོ་རྗེའི་སྐུ་མཆོག་ནི། །ཡང་དག་གྲུབ་པ་ཁྱེད་བཞིན་དུ། །


TR003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལུས་འོད་སྐུར་གྲོལ་བར་མཛོད། །ཨཱཿ །བརྗོད་མེད་ཀློང་ལས་འགགས་མེད་ཀྱི། །ཆོས་སྒྲས་འགྲོ་བ་སྨིན་ནུས་པ། །དེ་བཞིན་བདག་གི་ངག་འདི་ཉིད། །གྲགས་སྟོང་ཆོས་གསུང་མངའ་བརྙེས་མཛོད། ཧཱུྃ། །འཁྲུལ་རྟོགས་བསམ་པའི་འདུ་འཕྲོ་གང་། །མ་བཀའ་མི་འཛིན་ཡེ་གྲོལ་ཐུགས། །ཡེ་ཤེས་ཀློང་ཡངས་ཁྱེད་ཐུགས་བཞིན། །བདག་ཡིད་ཆོས་ཉིད་ཀློང་གྲོལ་མཛོད། །ཧྲཱིཿ །ཡིད་བཞིན་འདོད་འབྱུང་དབང་རྒྱལ་ལས། །ལྷག་པའི་ཡོན་ཏན་ཀུན་རྫོགས་ཤིང་། །ཕྲིན་ལས་གང་འདུལ་རོལ་གར་ཅན། ཁྱེད་བཞིན་བདག་སོགས་མྱུར་འགྲུབ་མཛོད། །སརྦ་དྷརྨ་ཨ་ལ་ལ་ཧོཿ ཐམས་ཅད་གཉུག་མ་རང་རིག་གཤིས་ཀྱི་ཀློང་། །འགགས་མེད་རྩལ་སྣང་བླ་མ་ལྷ་ཡི་ཚུལ། །དབྱེར་མེད་དེ་ཕྱིར་བདག་གཞན་ཐ་དད་དུ། །འཛིན་པའི་འཁྲུལ་རྟོགས་རྦ་རླབས་ཆུ་རུ་ཐིམ། །ཕཊཿ མཚོན་བྱེད་དཔེའི་བླ་མ་བརྒྱུད་པར་བཅས། །བྱིན་རླབས་རྫུ་འཕྲུལ་བཀའ་དྲིན་བསམ་ཡས་ཀྱི། །བདག་སོགས་གདུལ་


TR003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སེམས་རྒྱུད་ཡོངས་སྨིན་ནས། །མཚོན་ཆ་དོན་གྱི་བླ་མར་རིག་གྲོལ་ཤོག །རང་རིགས་ཀུན་བཟང་དུག་ལྔ་ཡེ་ཤེས་ལྔ། །འབྱུང་ལྔ་ཡུལ་ལྔ་ཚོགས་བརྒྱད་སེམས་དཔའ་དང་། །སེམས་བྱུང་ལྔ་བཅུ་ཁྲག་འཐུང་དཀྱིལ་འཁོར་སོགས། །ཕུང་ཁམས་གདོད་ནས་དག་པར་ངོ་ཤེས་ཤོག །འཁོར་བ་མྱང་འདས་བཟང་ངན་ཆོས་ཅན་དུ། །མ་གྲུབ་བཞིན་དུ་བློས་བཏགས་འཁྲུལ་སྣང་ཚོགས། །རྨི་ལམ་ལས་ཀྱང་རྨི་ལམ་ཆེན་པོ་འདིའི། །རྫུན་འཚང་གཏིང་ནས་རིག་སྟེ་གྲོལ་བར་ཤོག །སྒོ་གསུམ་ལས་རླུང་རྐྱེན་གྱིས་ཁ་བསྒྱུར་བས། །བར་གཅོད་ནད་གདོན་དགྲ་འདྲེ་སྐྱིད་སྡུག་སོགས། །ཐམས་ཅད་རང་སེམས་འཆར་སྒོར་ཐག་ཆོད་པའི། །གདེངས་ཐོབ་དགག་སྒྲུབ་སྤང་བླངས་བྲལ་བར་ཤོག །གནས་སྐབས་འདོད་དོན་ཕྲ་མོ་ཞེ་འདོད་ཀྱིས། །ཀུན་བཏགས་བློ་བཟོའི་བསྐྱེད་རིམ་མི་སྒོམ་པར། །ལྷ་ཉིད་རང་ལ་རང་ཉིད་ལྷར་ཤེས་པའི། །འཁྱེར་སོ་གསུམ་གྱི་དམ་ལས་འདའ་མེད་ཤོག །རྫོགས་རིམ་བཞི་པར་གནས་མཁན་ལྷག་


TR003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཐོང་། །ལྷག་མཐོང་བློས་བྱས་མ་སླད་ཞི་བར་གནས། །གཉིས་མེད་ཐ་མལ་ཤེས་རིག་ཟངས་ཐལ་འདི། །གང་བྱུང་སྒོམ་གྱི་ངོ་བོར་ལམ་ལྷོངས་ཤོག །མཉམ་གཞག་ཞེན་པས་འཇུར་འཛིན་མ་ཡིན་ཞིང་། །རྗེས་ཤེས་འཁྲུལ་པའི་ཐག་རུལ་མི་འཐུད་པར། །གནས་འགྱུ་དབྱེར་མེད་མཉམ་རྗེས་རོ་གཅིག་པའི། ཁྲེག་ཆོད་རིག་པ་བཟོ་མེད་ངོ་ཤེས་ཤོག །སྒོ་གསུམ་བྱ་བ་དགུ་ཐོངས་གནས་གསུམ་སྟེམ། །སྒྲོན་དྲུག་རྟེན་འབྲེལ་གོམས་ཐོབ་གཏན་ཕེབས་ནས། ཁ་དོག་དབྱིབས་ལ་ཞེན་པའི་ལྷད་མེད་པར། །ཐོད་རྒལ་སྣང་བཞི་མཐའ་རུ་ཕྱིན་པར་ཤོག །དེ་ཚེ་འཁྲུལ་པའི་ཡུལ་སྣང་མི་འབྱུང་ཀྱང་། །སྨོན་ལམ་ཐུགས་རྗེ་མཐུན་པའི་གདུལ་བྱ་ལ། །ཆོས་སྐུའི་དབྱིངས་ནས་གཟུགས་སྐུའི་སྒྱུ་འཕྲུལ་གྱི། །མཁའ་ཁྱབ་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག །རྒྱལ་རྣམས་ཡེ་ཤེས་དབྱིངས་སུ་རོ་གཅིག་པའི། །རང་མདངས་དཔལ་ལྡན་བླ་མ་རྒྱུད་བཅས་རྣམས། །བསྒོམས་


TR003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གསོལ་འདེབས་སྨོན་ལམ་འདི་བཏབ་པའི། །དགེ་བས་འཁོར་བ་དོང་ནས་སྤྲུག་པར་ཤོག །ཟབ་ཆོས་མཁའ་འགྲོ་ཡང་ཏིག་དངོས་གྲུབ་ལྗོན་ཤིང་གི་བླ་མ་རྒྱུད་པ་རྣམས་ལ་གསོལ་བ་གདབ་པ་ཉམས་ལེན་གྱི་ངོ་སྤྲོད་གསལ་འདེབས་སུ་གྱུར་བ་གཞོམ་མེད་རྡོ་རྗེའི་དབྱངས་ཞེས་བྱ་བ་འདི་ཉིད། རིག་འཛིན་ཀརྨ་ལས་གྲུབ་ཀྱི་བཞེད་པ་ལྟར་སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པས་ཤར་ཕྱོགས་དཔལ་གྱི་རི་བོའི་ངོགས་སུ་བྲིས་པ་སིདྷནྟུ། །ཨོཾ་ཨཱཿཧཱུྃ། ཆོས་ཉིད་མི་འགྱུར་གདོད་ནས་དག་པའི་སྐུ། །རིག་གདངས་འགགས་མེད་མཚན་དཔེའི་དཀྱིལ་འཁོར་བཀྲ། །ཀུན་བཟང་ཞི་ཁྲོ་རྡོར་སེམས་རྡོ་རྗེ་འཛིན། །དགོངས་བརྒྱུད་བླ་མས་དེང་འདིར་བྱིན་གྱིས་རློབས། །ཆོས་སྐུའི་དབྱིངས་ལས་གཟུགས་སྐུའི་སྒྱུ་འཕྲུལ་རྩལ། །གང་འདུལ་སྤྲུལ་སྐུའི་ཆུ་ཟླ་འགྲོ་ལ་འགྱེད། །དགའ་རབ་འཇམ་དཔལ་བཤེས་གཉེན་ཤྲཱི་སིང་། །རིག་འཛིན་བརྒྱུད་པས་དེང་འདིར་བྱིན་གྱིས་རློབས། །ཛྙཱ་ན་སཱུ་ཏྲ་བི་མ་ལ་མི་ཏྲ། །ཟག་མེད་འཕོ་བ་ཆེན་པོའི་སྐུར་བཞེངས་ཏེ། །གསང་བ་སྙིང་ཏིག་ཆོས་ཀྱི་འཛིན་པ། །བརྡཱ་བརྒྱུད་བླ་མས་དེང་


TR003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱིན་གྱིས་རློབས། །བི་མས་རྗེས་བཟུངས་མྱང་བན་ཏིང་འཛིན་བཟང་། །གནས་ལུགས་མངོན་གྱུར་ལྡང་མ་ལྷུན་རྒྱལ་མཚན། །ཟག་མེད་འཇའ་ལུས་ལྕེ་བཙུན་སེང་དབང་ཞབས། །སྙན་བརྒྱུད་སྤེལ་མཛད་རྣམས་ཀྱི་བྱིན་གྱིས༴ །སྙིང་ཏིག་བཀའ་གཏེར་བདག་པོ་རྒྱལ་བ་ཞང་། །བཤད་སྒྲུབ་བསྟན་པ་དར་མཛད་ཉི་མ་འབུམ། །མངོན་སུམ་འོད་གསལ་སྟོན་པའི་ཇོ་བེར་བ། །གྲུབ་ཐོབ་བརྒྱུད་པ་རྣམས་ཀྱི་བྱིན་གྱིས་རློབས། །འཁྲུལ་ཞིག་སེང་གེ་རྒྱབ་པ་སངས་རྒྱས་དབོན། །གྲུབ་རྟགས་རྫུ་འཕྲུལ་མངའ་བརྙེས་མེ་ལོང་རྡོར། །བི་མའི་རྣམ་འཕྲུལ་རིག་འཛིན་གཞོན་ནུ་རྒྱལ། །རྫོགས་ཆེན་བདག་པོ་རྣམས་ཀྱི་བྱིན༴ །མཁྱེན་པའི་ཀློང་ཆེན་མདོ་རྒྱུད་རབ་འབྱམས་གཟིགས། །དྲི་མེད་ཡེ་ཤེས་སྣང་བའི་འོད་ཟེར་འགྱེད། །སྔ་འགྱུར་བསྟན་པའི་ཉི་མ་གཅིག་པུ་པ། །ཀུན་མཁྱེན་ཆེན་པོས་དེང་འདིར་བྱིན༴ །བྱ་བྲལ་ཆོས་རྗེ་བཀྲ་ཤིས་འབྱུང་


TR003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་། །གཞན་ཕན་རྡོ་རྗེ་དེ་སྲས་ནམ་མཁའི་མཚན། །འོད་གསལ་ཀློང་ཡང་བསོད་ནམས་རིན་ཆེན་ཞབས། །སྙིགས་དུས་འདྲེན་མཆོག་རྣམས་ཀྱི་བྱིན༴ །གསང་སྔགས་ཆོས་མཛོད་འཛིན་པ་ངག་གི་དབང་། །དངོས་འཛིན་འཁྲུལ་ཞིག་བསོད་ནམས་དབང་པོ་མཆོག །བཀའ་དྲིན་ཟླ་མེད་རྩ་བའི་བླ་མའི་བར། །སངས་རྒྱས་དངོས་བྱོན་རྣམས་ཀྱི་བྱིན༴ །དེ་ལྟར་གསོལ་བ་འདེབས་པའི་གདུང་དབྱངས་འདི། །ཡེ་ཤེས་གཟིགས་པ་མངའ་བའི་བླ་མ་རྣམས། །སྒྲིབ་མེད་ལྷ་སྙན་དག་པས་གསན་མཛོད་ལ། །དམིགས་བྲལ་ཐུགས་རྗེ་ཆེན་པོས་ཉེར་དགོངས་གསོལ། །བདག་དང་མཁའ་མཉམ་མར་གྱུར་འགྲོ་བ་ཀུན། །གཟོད་ནས་དག་པའི་ཆོས་ཉིད་ཡིན་བཞིན་དུ། །ཡིན་པར་མ་ཤེས་བག་ཆགས་རྟོག་སྒྲིབ་ཀྱིས། །དུས་གསུམ་རྒྱུན་དུ་འཐུམ་འདི་གསལ་དུ་གསོལ། །འཁོར་འདས་མཉམ་ཉིད་ཡེ་སངས་རྒྱས་པའི་གཞིར། །བླང་དོར་མཚན་འཛིན་དགག་སྒྲུབ་མི་འཚལ་ཡང་། །སྒོམ་བྱེད་སྒོམ་བློ་མང་པོས་བསླད་པས་འཕུང་། །


TR003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་འཛིན་བཅོས་མའི་མདུད་རྒྱ་ཞིག་ཏུ་གསོལ། །སྣང་སྲིད་སྣོད་བཅུད་དངོས་པོར་བཟུང་བ་ཡི། །འཁྲུལ་ལ་ཡང་འཁྲུལ་བསྣོན་ཅིང་ཞེན་བྱེད་པ། །འདི་ཀུན་རང་སྣང་འོད་གསལ་ཐིག་ལེའི་ཀློང་། །ཤེས་རབ་རང་བྱུང་སྒྲོན་མར་ཐིམ་མཛད་གསོལ། །མངོན་སུམ་སྣང་བ་སྒྱུ་འཕྲུལ་སྤྲུལ་པའི་སྐུ། །གཉིད་དང་རྨི་ལམ་སྣང་བ་ལོངས་སྐུའི་ཚུལ། །འཆི་བ་འོད་གསལ་ཆོས་སྐུར་མ་བུ་འདྲེས། །འཁྲུལ་པའི་རྒྱུན་ཐག་རྩད་ནས་མཆོད་མཛད་གསོལ། །ཆོས་ཉིད་བར་དོ་ལོངས་སྐུའི་འཆར་སྣང་དང་། །སྲིད་པ་བར་དོ་སྤྲུལ་སྐུའི་རྩལ་མདངས་རྣམས། །ཐམས་ཅད་རང་རིག་ཆོས་སྐུར་ཐག་ཆོད་པའི། །གདེངས་ཐོབ་སྐུ་གསུམ་རྒྱལ་སར་འཁོད་མཛད་གསོལ། །ས་ལམ་རིམ་པ་མ་རྩལ་ངང་གི་སྒྲོད། །རང་གཞན་དོན་གཉིས་མ་འབད་ལྷུན་གྱིས་གྲུབ། །སྤྲུལ་པའི་ཟློས་གར་རྩོལ་མེད་འགྲོ་ལ་སྣང་། །འཁོར་བའི་རྒྱུ་འབྲས་གཏན་ཟད་མཛད་དུ་གསོལ། །གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་


TR003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུའི་ཡང་སྙིང་གི་མ་ལའི་སྙིང་ཐིག་ཟབ་པ་སྤོད་བཞི་དང་དེ་དག་གི་དོན་མདོར་བསྡུས་པ་ཟབ་ཆོས་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་དང་བཅས་པའི་བླ་བརྒྱུད་ལ་གསོལ་བ་གདབ་པ་བདུད་རྩིའི་འདོད་འཇོ་ཞེས་བྱ་བ། །སྣ་ཚོགས་རང་གྲོལ་གྱི་བཀོད་པ་གུ་རུ་ཨ་དྷིཥྛ་ནམ། ན་མོ་གུ་རུ། །སྤྱི་གཙུག་བདེ་ཆེན་འོག་མིན་དུ། ཁྱབ་བདག་རྒྱལ་བ་ཀུན་ཏུ་བཟང་། །རྡོ་རྗེ་འཆང་ཆེན་རྡོར་སེམས་བཅས། །དབྱིངས་ནས་བརྩེར་དགོངས་ཐུགས་རྗེས་གཟིགས། །སྤྲུལ་པའི་རིག་འཛིན་རོ་ལངས་བདེ། །མཉྫུ་མི་ཏྲ་ཤྲཱི་སིང་། །ཡེ་ཤེས་མདོ་དང་བི་མ་ལ །དབྱིངས་ནས༴ །མྱང་བན་ཆེ་དང་བློ་གྲོས་དབང་། །རིན་ཆེན་འབར་དང་ལྷུན་རྒྱལ་ག །ལྕེ་བཙུན་སེང་དབང་ཤངས་པ་རས། །དབྱིངས་ནས༴ །ཟྭ་སྟོན་ཆོས་འབར་དགྱེར་སྟོན་ཞབས། །གཉན་སྟོན་ཤེས་རབ་རྩེ་མོ་བ། །ཀུ་མ་རཱ་ཛ་རྒྱལ་བ་གཡུང་། །དབྱིངས་ནས༴ །ཐུགས་སྲས་དགེ་འདུན་བཟང་པོ་དང་། །མཁས་གྲུབ་རྒྱལ་སྲས་ཆོས་རྗེའི་ཞབས། །མོན་རྫོང་རས་དང་ཐོད་སྨྱོན་པ། །དབྱིངས་ནས༴ །


TR003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བཏང་ཆོས་ཉིད་རང་གྲོལ་རྗེ། །གྲུབ་ཐོབ་ཉི་ཟླ་གྲགས་པའི་མཚན། །མཁས་མཆོག་ཀུན་བཟང་ཀློང་ཡངས་པ། །དབྱིངས་ནས༴ །སྐད་གཉིས་སྨྲ་བ་གཞན་ཕན་རྡོར། །རྗེ་བཙུན་རྩ་བའི་བླ་མ་མཆོག །ཞི་ཁྲོ་རབ་འབྱམས་བཀའ་བསྲུངས་བཅས། །དབྱིངས་ནས༴ །སྐྱབས་གནས་བླ་མ་རྒྱུད་པར་བཅས། །ཟག་མེད་ཡེ་ཤེས་དགོངས་ཀློང་ནས། །རྒྱུན་ཆད་མེད་པའི་ཐུགས་རྗེ་ཡིས། །མོས་པའི་བུ་ལ་གཟིགས་སུ་གསོལ། །ལས་ཉོན་སྒྲིབ་ཚོགས་དག་པ་དང་། །ཉམས་རྟོགས་ཡེ་ཤེས་འབར་བ་དང་། །གཉིས་འཛིན་འཁྲུལ་སྣང་རང་གྲོལ་ཏེ། །སྣང་བཞི་མཐར་ཕྱིན་བྱིན་གྱིས་རློབས། །ཚེ་འདི་དུས་འདི་སྐད་ཅིག་འདིར། །བྱིན་རླབས་རྩལ་དབང་ཐོབ་ནས་ཀྱང་། །སྐུ་གསུམ་དབྱེར་མེད་མངོན་གྱུར་ནས། །གཞན་ཕན་ལྷུན་གྲུབ་འབྱུང་བར་ཤོག །པ་ཆེན་བི་མ་ལ་ནས་རྒྱུད་པའི་རྫོགས་ཆེན་ཟབ་མོ་ཡང་ཏིག་ལ་དཔེ་རྒྱུད་དང་སྙན་རྒྱུད་གཉིས་ཡོད་པ་ལས་དཔེ་རྒྱུད་ནི་གཏེར་ནས་བྱོན་པ་ཡིན་ཀྱང་བླ་མ་ཡང་ཏིག་དང་བརྒྱུད་


TR003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གཅིག་ཚེ། གསོལ་འདེབས་ཀྱང་ཟུར་དུ་མི་དགོས་ཀྱི། སྙན་བརྒྱུད་གསང་སྐོར་གྱི་བླ་མ་བརྒྱུད་རིམ་ལ་གསོལ་བ་འདེབས་པ་མདོར་བསྡུས་དངོས་གྲུབ་ཆར་འབེབས་ཅེས་བྱ་བ་ཨིྀྠ། །ཨོཾ་ཨཱཿཧཱུྃ། འདི་ལྟར་འཁོར་འདས་ཆོས་རྣམས་ཀུན། །གདོད་ནས་རང་སེམས་ཆོས་ཀྱི་སྐུར། །ལྷུན་གྱིས་གྲུབ་པའི་སྤྲོས་བྲལ་དབྱིངས། །ཐིག་ལེ་ཉག་གཅིག་ཁྱབ་གདལ་ངང་། །དེ་ལྟར་མ་རྟོགས་འཁྲུལ་པའི་འགྲོར། །བཟོད་མེད་སྙིང་རྗེའི་མདངས་ཆེན་གྱིས། ཁྱབ་བདག་བླ་མའི་གོ་འཕངས་ལ། །འགོད་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད། །སྐད་ཅིག་དྲན་རྫོགས་རང་ཉིད་ཀྱི། །སྒོ་གསུམ་བླ་མའི་དཀྱིལ་འཁོར་དུ། །མཁའ་ལ་འཇའ་ཤར་ལྟ་བུར་གསལ། །ཐིག་ལེ་ཉག་གཅིག་མཚོན་པའི་ཞལ། །ཞི་འཛུམ་འགྲོ་ལ་ཐུགས་རྗེས་གཟིགས། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ཀྱིས། །ཆོས་ཉིད་འགྱུར་མེད་རྡོ་རྗེ་དང་། །དངོས་གྲུབ་འཛད་མེད་ཐོས་པ་འཛིན། །བདེ་སྟོང་ལྷན་སྐྱེས་མཚོ་རྒྱལ་ཡུམ། ཁ་ཊཱཾཱྭ་ཚུལ་དུ་མཆན་ཁུང་བརྒྱན། །དབུ་ལ་ཡེ་ཤེས་ལྔ་ལྡན་


TR003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །འདབ་ལྡན་རིགས་ལྔ་གཟི་བརྗིད་འབར། །སྐུ་ལ་ཐེག་པ་རིམ་དགུ་ཡི། །ཟབ་བེར་དགུ་རྩེགས་ལྷབ་ལྷུབ་དང་། །མདོ་སྔགས་ཟུང་འཇུག་ཆོས་གོས་གསོལ། །ཞབས་གཉིས་སྲིད་ཞི་མཉམ་རྫོགས་ཀྱི། །སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། །སངས་རྒྱས་ཡོན་ཏན་མ་ལུས་ཀུན། །རྫོགས་ཕྱིར་མཚན་དང་དཔེ་བྱད་ལྡན། །ཨ་འཐས་གདོས་བཅས་མ་ཡིན་པར། །སྟོང་གསལ་འོད་སྐུར་ལམ་སེ་ལམ། །ཐུགས་རྗེའི་འོད་འབར་འཁྱིལ་ལི་ལི། །རི་རྒྱལ་ལྷུན་པོ་ལྟ་བུའི་སྐུ། ཁམས་གསུམ་དབང་བསྡུད་ཟིལ་གྱིས་གནོན། །ནམ་མཁའི་མཐར་ཐུག་ཞིང་ཁམས་ཀུན། །སྤྲུལ་པས་རྣམ་འགྱུར་དུ་མས་ཁྱབ། །བརྟན་གཡོ་འཁོར་འདས་མ་ལུས་ཀྱང་། ཁྱབ་བདག་བླ་མ་གཅིག་པུའི་འཁྲུལ། །མཐའ་ཡས་ཞིང་ཁམས་འབྱམས་ཀྱི། །སངས་རྒྱས་བྱང་སེམས་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་ལ་སོགས་པ། །མཚན་དང་ཆ་ལུགས་རྣམ་འགྱུར་གྱི། །རོལ་གར་སྣ་ཚོགས་ཅིར་བསྟན་ཀྱང་། །


TR003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བདག་བླ་མ་ཁོ་ན་ཡི། །ངོ་བོ་ཡིན་ལ་ཡིན་ཤེས་པའི། །ངེས་ཤེས་སྙིང་ནས་ཐག་ཆོད་ཅིང་། །བླ་མ་སངས་རྒྱས་བླ་མ་ཆོས། །ཀུན་བྱེད་རྒྱལ་པོ་ཀུན་ཁྱབ་སྐུ། །རང་གི་སྒོ་གསུམ་ཐ་མི་དད། །བླ་མའི་སྐུ་གསུང་ཐུགས་རང་བཞིན། །དབྱེར་མེད་གདོད་ནས་ལྷུན་གྲུབ་པའི། །ཐུགས་ཀར་གསེར་གྱི་རྡོ་རྗེ་ནི། །རྩེ་ལྔ་གྱེན་དུ་ལངས་པ་ཡིས། །ལྟེ་བ་ཐུགས་སྲོག་ཧཱུྃ་ཡིག་ནི། །འོད་ཟེར་ལྔ་ཡི་མདངས་ཅན་གསལ། །རྡོ་རྗེ་དེ་ཡི་ཕྱི་སྐོར་དུ། །བཛྲ་གུ་རུའི་སྔགས་འཕྲེང་ཡང་། །འཇའ་འོད་ལྔ་ལྡན་ཁ་དོག་ཅན། །གཡས་སྐོར་འཁོར་འདས་འོད་ཟེར་ཚོགས། །ཕྱོགས་བཅུར་འཕྲོས་པས་རྒྱལ་ཀུན་ལ། །མཆོད་པ་ཕུལ་ཞིང་དངོས་གྲུབ་དང་། །བྱིན་རླབས་དབང་རྣམས་འོད་ཀྱི་ཚུལ། །ཚུར་བྱུང་རང་ལ་གཉིས་མེད་ཐིམ། །རང་གི་ཐུགས་རྗེའི་འོད་ཟེར་ནི། །འགྲོ་དྲུག་སེམས་ཅན་ཀུན་ལ་འཕྲོས། །ཀུན་གྱི་སྡིག་སྒྲིབ་སྡུག་བསྔལ་ཞི། །ཐམས་ཅད་བླ་མའི་སྐུ་རུ་གྱུར། །སྣང་སྲིད་ཐམས་ཅད་བླ་མའི་སྐུ། །སྒྲ་གྲགས་བཛྲ་གུ་རུའི་སྔགས། །དྲན་རྟོགས་


TR003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྣམ་རོལ་ཐུགས། །བཟའ་བཏུང་ཚོགས་ཀྱི་འཁོར་ལོ་ཉིད། །གོས་རྒྱན་གདན་དང་གནས་ཁང་ཡུལ། །ཚོགས་དྲུག་མཐའ་དག་མཆོད་པའི་རྫས། །གང་ཤར་ཅིར་སྣང་ཡེ་ཤེས་ཀྱི། །རྣམ་རོལ་ཆོས་ཉིད་འཁོར་ལོ་ལ། །དགག་སྒྲུབ་བཟང་ངན་ཞེན་འཛིན་གྱི། །བཅོས་བསླད་སྒྲོ་སྐུར་མི་བྱ་བར། །རང་རིག་གཉུག་མ་མ་བཅོས་པ། །བསྒོམ་བྱ་སྒོམ་བྱེད་མེད་པའི་ཀློང་། །ཡེངས་འཁྲུལ་བྲལ་བར་ལྷོད་ཀྱི་གློད། །སྐྱིད་སྡུག་ལེགས་ཉེས་ཚ་གྲང་དང་། །དགྲ་འདྲེ་རྐྱེན་ངན་ན་ཚ་དང་། །འཆི་བ་ལ་སོགས་གང་བྱུང་ཀྱང་། །བླ་མའི་ཐུགས་རྗེ་བྱིན་རླབས་ཉིད། །ཡིན་པར་བློ་ཐག་རྦད་ཀྱི་བཅད། །ཅི་ཕྱིར་ཞེ་ན་བཟང་ངན་དང་། །བདེ་སྡུག་འཛིན་པ་རྣམ་རྟོག་ཙམ། །རྣམ་རྟོག་འཁྲུལ་ཕྱིར་འབྲེང་ན་བསླུ། །རང་རིག་བླ་མ་ཆོས་ཀྱི་སྐུ། །བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ། །ཀུན་ཁྱབ་རང་རིག་ངོ་བོ་ལ། །བདེ་སྡུག་བཟང་ངན་མ་གྲུབ་ཅིང་། །བདེ་སྐྱིད་སྣང་


TR003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་རང་གི་སེམས། །ཉོན་མོངས་དུག་ལྔ་སྡུག་བསྔལ་དང་། །བཏང་སྙོམས་སྣང་བ་ཀུན་མང་སེམས། །སེམས་ལ་བཟང་ངན་བདེ་སྡུག་གི །དགག་སྒྲུབ་སྤྲོས་པས་དབེན་པས་ན། །གང་ཤར་ཆོས་ཉིད་ཡེ་ཤེས་དབྱིངས། །འགག་མེད་རང་བྱུང་རིག་རྩལ་གྱི། །རང་སྒྲ་སྔགས་ཀྱི་ཆུ་རྒྱུན་ནི། །རྒྱུན་མི་ཆད་པར་བཟླ་བར་བྱའོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཐུན་མཚམས་སུ་བསྐྱེད་རིམ་བསྡུ་བར་སྤྲོ་ན། སྣོད་བཅུད་བདག་བསྐྱེད་སྔགས་འཕྲེང་རྡོ་རྗེ་དང་བཅས་པ་ཐམས་ཅད་ཐུགས་སྲོག་ཧཱུྃ་ལ་ཐིམ་ཞིང་། ཧཱུྃ་ཡང་འཇའ་ཡལ་བ་ལྟར་གྱུར་པའི་ངང་ནས། གདོད་མའི་གནས་ལུགས་ཡེ་ཤེས་ཆོས་ཀྱི་སྐུའི་རང་ཞལ་བལྟ་ཞིང་། དགེ་བ་འགྲོ་ལ་བསྔོ། སླར་རྒྱུན་སྤྱོད་ཐམས་ཅད་བླ་མའི་ལམ་ཁྱེར་གྱི་ངང་ནས་བྱ་བ་སྟེ། འོན་ཀྱང་ཚུལ་འདི་ནི་གསང་སྔགས་ཀྱི་བསྐྱེད་རིམ་སྤྱི་འགྲོ་ལྟར་ཡིན་མོད་ཀྱི། ཁྱད་པར་བླ་ན་མེད་པ་ཟབ་མོ་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལྟར་ན། བསྐྱེད་པ་དང་བསྡུ་བ་སོགས་ཐུན་མཚམས་རེས་འཇོག་ཏུ་མི་བྱ་སྟེ། རྣམ་པ་ཐམས་ཅད་དུ། སྣོད་བཅུད་བླ་མའི་དཀྱིལ་འཁོར། ངག་རླུང་གི་འགྲོ་འོང་དང་སྒྲ་གྲགས་སྔགས་ཀྱི་རང་བཞིན། སེམས་


TR003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགྱུ་དྲན་རྟོགས་ཚོགས་ཐམས་ཅད་རང་བྱུང་རང་གྲོལ་ཡེ་ཤེས་ཆེན་པོར་ལ་བཟློ་བ་ཁོ་ན་རྒྱུན་ཆད་མེད་པར་ཉམས་སུ་བླངས་ཞིང་། ཐ་མལ་འཁྲུལ་འཛིན་གྱི་དབང་དུ་སྐད་ཅིག་ཀྱང་ཤོར་བར་བྱེད་པ་ནི་བླ་མེད་ཀྱི་སྨིན་གྲོལ་བསྐྱེད་རྫོགས་མཐའ་དག་གི་སྙིང་པོའི་ཡང་སྙིང་ལགས་ཚེ་དེ་ལྟར་ཐུགས་ཉམས་སུ་བཞེས་ཚལ། ༣ ཞེས་པའི་བྱ་སྒྲུབ་འདི་ནི། རྒྱ་བོད་ཀྱི་མཚམས། དར་རྩེ་མོའི་ཤར་ཕྱོགས་ལ་མོ་རྩེ་ཞེས་བྱ་བའི་དབེན་གནས་ནས། བླ་མ་རིན་པོ་ཆེ་གྲུབ་པའི་དབང་ཕྱུག་བྱམས་པ་ངག་དབང་ཀུན་དགའ་བསོད་ནམས་པའི་བཞེད་པ་སྐོང་ཕྱིར་རྒོད་ཕུག་ནས་བྲིས་ཏེ་ཕུལ་བའོ།། ༈ །།རབ་འབྱམས་ཕྱོགས་བཅུའི་ཞིང་གི་རྒྱལ་བ་ཀུན། །བསམ་ཡས་ཕྲིན་ལས་རོལ་གར་ཇི་སྙེད་ཀྱང་། དབྱེར་མེད་རིགས་བདག་བླ་མ་གཅིག་པོའི་འཕྲུལ། །ཡིན་ལ་ཡིན་པར་རྟོགས་པས་གསོལ་བ་འདེབས། །གང་སྐུ་མཚན་དཔེའི་ཉི་མ་ཐུགས་རྗེའི་འོད། །བསྟན་འགྲོའི་པད་ཚལ་སྐྱོང་བར་མི་མཛད་པར། །ཞི་དབྱིངས་ནུབ་རེའི་ཕག་ཏུ་གཤེགས་མཛད་ན། །རྨོངས་ཐོམ་མུན་འཁྱམས་གདུལ་བྱ་སུ་ཡིས་


TR003_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན། །གདོད་ནས་རབ་དག་ཆོས་སྐུའི་མགོན་པོ་ཁྱོད། །སྐྱེ་འཆི་འཕོ་འགྱུར་སྤྲོས་མཚན་མི་དམིགས་ཀྱང་། །བདག་སོགས་རྟགས་འཛིན་ཅན་གྱི་བུ་འབངས་རྣམས། །དོར་ནས་ལྷ་ཡི་ལྷ་ཁྱོད་གཤེགས་ཕོད་དམ། །དེ་ཕྱིར་མཁྱེན་བརྩེའི་ཀློང་ནས་སྤྲུལ་པའི་གར། །བསྟན་འགྲོའི་འདོད་པ་འཇོ་བའི་ཡིད་བཞིན་ནོར། །མོས་གུས་དད་བརྒྱའི་རྒྱལ་མཚན་རྩེར་འབར་བའི། །དབང་གི་རྒྱལ་པོ་སྤྲུལ་པའི་སྐུར་འབྱོན་གསོལ། །སྙིགས་མཐའི་སེམས་ཅན་ལས་ཉོན་རྦ་རླབས་འཁྲུག །རྒྱལ་བ་གཞན་གྱི་གདུལ་ཡུལ་མ་གྱུར་བ། །བདག་སོགས་སྐྱབས་བྲལ་སྐྱེ་བོ་ཉམས་ཐག་རྣམས། །བརྩེ་ཆེན་ཁྱོད་ཀྱི་སླར་ཡང་སྐྱོབ་མཛད་གསོལ། །མཚན་དཔེ་འབར་བའི་སྐུ་མཆོག་སྟོན་མཛད་ཅིང་། །ཐེག་མཆོག་ངེས་གསང་ཆོས་འཁོར་བ་དང་། །ཕྲིན་ལས་ངོ་མཚར་བཀོད་པ་རྒྱ་མཚོ་ཡི། །དུས་མཐའི་འགྲོ་འདྲེན་མཛད་པར་སྙིང་ནས་གསོལ། །གནས་ལུགས་ཕྱག་རྒྱ་ཆེན་པོ་གདོད་མའི་གཤིས། །མ་བཅོས་ཆོས་


TR003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རང་བབས་གཉུག་མ་འདི། །རྗེ་བཙུན་བླ་མ་ཁྱེད་ཐུགས་འོད་གསལ་ཆེར། །རོ་མཉམ་འདུ་འབྲལ་མེད་པར་བདག་གྲོལ་ཤོག །སྒོམ་འཛིན་ཞེན་པའི་སྒྲོགས་གིས་མ་བཅིངས་ཤིང་། །བག་ཆགས་ངན་གོམས་འཁྲུལ་ཕྱིར་མི་འབྲང་བར། །མ་ཡེངས་མི་སྒོམ་འཛིན་མེད་བློ་ལས་ངང་། །མགོན་པོ་ཁྱོད་ཀྱི་ཕྲིན་ལས་ཀུན་འགྲུབ་ཤོག །གང་ཤར་འཛིན་བྲལ་རིག་པའི་མེ་ལོང་ནང་། །བཟང་ངན་བདེ་སྡུག་རི་མོ་ཅིར་འཆར་རྣམས། །གང་བྱུང་བླ་མའི་བྱིན་རླབས་ཁོ་ན་རུ། །ཤེས་ནས་མཁའ་མཉམ་འགྲོ་ཕན་སྒྲུབ་བྱེད་ཤོག །དེ་ལྟར་མོས་གུས་གདུང་ཤུགས་དྲག་པོ་ཡིས། །དཔལ་ལྡན་བླ་མའི་སྤྲུལ་སྐུ་མྱུར་འབྱོན་ཕྱིར། །གསོལ་འདེབས་སྨོན་ལམ་བཏབ་པའི་བདེན་སྟོབས་ཀྱིས། །རྒྱལ་མཆོག་ཁྱེད་ཀྱི་གོ་འཕངས་མྱུར་ཐོབ་ཤོག །ཅེས་པ་འདི། །ལྷ་སྲས་ཀྱི་སྐྱེ་མཐའ་འབྲི་གུང་ཆོས་རྗེ་ཆོས་ཀྱི་གྲགས་པ་དེ་ཉིད་ཞིང་ཁམས་སུ་གཤེགས་ཚེ་སྤྲུལ་པའི་སྐུ་མྱུར་འབྱོན་གྱི་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ། ཤར་ཁ་བླ་མ་རིན་ཆེན་ནོར་


TR003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བུས་བསྐུལ་བར་མཛད་པ་བཞིན་བཀོད་པའོ། །ཨོཾ་སྭསྟི་སིདྡྷན་ཏུ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་ཀུན། །རྗེ་བཙུན་དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །ཞབས་པད་སྤྱི་བོའི་གཙུག་ཏུ་གུས་པས་མཆོད། །གང་སྐུ་མཚན་དཔེའི་གཟི་འབར་རྟ་ལྗང་ཅན། །རབ་འབྱམས་གདུལ་བྱ་རིས་མེད་ལྷ་ལམ་དུ། །ཕྲིན་ལས་འོད་བརྒྱ་དགྱེས་པའི་རྣམ་པར་ཐར། །ནམ་ཡང་འགྲིབ་མེད་མཛད་པར་གསོལ་བ་འདེབས། ཁྱོད་གསུང་བདེན་དོན་བཅུ་གཉིས་ཆོས་སྒྲའི་དབྱངས། །སྐལ་ལྡན་རྣ་བའི་བཅུད་དང་ཡིད་ཀྱི་གསོས། །རྒྱུན་ཆད་མེད་པའི་དགའ་སྟོན་སྩོལ་བའི་དཔྱིད། །རྟགས་པར་རེ་སྐོངས་མཛད་པར་གསོལ་བ་འདེབས། །ཉིད་ཐུགས་ཆོས་དབྱིངས་ཟབ་མོའི་ཆུ་གཏེར་ཆེ། །རྨད་བྱུང་ཡོན་ཏན་དཔལ་གྱི་ཡོངས་གཏམས་པས། །དད་ལྡན་ཀླུ་དབང་ཉེར་ཚོའི་བསྟི་གནས་མཆོག །མི་ཟད་འདོད་འབྱུང་ཟད་པར་གསོལ་བ་འདེབས། །ཇི་ལྟར་མཚན་མོའི་བདག་པོ་སྐྱེ་འབྲིའི་ཚུལ། །སྣང་ཡང་དོན་


TR003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེ་འབྲིས་མ་གོས་ལྟར། །མགོན་ཁྱོད་སྐྱེ་འཆི་འཕོ་གྱུར་བྲལ་བཞིན་དུ། །སྐྱེ་འཆིའི་སྣང་ཚུལ་མི་སྟོན་བརྟན་ཞུགས་གསོལ། །ཞིང་ཁམས་ཇི་སྙེད་གདུལ་བྱ་དེ་སྙེད་དང་། །མཚུངས་པར་སྤྲུལ་པའི་རོལ་གར་སྟོན་བཞིན་དུ། །ཞིང་འདིར་བདག་སོགས་འདུལ་མཁས་ཐུགས་རྗེའི་གཏེར། །མཆོག་གི་སྤྲུལ་སྐུ་བསྐལ་བརྒྱར་ཞབས་བརྟན་གསོལ། །དཔག་བསམ་ཤིང་དང་བུམ་བཟང་ཡིད་བཞིན་ནོར། །རིས་མེད་འདོད་དགུའི་ཆར་རྒྱུན་འབྱུང་བ་ཡང་། །གསོལ་བ་འདེབས་པའི་རྟེན་འབྲེལ་ལ་ལྟོས་བཞིན། །བདག་གིས་གསོལ་བ་བཏབ་དོན་འགྲུབ་པར་མཛོད། །སྲིད་ཞི་འཁོར་འདས་སྣང་སྲིད་སེམས་ཀྱི་འཕྲུལ། །སེམས་ཉིད་གཟོད་ནས་ཡོངས་དག་ཆོས་ཀྱི་དབྱིངས། །དེ་ཉིད་བླ་མ་ཁྱོད་སྐུར་ཆོས་སྐུའི་ངང་། །འདུ་འབྲལ་མེད་པར་བདག་སོགས་གྲོལ་བར་ཤོག །རབ་འབྱམས་རྒྱལ་བ་རྒྱལ་སྲས་བླ་མ་ལྷ། །མཁའ་འགྲོ་ཆོས་སྲུང་ཐུགས་རྗེའི་ནུས་སྟོབས་དང་། །བདག་སོགས་དད་གུས་གདུང་བས་གསོལ་


TR003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་མཐུས། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་གོང་འཕེལ་ཤོག །དེ་ལྟར་ཁམས་གསུམ་འགྲོ་བའི་འདྲེན་པ་རྒྱལ་མཆོག་སྤྲུལ་པའི་སྐུ་ཉིད་བསྐལ་པ་ནས་བསྐལ་པའི་བར་དུ་ཞབས་པད་མི་འགྱུར་རྡོ་རྗེའི་གདན་ལས་གཡོ་བ་མེད་པར་བརྟེན་ཞིང་། །སྐལ་བ་ཐ་དད་དང་། འཚམས་པའི་ཆོས་ཀྱི་བདུད་རྩི་རྒྱུན་ཆད་མེད་པར་སྩོལ་བས་གདུལ་བྱ་རྣམས་བྱང་གྲོལ་ལ་འགོད་པར་གསོལ་བ་སྙིང་ཁོང་རུས་པའི་དཀྱིལ་ནས་བཏབ་པ་འདི་ནི། ཡུལ་མཐའ་ཁོབ་ལས་ཡང་ཁོབ་ཉིད་དུ་གྱུར་བའི་ནགས་ཁྲོད་དབེན་པར་གནས་བཅས་པའི་སྤོང་བ་པ་རྒན་པོ་མཁས་མཆོག་པདྨ་ལེགས་གྲུབ་རྩལ་གྱིས། དངོས་འབྱོར་ཟང་ཟིང་གི་མཆོད་པ་མ་མཆིས་ཀྱང་། །དད་མོས་གདུང་ཤུགས་དྲག་པོས་ཀུན་ནས་བླངས་ཤིང་། སྒྲུབ་པའི་མཎྜལ་དང་བཅས་ཏེ་གསོལ་བ་བཏབ་པ་ལ་བརྟེན་ནས། བདག་སོགས་མཁའ་མཉམ་གྱི་འགྲོ་བ་ལས་དོན་གྱི་གཅོང་རོང་དུ་ལྷུང་ཞིང་སྡུག་བསྔལ་གྱི་རྦ་ཀློང་དྲག་པོར་འཁྲུག་པ་རྣམས་ལ་བརྩེ་བ་ཆེན་པོས་ཉེ་བར་དགོངས་ནས་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བདག་རྒན་པོ་ཡང་ཇི་སྲིད་གཟུང་འཛིན་གྱི་རི་མོ་མ་ཞིག་གི་བར་དེ་སྲིད་ཀྱི་སྐྱེ་བའི་འཕྲེང་བ་ཇི་


TR003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་པར་འབྲལ་མེད་ཐུགས་རྗེས་གཡེལ་བ་མེད་པར་བསྐྱངས་ཤིང་གཟིགས་པར་མཛད་དུ་གསོལ། ཞེས་པ་འདི། པ་ཆེན་བི་མ་དང་ཆོས་རྒྱལ་དྭགས་པོ་ལྷ་རྗེ་སོགས་ཀྱིས་རྣམ་པར་འཕྲུལ་པ། སྒམ་པོ་མཆོག་གི་སྤྲུལ་སྐུའི་བརྟན་བཞུགས་སུ་ཕུལ་བའོ། །རྒྱལ་བ་ཁྱབ་བདག་ཡེ་ཤེས་རྡོ་རྗེའི་སྐུ། །སངས་རྒྱས་ཀུན་གྱི་གསང་བའི་མཛོད་འཆང་བ། །དམིགས་མེད་ཀློང་ནས་ཐུགས་རྗེའི་འོད་ཟེར་གྱི། །སྐལ་ལྡན་བྱིན་རློབས་སྨིན་གྲོལ་དངོས་གྲུབ་སྩོལ། །སྒྲིབ་བྲལ་ཤེས་རབ་ཟབ་མོས་ཆོས་ཀུན་གཟིགས། །ཟག་མེད་ཏིང་འཛིན་བཟང་པོའི་ཕྲིན་ལས་ཀྱི། །རོལ་གར་སྟོན་མཛད་ཏེ་ལོ་འགྲོ་བའི་མགོན། །སྐལ་ལྡན་བྱིན་རློབས་སྨིན་གྲོལ༴ །མཁྱེན་པའི་ཡེ་ཤེས་གནས་ལྔ་རིག་པའི་མཆོག །བཀའ་དཔྱད་མཐར་ཕྱིན་དོན་གྱི་དངོས་གྲུབ་བརྙེས། །མཁའ་འགྲོའི་དབང་ཕྱུག་དཔལ་ལྡན་ནཱ་རོ་པ། སྐལ་ལྡན་བྱིན༴ །སྔོན་བྱང་ལས་འཕྲོ་རབ་སད་ཆོས་ཀྱི་ཕྱིར། །འཕགས་ཡུལ་ལན་མང་བགྲོད་པའི་བློ་གྲོས་སྟོབས། །


TR003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་བྱུང་མི་ཡི་སེང་གེ་ལོ་ཙྭ་བ། སྐལ་ལྡན༴ །སྙན་བརྒྱུད་ཟབ་མོ་རྡོ་རྗེའི་དབང་མཛོད་ཐོབ། །བླ་མའི་བཀའ་བཞིན་སྒྲུབ་པའི་རྒྱལ་མཚན་འཛིན། །གངས་ཅན་གྲུབ་ཐོབ་རྒྱལ་པོ་མི་ལ་རྗེ། །སྐལ་ལྡན༴ །དཔག་མེད་བསོད་ནམས་ཚོགས་ལས་བསྐྲུན་པའི་སྐུ། །འདོད་འབྱུང་ཡོན་ཏན་རིན་ཆེན་འགྲོ་ལ་སྩོལ། །བཀའ་བརྒྱུད་ཀུན་གྱི་འབྱུང་གནས་སྒམ་པོ་པ། །སྐལ་ལྡན༴ །དུས་གསུམ་ཀུན་མཁྱེན་མཚུངས་པ་མེད་པའི་རྗེ། །ཡེ་ཤེས་སྒྱུ་འཕྲུལ་གར་མཁན་རས་ཆེན་ཞབས། །ཆོས་ཀུན་དགོངས་པའི་ཀློང་གྲོལ་སྤོམ་བྲག་པ། །སྐལ་ལྡན་བྱིན༴། རྟ་མཆོག་ཧེ་རུ་ཀ་དངོས་པཀྴིའི་མཚན། །ཌཱ་ཀིས་བྱིན་རླབས་གྲུབ་མཆོག་ཨོ་རྒྱན་པ། །ཤེས་བྱའི་ཆོས་ཀུན་མཁྱེན་གཟིགས་རང་བྱུང་ཞབས། །སྐལ་ལྡན༴ །ཐབས་མཁས་གདུལ་བྱའི་རེ་བསྐོངས་རྒྱལ་བ་གཡུང་། །ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་རྡོ་རྗེའི་སྐུ། །ཆོས་དབྱིངས་མཁའ་ལ་སྤྱོད་


TR003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་གར་གྱི་དབང་། སྐལ་ལྡན༴ །དེ་བཞིན་གཤེགས་ཀུན་ངོ་བོ་ཆོས་དཔལ་བཟང་། །མཐུ་སྟོབས་ནུས་ལྡན་ཆོས་དཔལ་ཡེ་ཤེས་དང་། །མཐོང་ཐོས་དྲན་རེག་དོན་ལྡན་ཆོས་ཀྱི་གྲགས། །སྐལ་ལྡན༴ །མཁས་གྲུབ་བསྟན་པའི་སྲོག་འཛིན་འཇམ་དཔལ་བཟང་། །རྒྱལ་སྲས་སེམས་དཔའ་གཽ་ཤྲི་རིན་པོ་ཆེ། །ཆོས་ཀྱི་སྤྱན་སྔ་ཡེ་ཤེས་དཔལ་བཟང་པོ། །སྐལ་ལྡན༴ །ཐམས་ཅད་མཁྱེན་པའི་དབང་པོ་གཙུག་ལག་ཕྲེང་། །རྒྱལ་བ་གར་གྱི་དབང་པོ་དཀོན་མཆོག་འབངས། །རྗེ་བཙུན་གཙུག་ལག་རྒྱ་མཚོ་དགའ་བའི་དབྱངས། །སྐལ་ལྡན་བྱིན་རློབས་སྨིན་གྲོལ་དངོས་གྲུབ་སྩོལ། །སངས་རྒྱས་ཐམས་ཅད་གདུལ་བྱའི་སྐལ་ངོ་དང་། །རྗེས་སུ་མཐུན་པའི་རྫུ་འཕྲུལ་བཀོད་པའི་གཏེར། །མཐའ་དག་བླ་མ་གཅིག་པུའི་ངོ་བོར་རྫོགས། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། ༢ ཐུགས་རྗེ་ནུས་པའི་བདག་ཉིད་བླ་མ་རྗེ། །རྩ་


TR003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྒྱུད་པར་བཅས་ལ་གསོལ་བཏབ་པས། །ཆོས་ཀུན་མཐར་ཐུག་ཡེ་ཤེས་ཕྱག་རྒྱ་ཆེ། །རང་གྲོལ་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །གཟོད་ནས་ཡོངས་དག་གནས་ལུགས་ཆོས་ཀྱི་སྐུ། །མ་གཅོས་ལྷུན་གྲུབ་གཉུག་མའི་ཡེ་ཤེས་དངོས། །མ་རིག་ལྷན་སྐྱེས་དྲི་མས་སྒྲིབ་འདི་ལས། །རང་གྲོལ་རང་རིག་རང་ཞལ་མཇལ་བར་ཤོག །མཐའ་བཅས་མཐའ་བྲལ་སྒྲོ་བཏགས་སྣ་ཚོགས་ཀྱིས། །དངོས་མེད་དངོས་པོར་བསྒྲུབ་པའི་ཐོས་བསམ་ལ། །མི་ཚེའི་ཉི་མ་སྟོང་ཟད་མི་བྱེད་པར། །བལྟ་བའི་བརྡར་ཤ་ནང་ནས་ཆོད་པར་ཤོག །བསྒོམ་དུ་མེད་པའི་རང་བྱུང་ཡེ་ཤེས་དོན། །མ་ཡེངས་མི་འཛིན་རང་སོར་མི་འཇོག་པར། །སྒོམ་འདོད་སྩོལ་བས་ཐོག་མེད་ད་བར་འཁྲུལ། །མ་བསྒོམ་བཅོས་མིན་ཡེ་ཤེས་མངོན་གྱུར་ཤོག །ཚོགས་དྲུག་ཅིར་སྣང་གང་ཤར་ཆོས་ཉིད་རྩལ། །འཆར་བྱ་འཆར་བྱེད་གདོད་ནས་རྣམ་དག་ཀྱང་། །སྤོང་ལེན་དགག་སྒྲུབ་ཐག་བརྒྱའི་མདུད་པས་


TR003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས། །ད་ནས་སྤྲོས་མེད་རང་གྲོལ་ཤེས་པར་ཤོག །ཉམས་རྟོགས་ཞེ་འདོད་གཡའ་ཡིས་མ་གོས་ཤིང་། །ལམ་རྟགས་སྒྱུ་མའི་ལྟད་མོར་མི་ཞེན་པར། །ཐོབ་བྱ་ཐོབ་བྱེད་མཚན་འཛིན་ལས་འདས་པའི། །འབྲས་བུའི་རྒྱལ་པོ་ཆོས་ཉིད་གདེངས་ཐོབ་ཤོག །སྤྲོས་བྲལ་ཆོས་སྐུ་མངོན་དུ་གྱུར་ནས་ཀྱང་། །འགག་མེད་གཟུགས་སྐུ་མཚན་དཔེའི་འོད་དཀར་ནི། །གང་ལ་གང་འདུལ་སྤྲུལ་པའི་ཟློས་གར་ཚོགས། །གདུལ་བྱའི་ཆུ་སྣོད་ཇི་སྙེད་ཡོངས་གང་ཤོག །རྩོད་མེད་བསྒྲུབ་བརྒྱུད་བླ་མར་གསོལ་བཏབ་པའི། །བྱིན་རླབས་དགེ་འབྲས་ནུས་མཐུ་བསམ་ཡས་ཀྱིས། །བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །རྡོ་རྗེ་འཆང་དབང་བླ་མ་མཆོག་འགྲུབ་ཤོག །ཞེས། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་བླ་བརྒྱུད་གསོལ་འདེབས་འདི་ནི་སྤྲུལ་པའི་སྐྱེས་མཆོག་མི་ཕམ་མགོན་པོས་བསྐུལ་བར་མཛད་པའི་ངོར་བཀོད་པ་སྟེ། སྤྱིར་ཕྱག་རྒྱ་ཆེན་པོའི་བླ་བརྒྱུད་ཀྱི་རྩ་བ་ནི་རྡོ་རྗེ་འཆང་ནས། བྱང་སེམས་བློ་གྲོས་རིན་ཆེན། དཔལ་


TR003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ས་ར་ཧ། རི་ཁྲོད་དབང་ཕྱུག །མཻ་ཏྲེ་པ། དེ་ནས་མར་པ་ལོ་ཙཱ་ལ་བརྒྱུད་པ་དང་། མི་ཏྲི་པའི་རྒྱ་གར་གྱི་སློབ་མ་ཐ་དད་ལས་བརྒྱུད་ལུགས་ཀྱང་མང་མོད་ཀྱི་སྐབས་འདིར་ཡི་གེ་བཞི་པ་འདི་ཉིད་ཏེ་ལོ་ནཱ་རོ་ནས་བརྒྱུད་ཚུལ་དང་མཐུན་པར་བཀོད་པ་ཡིན་ལ། འདི་ལ་བོད་དུ་ཡང་རྗེ་སྒམ་པོ་པ་ཡན་ཆད་གཅིག་པ་ལས། དེ་ནས་ཕག་མོ་གྲུ་པ་ལ་བརྒྱུད་ཅིང་། ཕག་གྲུ་ནས་གླིང་དང་རྒྱ་རས། དེ་ལས་དབོན་རས་སོགས་འབྲུག་པའི་གདན་ས་བརྒྱུད་པ་དང་། རྒོད་ཚང་པ་ནས་སྟོད་འབྲུག་སོགས་འབྲུག་བརྒྱུད་དང་། ཡང་། ཕག་གྲུ་ནས་འབྲི་སྟག་ཐིལ་གསུམ་སོ་སོར་བརྒྱུད་ཚུལ་སོགས་མཐའ་ཡས་མོས་ཀྱང་། འདི་ནི་སྒམ་པོ་པ་ནས་དུས་མཁྱེན་སོགས་ཀརྨ་བཀའ་བརྒྱུད་ལྟར་བཀོད་པ་སྟེ། བླ་བརྒྱུད་ཀྱི་མཚན་རྣམས་ནི་མཚལ་རྟག་ཏུ་བྲིས་པ་ལས་ཤེས་པར་འགྱུར་རོ།། ༈ །།ན་མོ་རིགས་འདུས་བདེར་གཤེགས་རྡོ་རྗེ་འཆང་། །ཕྱོགས་དུས་དཀོན་མཆོག་གསུམ་དངོས་ལ། །བདག་དང་འགྲོ་བ་མ་ལུས་པ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ནམ་མཁའ་ཁྱབ་པའི་སེམས་ཅན་རྣམས། །སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར། །རྩ་བ་གསུམ་གྱི་གོ་འཕང་མཆོག །མ་ཐོབ་བར་དུ་སྒྲུབ་


TR003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། ཞེས་པས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཧྲཱིཿམ། །སྐད་ཅིག་དྲན་རྫོགས་བདུད་བཞི་པད་ཉིའི་སྟེང་། །རང་ཉིད་རྟ་ཕག་ཡབ་ཡུམ་འཁྲིལ་སྦྱོར་ཚུལ། ཁྲོ་ཆས་ཡོངས་རྫོགས་གྲི་གུག་ཐོད་ཁྲག་བསྣམས། །དབུ་སྐྲ་རལ་པའི་ཁྲོད་ནས་རྟ་ཞལ་དང་། །ཕག་ཞལ་རང་སྒྲས་ཁམས་གསུམ་ཟིལ་གྱིས་གནོན། །ཞབས་གཉིས་དོར་སྟབས་གར་དགུའི་ཉམས་དང་ལྡན། །མེ་སྤུངས་ཀློང་ན་རི་རབ་ཙམ་གྱི་སྐུ། །སྲིད་གསུམ་འགྲན་ཟླ་བྲལ་བར་བརྗིད་ཅིང་འགྱིང་། །སྣང་ལ་རང་བཞིན་མེད་པར་གསལ་བ་ཡི། །སྤྱི་བོའི་གཙུག་སྟེང་པདྨ་འདབ་བཞིའི་དབུས། །ཉི་མ་ཟླ་བ་རྩེགས་པའི་གདན་སྟེང་དུ། །སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པའི་དཔལ། །ཨོ་རྒྱན་གུ་རུ་སྨན་པའི་ཚུལ་བསྟན་པ། །རྗེ་བཙུན་ཆེན་པོ་མ་ཧཱ་གུ་འི་སྐུ། །དཀར་དམར་ཞི་འཛུམ་མཛེས་པའི་ཞལ་གདངས་ཅན། །དར་དཀར་གོས་དང་སྐུ་རག་མཆིན་


TR003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་མཛེས། །བེར་དམར་གསེར་གྱི་ཐིག་ཅན་ལྷུབ་སུ་གསོལ། །དབུ་སྐྲ་ཐོར་ལྕོག་མེ་ཏོག་ཕྲེང་བས་རྒྱན། །ཕྱག་གཡས་པུས་མོའི་སྟེང་དུ་མཆོག་སྦྱིན་གྱིས། །སྨན་རྒྱལ་གསེར་མདོག་སྡོང་པོ་རབ་རྒྱས་འཛིན། །ཕྱག་གཡོན་མཉམ་བཞག་བདུད་རྩིའི་བུམ་པ་བསྣམས། །ལྟ་བས་མི་ངོམ་མཚན་དཔེའི་གཟི་འོད་འབར། །རྡོ་རྗེ་སྐྱིལ་ཀྲུང་འོད་ལྔའི་ཀློང་བཞུགས་པའི། །ཕྱོགས་བཞིའི་པད་འདབ་དཀར་སེར་དམར་ལྗང་སྟེང་། །ཡེ་ཤེས་མཁའ་འགྲོ་རིགས་བཞི་ཕྱོགས་མདོག་ཅན། །ཐམས་ཅད་ཕྱག་གཡས་གྲི་གུག་གཡོན་ཚེ་བུམ། །རིན་ཆེན་རུས་རྒྱན་དར་དབྱངས་དུ་མས་མཛེས། །གཙོ་ལ་ཞལ་ལྟ་གར་སྟབས་བཞེངས་པར་གསལ། །གཙོ་བོའི་ཐུགས་ཀར་ཟླ་བའི་གདན་གྱི་སྟེང་། །ཧཱུྃ་ཡིག་མཐིང་ཁའི་མཐའ་སྐོར་སྔགས་ཀྱི་ཕྲེང་། ཁ་དོག་ལྔ་ལྡན་གཡས་བསྐོར་འཁྱིལ་ལེ་བ། །དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་


TR003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ལ་སོགས་སྐྱབས་གནས་ཀུན། །རིགས་འདུས་མ་ཧཱ་གུ་འི་ཆ་ལུགས་སུ། །བྱོན་ནས་གཙོ་བོ་ཉིད་ལ་དབྱེར་མེད་ཐིམ། །སྐྱབས་གནས་ཀུན་འདུས་ཡེ་ནས་ཡིན་བཞིན་དུ། སླར་ཡང་བྱིན་རླབས་གོང་བུ་གཅིག་འདུས་པའི། །རྩ་བའི་བླ་མ་ཧཱ་གུ་་ལ། །སྣོད་བཅུད་སྣང་སྲིད་བདག་ལུས་ལོངས་སྤྱོད་དང་། །སྒོ་གསུམ་གཏན་འདུན་ཐམས་ཅད་མཆོད་པར་འབུལ། །བཞེས་ལ་ཚེ་གཅིག་སངས་རྒྱས་དངོས་གྲུབ་ཞུ། །ཨེ་མ། །རྒྱལ་བའི་དཀྱིལ་འཁོར་གྲངས་མེད་ཀུན། །ཐ་དད་གདུལ་བྱའི་སྣང་ཚུལ་ཙམ། །བདག་གི་སྐལ་ངོར་གུ་་རྗེ། །རྩ་བའི་བླ་མ་ཁོ་ན་ཉིད། །ཞབས་ཀྱི་པདྨོར་ཕྱག་འཚལ་ཞིང་། །སྙིང་ནས་གུས་པས་གསོལ་བ་འདེབས། །འདི་གཟུངས་བླ་མེད་བྱང་ཆུབ་བར། །སྐྱབས་ཡུལ་གཞན་ན་མ་མཆིས་ཀྱི། །གཡེལ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་ཉོན་འགལ་རྐྱེན་བར་ཆད་བསེལ། །སྒོ་གསུམ་ཆོས་སུ་སྨིན་


TR003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བས། །རང་གཞན་བྱང་ཆུབ་ལམ་འཁོད་མཛོད། །ཅེས་གསོལ་བ་རྩེ་གཅིག་ཏུ་གདབ་ཅིང་། སླར་ཡང་གསོལ་འདེབས་ཀྱི་བཟླས་པ་འདི་ལ་དུས་རྒྱུན་ལྡན་དུ་འབད་པར་བྱའོ། །ཨོཾ་ཨཱཿབཛྲ་གུ་་ཨ་ཡུཿཛྙཱ་ན་སིདྡྷི་ཧཱུྃ། ཞེས་ཐུགས་ཀའི་ཧཱུྃ་ཡིག་སྔགས་འཕྲེང་དང་བཅས་པ་ལ་སེམས་གཏད་ཅིང་མོས་གུས་ཆེན་པོའི་ངང་ནས་བཟླ། ཐུན་མཚམས་སོགས་ལ་སྨན་གྱི་དངོས་གྲུབ་བསྡུ་བའི་སྔགས་འདི་ཉིད་བཟླ་བར་སྤྲོ་ནའང་བརྒྱ་སྐོར་ཙམ་དུ་བཟླ་སྟེ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨ་མྲྀ་ཏ་ཛཱི་ཝནྟི་བྷེ་ཥ་ཛྱ་སརྦ་སིདྡྷི་ཧཱུྃ་ཧོཿ དེ་ནས་མཐའ་སྐོར་གྱི་མཁའ་འགྲོ་བཞི་གཙོ་བོ་ཉིད་དང་བཅས་པ་འོད་་ཀྱི་གོང་བུར་གྱུར་ནས་རང་ཉིད་ཀྱི་སྤྱི་བོར་ཐིམ་པས་དབང་བཞི་ཡོངས་རྫོགས་ཐོབ་ཅིང་། མཚོན་བྱེད་དཔེའི་བླ་མ་བསྒོམ་ཞིང་བསྒྲུབ་པ་དེ་དག་ཀྱང་མཚོན་བྱ་དོན་གྱི་བླ་མའི་སྤྲུལ་བསྒྱུར་ལས་མ་འདས་པའི་དོན་གྱི་སྙིང་པོ་རང་གི་རིག་པ་གསལ་ལ་དངོས་པོར་མ་གྲུབ་པ། སྟོང་ལ་ཧད་པོར་མ་སོང་བ། དེ་གཉིས་ཡ་བྲལ་དུ་མ་ཡིན་པའི་རང་སེམས་ཀྱི་འདུག་ཚུལ་ལམ་བབས་ཚུལ་ཇི་ལྟར་སྣང་བ་དེ་ཉིད་ཀྱི་ཐོག་ཏུ་བཟོ་བཅོས་དགག་སྒྲུབ་བློས་བྱས་གང་ཡང་མི་བྱ་བར། །རང་གི་རང་ངོ་རིག་ཙམ་དུ། །ལྷོད་དེ། ཤིག་གེ གུ་ཡངས་ཆམ་


TR003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བ་འཇོག་པ་ནི་ཡང་དག་དོན་གྱི་བླ་མའི་རྣལ་འབྱོར་མཐར་ཐུག་པ་ཡིན་ཏེ། རང་སེམས་རང་ངོ་རིག་པ་དེ་ཉིད་བླ་མ་ཆོས་སྐུའི་རང་ཞལ་མཇལ་བ་ཡིན་ཚེ། །དུས་དང་རྣམ་པ་ཀུན་ཏུ། །འགྲོ་འདུག །ཟ་ཉལ། སྐྱིད་སྡུག་ཉིན་མཚན་འཆི་ཁ་དང་བཅས་པའི་དུས་ཐམས་ཅད་དུ་རང་སེམས་གང་ཤར་རང་ངོ་རིག་པ་བྱ་བ་དང་མི་འབྲལ་བ་ནི། བཀའ་མདོ་བརྒྱུད་རྒྱུད་ལུང་མན་ངག་ཕྱག་རྫོགས་སོགས་ཀུན་གྱི་དགོངས་དོན་གཅིག་ཏུ་མཐུན་པའི་གནད་ཀྱི་སྙིང་པོ་དམ་པ་ལགས་ཤིང་། དེ་ལྟར་ཉམས་སུ་ལེན་པའི་ཚེ། བཟང་ངན་གྱི་རྣམ་པར་རྟོག་པ་ཅིག་ཁྱུགས་ཀྱི་བྱུང་བ་དང་། དེ་ལ་དགག་སྒྲུབ་སོགས་ཐབས་དང་གཉེན་པོ་གཞན་ཅི་ཡང་མི་བྱ་བར། རྣམ་རྟོགས་ཤར་བ་དེ་ཀ་རང་ངོ་ཧྲིག་གིས་རིག་པར་བྱ་བ་ཁོ་ནས་རྣམ་རྟོགས་ཁོ་རང་རང་གྲོལ་དུ་འགྲོ་བ་ཆོས་ཉིད་ཡིན་པས་ན། བཅོས་བསླད་གཞན་གང་ཡང་མི་དགོས་པ་ལགས་པས་དེ་ལྟར་ཐུགས་དགོངས་ཟབ་མོར་བཅགས་ངོས། དགེ་སྦྱོར་གང་བྱེད་ཕ་མ་སེམས་ཅན་མཁའ་ཁྱབ་ཐམས་ཅད་རྫོགས་བྱང་ཐོབ་སླད་ཁོ་ནར་དམིགས་ནས། སྒོ་གསུམ་སྒོམས་ལས་སུ་ལུས་པར་དལ་འབྱོར་དོན་ཡོད་དུ་མཛད་འཚལ། དེ་ལྟར་བྱིན་རླབས་བླ་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་རྩ་བ་གསུམ་གཅིག་དྲིལ་དུ་སྒྲུབ་


TR003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉམས་ལེན་རྒྱུན་ཁྱེར་འདི་ཉིད། འཚོ་མཛད་བསོད་ནམས་རབ་བརྟན་གྱི་དོན་དུ། རྗེ་བཙུན་སོག་ཟློག་པ་ཆེན་པོའི་ཞལ་གདམས་ལས་བྱུང་བ་ལྟར་བཀོད་པ་དགེ། ༈ །།ཧཱུྃ། ཆོས་སྐུ་ཀུན་བཟང་སྣང་མཐའི་དབྱིངས་ཆེན་ལས། །ལོངས་སྐུ་རྡོར་འཆང་རིགས་ལྔའི་ཉ་རྒྱས་ཤར། །སྤྲུལ་སྐུ་གདུལ་བྱའི་རོལ་མཚོར་ཤཱཀ་ཐུབ་ཚུལ། །དབྱེར་མེད་པདྨ་འབྱུང་གནས་སྤྱི་བོས་མཆོད། །མ་དག་སྣང་ངོར་དུག་ལྔའི་རྒྱུ་འབྲས་ཀུན། །དག་པ་ཆེན་པོའི་རང་བཞིན་གཟུགས་ཀྱི་སྐུ། །ཐོད་ཕྲེང་རིག་ལྔ་ཡེ་ཤེས་རང་གསལ་ལྷ། །གསོལ་འདེབས་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །རྣམ་ཤེས་ཚོགས་བརྒྱད་གནས་དག་སྤྲུལ་པ་བརྒྱད། །གང་འདུལ་དེར་སྣང་ཆ་ལུགས་སྒྱུ་འཕྲུལ་གཟུགས། །སྣ་ཚོགས་ངོ་མཚར་ཕྲིན་ལས་མཚན་བརྒྱད་ཤར། །གསོལ་འདེབས་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །དྷ་ན་ཀོ་ཤའི་མཚོ་གླིང་པད་སྡོང་ལས། །མཚན་དཔེ་ཡོངས་རྫོགས་ལོངས་སྐུའི་ཆ་བྱད་བལྟམས། །སྐལ་ལྡན་རྒྱལ་པོ་རེ་སྐོངས་


TR003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པད་འབྱུང་ལ། །གསོལ་འདེབས་བྱིན་རླབས༴ །རྒྱལ་སྲིད་ཆོས་ཀྱིས་བསྐྱངས་ནས་སྨིན་གྲོལ་བཀོད། །དུར་ཁྲོད་གནས་བྱོན་མཁའ་འགྲོའི་ཚོགས་དཔོན་མཛད། །པདྨ་རྒྱལ་པོ་ཁམས་གསུམ་དབང་སྡུད་རྗེ། །གསོལ་འདེབས༴ །ཤེས་བྱའི་ཆོས་ཀུན་མཁྱེན་པའི་རྩེ་མོར་སོན། །འཆི་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་གྲུབ། །བློ་ལྡན་མཆོག་སྲེད་མཁས་པའི་གཙུག་གི་རྒྱན། །གསོལ་འདེབས༴ །རྫུ་འཕྲུལ་ཐབས་ཀྱི་ཟ་ཧོར་རྒྱལ་ཁམས་བཏུལ། །པ་ཆེན་ལྔ་བརྒྱའི་དབུས་ན་ཟླ་མེད་ཀྱི། །སྨྲ་བའི་སེང་གེ་པདྨ་སམ་བྷ་ཝ། །གསོལ་འདེབས༴ །གནས་ཆེན་བརྒྱད་དུ་དཔའ་བོ་ཆེན་པོའི་གཟུགས། །མི་འཇིགས་བརྟུལ་ཞུགས་རོལ་པས་འགྲོ་བ་འདུལ། །ཉི་མ་འོད་ཟེར་ཧེ་རུ་ཀ་དཔལ་མཆོག །གསོལ་འདེབས་བྱིན༴ །རྡོ་རྗེའི་གདན་དུ་སྟོན་པའི་རྒྱལ་ཚབ་མཛད། །ལོག་པར་སྨྲ་བའི་ལྟ་སྒྲུབ་ངན་པ་བསྣུབས། །ཤཱཀྱ་སེང་གེ་བསྟན་པའི་རྒྱལ་མཚན་འཛིན། །


TR003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས༴ །ཕྱི་རོལ་མུ་སྟེག་གདུག་པའི་ངན་སྔགས་དང་། །ལོག་པའི་རྫུ་འཕྲུལ་ཐུགས་རྗེའི་མཐུ་ཡིས་བསྒྲལ། །སེང་གེ་སྒྲ་སྒྲོག་བདུད་ལས་རྣམ་པར་རྒྱལ། །གསོལ་འདེབས༴ །གངས་ཅན་བོད་ཡུལ་ལྷ་སྲིན་དྲེགས་པའི་ཚོགས། །གཏུམ་དྲག་བརྔམ་པའི་སྤྲུལ་བསྒྱུར་དུ་མས་བཏུལ། །རྡོ་རྗེ་གྲོ་ལོད་གདུལ་དཀའ་འདུལ་བའི་དཔལ། །གསོལ་འདེབས༴ །སྒྲུབ་གནས་བྱིན་རླབས་ཆོས་གཏེར་འཇིག་རྟེན་བཀང་། །བོད་ཁམས་སྨིན་མཛད་ལྷོ་ནུབ་རྔ་ཡབ་གཤེགས། །སྲིན་པོའི་ཁ་གནོན་སྐྱེ་འགྲོའི་སྐྱབས་གཅིག་པུ། །གསོལ་འདེབས་བྱིན༴ །བསྐལ་བཟང་རྒྱལ་བ་སྟོང་གི་བསྟན་པའི་ཡུན། །དེ་སྲིད་རྣམ་འཕྲུལ་དུ་མས་འགྲོ་བ་འདྲེན། །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་གུ་རུ་རྗེ། །གསོལ་འདེབས་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །བདག་སོགས་མཁའ་ཁྱབ་སེམས་ཅན་སྡུག་བསྔལ་ཅན། །རེ་ས་གཞན་མེད་ཁྱེད་ཀྱི་སྐྱོབས་མཛོད་ལ། །བར་ཆད་ཀུན་ཞི་ཆོས་ཀྱི་བསམ་དོན་འགྲུབ། །པད་འབྱུང་སྐུ་གསུང་ཐུགས་དང་གཉིས་


TR003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཛོད། །རྒྱལ་བ་རབ་འབྱམས་ཐུགས་རྗེའི་བདག་ཉིད་ཀུན། །གཅིག་བསྡོམས་གདུལ་དཀའི་འགྲོ་བ་འདྲེན་པའི་དཔལ། ཁྱབ་བདག་པདྨའི་གོ་འཕངས་བདག་འགྲུབ་ནས། །འཁོར་བ་དོང་སྤྲུག་ཆོས་ཉིད་ཀློང་གྲོལ་ཤོག །ཅེས། ཨོ་རྒྱན་རིན་པོ་ཆེ་སྐུ་གསུམ་རིགས་ལྔ་མཚན་བརྒྱད་ལ་གསོལ་བ་འདེབས་པ་འདི་ནི་དབོན་པོ་བསྟན་པ་རིག་འཛིན་མཆེད་བཅས་ཀྱི་བསྐུལ་ངོར་བཀོད་པའོ། །གདོད་མའི་ཡེ་ཤེས་བྲི་གང་བྲལ་བའི་གནས་ལུགས་དོན། །མཁས་མང་ཀུན་དང་གྲུབ་པ་མཆོག་བརྙེས་མ་ལུས་ཀྱིས། །ཡང་དག་གཟིགས་པའི་དྲི་བྲལ་པདྨའི་ཆོས་ཉིད་ལྟར། །ཡོན་ཏན་ལེགས་རྫོགས་མཆོག་དངོས་གྲུབ་པའི་རྒྱུར་གྱུར་གང་། །སྤྲོས་ཀུན་ཞི་ཡང་འགགས་མེད་རང་རྩལ་བསམ་ཡས་འཕྲོ། །ཕྲིན་ལས་རྣམ་པར་རོལ་པའི་བདག་ཉིད་རིག་པའི་སྐུ། །ལོག་རྟོག་འཕྲུལ་འཛིན་སྐྱོན་ལས་རྣམ་པར་རབ་རྒྱལ་བས། །སྣ་ཚོགས་སྣང་བའི་བདེན་ཞེན་རང་གྲོལ་གཉུགས་མའི་གཤིས། །གཟོད་མ་ཉིད་ནས་རང་


TR003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་ཆས་གཉིས་མེད་བཞིན། །གཉིས་སུ་བཟུང་བས་ཀུན་རྟོགས་ཕྱིར་ལྟའི་ར་རི་ཀུན། །ད་ནས་རབ་ཞི་རང་དག་ཆེན་པོའི་ངེས་ཤེས་ཀྱི། །རང་རིག་བླ་མར་རང་བབས་ངང་ནས་གསོལ་བ་འདེབས། །ཐ་དད་མིན་ལ་ཐ་དད་འཛིན་པའི་རྨི་ལམ་དང་། །འདུ་འབྲལ་མེད་ལ་འདུས་ཤིང་འབྲལ་སྣང་ཉིང་འཁྲུལ་ཚོགས། །རང་རིག་བླ་མ་ཀུན་ཁྱབ་ཆོས་སྐུར་སྒྲིབ་མུན་ལ། །བསལ་བཞག་བྲལ་བའི་ཡེ་ཤེས་སྣང་བས་ཁྱབ་མཛད་གསོལ། །གསོལ་བ་འདེབས་ཡུལ་འདེབས་བྱེད་མཁན་པོ་བྱ་རྩོལ་གྱི། །དམིགས་མཚོན་འཇུར་མདུད་ནམ་མཁར་ལྟོས་འགྲོའི་མདུད་ལྟར་གྲོལ། །བླ་མེད་བླ་མའི་གོ་འཕངས་མཆོག་ལ་མཁའ་མཉམ་གྱི། །མ་རྒན་མཐའ་དག་རབ་འགོད་སྲིད་ཞི་གཏན་སྒྲོལ་ཤོག །ཅེས་པ་འདི་ནི། རྒྱལ་བའི་སྤྱི་གཟུགས་མཆོག་གི་སྤྲུལ་སྐུ་བཟང་པོའི་ཞབས་ཀྱི་གསུང་གི་རྒྱུ་འཕྲུལ་ལས། །བདག་རྒན་པོ་ལ་གསོལ་བ་འདེབས་རྒྱུ་མིང་གི་ཕྲེང་བས་བཀྲ་བར་བགྱིས་པ་དགོས་ཞེས་བཀའ་སྩལ་བར་བརྟེན་


TR003_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་དངོས་དོན་ནི་སངས་རྒྱས་ཀྱི་སེམས་ཅན་ལ་གསོལ་བ་གདབ་པར་འགྲོ་བས་ན་འོས་ཤིང་འཚམས་པའི་དོན་པོར་མ་གྱུར་ལ། འོན་ཏེ་མ་ཕུལ་ནའང་བཀའི་ཆུ་ཀླུང་བཟློག་པའི་རྟེན་འབྲེལ་ལོག་མིན་དུ་འགྱུར་དོགས་པས། དེ་བས་ན་གསུང་གི་གསང་བའི་འདུ་འགོད་འདི་ལ་བསམ་མི་ཁྱབ་ཀྱི་དགོངས་པ་གཞན་དག་ཡོད་པར་གོར་མ་ཆགས་སོ་ཞེས་རང་ཉིད་ལ་རང་བློས་མོས་པ་བགྱིས་ནས། གནས་འདི་ལྟ་བུ་ལ་སྤྱིའི་དོན་དང་ཡི་གེའི་དོན་གྱི་འཇུག་པར་མི་རུང་གི སྦས་པའི་དོན་དང་མཐར་ཐུག་ཀྱི་དོན་ལས་བརྩམས་ཏེ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་པའི་བརྡ་དོན་ལ་རང་མིང་གི་ཕྲེང་བས་ཀྱང་མཚོན་པར་བྱས་ནས་ཕུལ་བ་ལ་སྒྲིབ་པར་མ་གྱུར་ཅིག །ན་མོ་གུ་རུ་རཏྣ་བྷྱཿ དཔག་ཏུ་མེད་པའི་མཁྱེན་བརྩེ་དང་། །མི་ཟད་ཐུགས་རྗེའི་གཏེར་མངའ་བ། །སྐྱབས་གནས་དཀོན་མཆོག་བླ་མ་ལ། །བདག་ཉིད་གུས་པས་སྐྱབས་སུ་མཆི། །ཐོག་མ་མེད་ནས་ལས་ཉོན་གྱིས། །འཁོར་བའི་རྒྱ་མཚོ་རབ་བྱིང་ཞིང་། །སྡུག་བསྔལ་རྒྱུ་དང་འབྲས་བུས་མནར། །ཉམ་ཐག་བདག་ལ་ཐུགས་རྗེས་གཟིགས། །དལ་འབྱོར་འཛོམ་པའི་ལུས་ཐོབ་ཀྱང་། །དམ་ཆོས་


TR003_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་མི་སྒྲུབ་པར། །ཟིན་མེད་འཇིག་རྟེན་བྱ་བས་གཡེངས། །སྐལ་དམན་བདག་ལ་ཐུགས་རྗེས་གཟིགས། །ལང་ཚོའི་ཉི་མ་ནུབ་རིར་གཞོལ། །ནམ་འཆི་ཆ་མེད་ཡ་ང་བར། །ཕྱི་མའི་གཏན་འདུན་མི་འགྲུབ་པའི། །ལས་ངན་བདག་ལ་ཐུགས་རྗེས་གཟིགས། །སྒྱུ་མའི་ཕུང་པོ་སོར་བའི་ཚེ། །འཁོར་བ་གར་སྐྱེས་སྡུག་བསྔལ་ལས། །ནམ་ཡང་བདེ་བ་མི་འབྱུང་ན། །སྐྱབས་མེད་བདག་ལ་ཐུགས་རྗེས་གཟིགས། །རྟག་ཏུ་སྒོ་གསུམ་དམ་ཆོས་ལ། །སེམས་ཀྱང་འཁོར་བའི་བག་ཆགས་ཤུགས། །ཨ་འཐས་འཁྲུལ་པའི་མགོ་འཁོར་གྱིས། །རྨོངས་པ་བདག་ལ་ཐུགས་རྗེས་གཟིགས། །དུས་གསུམ་དྲི་མེད་ཀུན་མཁྱེན་པའི། །བླ་མ་མཆོག་དང་སངས་རྒྱས་སྲས། །སྐྱབས་གནས་ལྷ་ཡི་ལྷ་མཆོག་རྣམས། །དད་ལྡན་བདག་ལ་ཐུགས་རྗེས་གཟིགས། །རེ་སའི་སྐྱབས་མཆོག་བླ་མ་ལ། ཁ་ཞེ་མེད་པའི་མོས་གུས་ཀྱིས། །གསོལ་བ་རྩེ་གཅིག་འདེབས་ལགས་ན། །ཐུགས་རྗེའི་ཆར་ཆེན་དབབ་ཏུ་གསོལ། །ལས་ཉོན་


TR003_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་བྱང་བ་དང་། །རྐྱེན་ངན་བར་ཆད་ཀུན་ཞི་ཞིང་། །ཆོས་མཐུན་འདོད་དགུ་མྱུར་འགྲུབ་ནས། །ལམ་སྣ་ཟིན་པར་བྱིན་གྱིས་རློབས། །བླ་མ་སངས་རྒྱས་བྱང་སེམས་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་ཚོགས། །མ་ལུས་ཐུགས་རྗེའི་ནུས་སྟོབས་ཀྱིས། །གསོལ་བ་བཏབ་དོན་འགྲུབ་པར་ཤོག །ཅེས་པ་འདི་ནི། གནས་ཆེན་པོ་ལྷ་ཞོལ་ནཱ་ག་ཀོ་ཊའི་ཕོ་བྲང་དམ་པ་ནས། རྒྱལ་སྲས་སྤྲུལ་པའི་སྐྱེད་ཡུམ་རྡོ་རྗེ་བུ་ཁྲིད་ཀྱི་བཞེད་པ་སྐོངས་ཕྱིར་མཐའ་ཁོབ་ཀྱི་རི་ཁྲོད་ནས་ཕུལ་བ་དགེ མ་ལུས་རྒྱལ་བའི་དཀྱིལ་འཁོར་བསམ་ཡས་ཀུན། །དབྱེར་མེད་རྡོ་རྗེའི་སློབ་དཔོན་སྐུར་རྫོགས་པའི། །ངོ་མཚར་རྣམ་ཐར་རྒྱན་གྱི་རོལ་པ་ལ། །བདག་ཡིད་དད་པས་གསོལ་བ་སྙིང་ནས་འདེབས། །འོད་དཔག་མེད་མགོན་ཆོས་སྐུའི་རང་མདངས་ལས། །སྤྱན་རས་གཟིགས་དབང་གཟུགས་སྐུའི་འོད་དཀར་ཤར། །པདྨ་འབྱུང་གནས་སྤྲུལ་སྐུ་ཆུ་ཟླའི་གར། །གདུལ་བྱའི་ཞིང་ཀུན་ཁྱབ་ལ་གསོལ་བ་འདེབས། །


TR003_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མངལ་སྐྱོན་དྲི་བྲལ་པདྨའི་ལྷུམས་ལས་འཁྲུངས། །རྒྱལ་པོའི་སྲས་མཛད་རྒྱལ་ཁམས་ཆོས་ལ་བཀོད། །གནས་ཆེན་དུར་ཁྲོད་བརྟུལ་ཞུགས་རྩལ་གྱིས་བཅགས། །དཔའ་བོ་མཁའ་འགྲོའི་གཙོ་ལ་གསོལ་བ་འདེབས། །ཤཱཀྱའི་བསྟན་བཞུགས་རིག་པའི་གནས་ཀུན་མཁྱེན། །འཆི་མེད་སྐུ་གྲུབ་བདུད་དང་མུ་སྟེགས་བཏུལ། །ཆོས་ཀྱི་སྒྲོན་མེས་རྒྱལ་བསྟན་གསལ་བར་མཛད། །སྟོན་པའི་རྒྱལ་ཚབས་མཆོག་ལ་གསོལ་བ་འདེབས། །གངས་ཅན་བོད་དུ་གདུག་པའི་འདྲེ་སྲིན་བཏུལ། །ས་གཞི་བྱིན་རླབས་གཙུག་ལག་འདུས་སྡེས་བཀངས། །དུས་གསུམ་ལུང་བསྟན་ཟབ་གཏེར་ཆོས་མཛོད་གཏམས། །སྙིགས་མཐའི་འགྲོ་མགོན་མཆོག་ལ་གསོལ་བ་འདེབས། །རྔ་ཡབ་གླིང་བྱོན་སྲིན་པོའི་ཁ་གནོན་བཞུགས། །དུས་བཟང་ཚེས་བཅུར་སྤྲུལ་པས་བོད་ཁམས་འགེངས། །ནམ་མཁས་གར་ཁྱབ་ཐུགས་རྗེའི་བཀོད་པས་ཁྱབ། །སྐྱབས་གནས་ཀུན་འདུས་རྗེ་ལ་གསོལ་བ་འདེབས། །


TR003_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རིས་མེད་བསྟན་ལ་སྤྲུལ་པའི་མཛད་ཕྲིན་ནི། །བསམ་མི་ཁྱབ་ཀྱང་བདག་སོགས་འདུལ་སྐལ་དུ། །སྙིགས་དུས་འདྲེན་མཆོག་འཛམ་གླིང་གྲགས་པ་ཉིད། །སྤྲུལ་པའི་འཕྲེང་བར་བྱོན་ལ་གསོལ་བ་འདེབས། །ཐམས་ཅད་ངོ་བོ་རྩ་བའི་བླ་མའི་སྐུར། །ལྷུན་གྱིས་རྫོགས་ལ་ངེས་ཤེས་རྩེ་གཅིག་གིས། །དུས་གསུམ་རྒྱུན་དུ་གསོལ་བ་འདེབས་པའི་བུ། །བརྩེ་བས་སྐྱོང་ཞིང་བྱིན་གྱིས་བརླབས་ཏུ་གསོལ། །འདི་ནས་མཐར་ཐུག་བྱང་ཆུབ་མ་ཐོབ་བར། །དེ་སྲིད་སྐྱབས་གནས་བླ་མ་མཆོག་ཁྱེད་ཀྱི། །གདུལ་བྱར་གྱུར་ནས་སྒོ་གསུམ་སྨིན་ཅིང་གྲོལ། །རང་གཞན་དོན་ཀུན་ཆོས་ཀྱིས་འགྲུབ་པར་ཤོག །ཅེས། ཨོ་རྒྱན་རིན་པོ་ཆེ་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པ་མདོར་བསྡུས་འདི་ནི། སྐྱབས་མཆོག་རྒྱལ་བའི་སྤྱི་གཟུགས་བཟང་པོའི་ཞབས་ཀྱི་ཕྱག་ཕྱི་བ་བསོད་ནམས་རབ་མཛེས་པས་བསྐུལ་ངོར་བཀོད་པའོ། །ཨོཾ་ཨཱཿཧཱུྃ ཀུན་ཁྱབ་ཆོས་དབྱིངས་དག་པའི་སྣོད་ཆེན་པོར། །རང་རིག་


TR003_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཡེ་ཤེས་བདུད་རྩིས་བཀང་། །ཚོགས་དྲུག་འདོད་ཡོན་འཛིན་མེད་རང་གྲོལ་གྱི། །མཆོད་པ་འཁོར་འདས་དུས་གསུམ་ཡོངས་ཁྱབ་འདི། །ཕྱོགས་བཅུའི་རྒྱལ་བ་ཀུན་གཙོ་སྨན་གྱི་བླ། །རིགས་ལྔ་ཡི་དམ་ལྷ་ཚོགས་མཁའ་འགྲོ་མ། །དྲང་སྲོང་རིག་འཛིན་བརྒྱུད་བཅས་བཀའ་སྲུང་ཚོགས། །མཆོད་འོས་སྐྱབས་གནས་མ་ལུས་མཆོད་པར་བགྱི། །རང་ལུས་སྣང་སྟོང་རྟ་ཕག་ཡབ་ཡུམ་དང་། །སེམས་ཉིད་གདོད་མའི་ཡེ་ཤེས་གུ་་རྗེ། །འགག་མེད་རིག་རྩལ་རྣམ་རོལ་ཌཱ་ཀིར་བཅས། །རང་རིག་འདུ་འབྲལ་མེད་པའི་བདུད་རྩིས་མཆོད། །ཕྱི་ནང་སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་ལ། །དངོས་འབྱོར་ཡིད་སྤྲུལ་ཟག་མེད་བདུད་རྩི་ཡི། །མཆོད་པ་ཕུལ་བས་བདག་སོགས་འགྲོ་བ་ཀུན། །དམ་ཆོས་བདུད་རྩིས་སྨིན་ཅིང་གྲོལ་བར་ཤོག །ཅེས། གསོ་བ་རིག་པ་འཛིན་པ་རྣམས་ལ་ཕན་ཕྱིར། བླ་སྒྲུབ་སྡུག་བསྔལ་མུན་སེལ་དང་མཐུན་པའི་ཇ་མཆོད་འདི་ཉིད་བླ་མ་དྲུང་འཚོ་བ་གཞན་ཕན་བཟང་པོས་བསྐུལ་བར་མཛད་


TR003_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོར་བཀོད་པ་དགེ་ལེགས་འཕེལ། །ཨེ་མ། གདོད་མའི་ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་། །འོག་མིན་ཞིང་དུ་སྨན་རྒྱལ་རིགས་ལྔར་བསྟན། །བཻ་ཌཱུརྱ་ཞིང་མཆོག་སྤྲུལ་སྨན་གྱི་བླ། །དབྱེར་མེད་མ་ཧཱ་གུ་ར་གསོལ་བ་འདེབས། །དཔལ་ལྡན་འཕྲེང་བ་ཀླུ་སྒྲུབ་དཔའ་བོ་དང་། །འཚོ་བྱེད་གཞོན་ནུ་སྐྱེས་བུ་མེ་ལྷ་སོགས། །འཕགས་ཡུལ་འཆི་མེད་དགོས་འདོད་སྩོལ་མཁས་ཀུན། །གཅིག་བསྡུས་མ་ཧཱ་གུ་ར་གསོལ་བ་འདེབས། །པདྨ་འབྱུང་གནས་དམ་པ་སངས་རྒྱས་དང་། །ཟླ་འོད་གཞོན་ནུ་མཉམ་ཉིད་རྡོ་རྗེ་སོགས། །སྙིགས་དུས་འགྲོ་བའི་སྐྱབས་མགོན་ཐམས་ཅད་ཀྱི། །ངོ་བོ་མ་ཧཱ་གུ་ར་གསོལ་བ་འདེབས། །འགྲོ་བའི་ལས་ཉོན་རྒྱུ་འབྲས་ཟུག་རྔུ་ཀུན། །སེལ་མཛད་གསོ་རིག་བརྒྱུད་པའི་བླ་མ་དང་། །དྲིན་ཅན་རྩ་བའི་བླ་མར་བཅས་རྣམས་ཀྱི། །སྤྱི་གཙུག་མ་ཧཱ་གུ་ར་གསོལ་བ་འདེབས། །བདག་དང་མཁའ་མཉམ་ཕ་མ་སེམས་ཅན་རྣམས། །


TR003_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་ནད་དང་འཁྲུལ་པའི་དོན་གྱིས་གཟིར། །འདི་ལས་སྐྱོབས་མཛད་སྐྱབས་མཆོག་བླ་མ་རྗེ། །བརྩེར་གཟིགས་བྱང་ཆུབ་གོ་འཕངས་ལ་འགོད་གསོལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་གུ་་སིདྡྷི་ཧཱུྃ། ཞེས་པ་འདི་ཡང་འཚོ་མཛད་གཞན་ཕན་བཟང་པོས་བསྐུལ་བ་དོན་ལྡན་དུ་བགྱིས་པའོ། །ཕྱོགས་དུས་རྒྱལ་བ་སྲས་བཅས་མ་ལུས་པའི། །ཐུགས་རྗེ་མཉམ་མེད་འཛམ་གླིང་གྲགས་པའི་སྐུར། །གཅིག་བསྡུས་དཔལ་ལྡན་ཕྲིན་ལས་བཟང་པོའི་ཞབས། །དད་བརྒྱའི་གཙུག་འཚོར་རྡོ་རྗེའི་སྐུ་བརྟན་ཞིང་། །རང་རིག་དངོས་སྟོན་ཡོངས་འཛིན་ཐུགས་རྗེའི་བདག །འགྲོ་ཀུན་བདེ་ཆེན་ཡེ་ཤེས་དབང་བསྒྱུར་གྱི། །ཕྲིན་ལས་ཞི་དྲག་དུ་མས་ཆོས་ཉིད་གཞིར། །ཀློང་གྲོལ་རྣམ་འདྲེན་མཆོག་ལ་གསོལ་བ་འདེབས། །སྣ་ཚོགས་གདུལ་བྱའི་སྐལ་བ་དང་མཐུན་པར། །རང་གྲོལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས། །བདག་སོགས་མཁའ་མཉམ་འགྲོ་ཀུན་སྨིན་མཛད་དེ། །ཚེ་གཅིག་


TR003_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐོབ་ནས་གང་འདུལ་གྱི། །རྣམ་འཕྲུལ་བསྟན་པའི་སྒྲོན་མེ་འགྱེད་པར་ཤོག །ཅེས། དད་པའི་ཡུལ་གྱུར་རྣམ་པ་གསུམ་ལ་གསོལ་བ་འདེབས་པ་སྨོན་ལམ་གྱི་མཐའ་རྟེན་དང་བཅས་པ་ཉུང་ངུར་བསྡུས་པ་དགོས་ཞེས། དད་ལྡན་མ་ི་བྷ་དྲས་བསྐུལ་བ་ལྟར་བཀོད་པ་སྟེ་མཚན་རྣམས་མཚལ་ཡིག་ཏུ་བྲིས་པ་ལས་ཤེས་པར་བྱ་རྒྱུའོ། །ན་མོ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། ཕྱོགས་བཅུུའི་སངས་རྒྱས་བྱང་སེམས་ཡི་དམ་ལྷ། །བླ་མ་བརྒྱུད་བཅས་མཁའ་འགྲོ་ཆོས་སྐྱོང་སོགས། །མཚན་དང་རྣམ་འགྱུར་ཆ་ལུགས་ཅིར་བསྟན་ཡང་། །རྩ་བའི་བླ་མའི་ངོ་བོར་ཐག་ཆོད་པའི། །ངེས་ཤེས་དད་པས་ཕྱག་འཚལ་སྐྱབས་སུ་མཆི། །བདག་གི་སྒོ་གསུམ་མཎྜལ་མཆོད་པར་འབུལ། །དམ་ཚིག་ཉམ་ཆག་ཅི་མཆིས་སྙིང་ནས་བཤགས། །ཅི་མཛད་ལེགས་པར་མཐོང་བའི་ཡི་རང་འབུལ། །མཁའ་མཉམ་འགྲོ་ལ་ཐུགས་རྗེའི་ཆོས་འཁོར་བསྐུལ། །སྐྱེ་འཆི་འཕོ་འགྱུར་བྲལ་བའི་སྐུར་བཞུགས་གསོལ། །བདག་གིས་དགེ་བའི་རྩ་བ་གང་བསགས་


TR003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །རྗེ་བཙུན་ཁྱེད་ཀྱི་ཐུགས་དགོངས་རྫོགས་ཕྱིར་བསྔོའོ། །འདི་ཕྱི་བར་དོ་ཚེ་རབ་ཀུན་ཏུ་ནི། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། །དྲིན་ཅན་སྐྱབས་མཆོག་ཁྱེད་ཉིད་མ་གཏོགས་པ། །རེ་ཡུལ་གཞན་ནས་མེད་པས་གསོལ་བ་འདེབས། །དམིགས་མེད་ཐུགས་རྗེ་ཕྱོགས་རིས་མེད་ན་ཡང་། །གསོལ་འདེབས་བུ་ལ་ལྷག་པར་བརྩེ་བ་ཅན། ཁྱོད་ཀྱི་ཐུགས་དགོངས་ཟག་མེད་མཁའ་ལོང་ལས། །བྱིན་རླབས་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ། །དམ་ཆོས་སྙིང་པོ་སྐྱེད་རྫོགས་ཟུང་འཇུག་དོན། །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའི་བཅུད། །བདག་རྒྱུད་སྨིན་ཅིང་གྲོལ་བའི་བཀའ་དྲིན་སྩོལ། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ལམ་ལོག་འཁྲུལ་པའི་བར་ཆད་མི་འབྱུང་ཤོག །བདག་འཛིན་ཆགས་སྡང་ཞེན་པས་མི་འཆིང་ཤོག །ས་ལམ་ཉམས་རྟོགས་ཡོན་ཏན་མཐར་ཕྱིན་ཤོག །སྐུ་གསུམ་མངོན་གྱུར་འགྲོ་དོན་ལྷུན་གྲུབ་ཤོག །ཅེས་པ་འདི། བླ་མ་ཤཱཀྱ་བསྟན་འཕེལ་གྱིས་བསྐུལ་བར་མཛད་པའི་ངོར་


TR003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་ཕུག་བྲག་གི་ཡང་དབེན་དུ་བྲིས་པའི་དགེ་ལེགས་བཀྲ་ཤིས་ཀྱི་ཆེན་དང་ལྡན་གདུལ་བྱའི་ཞིང་ལ་འབབས་པར་གྱུར་ཅིག །རང་གི་སྤྱི་གཙུག་འཇའ་འོད་འཁྱིལ་བའི་ཀློང་། །པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་། །དྲིན་ཅན་རྗེ་བཙུན་རྩ་བའི་བླ་མ་ཉིད། །ཨོ་རྒྱན་སློབ་དཔོན་པདྨའི་ཆ་ལུགས་ཅན། །པད་ཞྭ་རྒོད་ལྡེམ་དར་དཔྱང་དབུ་ལ་མཛེས། །ཕོས་ཀ་ཆོས་གོས་བེར་གྱི་ན་བཟས་བརྗིད། །རྡོ་རྗེ་ཐོད་པ་ཁ་ཊྭཱཾ་ཕྱག་མཚན་བསྣམས། །དཀར་དམར་མདངས་ལྡན་ཞི་འཛུམ་མཛེས་པའི་སྐུ། །རྡོ་རྗེ་སྐྱིལ་ཀྲུང་བག་དྲོ་ལྷུན་ཆགས་བཞུགས། །སྣང་ལ་རང་བཞིན་མ་གྲུབ་འོད་ཀྱི་སྐུའི། །སྤྱི་བོ་མགྲིན་པ་སྙིང་གའི་གནས་གསུམ་ལ། །འཇའ་འོད་ལྔ་ལྡན་ཐིག་ལེ་རེ་ཡི་ནང་། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་མཚན། །སྐྱབས་གནས་ཀུན་འདུས་མ་ཧཱ་གུ་རུ་ལ། །བདག་གི་སྒོ་གསུམ་གཏན་འདུན་མཆོད་པར་འབུལ། །འདི་བཟུང་བྱང་ཆུབ་བར་དུ་ཐུགས་རྗེས་བཟུང་། །ཚེ་གཅིག་སངས་རྒྱས་


TR003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་དངོས་གྲུབ་སྩོལ། །ཅེས་མོས་པས་བསྐྱེད་ལ། བར་འདིར་གསོལ་འདེབས་ལེའུ་བདུན་དང་གཞན་ཡང་གུ་རུའི་གསོལ་འདེབས་གང་མང་། རྩ་བའི་བླ་མའི་གསོལ་འདེབས་སོགས་ཇི་ཙམ་ནུས་པ་བྱས་ལ། དེ་ནས་ཉམས་ལེན་དངོས་ནི། སྤྱི་བོའི་བླ་མ་ལ་མོས་གུས་རྩེ་གཅིག་མ་ཡེངས་པའི་ངང་ནས་གསལ་འདེབས་ཀྱི་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་ཉིན་མཚན་འགྲོ་འདུག་ནམ་དུའང་རྒྱུན་མ་ཆད་པར་བཟླས་པས་ཆོག་ཅིང་། །སྐབས་སྐབས་སུ་བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་རང་གི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་ཐིམ་པས། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དང་དབང་བཞི་ཡོངས་རྫོགས་ཐོབ་པའི་མོས་པ་བྱ། །གཞན་ཡང་དུས་རྟག་ཏུ་བླ་མ་སྤྱི་བོར་འབྲལ་མེད་བཞུགས་པ་ལ་མོས་གུས་ཁ་ཞེ་མེད་པར་རྩེ་གཅིག་ཏུ་བྱ་བ་དང་། ཁྱད་པར་འཇིགས་སྐྲག །ན་ཚ། རྐྱེན་ངན། སྡུག་བསྔལ། འཆི་བ་དང་བཅས་པ་ཅི་བྱུང་ཀྱང་དེ་མ་ཐག་བླ་མ་དྲན་པར་བྱས་ལ་སེམས་གཞན་དུ་མ་ཡེངས་བར་བློ་ཁེལ་བ་གཅིག་པུས་ཆོག །ཤི་ཁར་བླ་མ་སྤྱི་བོར་བཞུགས་པ་ལ་སེམས་རྩེ་གཅིག་གཏད་ན་


TR003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་དེ་ལས་ལྷག་པ་བྱ་རྒྱུ་མེད་པ་དང་། ལར་ཉམས་སུ་ལེན་ནུས་ན་ཚེ་འདིའི་ཉམས་ལེན་འདི་གཅིག་པུས་ཆོག་པས་ན། གསོལ་འདེབས་ཀྱི་བཟླས་པ་རྒྱུན་ཆད་མེད་པར་འབད་པར་བྱའོ། །ཅེས། བླ་མའི་རྣལ་འབྱོར་སྙིང་པོར་དྲིལ་བ་འདི་ཉིད། ཡོན་ཏན་དབང་ཕྱུག་གིས་བསྐུལ་ངོར་རྒོད་ཕུག་མྱ་ངན་མེད་པའི་ནགས་ཁྲོད་དུ་བཀོད་པ་དགེའོ། །བདག་ཉིད་ཕུང་ཁམས་སྐྱེ་མཆེད་བཟོད་མ་ནས། །ཡི་དམ་ལྷ་ཡི་དཀྱིལ་འཁོར་ལྷུན་གྲུབ་པའི། །སྙིང་གའི་མི་ཤིགས་ཐིག་ལེ་འོད་ལྔའི་ཀློང་། །བཀའ་བརྒྱུད་བླ་མ་སྐྱབས་གནས་ཀུན་ངོ་བོ། །མཚན་གྲངས་དུ་མར་བསྟན་ཡང་རེ་ཞིག་འདིར། །བཻ་རོའི་འོད་ཟེར་སྣ་ཚོགས་རང་གྲོལ་ནི། །དཀར་དངས་འཛམ་གླིང་གྲགས་པའི་ཞལ་དབྱིབས་ལྟར། །མཛེས་འཛུམ་བརྩེ་བའི་ཉམས་ལྡན་གཟུགས་བཟང་བ། །ཆོས་གོས་རྣམ་གསུམ་པན་ཞྭ་ལེབ་ཞར་གསོལ། །ཆོས་འཆད་མཉམ་བཞག་སྐྱིལ་ཀྲུང་ཞི་དུལ་ཚུལ། །སྣ་ཚོགས་པདྨའི་སྟེང་དུ་འོད་སྐུར་བཞུགས། །ཞལ་མཐོང་ཙམ་གྱི་ཚེ་འདིའི་སྣང་བ་འགའ། །


TR003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཙམ་གྱི་འཁྲུལ་པའི་འཛིན་པ་ཞི། །གསོལ་བ་བཏབ་པས་ཏིང་འཛིན་སྒོ་བརྒྱ་འབྱེད། །བྱིན་རླབས་ཐུགས་རྗེའི་བདག་ཉིད་བླ་མ་ལ། །འཁོར་འདས་སྣོད་བཅུད་བདག་ལུས་གཏན་འདུན་བཅས། །མཆོད་པར་འབུལ་གྱི་ཚེ་གཅིག་འདི་ཉིད་ལ། ཁྱེད་དང་དབྱེར་མེད་འགྲུབ་པའི་དངོས་གྲུབ་སྩོལ། །གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་་ས་མ་ཡེ་ཨཱཿཧཱུྃ། ཞེས་པའང་། རིག་འཛིན་ཆོས་ཉིད་ཀློང་གྲོལ་དཔལ་བཟང་པོའི་ཐུགས་ལྟར་རྒོད་ཚང་ཕུག་ནས་ཕུལ་བ་མངྒ་ལཾ། མཚུངས་བྲལ་ཆོས་ཀྱི་རྗེ་རྒྱལ་སྲས་རིན་པོ་ཆེའི་ཞལ་སྔ་ནས། བདག་ལ་རང་མིང་གསལ་པོར་བྱས་པའི་གསོལ་འདེབས་རྒྱུན་ཁྱེར་དུ་བྱས་ཆོག་པ་དགོས་ཤེས་བཀའ་ཕེབས་ནའང་། སྤྱིར་ཡང་གསོལ་བ་གདབ་ཡུལ་དུ་རུང་བ་ནི་སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་ལྡན་པ་ཞིག་དགོས་མོད་ཀྱི། བདག་འདྲ་ལས་ཉོན་གྱི་རྒྱ་མཚོར་ཀུན་རྟོག་གི་རྦ་རླབས་དྲག་པོར་འཁྲུག་པས་དབང་མེད་དུ་བསྐྱོད་བཞིན་པ་མངོན་སུམ་ཚད་མས་གྲུབ་གདའ་བར་གསོལ་བ་བཏབ་རུང་


TR003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པ་པོ་ངལ་བའི་རྒྱུར་ཟད་མོད་ལ། དེ་བས་ཀྱང་། སངས་རྒྱས་བྱང་སེམས་བཀའ་བརྒྱུད་བླ་མའི་ཐུགས་རྗེའི་གཏེར་ལྡན་རྣམས་ལ་གསོལ་བ་གདབ་པ་ལེགས་ཤིང་། འོན་ཀྱང་བཞེད་དོན་གྱི་བཀའ་སྩལ་ཞལ་ལོག་ཏུ་མ་གྱུར་ཙམ་ཁོ་ན་ལ་བསམ་ཏེ། འདི་བཞིན་ཕུལ་བ་ལགས་ཀྱི། དེས་ན་རྒྱལ་བ་རྣམས་ཀྱི་ཐུགས་ཡེ་ཤེས་ཀྱི་སྙིང་པོ་ནི། སེམས་ཅན་ཀུན་གྱི་ཁམས་དབང་རྟོག་ཚོགས་ཐམས་ཅད་དང་ཐ་མི་དད་པར་རྡོ་རྗེའི་དཀྱིལ་འཁོར་ཉིད་དུ་ཡེ་གྲུབ་ཆེན་པོའི་རྒྱས་བཀབ་ཅིང་། གནས་སྐབས་སུ་ཡང་གསལ་འདེབས་ཀྱི་བརྗོད་བྱར་བདག་གི་མིང་ཙམ་སྨོས་ཀྱང་མོས་གུས་ཀྱི་འབེན་གྱི་གཏད་སོ་ནི། རྒྱལ་དབང་པདྨ་ཀཱ་ར། དྲན་མཆོག་འཛམ་གླིང་གྲགས་པ། རྗེ་བཙུན་བྷ་དྲ་བཛྲ་རྣམས་དབྱེར་མ་མཆིས་པའི་གསང་གསུམ་མི་ཟད་རྒྱན་འཁོར་ལ་རྩེ་གཅིག་ཕུར་ཚུགས་སུ་ཡིད་གཏོད་པའི་ངང་ནས་གྲགས་སྟོང་མགྲིན་པའི་རྔ་སྒྲ་འདི་ལྟར་དུ་བསྒྲག་པར་ཞུའོ། །ཨེ་མ་ཧོཿ གདོད་ནས་དག་པའི་སེམས་ཉིད་འོད་གསལ་བ། །འགགས་མེད་སྒྱུ་འཕྲུལ་བླ་མའི་སྣང་བ་ཤར། །འཆར་མཁན་འཆར་རྒྱུ་གཉིས་མེད་ཡེ་གྲོལ་


TR003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །སྲིད་ཞི་འཁོར་འདས་བླ་མའི་དཀྱིལ་འཁོར་ལ། །དག་དང་མ་དག་གཉིས་འཛིན་འཇུར་མདུད་ཟད། །དེ་ཉིད་མཁས་མཆོག་པདྨ་ལེགས་སྒྲུབ་སྩལ། །རང་སྣང་འཛིན་མེད་ངོ་བོར་གསོལ་བ་འདེབས། །མ་ལུས་རྒྱལ་བའི་མཁྱེན་རྩེའི་ཉི་གཞོན་འབུམ། །གདུལ་བྱའི་བློ་མུན་སེལ་ལ་རོ་གཅིག་པར། །མངོན་གྱུར་ཀརྨ་རིག་འཛིན་རྣམ་པར་རྒྱལ། །ངེས་ལེགས་ལམ་བཟང་སྣང་ལ་གསོལ་བ་འདེབས། །རྒྱལ་རྣམས་འགྲོ་བའི་དོན་ལས་གཞན་མི་མཛད། །ཐུགས་རྗེའི་འོད་ལ་གསལ་འགྲིབ་མི་མངའ་ཡང་། །བདག་བློའི་རེ་བ་མ་རྫོགས་གདུང་ཤུགས་ཀྱི། །གསོལ་བ་བཏབ་ལ་དབྱིངས་ནས་དགོངས་པར་མཛོད། །སྣང་གྲགས་རྟོག་ཚོགས་བླ་མའི་དཀྱིལ་འཁོར་དུ། །ལྷུན་གྱི་གྲུབ་ཀྱང་མ་རིག་ལྷན་སྐྱེས་ཀྱིས། །འཁྲུལ་པའི་མུན་ལྡོང་བདག་དང་བདག་འདྲའི་ཚོགས། །ནམ་མཁའ་མཉམ་པའི་འགྲོ་ལ་ཐུགས་རྗེས་གཟིགས། །མཚན་དཔེ་བཟང་པོ་རྡོ་རྗེ་སྐུའི་ངོ་བོ། །ཆོས་གསུང་ཛམ་


TR003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མཐར་གྲགས་པའི་དབྱངས། །སྒྲིབ་བྲལ་པདྨའི་འབྱུང་གནས་ཟབ་དབྱངས་ཐུགས། །ཡེ་ཤེས་འཁོར་ལོ་རོ་གཅིག་བླ་མ་མཁྱེན། ཀྱེ་ཧོ། །སྐྱབས་ཀུན་ངོ་བོ་གཅིག་བསྡུས་པ། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ། །རང་རིག་གཉུག་མའི་ཡེ་ཤེས་སུ། །འདུ་འབྲལ་མེད་པར་བྱིན་གྱིས་རློབས། །རང་ལ་གནས་པའི་ཆོས་ཉིད་དོན། །རང་ངོ་མ་ཤེས་གཉིས་འཛིན་གྱི། །འཁོར་བའི་ཁམས་སུ་འཁྱམས་པ་ལས། །རང་གྲོལ་མཛོད་ཅིག་དྲིན་ཅན་མ། །བདེ་སྡུག་སེམས་ཀྱི་བཏགས་པ་ལ། དངོས་འཛིན་ཨ་འཐས་གདོན་གྱིས་རླམས། །རང་སྣང་གཞན་དུ་འཁྲུལ་པ་འདི། །གཏན་ཟད་མཛོད་ཅིག་ནུས་ལྡན་རྣམས། །སྲིད་པའི་བདེ་འབྱོར་སྒྱུ་མའི་འཕྲུལ། །མི་རྟག་འཇིག་པའི་ཆོས་ཅན་ལ། །ཞེན་ཆགས་རང་མགོ་རང་བསླུའི་སེམས། །ཡོངས་གྲོལ་མཛོད་ཅིག་སྐྱབས་མཆོག་རྣམས། །བདག་དང་འབྲེལ་ཐོགས་ཇི་སྙེད་དང་། །མཁའ་ཁྱབ་མ་རྒན་


TR003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི། །ལྟོས་ཡུལ་བླ་མ་རྗེ་ལས་མེད། །འབྲལ་མེད་ཐུགས་རྗེས་སྐྱབས་མཛད་གསོལ། །བླ་མ་སངས་རྒྱས་བྱང་སེམས་ཉན་རང་ཡི་དམ་ལྷ། །མཁའ་འགྲོ་དམ་ཅན་ཆོས་བསྲུངས་ཞེས་བྱའི་རྣམ་འགྱུར་མཚན་མཐའ་དག་དྲིན་ཅན་རྗེ་བཙུན་བླ་མར་དབྱེར་མེད་གང་། །རང་སེམས་མ་བཅོས་རང་བབས་ཀློང་དུ་ཨེ་མ་ཧོ། ཞེས་པ་འདི་ཡང་། རིག་འཛིན་ཆོས་ཉིད་ཀློང་གྲོལ་དཔལ་བཟང་པོ་གང་གི་ཐུགས་བཞེད་བསྐོང་བའི་སླད་དུ། དཔལ་རིའི་རྒོད་ཕུག་ནས་མི་རྒན་སྣ་ཚོགས་རང་གྲོལ་གྱིས་ཕུལ་བ་མངྒ་ལཾ། །ན་མོ་གུ་རུ། སྤྱི་བོའི་གཙུག་ན་པདྨ་ཉི་ཟླའི་སྟེང་། །ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད། །སྐྱབས་མཆོག་རྒྱལ་དབང་པདྨ་འབྱུང་གནས་སྐུ། །མཛེས་འཛུམ་མཚན་དཔེ་གཟི་བརྗིད་འོད་དུ་འབར། །པད་ཞྭ་ཟབ་བེར་ཆོས་གོས་ན་བཟའ་དང་། །རིན་ཆེན་སྙན་རྒྱན་ལ་སོགས་མཛེས་པར་སྤྲས། རྡོ་རྗེ་ཐོད་པ་ཁ་ཊྭཱཾ་ཕྱག་མཚན་ལྡན། །སྣང་ལ་རང་བཞིན་མ་གྲུབ་འཇའ་འོད་སྐུར། རྡོ་རྗེ་སྐྱིལ་


TR003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་བག་དྲོ་ལྷུན་ཆགས་བཞུགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །སངས་རྒྱས་བྱང་སེམས་དཀོན་མཆོག་རིན་པོ་ཆེ། །ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ཉིད། །བདག་སོགས་འཁོར་བའི་སེམས་ཅན་སྐྱབས་མེད་ཚོགས། །འདི་ཕྱི་བར་དོའི་གནས་སྐབས་ནམ་དུའང་། །འབྲལ་མེད་ཐུགས་རྗེས་གཟིགས་ཤིག་བྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་འགྲུབ་པའི་དངོས་གྲུབ་ཞུའོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་དད་པ་དང་མོས་གུས་རྩེ་གཅིག་པའི་ངང་ནས་གསོལ་འདེབས་ཀྱི་བཟླས་པ་འདི་ལ་གཅིག་དྲིལ་དུ་འབད་ཅིང་། ན་ཚ་སྡུག་བསྔལ་ལེགས་ཉེས་འཇིག་སྐྲག་འཁྲུལ་སྣང་རྐྱེན་ངན་བར་ཆད་ཀྱི་རྣམ་པ་ཅི་དང་ཅི་ལྟ་བུ་བྱུང་ཀྱང་། སྤྱི་བོའི་བླ་མ་དྲན་ཞིང་གསོལ་འདེབས་ལ་བློ་ཁེལ་བ་གལ་ཆེ་བ་དང་། འཆི་ཁའི་དུས་སུ་ཡང་རྣམ་པར་རྟོགས་པ་གཞན་དུ་མ་ཡེངས་པར་སྤྱི་བོའི་བླ་མ་ཉིད་ལ་དད་བདུན་རྩེ་གཅིག་པའི་ངང་ལ་དབུགས་སོང་ནས་ངན་སོང་གི་སྐྱེ་སྒོ་ཁེགས་ནུས་པ་ཁྱེར་གཅིག་དྲེལ་དུ་ཐུགས་


TR003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་ཞེས་འཚལ། ཞེས་པ་འདི་ཡང་རྒྱལ་ཡུམ་རྡོ་རྗེ་བུ་འཁྲིད་ཀྱི་ཐུགས་བཞེད་སྐོང་ཕྱིར་ཕུལ། །ན་མོ་གུ་ར་ཝེ། ལྷར་བཅས་འཇིག་རྟེན་མ་ལུས་ཐམས་ཅད་ཀྱི། །སྐྱབས་དང་སྐྱོབ་པར་གྱུར་པའི་སངས་རྒྱས་ཀུན། །གཅིག་བསྡུས་ཐུགས་རྗེའི་འདོད་འཇོ་ཟླ་མེད་པའི། །དཔལ་ལྡན་བླ་མ་མཆོག་ཞབས་སྤྱི་བོས་འདུད། །གང་ལ་གང་གིས་འདུལ་བའི་ཕྲིན་ལས་ཀྱི། །སྒྱུ་འཕྲུལ་ཆུ་སྣོད་ཇི་སྙེད་མཚུངས་པའི་ཟླ། །བགྲང་ཡས་སོ་སྐྱེའི་བློ་ཡི་ཡུལ་མིན་ཀྱང་། རང་སྐལ་མཚམས་པར་སྟོན་མཛད་བླ་མར་འདུད། །མགོན་པོ་ཟས་གཙང་སྲས་ཀྱི་བསྟན་འདི་ལ། །གྲུབ་པའི་རིག་འཛིན་གཙུག་རྒྱན་སམ་བྷ་ཝ། །གངས་ཅན་སྒྲུབ་རྒྱུད་རྩ་ལག་འཛམ་གླིང་གྲགས། །རྣམ་འདྲེན་ཉི་ཟླ་ཟུང་དེར་གསོལ་བ་འདེབས། །དེ་ཉིད་སླར་ཡང་སྙིགས་མཐའི་འགྲོ་འདྲེན་དུ། །མཆོག་སྤྲུལ་མཚན་དཔེའི་སྐུར་བྱོན་སུ་བཛྲ། སྒྲུབ་པའི་སྲོག་ཤིང་པདྨ་སུ་སིདྡྷི། །གང་འདུལ་དེར་སྣང་ཟུང་


TR003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །རྒྱལ་བསྟན་ལྷ་ལམ་ཡངས་པའི་དབྱིངས་ཆེན་དུ། །བསྟན་པ་རབ་འབྱམས་རྒྱུ་སྐར་རྣམ་བཀྲ་བའི། །ཆོས་དང་ཆོས་དོན་དྲི་མེད་ལ་སྤྱོད་པ། །ཀུན་ལ་དག་སྣང་རིས་མེད་གསོལ་བ་འདེབས། །སྣང་གྲགས་སྲིད་གསུམ་བཟོད་ནས་ཡོངས་དག་པའི། །བདེ་གཤེགས་སྙིང་པོས་མ་ཁྱབ་གནས་མེད་ཕྱིར། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་ཏུ། །རྟོགས་ཤིང་ངེས་པའི་སྒོ་ནས་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབས་པའི་དོན་གྱི་སྙིང་། །བདག་གཞན་ནམ་མཁའ་ཁྱབ་པའི་སེམས་ཅན་རྣམས། །རང་ངོ་རང་རིག་རང་བྱུང་ཆོས་སྐུ་དངོས། །ལྷན་སྐྱེས་དྲི་མས་མ་སྒྲིབ་མཐོང་བར་ཤོག །གསོལ་བ་འདེབས་ཡུལ་འདེབས་མཁན་གཉིས་འཛིན་གྱི། །སྦྲུལ་མདུད་ཆོས་ཉིད་མཁའ་ལ་རང་གྲོལ་ཏེ། །སྐུ་གཉིས་མངོན་གྱུར་སྲིད་པ་ཇི་སྲིད་བར། །སྤྲུལ་པས་འགྲོ་བ་འདྲེན་ལས་གཡེལ་མེད་ཤོག །ཅེས་པའི་གསོལ་འདེབས་འདི་ཉིད། རྒྱལ་བ་ཤཱཀྱའི་རྒྱལ་ཚབ་


TR003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་མེད་པ་བདག་ཉིད་ཆེན་པོ་པུ་་རཏྣའི་རིགས་དང་ཆོས་ཀྱི་རིང་ལུགས་ཡང་དག་པར་འཛིན་པའི་སྐྱེས་ཆེན་མཐུ་སྟོབས་བསྟན་འཛིན་དབང་པོའི་སྡེའི་བཀའ་བཞིན། སྤོང་བ་རྒན་པོ་སྣ་ཚོགས་རང་གྲོལ་གྱིས་བྲིས་ནས་ཕུལ་བ་མངྒ་ལཾ། ཨེ་མ་ཧོ། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ། །ཐུགས་རྗེ་ནུས་པ་ཀུན་གཅིག་བསྡུས། །འཇིགས་མེད་དགའ་བ་ཡི་རྡོ་རྗེ། །གསོལ་བ་སྙིང་ནས་རང་འདེབས་སོ། །སྙིགས་དུས་ཆོས་མེད་ཀྱི་སེར་གཟུགས། ལོག་འཚོ་དཀོར་དྲེད་ཀྱི་ཚོགས་ལ། །གདམས་ངག་རྣམ་ཐར་གྱིས་སྟོན་མཛད། །སྣ་ཚོགས་རང་གྲོལ་ཞབས་མཁྱེན་ནོ། །དམ་པ་རྣམ་གཉིས་ཀྱི་ཐུགས་རྗེ། །ཉེ་རིང་ཕྱོགས་རིས་དང་བྲལ་ཡང་། །ལས་ཉོན་འཁྲུལ་རྟོགས་གིས་རྨོངས་པའི། །གདུལ་བྱ་བདག་འདྲ་ལ་གཟིགས་པ། །སྐྱེ་བ་གྲངས་མེད་ནས་ད་བར། །འཁོར་བར་གཏན་ཁྱམས་སུ་ལུས་ཏེ། །ཐར་པའི་གོ་སྐབས་ཀྱིས་དབེན་ལ། །བརྩེ་བས་ལམ་སྣ་ཞིག་དྲོངས་དང་། །མི་ལུས་ལན་གཅིག་ཙམ་ཐོབ་འདིར། །དམ་པའི་ལྷ་ཆོས་རང་བསམ་ཀྱང་། །


TR003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ལས་ལེ་ལོ་ལ་འཆོར་ན། །སྒོ་གསུམ་སྨིན་གྲོལ་དུ་མཛོད་དང་། །རང་སེམས་བཟོ་མེད་དུ་བཞག་ཀྱང་། །རྣམ་རྟོག་རྦ་རླབས་ཀྱིས་བསྐྱོད་ནས། །བག་ཆགས་ངན་རྗེས་སུ་འབྲེང་ན། །གང་ཤར་རང་གྲོལ་དུ་མཛོད་དང་། །མི་ཚེ་རྨི་ལམ་གྱི་ཡུན་ཙམ། འཁྲུལ་སྣང་ཞེན་འཛིན་ལ་འབྱམས་འདི། །གཏན་ཆོད་ཉམས་ལེན་ལ་ཆིག་དྲིལ། །ནུས་པར་བྱིན་གྱིས་རང་རློབས་ཤིག །འདི་ནས་ཚེ་རབས་ཀྱི་འཕྲེང་བར། །རྗེ་བཙུན་རྣམ་གཉིས་ཀྱིས་རྗེས་བཟུང་། རང་གཞན་དོན་གཉིས་ཀུན་མྱུར་འགྲུབ། །སངས་རྒྱས་གོ་འཕངས་ལ་འཁོད་མཛོད། །ཅེས་པའི་མཐར། །སྐྱབས་མཆོག་བླ་མ་རིན་ཆེན་རྣམ་གཉིས་མཁྱེན་ནོ། །ཞེས་བརྒྱ་སྟོང་ཁྲི་འབུམ་གྲངས་མེད་དུ་གསོལ་བ་རྩེ་གཅིག་གདབ་པར་བྱའོ། དེ་ལྟར་གསོལ་བ་འདེབས་པ་འདི་ནི། མཉམ་མེད་ཟླ་འོད་གཞོན་ནུའི་རིགས་དབོན་མ་ཉམས་པ་ལས་འཁྲུངས་པའི་སྐུ་མདུན་ཆོས་མཛད་མ་རིག་འཛིན་དབང་མོའི་བཞེད་སྐོངས་སུ་སྤོང་བ་པ་ལེགས་གྲུབ་རྩལ་གྱི་མཚམས་ནས་ཕུལ་བ་ཤུ་བྷམ། །


TR003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་ཧོ། །ཕྱོགས་དུས་ཀྱི་རྒྱལ་བ་མ་ལུས་པའི། །སྤྱི་གཟུགས་ལ་དཔལ་ལྡན་བླ་མ་ཞེས། །མདོ་རྒྱུད་དང་མན་ངག་ཀུན་ལ་གྲགས། །མོས་གུས་ཀྱིས་གསོལ་བ་སྙིང་ནས་འདེབས། །ཆོས་དབྱིངས་ཀྱི་དགོངས་ཀློང་རོ་གཅིག་ཀྱང་། །གདུལ་བྱ་ལ་འདུལ་བྱེད་ཐ་དད་ཀྱི། །ཟློས་གར་ཉིད་མི་ཟད་རྒྱན་འཁོར་ལོར། །སྤྲུལ་བསྒྱུར་དུ་མཛད་ལ་གསོལ་བ་འདེབས། །གསང་སྔགས་ཀྱི་སྟོན་པ་པདྨ་འབྱུང་། །གངས་ཅན་གྱི་མགོན་པོ་འཛམ་གླིང་གྲགས། །གསར་རྙིང་གི་བསྟན་པའི་གཙུག་རྒྱན་མཆོག །རྩོད་མེད་དུ་གྱུར་ལ་གསོལ་བ་འདེབས། །ཟབ་གཏེར་གྱི་མངའ་བདག་འཇའ་མཚོན་སྙིང་། །སྙིགས་དུས་ཀྱི་སྐྱབས་གཅིག་བཟང་པོའི་ཞབས། །སྒྲུབ་རྒྱུད་ཀྱི་སྲོལ་འཛིན་ལེགས་གྲུབ་རྩལ། །མཆོག་གསུམ་གྱི་ངོ་བོར་གསོལ་བ་འདེབས། །རབ་འབྱམས་ཀྱི་ཞིང་ཀུན་ཡོངས་གང་བའི། །བསྟན་པ་དང་བསྟན་འཛིན་རྣམ་དག་ཀུན། །སངས་རྒྱས་ཀྱི་ཕྲིན་ལས་རོ་མཉམ་པར། །རིས་མེད་ཀྱི་དད་པས་གསོལ་བ་


TR003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །སྐྱབས་གནས་ཀུན་འགྲོ་བའི་དོན་ཆེན་ལས། །གཡེལ་མེད་ལ་བསྙེལ་བའི་སྐབས་བྲལ་ཡང་། །བདག་ཡིད་ཀྱི་རེ་འདོད་མ་ཟད་པས། །གདུང་ཤུགས་ཀྱི་འབད་ལ་ཐུགས་རྗེས་དགོངས། །ལས་ངན་གྱི་སྒྲིབ་ཚོགས་དག་པ་དང་། །འགལ་རྐྱེན་གྱི་བར་ཆད་ཞི་བ་དང་། །ཆོས་བཞིན་གྱི་བསམ་པ་ཀུན་འགྲུབ་པར། །བྱིན་གྱིས་རང་རློབས་ཤིག་བླ་མ་རྣམས། །མི་ཚེ་འདི་ཆོས་ཀྱི་འདའ་བ་དང་། །ཆོས་མིན་གྱི་བསམ་པ་མི་སྐྱེ་བར། །ཆོས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས། །ཚེ་གཅིག་བྱང་ཆུབ་ལ་འགོད་པར་ཤོག །ཅེས་པ་འདི་དཔལ་ལྡན་སྒམ་པོ་པའི་གདུང་རིགས་དྲི་མ་མེད་པ་ལས་འཁྲུངས་པའི་ལྕམ་མོ་ཆོས་ཉིད་དབང་མོའི་བཞེད་པ་སྐོངས་ཕྱིར། སྣ་ཚོགས་རང་གྲོལ་གྱི་མིང་འཛིན་པའི་སྤོང་བ་རྒན་པོས་ཕུལ་བ་ཨ་ཐཱ། གསོལ་འདེབས་འདིའི་མཇུག་ཏུ། རྒྱལ་བ་ཀུན་འདུས་རྩ་བའི་བླ་མ་མཁྱེན་ནོ། །ཞེས་པ་ཡང་བརྒྱ་སྟོང་སོགས་ཅི་ནུས་འཕྲེང་བ་ལ་འདྲེན་པ་ཡང་བྱིན་རླབས་ལྷག་པར་མྱུར་བ་ལགས་སོ། །


TR003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་མེད་པའི་སྐུ་དྲིན་སྩོལ་མཛད་པའི། །རྗེ་བཙུན་དཔལ་ལྡན་རྩ་བའི་བླ་མ་ཉིད། །དགོངས་པ་སངས་རྒྱས་ཀུན་དང་དབྱེར་མེད་ཀྱང་། །གང་འདུལ་སྐྱེས་རབས་སྟོན་དེར་གསོལ་བ་འདེབས། །ཐུབ་དབང་ཉེ་གནས་འཕགས་པ་ཀུན་དགའ་བོ། །སྲོང་བཙན་སྤྱན་སྔར་ཐོན་མི་སམྦྷོ་ཊ། །ཨོ་རྒྱན་དྲུང་དུ་ལོ་ཆེན་བཻ་རོའི་ཞབས། །བསྟན་པའི་སྒྲོན་མེ་རྣམས་ལ་གསོལ་བ་འདེབས། །རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་དང་། །ས་སྐྱ་པ་ཆེན་གཡག་སྡེ་པ་ཆེན་དང་། །པ་ཆེན་འབུམ་ཕྲག་གསུམ་པ་བྱ་འདུལ་འཛིན། །མཁས་པའི་གཙུག་རྒྱན་རྣམས་ལ་གསོལ་བ་འདེབས། ཁྱུང་པོ་རྣལ་འབྱོར་དཔལ་ཆེན་ཆོས་ཡེ་དང་། །གཉལ་སྟོན་སངས་རྒྱས་གྲགས་དང་ཟུར་ཁར་བ། །རྫ་ཡིག་ཆོས་རྗེ་ཚུལ་ཁྲིམས་རྒྱལ་མཚན་སོགས། །གྲུབ་པའི་དབང་ཕྱུག་རྣམས་ལ་གསོལ་བ་འདེབས། །གཏེར་སྟོན་རྡོ་རྗེ་གླིང་དང་ཀུན་སྐྱོང་གླིང་། །གཡག་ཆར་སྔོན་མོ་བསམ་གཏན་བདེ་ཆེན་གླིང་། །མཆོག་


TR003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མགོན་པོ་ཤེས་རབ་འོད་ཟེར་སོགས། །ཟབ་གཏེར་མངའ་བདག་རྣམས་ལ་གསོལ་བ་འདེབས། །བསྐལ་པའི་མཐའ་མ་རྩོད་ལྡན་སྙིགས་དུས་འདིར། །མདོ་སྔགས་ཟུང་འཇུག་ཁྱད་པར་སྔ་འགྱུར་གྱི། །བསྟན་པ་སྤེལ་མཛད་བསྟན་འཛིན་རྡོ་རྗེ་དང་། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་མཛད་པ་བསམ་གྱིས་མི་ཁྱབ་ཕྱིར། །ལས་ལུས་གཅིག་ལས་གཅིག་བརྒྱུད་མ་ཡིན་ཏེ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་འཕྲུལ་ཚོགས། །དཔག་མེད་འགྲོ་བ་འདྲེན་དེར་གསོལ་བ་འདེབས། །དེ་ལྟར་སྤྲུལ་པའི་རྣམ་གྲངས་འདི་དང་གཞན། །ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་རྡུལ་སྙེད་སྐུ། །ཇི་སྙེད་རྣམས་ལ་མོས་པས་གསོལ་བཏབ་པའི། །དགེ་བའི་བདག་སོགས་བླ་མ་མཆོག་འགྲུབ་ཤོག །སྒོ་གསུམ་ཉམས་ཆགས་དྲི་མས་མ་གོས་ཤིང་། །ཞབས་གཏོགས་རྣམ་གསུམ་མཉེས་པ་མཐར་ཕྱིན་


TR003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཀུན། །བདག་གི་རྒྱུད་ལ་དེང་འདིར་འཇུག་པར་ཤོག །འདི་ནས་བྱང་ཆུབ་བར་གྱི་སྐྱབས་གནས་མཆོག །རྗེ་བཙུན་བླ་མ་ལས་གཞན་མི་སེམས་ཤིང་། །གང་གི་མཛད་ཕྲིན་ཡོན་ཏན་དེ་འདྲར་བདག །མྱུར་འགྲུབ་མཁའ་ཁྱབ་སེམས་ཅན་སྨིན་གྲོལ་ཤོག །ཅེས་པ་འདི་ཡང་རང་གི་གཅུང་པོས་བསྐུལ་བ་བཞིན་བཀོད་པའོ། །དཔལ་ལྡན་ཚོགས་གཉིས་སྤྲིན་ཕུང་ལས། །བྱིན་རླབས་ཡེ་ཤེས་བདུད་རྩིའི་ཆར་ཆེན་གྱིས། །དད་ལྡན་གདུལ་བྱའི་ཞིང་སར་བྱང་ཆུབ་ཀྱི། །མྱུ་གུ་སྨིན་མཛད་རྗེ་བཙུན་ཆོས་ཀྱི་རྒྱལ། །དཔག་མེད་བསྐལ་པའི་གོང་ནས་ཐུགས་བསྐྱེད་དེ། ཁམས་གསུམ་འགྲོ་ལ་བརྩེ་བའི་གཞན་དབང་གིས། །རྨད་བྱུང་རྣམ་འཕྲུལ་མཐའ་ཡས་འགྱེད་མཛད་པའི། །ཐུགས་རྗེའི་བདག་ཉིད་བླ་མ་རིན་པོ་ཆེ། །བདག་སོགས་རྩོད་ལྡན་སྙིགས་མའི་གདུལ་བྱ་རྣམས། །ལས་ཉོོན་སྡུག་བསྔལ་འཁྲུལ་འཁོར་དྲག་པོས་གཡེངས། །བསླུ་བྱེད་ཚེ་འདིའི་འདུན་མས་


TR003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚེ་ཟད། །དལ་འབྱོར་སྟོང་ལོག་མཁན་ལ་ཐུགས་རྗེས་གཟིགས། །ནམ་འཆི་ཆ་མེད་དེ་ཡང་མྱུར་དུ་འཆི། །འཆི་ཁར་དགོས་ངེས་དམ་པའི་ལྷ་ཆོས་ལ། །འབད་པར་མ་ནུས་ལྟོ་གོས་རྩོལ་བས་མནར། །སྙོམས་ལས་ལེ་ལོ་ཅན་ལ་བརྩེ་བས་གཟིགས། །འཆི་བའི་ནང་པར་ཅིས་ཀྱང་མི་སྟོངས་ཤིང་། །དགེ་སྡིག་རྒྱུ་འབྲས་བསླུ་མེད་རྗེས་འབྲང་ཞིང་། །འཁོར་བ་གར་སྐྱེས་བདེ་བའི་གོ་སྐབས་མེད། །དེ་ལས་སྐྱོབས་ཕྱིར་ཐར་པའི་ལམ་དུ་དྲོངས། །ད་རེས་དལ་འབྱོར་ལེགས་ཐོབ་ཆོས་དང་མཇལ། །གཏན་གྱི་འདུན་མ་བསྒྲུབ་པའི་དུས་གཅིག་འདིར། །བར་ཆད་ངན་རྐྱེན་དབང་དུ་མི་འགྱུར་བར། །བྱང་ཆུབ་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །དམ་ཚིག་སྡོམ་ལྡན་ཐོས་བསམ་བསྒོམ་ལ་བརྩོན། །བླ་མ་མཉེས་ཤིང་འགྲོ་ལ་ཕན་པ་འགྲུབ། །རང་དོན་མཐར་ཕྱིན་གཞན་དོན་ལྷུན་གྲུབ་པར། །གསོལ་བཏབ་སྨོན་ལམ་དོན་ལྡན་འབྱུང་བར་ཤོག །


TR003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་འདི་ནི། །ཡོན་ཏན་དབང་ཕྱུག་གིས་བསྐུལ་ངོར་བྲིས་པའོ། །སྒྲིབ་བྲལ་ཡེ་ཤེས་མཆོག་གི་གཟིགས་པ་ནི། །རྟག་པར་གཡེལ་བ་མེད་པའི་སྐྱབས་མཆོག་རྗེ། ཁམས་གསུམ་ཟླ་མེད་རྒྱལ་བ་འཇའ་ཚོན་སྙིང་། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །དོན་དམ་སྐྱེ་འཆིའི་མཚན་མ་མི་མངའ་ཡང་། །ལྟར་སྣང་གཟུགས་སྐུའི་ཉི་མ་དབྱིངས་ནུབ་ན། །འཁོར་བའི་མུན་འཁྱམས་ལྟོས་བཅས་བུ་འབངས་རྣམས། །ལམ་སྟོན་ཡེ་ཤེས་སྒྲོན་མེ་སུ་ལ་རེ། །ཆོས་ཉིད་བདེ་ཆེན་དག་པའི་དགོངས་ཀློང་ནས། །འགགས་མེད་མཁྱེན་བརྩེ་རོལ་པའི་ཐུགས་རྗེའི་འཕྲུལ། །རྨད་བྱུང་ཕྲིན་ལས་སྒོ་བརྒྱ་ཕྱེས་མཛོད་ལ། །བདག་སོགས་མཁའ་ཁྱབ་གདུལ་བྱ་དྲངས་དུ་གསོལ། ཅེས་པ་ནི། རིག་འཛིན་ཆེན་པོ་དེ་ཉིད་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚེ་གདུང་བས་གསོལ་བ་བཏབ་པའོ། །མི་མཇེད་ཞིང་གི་སྟོན་པ་ཤཱཀྱའི་དབང་། །མཆོག་གསང་གདུལ་བྱའི་སྐལ་ངོར་རྡོ་རྗེ་འཆང་། ཁ་བ་ཅན་དུ་བདུད་འདུལ་པདྨ་འབྱུང་། །དབྱེར་མེད་འཛམ་གླིང་གྲགས་པར་


TR003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །དེ་ཉིད་རྩོད་ལྡན་མཐའ་མའི་གདུལ་བྱ་ལ། །དཔལ་ལྡན་བཟང་པོ་དགའ་བའི་རྡོ་རྗེ་སྤྲུལ། །ཆོས་ཉིད་ཀློང་གྲོལ་པདྨ་ལེགས་གྲུབ་བཅས། །སྐྱབས་མཆོག་རྣམ་གསུམ་ཞབས་ལ་གསོལ་བ་འདེབས། །རབ་འབྱམས་ཞིང་ཁམས་རྒྱ་མཚོའི་སངས་རྒྱས་ཀུན། །དྲིན་ཅན་བླ་མ་གཅིག་པུའི་ཟློས་གར་དུ། །ཡིན་པར་ཤེས་པའི་དད་པ་བརྟན་པོ་ཡིས། །གསོལ་བ་འདེབས་ལ་ཐུགས་རྗེས་གཟིགས་སུ་གསོལ། །ཚད་མེད་མཁྱེན་བརྩེ་རྨད་བྱུང་ནུས་སྟོབས་མཐུས། །བདག་སོགས་མཁའ་ཁྱབ་སེམས་ཅན་ལས་ཉོན་གྱི། །བག་ཆགས་འཁྲུལ་འཁོར་སྡུག་བསྔལ་རྒྱུ་འབྲས་ལ། །གཏན་དུ་སྤྱོད་འདི་ཡང་དག་ལམ་དུ་དྲོངས། །འཇིག་རྟེན་འཁྲུལ་ཞོན་སྣང་བ་བཟློག་ཏུ་གསོལ། །ཉོན་མོངས་དུག་ལྔའི་གཅོང་རྙིང་སྦྱང་དུ་གསོལ། །ང་བདག་འཛིན་པའི་སྒྱེལ་དུ་གསོལ། །འཁོར་བའི་ས་བོན་དྲུངས་ནས་ཕྱུང་དུ་གསོལ། །དེང་ནས་བྱང་ཆུབ་མངོན་དུ་མ་གྱུར་བར། །རྣམ་འདྲེན་དམ་པའི་


TR003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་པད་ཉེར་བསྟེན་ཞིང་། །ཟབ་གསང་ཆོས་མཛོད་ཐོབ་ནས་ཉམས་བླངས་ཏེ། །སྨིན་གྲོལ་གོ་འཕངས་ས་ལམ་ཐར་ཕྱིན་ཤོག །འགལ་རྐྱེན་ཉེར་འཚེ་མེད་ཅིང་སྐུ་གཉིས་འགྲུབ། །སྨོན་ལམ་ཐུགས་རྗེའི་སྟོབས་ཀྱི་མཁའ་མཉམ་འདྲེན། །དཔལ་ལྡན་བླ་མའི་ཕྲིན་ལས་ཇི་སྙེད་ཀུན། །བདག་གིས་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་ནི་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་བཟང་པོའི་ཞབས་ཀྱི་མཉེས་གསུང་སྒྲུབ་པའི་ཉེ་གནས་པ་ཐུབ་བསྟན་རབ་དགའི་བཞེད་པ་ཇི་ལྟ་བར། རྒན་པོ་པདྨ་ལེགས་གྲུབ་གྱིས་ཆོས་དབྱིངས་འོད་གསལ་རྩེ་མོའི་དབེན་ཁྲོད་ནས་ཕུལ་བ་མངྒ་ལཾ། བྷ་ཝནྟུ། ན་མོ་གུ་རུ། སེམས་ཉིད་གདོད་ནས་དག་པའི་ངོ་བོ་གང་། །བླ་མ་ཆོས་ཀྱི་སྐུ་རུ་ལྷུན་གྱིས་གྲུབ། །རང་བབས་མ་བཅོས་ངང་ནས་གསོལ་བ་འདེབས། ཁྱབ་གདལ་ཆོས་དབྱིངས་ཀློང་ནས་བྱིན་གྱིས་རློབས། །འགག་མེད་རང་གསལ་ཡེ་ཤེས་ཟང་ཐལ་གང་། །བླ་མ་ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ཤར། །འཛིན་མེད་བློ་འདས་ངང་ནས་གསོལ་བ་འདེབས། །ཤར་གྲོལ་དུས་


TR003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཆེན་པོར་བྱིན་གྱིས་རློབས། །སྣ་ཚོགས་ཅིར་ཡང་འཆར་བའི་སྒྱུ་འཕྲུལ་གང་། །བླ་མ་སྤྲུལ་པའི་སྐུ་རུ་མ་གྱུར་མེད། །དགག་སྒྲུབ་རང་གྲོལ་ངང་ནས་གསོལ་བ་འདེབས། །ཡེངས་མེད་དྲན་རིག་འཁོར་ཡུག་བྱིན་གྱིས་རློབས། །གཟུགས་སྣང་བླ་མ་སྤྲུལ་སྐུར་ཤེས་པ་དང་། །གྲགས་ཚད་བླ་མ་ལོངས་སྐུར་རང་གྲོལ་ཞིང་། །རྟོག་ཚོགས་བླ་མ་ཆོས་སྐུར་རོ་གཅིག་པས། །ལས་སྣང་ཆགས་སྡང་རྗེས་སུ་མི་འབྲེང་ཤོག །འཁྲུལ་པའི་ངོ་བོ་གཞི་ལ་མ་གྲུབ་ཀྱང་། །མེད་བཞིན་སྣང་བའི་བག་ཆགས་ངན་གོམས་འདིས། །འཁོར་བ་ཐོག་མཐའི་བར་མེད་གཏན་ཕུང་བསྒྲུབས། །ད་ནས་གཞི་མེད་རྩ་བྲལ་ཀློང་གྲོལ་ཤོག །བླ་མའི་མཆོག་རབ་རང་སེམས་སངས་རྒྱས་ལ། །མོས་གུས་སྙིང་པོ་རང་རིག་དྲན་པ་ཡིས། །གསོལ་བ་འདེབས་མཁན་རོ་མཉམ་མཐུས། །བྱིན་རླབས་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག །འཁོར་བ་མྱང་འདས་དངོས་པོ་མཚན་མའི་གཟུགས། །ཡེ་ནས་མི་དམིགས་ཆོས་སྐུར་


TR003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རོ་གཅིག་ཀྱང་། །དེ་ལྟར་མ་རྟོགས་རྨི་ལམ་ལྟ་བུའི་འགྲོ། །ཐམས་ཅད་གདོད་མའི་ཡེ་ཤེས་ལ་འགོད་ཤོག །ཅེས་པ་འདི། བླ་མ་མི་ཕམ་བསྟན་པའི་རྡོ་རྗེའི་བཞེད་པ་སྐོངས་ཕྱིར་སྤོང་བ་པ་རྒན་པོ་སྣ་ཚོགས་རང་གྲོལ་གྱི་མིང་འཛིན་པས། །ཤར་ཕྱོགས་ཀོང་པོ་གི་ཡུལ་མཐའ་ཟད་པའི་ནགས་ཁྲོད་ནས་ཕུལ་བ་མངྒ་ལཾ། ཆོས་དབྱིངས་ཡེ་ཤེས་སྒྱུ་མའི་རོལ་བ་ལས། །ཐུགས་རྗེ་མཚན་དཔེའི་སྐུར་སྣང་ངོ་མཚར་གཏེར། །གདུལ་བྱའི་བློ་མུན་སེལ་བའི་ཉི་མ་མཆོག །དཔལ་ལྡན་བླ་མའི་ཞབས་པད་གཙུག་གིས་མཆོག །རྒྱལ་བའི་རྒྱལ་ཚབ་མཉམ་མེད་འཛམ་གླིང་གྲགས། །སྙིགས་དུས་གདུལ་བྱའི་མགོན་དུ་སླར་བྱོན་ནས། །སྒྲུབ་བརྒྱུད་བསྟན་པའི་སྒྲོན་མེ་སྤྲུལ་པའི་སྐུ། །བཟང་པོ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཐུགས་རྗེ་གཟིགས་ཤིག །ཐུགས་རྗེས་གཟིགས་ཤིག །ཐུགས་རྗེས་གཟིགས་ཤིག །ཆོས་སྐུའི་རང་ཞལ་མཐོང་བར་བྱིན་གྱིས་རློབས་ཤིག །རྒྱལ་བའི་གདུང་ལས་རྒྱལ་བ་དངོས་བྱོན་ནས། །རྒྱལ་བསྟན་དྲི་མེད་འཛིན་སྐྱོང་སྤེལ་བ་ཡི། །མཛད་ཕྲིན་མཆོག་ཏུ་


TR003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཟླ་འོད་ཅན། །ཆོས་ཉིད་ཀློང་གྲོལ་ཞབས་ལ་གསོལ་བ་འདེབས། །ཐུགས་རྗེས་གཟིགས༴ །མ་རིག་འཁྲུལ་ཞེན་དག་པར་བྱིན་གྱིས་རློབས་ཤིག །སྙིགས་དུས་ཉོན་མོངས་ཕུང་པོའི་ཆོས་གཟུགས་རྣམས། །རང་རྒྱུད་དྲེད་པོར་འཆོར་བའི་གཅོང་ཆེན་ལ། །ཐབས་མཁས་ཐུགས་རྗེའི་སྨན་གྱི་གསོ་མཛད་པ། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །ཐུགས་རྗེས་གཟིགས་ཤིག༴ །གང་ཤར་ལམ་དུ་ལྷོང་བར་བྱིན་གྱིས་རློབས་ཤིག །སངས་རྒྱས་ཐམས་ཅད་བླ་མའི་ངོ་བོར་འདུས། །མཚོན་བྱེད་དཔེ་ཡི་བླ་མ་རྣམ་གསུམ་དང་། །མཚོན་བྱ་དོན་གྱི་བླ་མ་རང་རིག་འདི། །དབྱེར་མེད་གདོད་མའི་ཡེ་ཤེས་མངོན་གྱུར་ཏེ། །མཁའ་ཁྱབ་འགྲོ་བ་སངས་རྒྱས་སར་འགོས་ཤོག །ཅེས་པ་འདི། དད་ལྡན་སྒམ་པོ་ཡེ་ཤེས་རབ་གསལ་གྱི་བསྐུལ་ངོ་ལྟར་བྲིས་པའོ། །བསྐལ་བཟང་འདྲེན་པ་སྟོང་གི་གསེར་རིའི་དབུས། །ཐུགས་རྗེའི་མཐུ་སྟོབས་མངོན་འཕགས་ལྷུན་པོའི་དབང་། །ཟས་གཙང་སྲས་ཀྱི་རྒྱལ་ཚབ་ཐུ་བོ་རུ། །


TR003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྐུར་ཟླ་འོད་གཞོན་ནུར་གྱུར་པ་ཉིད། །ལྔ་བདོའི་རྣམ་འགྱུར་དར་བའི་བསིལ་ལྡན་ཡུལ། །གང་འདིར་བསྟན་གཉིས་སྒྲོན་མ་སྦར་བའི་མགོན། །ལྷ་ལམ་ཁྱབ་པའི་དབུས་ནས་སྒྲུན་བྲལ་ཉིད། །འཛམ་གླིང་གྲགས་པའི་འོད་ཟེར་ཚར་དངར་གདུང་། །དྲི་མེད་སྒྲུབ་རྒྱུད་བསྟན་སྲོག་འཛིན་པའི་དཔལ། །ཆོས་ཉིད་ཇི་བཞིན་གཟིགས་པ་མངོན་གྱུར་གྱིས། །ཆོས་ཅན་ཇི་སྙེད་ཡེ་ཤེས་ཀློང་གྲོལ་བའི། །འདྲེན་པ་མཆོག་ཁྱེད་བསྐལ་བརྒྱར་ཞབས་བརྟན་གསོལ། །རྒྱལ་དགོངས་གདོད་ནས་ཡོངས་དག་འགྱུར་མེད་གཤིས། །འཁོར་འདས་དུས་གསུམ་རོ་མཉམ་ཆེན་པོ་རུ། །འཚོ་ཞིང་གཞེས་ལས་ནམ་ཡང་མ་གཡོས་བཞིན། །གདུལ་བྱའི་སྣང་ངོར་དེ་ལྟར་གསོལ་བ་འདེབས། །མི་ཟད་ཐུགས་རྗེའི་གཏེར་མངའ་རྒྱལ་བའི་ཚོགས། །འཆི་མེད་རིག་འཛིན་གྲུབ་དབང་སྤྲུལ་འཁོར་བཅས། །བྱིན་རླབས་མཐུ་དང་ཆོས་ཉིད་བདེན་སྟོབས་ཀྱིས། །གསོལ་བ་བཏབ་པ་དོན་ལྡན་འགྲུབ་བྱིན་རློབས། །རྒྱལ་སྲས་རིན་པོ་ཆེ་ཆོས་ཉིད་ཀློང་གྲོལ་དཔལ་


TR003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་སྐུ་ཚེ་བརྟན་བཞུགས་སུ་སྣ་ཚོགས་རང་གྲོལ་གྱིས་ཕུལ་བ་མངྒ་ལཾ། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་བསམ་ཡས་ཀྱི། ཁྱབ་བདག་མཚུངས་བྲལ་པདྨ་སམ་བྷ་ཝའི། །བསྟན་པའི་ཡང་སྙིང་ཕྲིན་ལས་རྒྱ་མཚོའི་མཛོད། །དབང་བསྒྱུར་མཆོག་གི་སྤྲུལ་སྐུ་ཞབས་བརྟན་གསོལ། །གྲངས་མེད་བསྐལ་པར་ཐུགས་བསྐྱེད་ས་བོན་ལས། །བསླུ་མེད་ལེགས་ཚོགས་ལྗོན་པའི་དཔལ་ཡོན་གྱི། །གྲིབ་བསིལ་ཕན་བདེའི་ཁྱོན་ཡངས་འགྲོ་བའི་སྐྱབས། །དཔག་བསམ་མཆོག་གི་སྤྲུལ་སྐུ་ཞབས་བརྟན་གསོལ། །འདོད་འབྱུང་རིན་ཆེན་བྱང་སེམས་དབང་གི་རྒྱལ། །ཚོགས་གཉིས་ཆུ་གཏེར་ཆེ་ལས་ལེགས་འོངས་པས། །བསྐལ་བཟང་དམ་ཆོས་འདོད་པ་འཇོ་བའི་དཔལ། །རེ་སྐོང་མཆོག་གི་སྤྲུལ་སྐུ་ཞབས་བརྟན་གསོལ། །བྱམས་པའི་རྫིང་བུར་སྙིང་རྗེའི་མྱུ་གུ་འཁྲུངས། །གཞན་ལ་ཕན་པར་དགའ་བའི་འདབ་བརྒྱ་བཞད། །རིས་མེད་བཏང་སྙོམས་ཆེན་པོའི་ཟིལ་མངར་འགྱེད། །དྲི་བྲལ་མཆོག་གི་


TR003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ༴ །འགྱུར་མེད་སྐུ་ཡི་རྡོ་རྗེ་མཚན་དཔེའི་གཏེར། །འགག་མེད་གསུང་གི་གསང་བ་ཟབ་རྒྱས་བཅུད། །དམིགས་མེད་ཐུགས་རྗེའི་འོད་བརྒྱས་ཞིང་ཀུན་ཁྱབ། །མི་ཟད་རྒྱན་གྱི་འཁོར་ལོ་ཞབས་བརྟན་གསོལ། །བདག་སོགས་མཁའ་མཉམ་འགྲོ་བ་ལས་ཉོན་གྱི། །སྡུག་བསྔལ་མི་ཟད་མཚོ་ཆེན་མྱུར་སྐེམ་ནས། །མཆོག་ཏུ་མི་འགྱུར་ཀུན་ཏུ་བཟང་པོ་ཡི། །གོ་འཕང་བླ་ན་མེད་ལ་འགོད་མཛད་གསོལ། །རྒྱལ་བ་སྲས་བཅས་དཀོན་མཆོག་རིན་པོ་ཆེ། །རྩ་གསུམ་ལྷ་ཚོགས་བདེན་པའི་སྟོབས་མངའ་བ། །མ་ལུས་བྱིན་རླབས་མཐུ་ལས་སྨོན་པའི་དོན། །མྱུར་འགྲུབ་ཆོས་དང་བཀྲ་ཤིས་གོང་འཕེལ་ཤོག །ཅེས་པ་འདི་ནི། །ཐུབ་བསྟན་རྡོ་རྗེའི་བྲག་གི་གདན་སར་རིག་འཛིན་མཆོག་གི་སྤྲུལ་སྐུར་བརྟན་བཞུགས་སུ་ཕུལ་བའོ།། ༈ །།ན་མ་སྶརྦ་བུདྡྷ་བོདྔྷི་སཏྭ་གུ་རུ་རཏྣ་བྷྱཿ གང་ཞིག་ཕྱོགས་བཅུ་རབ་འབྱམས་ཞིང་ཀུན་གྱི། །སངས་རྒྱས་བྱང་སེམས་རྣམ་འགྱུར་གང་སྣང་བ། །མ་ལུས་རིགས་བདག་བླ་མ་ཁོ་ན་ཡི། །རྣམ་པར་འཕྲུལ་པའི་


TR003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་གར་འབའ་ཞིག་སར། །མདོ་རྒྱུད་མན་ངག་མཐའ་དག་དགོངས་མཐུན་ན། །མ་དག་འགྲོ་བློའི་སྣང་ངོར་ཐ་མལ་པའི། །མི་གཟུགས་ཕལ་པར་ལྟ་བའི་ལོག་འཁྲུལ་ནི། །ད་ནས་རྣམ་པ་ཀུན་ཏུ་གཏན་སྤངས་ཏེ། །བླ་མ་སངས་རྒྱས་བླ་མ་ཆོས་དགེ་འདུན། །ཡི་དམ་ལྷ་དང་མཁའ་འགྲོ་ཆོས་སྲུང་སོགས། །སྐྱབས་གནས་དཀོན་མཆོག་མ་ལུས་བླ་མའི་སྐུར། །དབྱེར་མེད་ངེས་ཤེས་བརྟན་པོས་རྒྱུད་བསྐུལ་བས། །གསོལ་བ་སྙིང་ནས་འདེབས་སོ་བླ་མ་རྗེ། །བདག་སོགས་མཁའ་མཉམ་འགྲོ་བ་ལས་ཉོན་གྱི། །བག་ཆགས་སྡུག་བསྔལ་ཤུགས་དྲག་རྦ་ཀློང་འཁྲུག །ཉམ་ཐག་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །དུས་འདི་ནས་བཟུང་མཐར་ཐུག་བྱང་ཆུབ་བར། །མཉམ་མེད་བླ་མ་མཆོག་གིས་ཞབས་པད་ལ། །ཉེར་བསྟེན་མཉེས་གསུམ་མཐར་ཕྱིན་བྱིན་རླབས་ཞུགས། །བླ་མ་སྐུ་བཞི་དབྱེར་མེད་བདག་འགྲུབ་ཤོག །རྒྱལ་བ་མ་ལུས་བླ་མའི་


TR003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་གཅིག །བླ་མ་རང་རིག་ཆོས་སྐུར་ཡོངས་རྫོགས་པ། །ཡེ་ནས་ཡིན་པའི་གནས་ལུགས་མངོན་གྱུར་ཏེ། །འགྲོ་ཀུན་དོན་དམ་བླ་མའི་སར་འགོད་ཤོག །ཅེས་པ་ནི། ཟན་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོ་ནས། ལྷ་སྲས་མཉྫུ་ནཱ་ཐ་ལ་ཕུལ་བའོ། །ན་མོ་གུ་རུ་བྷྱཿ གང་ཞིག་འཇིགས་རུང་འཁོར་བའི་མཚོ་ཆེན་ལས། །ངེས་པ་ཁོ་ནར་སྐྱོབས་ནུས་སྐྱབས་ཀྱི་མཆོག །དཀོན་མཆོག་མ་ལུས་འདུས་པ་བླ་མའི་ཞབས། །རྟག་པར་སྤྱི་བོས་རྒྱན་དུ་གུས་པས་མཆོད། །སངས་རྒྱས་ཐམས་ཅད་གདུལ་བྱའི་བསྐལ་ངོ་དང་། །ཉེ་བར་མཚུངས་པའི་སྒྱུ་འཕྲུལ་ཉིད་ལགས་ན། །བདག་སོགས་སྙིགས་དུས་གདུལ་བྱ་སོ་སོ་ཡི། །གང་ལ་མོས་པའི་བླ་མ་དེ་སངས་རྒྱས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན་ཀྱང་དེ། །གང་ལ་གང་གིས་འདུལ་བའི་དེ་ཚུལ་གྱི། །རྣམ་འགྱུར་གྲངས་མེད་སྟོན་ཡང་དོན་དམ་པར། །ཡེ་ཤེས་ངོ་བོ་གཅིག་གི་རང་རྩལ་ཉིད། །ཡིན་ལ་ཡིན་པར་རྟགས་པའི་ངེས་ཤེས་དང་། །ལེགས་


TR003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་ཐུགས་རྗེར་གོ་བའི་མོས་གུས་དང་། །གང་བྱུང་བྱིན་རླབས་ཤེས་པའི་བློ་ཁེལ་བཅས། ཁ་ཞེ་སྙིང་མཐུན་དད་པས་གསོལ་འདེབས་ན། །རྒྱལ་བའི་ཐུགས་རྗེར་ཉེ་རིང་མ་མཆིས་ཀྱང་། །བྱིན་རླབས་འཇུག་སྒོ་མོས་གུས་རྗེས་འགྲོའི་ཕྱིར། །བདག་སོགས་སྐྱེ་བ་འདི་ནས་བྱང་ཆུབ་བར། །འབྲལ་མེད་ཐུགས་རྗེས་ཉེར་བཟུང་བྱིན་གྱིས་རློབས། །མ་རིག་ལས་ཉོན་སྒྲིབ་ཚོགས་བྱང་བ་དང་། །གནས་སྐབས་འགལ་རྐྱེན་བར་ཆད་ཞི་བ་དང་། །དགོས་འདོད་བསམ་དོན་ཆོས་མཐུན་འགྲུབ་པ་སོགས། །ཐུན་མོང་དངོས་གྲུབ་ཀུན་གྱི་རེ་སྐོང་གསོལ། །ལེགས་པར་བརྟགས་བཞིན་སྙིང་པོས་དབེན་པའི་ཆོས། །འདི་སྣང་རྨི་ལམ་ཙམ་ལ་མི་ཞེན་པར། །རྒྱལ་ཀུན་བགྲོད་པ་གཅིག་པའི་དམ་ཆོས་ལ། །ལེགས་བརྩོན་རང་རྒྱུད་སྨིན་གྲོལ་གཞན་ཕན་འགྲུབ། །ཚེ་གཅིག་སངས་རྒྱས་གོ་འཕངས་མངོན་གྱུར་ཤོག །ཅེས་པ་ནི། མི་དབང་རིན་ཆེན་སྒང་པ་པདྨ་རྡོ་རྗེ་ལ་ཕུལ་བའོ། །སྭསྟི་པྲ་ཛ་བྷྱཿ


TR003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་རང་བཞིན་ཆོས་དབྱིངས་འདུས་མ་བྱས། །སྤྲོས་པའི་མཚན་མ་ཀུན་ཞི་ཡེ་ཤེས་སྐུའི། །རང་གདངས་འགག་མེད་སྒྱུ་འཕྲུལ་ཆུ་ཟླའི་གར། །བྱིན་རླབས་བླ་མར་སྣང་བའི་སྐུ་ལ་འདུད། །ཡེ་ཤེས་སྤྲུལ་པའི་ཞིང་ཁམས་རབ་འབྱམས་ཀུན། །ཐུགས་རྗེ་ཚད་མེད་སྐུ་ཡི་བཀོད་པའི་ཕྲུལ། །ཇི་སྙེད་བསྟན་ཡང་ངོ་བོ་དབྱེར་མེད་པའི། །རིགས་ཀུན་ཁྱབ་བདག་བླ་མའི་ཞབས་ལ་འདུད། །བདག་དང་མཁའ་མཉམ་སེམས་ཅན་འདི་དག་ལ། །དམིགས་མེད་ཀློང་ནས་བརྩེ་ཆེན་ཐུགས་རྗེ་ཡིས། །རྒྱུན་ཆད་མེད་པར་གཟིགས་པ་དྲི་མེད་ཀྱི། །སྟོབས་ལྡན་མཆོག་ལ་གསོལ་བ་སྙིང་ནས་འདེབས། །འཁོར་བ་ཐོག་མེད་ནས་བཟུང་ད་ལྟའི་བར། །མ་རིག་ལྷན་སྐྱེས་སྒྲིབ་པ་ཚན་རེ་ཆེ། །ལས་ཉོན་འཁྲུལ་པའི་མུན་པར་འཐུམས་པ་འདི། །བླ་མའི་ཐུགས་རྗེའི་འོད་ཀྱི་བསལ་དུ་གསོལ། །ཚེ་འདིར་དལ་འབྱོར་ཐོབ་ཅིང་བསྟན་ལ་ཞུགས། །དམ་ཆོས་སྤྱོད་པའི་སྐལ་བར་ལྡན་ན་ཡང་། །བག་


TR003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ངན་གོམས་ལྟོ་གོས་དོན་ལ་གཡེང་། །མི་ཚེ་སྟོང་ཟད་གྱུར་འདིར་ཐུགས་རྗེས་གཟིགས། ཁ་ཆོས་ཟ་ཆོག་ཙམ་གྱི་སློབ་གཉེར་དང་། །ལྟར་སྣང་ཆོས་པའི་གཟུགས་བརྙན་ཙམ་འདི་ཡིས། །འཆི་ཁར་ལམ་སྣ་ཟིན་པའི་ཐབས་མ་མཆིས། །དམ་ཆོས་སྙིང་ནས་ནུས་པར་བྱིན་གྱིས་རློབས། །ཉིན་མོ་རྣམ་གཡེང་མཚན་མོ་གཉིས་ཀྱི་ངང་། །བར་མཚམས་བཟའ་བཏུང་ཚེ་འདིའི་དོན་ལ་འབྱམས། །དཀོར་དང་ཉེས་ལྟུང་འཁུར་རྩ་ཞོར་ལ་འགྲུབ། །བློ་རྒྱུད་དགེ་ལ་འགྱུར་བར་ཐུགས་རྗེས་གཟུང་། །ད་ལྟའི་སྣང་བ་རྨི་ལམ་ཡུན་ཙམ་འདི། །ཡེངས་མ་ལམ་ལ་མི་ཚེ་ཏུག་གི་ཟད། །ལུས་སེམས་བྲལ་ནས་བར་དོར་འཁྱམས་དུས་དེར། །སྐྱབས་མགོན་བླ་མ་མཆོག་གི་མཛད་དུ་གསོལ། །ཚེ་འདིར་འགལ་རྐྱེན་བར་ཆད་མེད་པ་དང་། །ཆོས་མིན་བསམ་སྦྱོར་རྒྱུད་ལ་མི་སྐྱེ་ཞིང་། །སྡོམ་གསུམ་དམ་ཚིག་ཉམས་ཆགས་མེད་པ་ཡིས། །ཐོས་བསམ་སྒོམ་གསུམ་མཐའ་རུ་


TR003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པར་ཤོག །མོས་གུས་ཆེན་པོས་བླ་མ་དཀོན་མཆོག་མཉེས། །དག་སྣང་འབྱོངས་པས་མཆེད་གྲོགས་དམ་སེལ་མེད། །སྙིང་རྗེ་བྱང་སེམས་འགྲོ་ལ་ཕན་པ་འགྲུབ། །ཆོས་དང་རང་རྒྱུད་གཏིང་ནས་འདྲེས་པར་ཤོག །སྐྱེད་རིམ་ཞིང་ཁམས་དག་པ་རབ་འབྱམས་ཤར། །རྫོགས་རིམ་རྟོག་ཚོགས་ཡེ་ཤེས་རྡོ་རྗེར་གྲོལ། །ཟུང་འཇུག་མི་ཟད་དོན་གྱི་འཁོར་ལོར་གྲུབ། །ཚེ་གཅིག་རྡོ་རྗེ་འཆང་དབང་མངོན་གྱུར་ཤོག །དེ་ལས་ཐུགས་རྗེ་ཕྲིན་ལས་ཐོགས་མེད་ཀྱིས། །སྤྲུལ་པ་རྒྱ་མཚོས་ནམ་མཁའ་གར་ཁྱབ་པར། །འགྲོ་བའི་ཁམས་དབང་བསམ་པ་དང་མཚུངས་པའི། །གཞན་ཕན་འཁོར་མཐའ་ཇི་སྲིད་འགྲུབ་གྱུར་ཅིག །ཅེས་པ་ནི། །ཤཱཀྱ་ལྷུན་གྲུབ་ཀྱིས་བསྐུལ་ངོར་རོ། །ཨོཾ་ཨཱཿཧཱུྃ། ཆོས་སྐུའི་ཞིང་ཁམས་འོད་གསལ་རྡོ་རྗེ་སྙིང་། །ལོངས་སྐུའི་ཞིང་ཁམས་ཚངས་པ་རྔ་སྒྲའི་གནས། །སྤྲུལ་པ་སྐུ་ཡི་ཞིང་ཁམས་ཚངས་ཆེན་ཏེ། །སྐུ་གསུམ་ཞིང་མཆོག་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲུལ་པས་མཛད་པ་མངོན་


TR003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི། །འཛམ་གླིང་བྱང་ཆུབ་སྙིང་པོ་རྡོ་རྗེ་གདན། །བྱ་རྒོད་སྤུངས་རི་དཔལ་ལྡན་འབྲས་སྤུངས་ཆེ། །ཤམ་བྷ་ལ་སོགས་རྣམས་ལ་ཕྱག་འཚལ་ལོ། །ཆོས་འཁོར་སོ་སོའི་གནས་དང་རྒྱལ་བྱེད་ཚལ། །ནཻ་རཉྫ་ནར་རྩྭ་མཆོག་དུར་ཁྲོད་བརྒྱད། །ཨོ་རྒྱན་སྤྲུལ་པའི་ཞིང་སོགས་ཡུལ་ཉེར་བཞི། །མཆོག་གི་གནས་ཆེན་ཀུན་ལ་ཕྱག་འཚལ་ལོ། །ཏི་སེ་ལ་ཕྱི་དཔལ་འབར་ཡོལ་མོ་གངས། །ཟབ་ལུང་མཁར་ཆུ་སྟག་ཚང་ཏིལ་གྲོ་དང་། །ཆོས་འཁོར་ལྷ་ས་ཡེར་པ་སྒྲགས་ཡང་རྫོང་། །དཔལ་གྱི་བསམ་ཡས་རྣམས་ལ་ཕྱག་འཚལ་ལོ། །མཆིམས་ཕུ་ཁྲ་འབྲུག་ཡར་ལུང་ཤེལ་གྱི་བྲག །ཤམ་བུ་མཁའ་སྤྱོད་རྩཱ་རི་དྭགས་ལྷ་སྒམ། །འབྲི་སྟག་ཚལ་ཐེལ་ར་སྒྲེང་མཚུར་ར་ལུང་། །ས་དགེའི་གདན་ས་ཀུན་ལ་ཕྱག་འཚལ་ལོ། །རྒྱ་བོད་བལ་ཡུལ་ལྷོ་མོན་ཨེ་གཉལ་བྱར། །དྭགས་ཀོང་མདོ་ཁམས་བོད་དང་བོད་ཆེན་པོ། །ཧོར་འཇང་རྒྱ་ནག་ལ་སོགས་ཡུལ་ཀུན་གྱི། །སྒྲུབ་


TR003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཙུག་ལག་རྟེན་གསུམ་ཕྱག་འཚལ་ལོ། །རྒྱལ་བ་རིགས་གསུམ་སྤྲུལ་པའི་སྐྱེས་མཆོག་ཚོགས། །ཆོས་རྒྱལ་བྱང་སེམས་གྲུབ་ཐོབ་རིག་འཛིན་དང་། །གུ་རུ་ཆེན་པོས་བྱིན་བརླབས་ཞབས་བཅགས་པའི། །སྦས་ཡུལ་གནས་ཆེན་རྣམས་ལ་ཕྱག་འཚལ་ལོ། །ཕྱི་ནང་གཞན་གསུམ་བཟོད་ནས་དཀྱིལ་འཁོར་ཆེར། །ཡོངས་གྲུབ་སྣོད་བཅུད་རྟེན་དང་བརྟེན་པའི་ཚུལ། །མ་ལུས་ཡེ་ཤེས་རྡོ་རྗེའི་ཞིང་ཆེན་པོར། །ལྷུན་གྲུབ་དག་པ་རབ་འབྱམས་ལ་ཕྱག་འཚལ། །མ་རྟོགས་ཡུལ་སེམས་གཉིས་འཛིན་མཐོལ་ཞིང་བཤགས། གང་ཤར་ཆོས་ཉིད་རོལ་བའི་མཎྜལ་འབུལ། །སྣང་སྲིད་རྣམ་བཞག་སྐུ་གསུམ་ཞིང་ཆེན་པོར། །བདག་སོགས་མཁའ་མཉམ་འགྲོ་ཀུན་སྒྲོལ་བར་ཤོག །ཅེས་པ་འདི་ལྟ་བུ་ཞིག་དགོས་ཞེས་ལེགས་བཤད་མཐར་ཕྱིན་གྱིས་བསྐུལ་ངོར་བྲིས་པ་དགེའོ། །ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་གཅིག་བསྡུས་སྐུ། །བླ་མ་ཡིད་བཞིན་ནོར་བུ་མཆོག །ཞབས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཡེ་ཤེས་རྡོ་རྗེའི་སྐུ་ཉིད་ལ། །སྐྱེ་ཆེའི་མཚན་མ་དང་བྲལ་ཡང་། །བདག་སོགས་འཁྲུལ་རྨོངས་སྣང་ངོ་རུ། །འཆི་མེད་རྡོ་རྗེའི་སྐུ་བརྟན་


TR003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །རྒྱལ་བ་ཁྱེད་ཀྱི་ཞབས་པད་དྲུང་། །འབྲལ་མེད་མཉེས་གསུང་བསྒྲུབ་ནུས་ཤིང་། །ཕྲིན་ལས་འགྲོ་ཕན་རྒྱ་ཆེན་ཤོག །ཅེས་པ་ནི་སྦྱིན་བདག་བསོད་ནམས་ཆོས་འཕེལ་བཟའ་མིས་བསྐུལ་ངོར་རོ། །ན་མོ་གུ་རུ། རྒྱལ་བའི་མཛད་པ་དཔག་མེད་ཀྱིས། །གདུལ་བྱའི་ཞིང་དང་གང་འཚམ་པའི། །རྣམ་པར་འཕྲུལ་པ་རྒྱ་མཚོའི་ཚོགས། །བསམ་མི་ཁྱབ་ལ་གུས་ཕྱག་འཚལ། །བྱང་སེམས་མེ་ཏོག་ཟླ་ཚེས་དང་། །ཟླ་འོད་གཞོན་ནུ་བི་མ་ལ། །མཉམ་མེད་འཛམ་གླིང་གྲགས་པ་སོགས། །སྔོན་བྱོན་རྣམས་ལ་གུས་ཕྱག་འཚལ། །ཀུན་མཁྱེན་བཀྲ་ཤིས་རྣམ་པར་རྒྱལ། །མཆོག་སྤྲུལ་ནོར་བུ་བརྒྱན་པ་ཉིད། །སླར་ཡང་བདག་སོགས་གདུལ་བྱའི་ངོར། །བཟང་པོ་རྡོ་རྗེར་གུས་ཕྱག་འཚལ། །ཐུབ་པའི་ཞབས་འབྲིང་ཀུན་དགའ་བོ། །ཐོན་མི་ལོ་ཆེན་བཻ་རོ་དང་། །རྡོར་གླིང་ལ་སོགས་གཏེར་སྟོན་གྱི། །སྐྱེ་བརྒྱུད་རྣམས་ལ་གུས་ཕྱག་འཚལ། །རྔོག་


TR003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ས་པ་བྱ་འདུལ་དང་། ཁྱུང་པོ་རྣལ་འབྱོར་རྫ་ཡིག་པ། །གཡག་སྡེ་པ་ཆེན་གཉལ་སྟོན་སོགས། །མཁས་གྲུབ་རིམ་བརྒྱུད་གུས་ཕྱག་འཚལ། །དུས་མཐའི་འགྲོ་བ་བདག་སོགས་ཀྱི། །སྐྱབས་མགོན་བསྟན་འཛིན་རྡོ་རྗེ་དང་། །མཁས་མཆོག་པདྨ་ལེགས་གྲུབ་སྩལ། །རྩ་བའི་བླ་མར་གུས་ཕྱག་འཚལ། །རྒྱལ་བའི་ཁྱབ་བདག་པད་འབྱུང་རྗེ། །དྲིན་ཅན་མཆོག་སྤྲུལ་རྣམ་གཉིས་བཅས། །བདག་ཡིད་གུས་པས་ཕྱག་འཚལ་ཞིང་། །སྙིང་ནས་སྐྱབས་མཆི་ཐུགས་རྗེས་གཟིགས། །སངས་རྒྱས་མ་ལུས་འདུས་པའི་སྤྱི་གཟུགས་མཆོག །ཟླ་བྲལ་སྐྱབས་གནས་སྤྲུལ་པའི་སྐུ་རྣམ་གཉིས། །སྙིགས་དུས་གདུལ་བྱ་མགོན་མེད་བདག་སོགས་ལ། །བརྩེ་བས་དགོངས་ཏེས་བསྐལ་བརྒྱར་ཞབས་བརྟན་གསོལ། །སྒྱུ་འཕྲུལ་ཡེ་ཤེས་རྡོ་རྗེའི་སྐུ་མཆོག་ལ། །སྐྱེ་འཆི་འཕོ་འགྱུར་མཚན་མ་མི་མངའ་ཡང་། །བདག་སོགས་གདུལ་དཀའི་སྐྱེ་བོ་སྐལ་དམན་ལ། །སྐྱོ་བར་


TR003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཛད་ཐུགས་རྗེས་སྐྱངས་མཛད་གསོལ། །བདག་གི་ཚེ་འདི་ཕྱི་མ་བར་དོ་དང་། །སྐྱེ་བའི་ཕྲེང་བརྒྱུད་མཐར་ཐུག་བྱང་ཆུབ་བར། །རེ་ཡུལ་དྲིན་ཅན་རྣམ་གཉིས་མ་གཏོགས་པ། །སྐྱབས་གནས་གཞན་ན་མ་མཆིས་ཐུགས་རྗེས་དགོངས། །སྒོ་གསུམ་གཏན་འདུན་མཐའ་དག་མཆོད་པར་འབུལ། །ཉེས་ལྟུང་སྡིག་སྒྲིབ་ཅི་མཆིས་མཐོལ་ཞིང་བཤགས། །མཛད་ཕྲིན་ཀུན་ལ་ཡི་རངས་བཀའ་བཞིན་སྒྲུབས། །མཁའ་མཉམ་འགྲོ་ལ་གང་འདུལ་ཆོས་འཁོར་བསྐུལ། །ཞི་བའི་དབྱིངས་སུ་མི་བཞུགས་བསྟན་འགྲོ་སྐྱོང་། །དགེ་ཚོགས་མ་ལུས་དགོངས་པ་རྫོགས་ཕྱིར་བསྔོ། །སྒྱུ་ལུས་ཟང་ཟིང་ཆོས་ཀྱི་ཞབས་ཏོགས་ཀུན། །རྗེ་བཙུན་རྣམ་གཉིས་མཉེས་པའི་རྒྱུར་གྱུར་ཅིག །ཚེ་རབས་ཐམས་ཅད་བླ་མའི་གདུལ་བྱ་དང་། །འཁོར་དུ་གྱུར་ནས་དམ་ཆོས་ཤ་སྟག་གིས། །བདག་རྒྱུད་སྨིན་ཅིང་གྲོལ་ཏེ་བསྟན་འགྲོའི་དོན། །


TR003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འབད་མེད་ཡང་དག་འགྲུབ་པར་བྱིན་གྱིས་རློབས། །ལོག་ལམ་བདུད་ཀྱི་བར་ཆད་མི་འཇུག་པར། །བྱང་ཆུབ་སྙིང་པོའི་གོ་འཕངས་མངོན་གྱུར་ནས། །ཕ་མར་གྱུར་པའི་མཁའ་ཁྱབ་སེམས་ཅན་ཀུན། །སངས་རྒྱས་ས་ལ་མྱུར་དུ་འགོད་བྱེད་ཤོག །ཅེས་པ་འདི་ནི། དོན་གཉིས་མཆོག་གྲུབ་ཀྱི་ངོར་བྲིས་པའོ། །ཨོཾ་ཨཱཿཧཱུྃ། གདོད་མའི་གནས་ལུགས་ཁྱབ་གདལ་ཆེ། །ཕྱོགས་རིས་མ་གྲུབ་ཀུན་ཏུ་མཉམ། །མ་བཅོས་རང་བབས་ཆོས་སྐུའི་ཀློང་། །འཛིན་མེད་ངང་ནས་གསོལ་བ་འདེབས། །ངོ་བོ་སྟོང་པ་ཆེན་པོ་ཡི། །རང་གདངས་མ་འགག་འོད་དུ་གསལ། །གསལ་དང་སྟོང་པ་ཟུང་འཇུག་པའི། །སྣང་ཚུལ་རིག་པས་གསོལ་བ་འདེབས། །རྣམ་པ་སྣ་ཚོགས་སྒྱུ་མའི་འཕྲུལ། །མེད་བཞིན་སྣང་ལ་སྣང་བཞིན་སྟོང་། །རོལ་རྩལ་སྣ་ཚོགས་འཕྲོ་འདུ་ལས། །བདག་འཛིན་བྲལ་བས་གསོལ་བ༴ །ཨེ་མ། རང་སེམས་སངས་རྒྱས་སྐུ་གསུམ་འདི། །རང་ལ་གནས་ཀྱང་


TR003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་པས། །འཁོར་བའི་འཁྲུལ་འཁོར་ཤུགས་དྲག་པོས། །བསྐྱོད་འདི་རང་གི་ལས་ཀྱི་མཐུ། །ཐོག་མ་མེད་ནས་ད་ལྟའི་བར། །འགྲོ་བ་རིས་དྲུག་ཐ་དད་ཀྱི། །ལུས་ངན་བླངས་ཤིང་ལས་ངན་སྤྱད། །ད་དུང་བསུན་དང་སྐྱོ་བ་མེད། །བདག་ཏུ་འཛིན་པའི་བག་ཆགས་ཀྱིས། །ཆགས་སྡང་ལས་ཉོན་དུག་ལྔའི་སེམས། །མ་བསླབ་ཤེས་པའི་ངན་གོམས་ཅན། །གཡོ་སྒྱུའི་ལས་ཀྱི་རང་ཕུང་སྒྲུབ། །བཟང་པོའི་བག་ཆགས་མི་དྲན་པར། །ངན་པའི་བློ་སྣ་ཟད་མེད་འཕེལ། །སྙིགས་དུས་ཆོས་གཟུགས་བདག་འདྲ་བས། །ཆོས་ཀྱི་མདོ་དོན་ཅི་ཡིས་འགྲུབ། །དག་སྣང་མིག་འཕང་དམའ་བ་དང་། །ལོག་ལྟའི་མགོ་ཁྱེར་མཐོ་བ་དང་། །རྒྱུ་འབྲས་ལས་སྤྱོད་རྩིང་བ་ཡིས། །ཐར་པའི་ལམ་སྣ་ག་ལ་ཟིན། །ཉིན་མཚན་གཡེང་བས་འདའ་བྱེད་ཅིང་། །བག་མེད་དཀོར་ལ་ལོངས་སྤྱོད་པའི། །རབ་བྱུང་གཟུགས་ཀྱི་ངར་འཛིན་ཅན། །འཆི་ཁར་


TR003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གདེངས་གང་ལ་བྱེད། །འཇིག་རྟེན་སྐྱེ་བོས་མཆོད་པའི་ཡུལ། །གཤིན་གསོན་དཀོར་ལ་ངོམ་མེད་དུ། །སྤྱད་ཀྱང་རང་ཉིད་ཤི་མ་ཐག །གར་འགྲོ་གར་སྐྱེའི་ངེས་པ་ཅི། །སེམས་རྒྱུད་ཆོས་ཀྱི་མ་ཐུལ་བཞིན། །ཆོས་ཀྱི་ཚིག་ཙམ་བརྗོད་ཤེས་ཀྱང་། །ནེ་ཙོའི་འདོན་པ་ཇི་ལྟ་བར། །རང་གཞན་སུ་ལ་ཕན་པར་ནུས། །རྩ་བ་བཞི་ཡང་མི་བསྲུང་ཞིང་། །དགེ་སྦྱོང་ཆོས་བཞི་མི་ཤེས་པར། །དགེ་འདུན་དཀོར་ལ་ཧམ་པ་ཡི། །བཙུན་གཟུགས་རང་མཐོང་རང་བསླུ་མཁན། །བདག་དང་བདག་འདྲའི་ཆོས་རྫུ་རྣམས། །དཀོན་མཆོག་ཡེ་ཤེས་སྤྱན་མངའ་བས། །གསེལ་བར་གཟིགས་ཤིང་ཁྲེལ་ན་ཡང་། །དུས་མཐའ་འགྲོ་ལ་སྙིང་རྗེས་དགོངས། །རྒྱལ་བའི་ཕྲིན་ལས་ནུས་པ་བསམ་མི་ཁྱབ། །ལས་ངན་འགྲོ་བའི་བློ་རྒྱུད་ཆོས་ལ་བསྒྱུར། །མི་རྟག་ངེས་འབྱུང་སྙིང་ལ་དྲན་ནས་ཀྱང་། །དམ་པའི་ཆོས་ལ་འབུངས་ནུས་བྱིན་གྱིས་རློབས། །འཁོར་བའི་གཞན་ཆགས་བདག་གཞན་ཕྱོགས་འཛིན་


TR003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འཇིག་རྟེན་ཆོས་བརྒྱད་སྐྱིད་འདོད་རྣམ་གཡེང་ལས། །ལྟོ་གོས་ཚེ་འདིའི་དགོས་ཆ་བསྒྲུབ་པ་སོགས། །ཆོས་པའི་རྐང་འདྲེན་མི་བྱེད་བྱིན་གྱིས་རློབས། །རང་ལ་ཚིག་ཟུར་མཐོ་དམན་མི་བཟོད་བཞིན། །གཞན་ལ་སྐུར་འདེབས་བརྙས་བཅོས་བྱེད་པ་ལ། །ཉམ་ང་སྤུ་ཙམ་མེད་པའི་སྙིང་སྟོབས་དང་། །ལོག་རྟོག་རྒྱུད་ལ་མི་སྐྱེར་བྱིན་གྱིས་རློབས། །འདི་ཕྱི་ཀུན་ཕུང་ཤ་ཆང་བུད་མེད་ལ། །ངོས་ལྐོག་དུ་མར་སྤྱོད་བཞིན་ཚུལ་འཆོས་ཀྱིས། །དད་རྫས་དཀར་ཟས་ཚིམ་པ་མེད་སྤྱོད་པའི། །རང་གཞན་གཉིས་ཕུང་མི་བྱེད་བྱིན་གྱིས་རློབས། །རྒྱུ་འབྲས་རྣམ་དབྱེ་ཙམ་ཡང་མ་གོ་བར། །ཐོས་བསམ་སྒོམ་གསུམ་ཡོད་རྫུའི་སྟོང་ཟོབ་དང་། །ལྟོ་ཕྱིར་ཟོལ་ཟོག་མི་བྱེད་དགུ་བྱེད་པའི། །ཆོས་པའི་ཕུང་འདྲེར་མི་འགྱུར་བྱིན་གྱིས་རློབས། །རང་མ་སྨིན་པར་གཞན་གྱི་འདྲེན་པ་དང་། །མི་ནུས་བཞིན་དུ་གཞན་དོན་བྱེད་ལོ་


TR003_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རང་འདོད་ཕུག་གཅུག་ནོར་རྫས་འདོད་པ་ཡིས། །བརྫུས་མའི་འགྲོ་ཕན་མི་བྱེད་བྱིན་གྱིས་རློབས། །མདོར་ན་འདི་བཟུང་བྱང་ཆུབ་མ་ཐོབ་བར། །སྒོ་གསུམ་དམ་པའི་ཆོས་ཀྱི་གཞུང་བཞིན་དུ། །གཡོ་ཟོལ་སྤངས་ནས་བླ་མ་མཉེས་སྒྲུབ་ཅིང་། །དམ་པའི་རྣམ་ཐར་ཚུལ་བཞིན་སྤྱོད་བྱིན་རློབས། །ལེགས་པར་སྤྱད་པའི་རྒྱུ་འབྲས་བསླུ་མེད་ཀྱི། །ལེགས་ལམ་མཐར་ཕྱིན་རང་གཞན་དོན་བཟང་འགྲུབ། །ནམ་མཁས་གར་ཁྱབ་ཕ་མ་སེམས་ཅན་ཀུན། །ཡང་དག་བྱང་ཆུབ་ལམ་ལ་འགོད་པར་ཤོག །ཅེས། བྱང་ཆུབ་འོད་ཟེར་གྱི་ངོར་བྲིས་པའོ། །ན་མ་མ་ཧཱ་གུ་་ཡེ། །རྒྱལ་བ་ཀུན་གྱི་བདག་ཉིད་སྨན་གྱི་བླ། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་འཕྲེང་། ཁམས་གསུམ་འགྲོ་བའི་སྐྱབས་གཅིག་གཡུ་ཐོག་མགོན། །གསོལ་བ་འདེབས་སོ་བྱིན་རླབས་ཆར་རྒྱུན་ཕོབ། །ཐུགས་སྲས་མཆོག་གྱུར་མཁས་གྲུབ་སུམ་སྟོན་ཞབས། །དཔལ་ལྡན་གཞོན་ནུ་གཙང་སྟོན་སངས་རིན་དང་། །མཁས་བཙུན་


TR003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རིན་དྷོར་དོན་གྲུབ་རྒྱལ་མཚན་དཔལ། །གསོལ་བ་འདེབས་སོ་བྱིན་རླབས༴ །བྲང་ཏི་དཀོན་སྐྱབས་དཔལ་ལྡན་འཚོ་བྱེད་དང་། །འཚོ་བྱེད་རིན་ཆེན་རྣལ་འབྱོར་བསོད་ནམས་དབང་། །རྣལ་འབྱོར་ཆེན་པོ་རི་ཁྲོད་ཞིག་པོ་རྗེ། །གསོལ་བ༴ །བཻ་རོས་བྱིན་རླབས་མཚུངས་མེད་ཟུར་མཁར་བ། །བཤད་པའི་མངའ་བདག་ལེགས་བྱུང་པདྨ་སྐྱབས། །ཟར་བན་བྱམས་པ་སློབ་དཔོན་མགོན་པོ་དཔལ། གསོལ་བ༴ །འགྲོ་དོན་པ་དང་སྨན་བླ་དོན་ཀུན་གྲུབ། །ཐམས་ཅད་མཁྱེན་པ་ནོར་བུ་བརྒྱན་པའི་མཆོག །འཇའ་མཚོན་སྙིང་པོ་སྣ་ཚོགས་རང་གྲོལ་རྗེ། །གསོལ་བ༴ །ཡི་དམ་རྟ་ཕག་མཁའ་འགྲོ་སྡེ་ལྔའི་ཚོགས། །བཀའ་སྲུང་དམ་ཅན་སྡེ་དགུ་སྤྲུལ་འཁོར་བཅས། །སྨན་གྱི་ལྷ་མོ་དྲང་སྲོང་རིག་འཛིན་ལ། །གསོལ་བ༴ །མདོ་རྒྱུད་མན་ངག་བསྟན་བཅོས་ཀུན་གྱི་བཅུད། །འགྲོ་ལ་ཕན་པའི་སྙིང་པོ་གསོ་རིག་གི །ཚིག་དོན་མན་ངག་ལག་ལེན་གནད་མཐའ་དག །ཚུལ་བཞིན་རྒྱུད་ལ་འབྱོར་བར་བྱིན་


TR003_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས། །མཁས་རློམ་ང་རྒྱལ་ཆགས་སྡང་འགྲན་སེམས་དང་། །ཕྲག་དོག་གཡོ་སྒྱུ་ཁེ་གྲགས་ཟས་ནོར་འདོད། །ཆོས་བརྒྱད་ལ་སོགས་ལོག་པའི་སེམས་རིགས་ཀྱི། །དྲི་མ་རྡུལ་ཙམ་མེད་པར་བྱིན་གྱིས་རློབས། །འདོད་ཆགས་ཞེ་སྡང་གཏི་མུག་རྒྱུ་ཡི་ནད། །རླུང་དང་ཁྲག་མཁྲིས་བད་ཀན་རྐྱེན་གྱི་ནད། །ངན་སོང་གསུམ་གྱི་སྡུག་བསྔལ་འབྲས་བུའི་ནད། །མ་ལུས་དྲུངས་ནས་འབྱིན་པར་བྱིན་གྱིས་རློབས། །མཁའ་ཁྱབ་འགྲོ་བ་ཕ་མ་ཤ་སྟག་ཀུན། །ལས་ཉོན་འཁྲུལ་པའི་གཅོང་གིས་ཉམ་ཐག་པ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་སྨན་མཆོག་གིས། །གཏན་བདེ་རྫོགས་བྱང་གོ་འཕང་ལ་འཁོད་ཤོག །ཅེས། སྨན་གྱི་རྒྱུད་བཞི་སོགས་གསོ་རིག་སྤྱིའི་བླ་རྒྱུད་གསོལ་འདེབས་འདི་ནི། །གཞན་ཕན་ནོར་བུས་བསྐུལ་ངོར་བྲིས་པའོ། །ཡེ་གྲོལ་གདོད་མའི་གནས་ལུགས་འདུས་མ་བྱས། །རང་རྩལ་འགག་མེད་སྣང་བའི་བླ་མ་ནི། །རང་དང་འདུ་འབྲལ་མཚན་མས་མ་གོས་པར། །ཡིན་ལུགས་ཇི་བཞིན་རྟོགས་པས་གསོལ་བ་འདེབས། །མེད་


TR003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྣ་ཚོགས་སྣང་བའི་བག་ཆགས་གཟུགས། །གང་ལ་བདེན་པར་བཟུང་བའི་རྨི་ལམ་ལ། །ལེགས་ཉེས་དུ་མར་བཏགས་པའི་བར་ཆད་གེགས། །ལྟོས་འགྲོའི་མདུད་བཞིན་གྲོལ་བར་བྱིན་གྱིས་རློབས། །འཁོར་དང་མྱ་ངན་འདས་པས་ཉེར་བསྡུས་པའི། །ཆོས་ཀུན་རང་སེམས་གཅིག་པུའི་འདུ་འགོད་དུ། །ཤེས་ཀྱང་མཁྲིས་ནད་མ་བྱང་དུང་མདོག་ལྟར། །ལོག་འཁྲུལ་འཛིན་པ་ཞི་བར་བྱིན་གྱིས་རློབས། །བདག་མ་གྲུབ་ལ་བདག་ཏུ་འཛིན་བློ་དང་། །དེ་ལ་བརྟེན་ནས་གཞན་ཞེས་ཐ་དད་བཟུང་། །དེ་ལས་ཆགས་སྡང་ཀུན་སློང་དུ་མ་འཕེལ། །གཉིས་འཛིན་རབ་རིབ་ཞི་བར་བྱིན་གྱིས་རློབས། །བཟང་པོའི་བག་ཆགས་བྱང་བའི་གོ་སྐབས་བྲལ། །ལོག་མིན་བག་ཆགས་ངན་གོམས་རྩི་ཡིས་ཐེབས། །བྱང་ཆུབ་དམ་པའི་སྤྱོད་ལ་མི་འཇུག་པའི། །བློ་སེམས་ཆོས་ཀྱིས་ཐུལ་བར་བྱིན་གྱིས་རློབས། །ཆོས་ཀྱིས་རྣམ་གྲངས་བགྲང་ཡས་ཇི་སྙེད་པའི། །


TR003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་དོན་རང་རྒྱུད་འདུལ་ཐབས་གཅིག་པུར་མངག །དེ་ཕྱིར་གང་ཐོས་ལག་ཏུ་ལོངས་པ་དང་། །བསྐེམ་ཁེངས་ཁོང་སྲན་མེད་པར་བྱིན་གྱིས་རློབས། །གྲུབ་མཐའ་མཐའ་དག་རང་རང་ས་ན་བཟང་། །རྣམ་མཁྱེན་བར་དུ་གྲུབ་མཐའི་ཚད་ཟིན་དཀའ། །མཐར་ཐུག་དོན་ལ་གྲུབ་མཐའི་དངོས་པོས་དབེན། །གཅིག་ཤེས་ཀུན་གྲོལ་ཆེན་པོར་བྱིན་གྱིས་རློབས། །སྡོམ་དང་དམ་ཚིག་རིམ་པ་བསམ་ཡས་པ། །ཐམས་ཅད་ཉོན་མོངས་རང་གར་མི་འཆོར་ཐབས། །གནད་ཀྱི་དམ་པར་ཐ་མའི་ཨ་འཐས་བློ། །སྐད་ཅིག་ཙམ་ཡང་མི་འབྱུང་བྱིན་གྱིས་རློབས། །བསྐུར་ཐོབ་མཚན་འཛིན་སྤྲོས་བྱིས་རྩེད་ཀྱི། །དབང་དང་དབྱིབས་ལ་ལྷར་བཟུང་སྐྱེད་རིམ་སོགས། །དང་པོའི་ལས་ཅན་ཁྲིད་པའི་ཟློས་གར་ལ། །མི་ཞེན་དགོས་དོན་སྙིང་པོ་ལོན་བྱིན་རློབས། །སྐྱེད་རྫོགས་མངོན་དུ་མ་གྱུར་ཐུན་མོང་གི །ལས་ཚོགས་ཕྲ་མོས་རང་བློ་མི་གཡེང་བར། །དགོས་མེད་དྲག་


TR003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་ལེགས་ཐེམས་ཏེ། །མཁའ་མཉམ་མཐར་གླིང་སྒྲོལ་ནུས་བྱིན་གྱིས་རློབས། །མཚན་བཅས་མཚན་མེད་རྫོགས་རིམ་ཟབ་མོ་ཡི། །ཡང་སྙིང་སྒོ་གསུམ་ཡེ་ཤེས་རྡོ་རྗེ་ཉིད། །བསྒྲུབ་ལ་མི་འབད་ཟག་བཅས་ཡོན་ཏན་ཙམ། །ཆོག་འཛིན་ཞེན་པས་མི་འཆིང་བྱིན་གྱིས་རློབས། །ཆེན་པོ་གསུམ་སོགས་ངེས་དོན་ཟབ་མོའི་གསང་། །བཟང་བཟང་མཐོའི་མཐོའི་མིང་ལ་ཕོ་རུས་ཀྱིས། །བདག་ཏུ་བཟུང་བའི་སྒོམ་ཆེན་མི་བྱེད་པར། །རང་རིག་རྗེན་པ་སྐྱོང་བར་བྱིན་གྱིས་རློབས། །ནམ་མཁའ་སྤྲིན་དང་རྒྱ་མཚོའི་རླབས་བཞིན་དུ། །སྣ་ཚོགས་གང་ལྟར་ཤར་ཡང་སེམས་ཉིད་ལས། །མིན་བཞིན་བཟང་ངན་འབྱེད་དང་སྤོང་ལེན་སོགས། །ཆུ་ལ་རི་མོ་མི་འདྲིར་བྱིན་གྱིས་རློབས། །ཉམས་རྟོགས་སྐྱེ་དང་མི་སྐྱེའི་རེ་དོགས་དང་། །ཡོན་ཏན་ལྟར་སྣང་ཕྲ་མོར་དགའ་བྲོད་སོགས། །ལྷ་བུའི་བདུད་ཀྱིས་མ་བསླུས་ཡང་དག་པའི། །གྲུབ་


TR003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་བདག་འཛིན་ཞི་བར་བྱིན་གྱིས་རློབས། །རྣམ་རྟོག་གཉེན་པོས་གཞོམ་ལ་མི་རེ་དང་། །རྣམ་རྟོག་ཉིད་ལས་གཞན་པའི་སྒོམ་མི་འཚོལ། །རྣམ་རྟོག་ཤར་མཁན་འཆར་རྒྱུ་ངོ་ཤེས་གསུམ། །རང་རིག་གཅིག་པུས་ཆོག་པར་བྱིན་གྱིས་རློབས། །ཆ་བུར་ལུས་དང་དབུགས་ཀྱི་ཐག་པ་དང་། །བདག་ཏུ་འཛིན་པའི་སེམས་ཀྱི་རི་མོ་རྣམས། །མ་ཡལ་དེ་སྲིད་རྩོལ་མེད་དྲན་རིག་དང་། །མ་བྲལ་འཁྲུལ་རྗེས་མི་འབྲང་བྱིན་གྱིས་རློབས། །རང་རིག་མ་སྨིན་གཞན་དོན་ལྟར་སྣང་གི །རྙེད་ཚོལ་འགྲོ་དོན་གཉིས་ཕུང་མི་བྱེད་པར། །དུས་བབས་རྩོལ་མེད་འགྲོ་དོན་རླབས་པོ་ཆེར། །འཁོར་བ་དོང་སྤྲུགས་ནུས་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་གདབ་དང་སྨོན་པའི་ཚིག །འདི་ནི་ཕྱི་རུ་མ་ཡིན་རང་རྒྱུད་ཀྱི། །ཀུན་ཁྱབ་ཆོས་སྐུའི་བླ་མར་གསོལ་བཏབ་པས། །བྱིན་རླབས་རང་གི་རྒྱུད་ལ་འབབ་


TR003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཅེས། སྐྱེ་བ་ནས་སྐྱེ་བར་དམ་པའི་མཛད་པ་ལ་གོམས་པ་ཡང་དག་མཐར་སོན་པས་ཤེས་བྱའི་ཆོས་སོ་ཅོག་ལ་མི་འཕྲོག་པའི་སྤོབས་པ་བརྙེས་ཤིང་། ཆོས་དོན་ཆོས་བཞིན་སྤྱོད་པའི་རང་དབང་ཅན། །སྤྲུལ་པའི་སྐྱེས་མཆོག་ཆོས་ཀྱི་ཉི་འོད་མཚན་དོན་མཐུན་པ་གང་གི་བཞེད་སྐོངས་སུ་ཕུལ་བ་ཤུ་བྷམ། །སངས་རྒྱས་ཐམས་ཅད་རྩ་བའི་བླ་མའི་སྐུར། །དབྱེར་མེད་གདོད་ནས་གཅིག་པའི་ངོ་བོ་ནི། །སྣ་ཚོགས་རང་གྲོལ་པདྨ་ལེགས་གྲུབ་རྩལ། །ཞབས་ལ་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །དུས་འདི་ནས་བཟུང་མཐར་ཐུག་བྱང་ཆུབ་བར། །རེ་ས་སྐྱབས་ཡུལ་གཞན་ན་མ་མཆིས་པས། །དམིགས་མེད་ཐུགས་རྗེས་རྟག་ཏུ་གཟིགས་ནས་ཀྱང་། །སྒོ་གསུམ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །རྡོ་རྗེའི་སྐུ་ལ་སྐྱེ་འཆིའི་འཕོ་འགྱུར་གྱི། །མཚན་འཛིན་བྲལ་ཡང་བདག་སོགས་གདུལ་བྱའི་ཚོགས། །གཉིས་འཛིན་བློ་ཡི་འཁྲུལ་རྟོག་མ་ཟད་བར། །སྤྱི་བོའི་རྒྱན་དུ་འབྲལ་མེད་བཞུགས་ནས་ཀྱང་། །


TR003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སོགས་འགྲོ་ལ་ཐུགས་རྗེས་དགོངས། །ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ལས་ཉོན་སྡིག་སྒྲིབ་དག་པར་བྱིན༴ །སྒོ་གསུམ་དགེ་ལ་འཁོད་པར་བྱིན༴ །འབྲེལ་ཚད་ཐར་ལམ་འདྲེན་པར་བྱིན༴ །ཚེ་དང་སྒྲུབ་པ་མཉམ་པར་བྱིན༴ །འཆི་ཁར་གནད་གཅོད་མེད་པར་བྱིན༴ །བར་དོར་རང་ངོ་ཤེས་པར་བྱིན༴ །ངན་འགྲོ་སྐྱེ་སྒོ་ཆོད་པར་བྱིན༴ །མྱུར་དུ་སངས་རྒྱས་ཐོབ་པར་བྱིན༴ །མཁའ་མཉམ་གཞན་དོན་འགྲུབ་པར་བྱིན་གྱིས་རློབས། །ཅེས་པ་འདི་ནི། དད་ལྡན་བྱང་ཆུབ་རིན་ཆེན་ལའོ། །ན་མོ་གུ་རུ་རཏྣ་བྷྱཿ ཆོས་དབྱིངས་འདུས་མ་བྱས་པའི་ཞིང་མཆོག་ནས། །རྒྱལ་ཀུན་རྡོ་རྗེ་འཆང་དུ་རོ་གཅིག་པའི། །རྣམ་རོལ་ཡེ་ཤེས་སྒྱུ་མའི་ཟློས་གར་འཕྲེང་། །རྩ་རྒྱུད་བླ་མར་སྙིང་ནས་གསོལ་བ་འདེབས། །རིགས་ཀུན་ཁྱབ་བདག་གང་འདུལ་ཡེ་ཤེས་སྐུ། །མཐའ་ཡས་གདུལ་བྱའི་ཡུལ་མཐུན་སྤྲུལ་མཛད་པས། །ཞིང་འདིར་བདག་སོགས་


TR003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོར་ཐུགས་རྗེའི་གཏེར། །རྩ་བའི་བླ་མར་སྙིང་ནས་གསོལ་བ་འདེབས། །གྲངས་མེད་སྔོན་ནས་ཆོས་སྐུར་སངས་རྒྱས་ཀྱང་། །སྙིགས་དུས་གདུལ་བྱའི་དངོས་འཛིན་གཞིག་པའི་སླད། །ཆོས་བརྒྱད་དྲི་སྤངས་བྱང་ཆུབ་དཔལ་བཟང་པོ། །འཁྲུལ་ཞིག་མཆོག་དེར་སྙིང་ནས་གསོལ་བ་འདེབས། །གངས་ཅན་སྒྲུབ་རྒྱུད་སྲོག་འཛིན་ཀུན་དགའ་དཔལ། །ལ་སོགས་མཁས་གྲུབ་དུ་མའི་ཐུགས་བཅུད་ཀྱི། །གསང་མཛོད་འཛིན་པ་བློ་གྲོས་གྲགས་པ་དཔལ། །གྲུབ་དབང་མཆོག་དེར་སྙིང་ནས་གསོལ་བ་འདེབས། །རང་དོན་འབྲས་བུའི་རྩེ་མོར་ལེགས་སོན་ཡང་། །གཞན་དོན་ལས་འབྲས་བསླུ་མེད་སྤང་བླང་གནས། །སྟོན་ལ་ཐབས་མཁས་མི་ཕམ་བསྟན་འཛིན་རྗེ། །ཡོངས་འཛིན་མཆོག་དེར་སྙིང་ནས་གསོལ་བ་འདེབས། །རྒྱལ་བའི་རྒྱལ་མཆོག་འཇིག་རྟེན་དབང་ཕྱུག་གི། །ཕྲིན་ལས་ཡང་དག་བསྒྲུབ་ལ་ངལ་མེད་


TR003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །དཔལ་ལྡན་ཀརྨ་ལྷུན་གྲུབ་རྣམ་པར་རྒྱལ། །སྐྱབས་གནས་མཆོག་དེར་སྙིང་ནས་གསོལ་བ་འདེབས། །རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་ཀུན། །གཟོད་ནས་ཡོངས་དག་གསང་གསུམ་དཀྱིལ་འཁོར་ཆེ། །ལྷུན་གྲུབ་འཁོར་ལོ་སྡོམ་པ་བདེ་བའི་མཆོག །སྤྲུལ་འཁོར་བཅས་དེར་སྙིང་ནས་གསོལ་བ་འདེབས། །རྒྱལ་བསྟན་རིན་ཆེན་སྐྱོང་བར་གཉེར་བླངས་ཏེ། །ལོག་འདྲེན་ཚར་གཅོད་དམ་ལྡན་བུ་བཞིན་སྐྱོང་། །མ་ཧཱ་ཀ་ལ་ལྕམ་དྲལ་སྡེ་དཔུང་བཅས། །བསྟན་སྲུང་མཆོག་དེར་སྙིང་ནས་གསོལ་བ་འདེབས། །ངོ་བོ་དབྱེར་མེད་སྣང་ཚུལ་ཐ་དད་པའི། །ཐུགས་རྗེའི་སྤྲུལ་བསྒྱུར་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྲུང་སྐྱབས་གནས་དཀོན་མཆོག་ལ། །རྩེ་གཅིག་གུས་པས་སྙིང་ནས་གསོལ་བ་འདེབས། །རིན་ཆེན་བསྟན་པ་བཤད་སྒྲུབ་ཉམས་ལེན་གྱི། །སྲོག་འཛིན་ཐོས་བསམ་སྒོམ་བརྩོན་འདུས་སྡེ་རྣམས། །མི་མཐུན་བར་ཆད་བདུད་ལས་རྣམ་རྒྱལ་ཞིང་།


TR003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཕྱོགས་མཐར་འཕེལ་རྒྱས་བྱིན་གྱིས་རློབས། །བསྟན་སྲོག་ཚུལ་བཞིན་འཛིན་པའི་རྣམ་འདྲེན་དང་། །ཚོགས་བསམ་དབེན་པར་སྤྱོད་པའི་དགེ་འདུན་ཀུན། །བཞེད་མཐུན་བྱང་ཆུབ་བསྒྲུབ་ལ་བར་ཆད་མེད། །རང་གཞན་དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས། །བདག་སོགས་མགོན་ཁྱོད་གདུལ་བྱར་གྱུར་པ་ཀུན། །རྣམ་གཡེང་ཆོས་བརྒྱད་ཉོན་མོངས་ལས་ངན་དབང་། །མི་འཆོར་ཟབ་དོན་སྙིང་པོས་རྒྱུད་གྲོལ་ཏེ། །ཚེ་གཅིག་བྱང་ཆུབ་འགྲུབ་པར་བྱིན་གྱིས་རློབས། །བླ་མ་རྒྱལ་བ་རབ་འབྱམས་སྤྲུལ་འཁོར་བཅས། །ཐུགས་རྗེའི་མཁའ་ཁྱབ་འགྲོ་ཀུན་རྗེས་བཟུང་ནས། །མངོན་པར་མཐོ་དང་ངེས་ལེགས་དཔལ་འབྱོར་གྱི། །བཀྲ་ཤིས་འཇིག་རྟེན་ཡོངས་ལ་ཁྱབ་གྱུར་ཅིག །ཅེས། རྗེ་བཙུན་དཔལ་ལྡན་བླ་མ་གྲུབ་པའི་གཙུག་རྒྱན་འཁྲུལ་ཞིག་ཆེན་པོ་ཁྱི་ཐུལ་བ་ཞེས་མཚན་གྱི་གྲགས་དཀར་ལྷ་ལམ་ཁྱབ་པ་གང་གིས་ཐུགས་རྗེའི་སྒྱུ་འཕྲུལ་ཡེ་ཤེས་སྐུའི་བཀོད་


TR003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་རིམ་བྱོན་རྣམས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅས་པ་འདི་ནི། རྗེ་བཙུན་མཆོག་དེའི་ཐུགས་རྗེ་དང་ཆོས་ཀྱི་བཀའ་དྲིན་ལས་འཁྲུངས་པའི་སྐྱེས་ཆེན་དམ་པ་ཀརྨ་མི་ཕམ་མགོན་པོའམ་མཚན་གཞན། ངེས་དོན་མཐར་ཕྱིན་དཔལ་བཟང་པོར་ཐུགས་བསམ་རྣམ་པར་དག་པས་བསྐུལ་བར་མཛད་པའི་བཞེད་དགོངས་དང་མཐུན་པར་བཀོད་པས་བཀྲ་ཤིས་བྱིན་རླབས་ཀྱི་དཔལ་དུ་འབར་བར་གྱུར་ཅིག །ཨོཾ་ཨཱཿཧཱུྃ། གནས་ལུགས་ཕྱག་རྒྱ་ཆེན་པོ་གདོད་མའི་གཤིས། །སྐྱེ་འགག་གནས་དང་འགྲོ་འོང་མཚན་མས་དབེན། །བརྗོད་བྲལ་ལྷན་སྐྱེས་ཡེ་ཤེས་ངོ་བོ་ཉིད། །མ་བཅོས་ལྷུན་གྲུབ་འདི་ནི་བླ་མའི་སྐུ། །ཆོས་སྐུ་ཁྱབ་གདལ་ཆེན་པོར་གསོལ་བ་འདེབས། །ཡེ་གྲོལ་འགྱུར་མེད་ཀློང་ནས་བྱིན་གྱིས་རློབས། །ཞེ་འདོད་རྩོལ་སྒྲུབ་ངལ་བའི་བར་ཆད་ཀུན། །རང་སར་རང་གྲོལ་ཉིད་དུ་འགྲུབ་པར་ཤོག །ཆོས་ཉིད་གསལ་སྟོང་ཟུང་འཇུག་རང་གདངས་ལས། །འགག་མེད་འཆར་སྒོའི་སྣང་བ་རབ་འབྱམས་ཀུན། །སྣང་ཡང་བདེན་འཛིན་ཞེན་པས་མ་བཅིངས་པ། །


TR003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རང་གསལ་འཛིན་མེད་འདི་ནི་བླ་མའི་སྐུ། །ལོངས་སྐུ་མཚན་རྫོགས་ཆེན་པོར་གསོལ་བ་འདེབས། །མི་ཟད་རྒྱན་འཁོར་ཀློང་ནས་བྱིན་གྱིས་རློབས། །ཡུལ་སེམས་ཐ་དད་བཟུང་བའི་འཁྲུལ་རྟོག་ཀུན། །མ་སྤངས་རང་གྲོལ་ཉིད་དུ་འགྱུར་བར་ཤོག །རྩལ་མདངས་ཅིར་ཡང་འཆར་བའི་སྒྱུ་འཕྲུལ་གྱི། །བཀོད་པ་འབུམ་ཕྲག་སྟོན་ཡང་ངོ་བོས་སྟོང་། །སྣང་སྟོང་ཐ་དད་མེད་པའི་རང་བཞིན་གྱི། །ཀུན་བྱེད་རྒྱལ་པོ་འདི་ནི་བླ་མའི་སྐུ། །སྤྲུལ་སྐུ་འགྲོ་འདུལ་ཆེན་པོར་གསོལ་བ་འདེབས། །ཤར་གྲོལ་དུས་མཉམ་ཀློང་ནས་བྱིན་གྱིས་རློབས། །སྒྱུ་མ་བདེན་པར་བཟུང་བའི་བག་ཆགས་ཀྱི། །ཨ་འཐས་གཞི་རྩ་མེད་པར་ཞི་བར་ཤོག །སྐུ་གསུམ་དབྱེར་མེད་རིགས་བདག་བླ་མ་ཉིད། །རང་སེམས་གཉུག་མ་འདི་དང་ཐ་དད་མེད། །གཉིས་མེད་རང་ངོ་ཤེས་པའི་མོས་གུས་ཀྱིས། །གསོལ་བ་འདེབས་བྱ་འདེབས་བྱེད་མ་དམིགས་པའི། །བཅོས་


TR003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མིན་མོས་གུས་ཐ་མལ་ཤེས་རིག་ལ། །བཅོས་མའི་ལྷད་ཀྱི་མ་བསླད་མ་བསྒྱུར་བ། །བླ་མ་རང་རིག་སྒོམ་ཡེངས་ལས་འདས་པའི། །ཀློང་དུ་འཁོར་འདས་དུས་གསུམ་འབྲལ་མེད་ཧཱུྃ། །གནས་ལུགས་གདོད་མའི་ཡེ་ཤེས་སྤྲོས་མཚན་གྱི། །དྲི་མས་མ་སྒྲིབས་དོན་དམ་བླ་མ་ཡི། །རང་ཞལ་མངོན་སུམ་མཇལ་བ་འདི་ཇི་བཞིན། །མཁའ་མཉམ་ཕ་མ་འགྲོ་ཀུན་སྐྱེ་མེད་ཨཱཿ བདག་ཉིད་འདི་བཟུང་སྐྱེ་བའི་འཕྲེང་བརྒྱུད་མཐར། །བདག་ཏུ་འཛིན་པའི་རི་མོ་མ་ཡལ་བར། །དེ་སྲིད་ཟང་ཟིང་བསྡུ་ཐབས་མ་ཡིན་པའི། །འགྲོ་དོན་རླབས་ཆེན་སྤྱོད་པའི་སྤྲུལ་སྐུར་ཨོཾ། །རྟག་ཏུ་གཞན་ལ་ཕན་པ་ཡང་དག་གི །བྱང་སེམས་སྤྱོད་པ་ངལ་མེད་སྒྲུབ་བྱེད་ཅིང་། །ངར་འཛིན་ཆོས་བརྒྱད་བདུད་ཀྱིས་མ་བཅོམས་པར། །བླ་མ་མཆོག་གི་གོ་འཕངས་མྱུར་འགྲུབ་ཤོག །ཅེས། ངེས་དོན་དང་མཐུན་པའི་སྐུ་གསུམ་གསོལ་འདེབས་འདི་བཞིན་བྲིས་པ་དགོས་ཞེས། གཙང་ཕྱོགས་རྒྱལ་བྱེད་ཚལ་གྱི་ཆོས་གྲྭ་ཆེན་པོའི་མཁན་


TR003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་མི་ཕམ་ཆོས་འཕེལ་བའི་བསྐུལ་ངོར་བཀོད་པའོ། །ན་མོ་གུ་རུ། བདག་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་ཆོས། །མཐའ་དག་གཟོད་མ་ཉིད་ནས་ཡོངས་དག་པའི། །རང་བཞིན་དཔལ་ལྡན་བླ་མའི་དཀྱིལ་འཁོར་དུ། །སྣང་སྲིད་སྣོད་བཅུད་ཅིར་སྣང་དེ་བཞིན་ནོ། །འོན་ཀྱང་མོས་བློས་རང་གསལ་གདབ་པའི་ཕྱིར། །སྤྱི་གཙུག་དད་བརྒྱའི་འདབ་སྟོང་ཉི་ཟླའི་སྟེང་། །དྲན་མཆོག་རྗེ་བཙུན་བླ་མ་མཚན་དཔེའི་སྐུར། །སྣང་སྟོང་རང་རིག་ངོ་བོར་ལམ་མེར་ཤར། །མཆོད་བྱ་མཆོད་བྱེད་གཉིས་སྣང་རྟོག་པའི་འཕྲེང་། །ཀུན་རྫོབ་སྒྱུ་མའི་མཎྜལ་མ་ཡིན་པར། །རང་སེམས་བླ་མའི་ངོ་བོར་ཐག་ཆོད་པའི། །གང་དག་དོན་གྱི་མཎྜལ་འབུལ་བར་བགྱི། །ཨོཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཨཱཿཧཱུྃ། ཨེ་མ་ཧོཿ གདོད་ནས་རྣམ་དག་གི་ཞིང་ཁམས། །ཡེ་གྲོལ་ཀ་དག་གི་ཀློང་ནས། །


TR003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་ཆོས་སྐུ་ཡི་བླ་མ། །སྒོམ་མེད་བློ་འདས་རང་མཁྱེན་ནོ། །འོད་གསལ་ལྷུན་གྲུབ་ཀྱི་ཞིང་ཁམས། །སྣང་སྲིད་ཡོངས་དག་གི་དཀྱིལ་འཁོར། །འགག་མེད་ལོངས་སྐུ་ཡི་བླ་མ། །ཡེངས་མེད་འཛིན་བྲལ་རང་མཁྱེན་ནོ། །སྣ་ཚོགས་སྒྱུ་འཕྲུལ་གྱི་རོལ་རྩལ། །ཅིར་ཡང་ངེས་མེད་ཀྱི་གར་མཁན། །ཀུན་བྱེད་སྤྲུལ་སྐུ་ཡི་བླ་མ། །འཁྲུལ་མེད་རང་གྲོལ་རང་མཁྱེན་ནོ། །སྐུ་གསུམ་དབྱེར་མེད་ཀྱི་གནས་ལུགས། །སངས་རྒྱས་ལག་བཅངས་སུ་སྟོན་མཛད། །སྐུ་དྲིན་མཚུངས་མེད་ཀྱི་རྗེ་བཙུན། །རྩ་བའི་བླ་མ་རང་མཁྱེན་ནོ། །ཆོས་ཐམས་ཅད་བློ་ཡི་སྣང་ཚུལ་ཙམ། །སངས་རྒྱས་ཀུན་གདུལ་བྱའི་བསྐལ་ངོར་སྤྲུལ། །བདག་ཉིད་ཀྱི་རང་སྐལ་ཇི་བཞིན་དུ། །སངས་རྒྱས་ཞེས་ཁྱེད་ལས་གཞན་སུ་གང་། །རབ་འབྱམས་ཀྱི་ཞིང་དང་གདུལ་བྱ་དང་། །འདུལ་བྱེད་དང་འདུལ་ཐབས་ཇི་སྙེད་པ། །ཐམས་ཅད་ཀྱང་བླ་མའི་སྒྱུ་འཕྲུལ་ལས། །དོན་གཞན་དུ་


TR003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་མི་སེམས་སོ། །ཐུགས་རྗེ་ལ་བསྐུལ་བར་མི་འཚལ་ཞིང་། །བྱིན་རླབས་ལ་རྒྱུན་ཆད་མེད་མོད་ཀྱང་། །བདག་ཡིད་ཀྱི་མོས་པའི་གདུང་དབྱངས་འདི། །རྗེ་བླ་མའི་སྙན་དུ་གསན་ལགས་སམ། །བདག་ཐོག་མེད་དུས་ནས་ད་བར་དུ། །ལས་ཉོན་མོངས་མ་རིག་འཁྲུལ་པ་འཐུམས། །རྗེ་ཐུགས་རྗེའི་ཉི་མ་གསལ་འབར་ཁྱེད། །སྙིང་ཐག་པས་གསོལ་འདེབས་འབད་ལ་གཟིགས། །རྗེ་སྐུ་གསུམ་ངོ་བོ་དབྱེར་མེད་ཉིད། །བདག་གདུལ་བྱའི་ཁམས་ལ་ཡོངས་ཁྱབ་ཀྱང་། །བློ་མ་རིག་རྨོངས་པས་གཉིས་སུ་སྣང་། །ད་གཉིས་མེད་དུ་འགྲུབ་པར་བྱིན་གྱིས་རློབས། །བདག་ཆོས་གཟུགས་སྙོམས་ལས་རྣམ་གཡེང་མཁྱེན། །ཕ་ཁྱེད་ལས་རེ་ས་གཞན་མེད་པས། །ཐུགས་སྙིང་རྗེ་ཆེན་པོའི་དབྱིངས་རུམ་ནས། །སྐུ་རྫུ་འཕྲུལ་གྱི་བཀོད་པ་བསྟན་དུ་གསོལ། །ཆོས་བརྒྱད་ཁྲི་བཞི་སྟོང་བསམ་ཡས་ཀྱང་། །


TR003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འགྲོ་བ་འདུལ་ཐབས་གཅིག་ཉིད་ཕྱིར། །གནད་ཟབ་མོ་ངེས་དོན་བདུད་རྩིའི་ཆར། །བདག་མོས་པའི་བུ་ཡི་རྒྱུད་ལ་ཕོབ། །སེམས་འཁྲུལ་རྟོག་གི་རྫུན་སྣང་རྨི་ལམ་བཞིན། །འདིས་རང་ཕུང་དུ་འཁོར་བའི་བཙོན་རར་འཇུག །ད་ཅོག་བཞག་གི་ཀློང་དུ་ཆམ་གྲོལ་བར། ཁྱེད་ཐུགས་རྗེའི་མཐུ་ཡིས་མཛད་རེ་རན། །བདག་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །ཕ་ཐུགས་རྗེའི་གཏེར་མངའ་རྗེ་བཙུན་ཁྱེད། །དུས་རྟག་ཏུ་གཡེལ་མེད་བརྩེ་ཆེན་གྱིས། །གཟིགས་མཛོད་དང་ལྷ་ཡི་ལྷ་གཅིག་པུ། །ཀྱེ་ཧོ། །བདག་དང་བླ་མ་གསོལ་བ་གདབ་པ་གསུམ། །དོན་ལ་རང་རིག་ཆོས་སྐུར་རོ་གཅིག་ཀྱང་། །མངོན་དུ་མ་གྱུར་རྨོངས་པའི་བུ་འབངས་ལ། །ཐུགས་རྗེས་མྱུར་དུ་གཟིགས་དང་བླ་མ་མཆོག །འཁོར་འདས་སྣང་གྲགས་བདེ་སྡུག་རྟོག་ཚོགས་ཀུན། །རང་སེམས་འཆར་སྒོ་སེམས་ཉིད་བླ་མའི་ཐུགས། །གཉིས་སུ་མེད་ཀྱང་ཞེན་འཛིན་རྦ་ལ་


TR003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་། །འཁྲུལ་ཞེན་ཆུ་རྒྱུན་ཆོད་ཅིག་བླ་མ་མཁྱེན། །འདི་ཕྱི་བར་དོ་ལུས་ངག་སེམས་སྣང་ཀུན། །རྨི་ལམ་ཡུལ་བཞིན་བདེན་པས་དབེན་ན་ཡང་། །ད་དུང་ཨ་འཐས་འཁྲུལ་ཕྱིར་འབྲང་བའི་བུ། །བདག་འདྲའི་སྡུག་བསྔལ་བསལ་མཛོད་བླ་མ་མཁྱེན། །དགྲ་འདྲེ་ནད་རྐྱེན་སེམས་ཀྱིས་བཏགས་པ་ཙམ། །སེམས་ཉིད་སྒྱུ་མའི་ལུས་ལ་ཞེན་པས་ཕུང་། །ཞེན་འཛིན་བདག་ཏུ་བཟུང་བའི་ཆགས་སྡང་ཅན། །རྐྱེན་ངན་ལམ་དུ་ལོངས་མཛོད་བླ་མ་མཁྱེན། །ཡུལ་འཁོར་ཟས་གོས་ལོངས་སྤྱོད་གཡེང་བའི་རྒྱུ། །སྐྱིད་འདོད་ཚེ་འདིའི་འདུན་མས་མི་ཚེ་ཟད། །འཆི་ཁར་ལག་སྟོང་འགྲོ་སྙིང་མེད་པོ། །ཞེན་ལོག་རྒྱུད་ལ་འཆར་མཛོད་བླ་མ་མཁྱེན། །དོན་དམ་ཆོས་ཉིད་མངོན་དུ་མ་གྱུར་བར། །རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པའི་ཚུལ། །གོ་ཞིང་ཤེས་ཀྱང་མི་དགེ་ཞོར་གསོག་མཁན། །


TR003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཁ་ཆོས་ལ་བསྒྱུར་མཛོད་བླ་མ་མཁྱེན། །སྐྱེ་འཆི་འཁོར་བའིའཁྲུལ་འཁོར་ཤུགས་དྲག་པོས། །རྟག་པ་རྒྱུན་དུ་སྲིད་པའི་འཁོར་ལོར་འཁྱམས། །ད་ནས་ཡང་དག་བྱང་ཆེན་ལམ་བཟང་ལ། །མྱུར་བ་ཉིད་དུ་ཁྲིད་མཛོད་བླ་མ་མཁྱེན། །ཨ་ལ་ལ་ཧོ། །ངོ་མཚར་སྤྲུལ་བསྒྱུར་གང་འདུལ་རོལ་བ་ཡིས། །འགྲོ་རྣམས་བདེ་བླག་སྒྲོལ་བའི་ཡ་མཚན་དེ། །བླ་མ་མཆོག་ཁྱེད་སྐུ་ཡི་རྣམ་པར་ཐར། །དེ་བཞིན་བདག་ལུས་སྤྲུལ་པའི་སྐུ་འགྲུབ་ཤོག །ཟབ་རྒྱས་ཐ་དད་འགྲོ་བའི་མོས་སྐལ་དང་། །རྗེས་མཐུན་དམ་ཆོས་འདོད་དགུའི་ཆར་ཕབས་པས། །གདུལ་བྱ་སྨིན་མཛད་ཁྱེད་གསུང་རྣམ་པར་ཐར། །དེ་བཞིན་བདག་ངག་ལོངས་སྐུར་ལྷུན་གྲུབ་ཤོག །རྟོག་མེད་ཐུགས་རྗེ་རྨད་བྱུང་ཡེ་ཤེས་ཀྱི། །དབྱིངས་ཉིད་གདོད་མའི་མགོན་པོར་དངོས་ཀུན་ལ། ཁྱབ་འདི་ཁྱེད་ཐུགས་རྣམ་ཐར་འདུས་མ་བྱས། །དེ་བཞིན་བདག་ཡིད་ཆོས་སྐུ་མངོན་གྱུར་ཤོག །ལྷ་


TR003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དཀྱིལ་འཁོར་ཞིང་ཁམས་ཆོས་ཀུན་ཀྱང་། །དོན་ལ་རྒྱལ་བ་ཁྱེད་ལས་གཞན་མི་དམིགས། །སངས་རྒྱས་གཅིག་དུས་ཉིད་ལ་གསོལ་བཏབ་པས། །སྐུ་བཞི་དབྱེར་མེད་བདག་གི་རྟགས་འགྲུབ་ཤོག །ཨོཾ་ཨཱཿཧཱུྃ་ཧོ། །སྲིད་ཞི་ཀུན་མཉམ་རྫོགས་ཀྱི་མཁའ་དབྱིངས་སུ། ཁྱབ་བདག་གི་རྒྱལ་མཆོག་ཀུན་ཏུ་བཟང་། །དུས་གསུམ་གྱི་སངས་རྒྱས་བསྐྱེད་པའི་ཡབ། །དྲིན་ཅན་གྱི་བླ་མར་བདག་ཡིད་ཆེས། །དྲང་དོན་དང་ངེས་དོན་རབ་འབྱམས་ཆོས། །མ་ལུས་ཀྱི་སྙིང་པོའི་བཅུད་མཐར་ཐུག །རང་སེམས་དང་སངས་རྒྱས་བླ་མ་གསུམ། །དབྱེར་མེད་དུ་གཅིག་པའི་བཀའ་དྲིན་ཐོབ། །འཁོར་བ་དང་ལམ་དང་མྱང་འདས་གསུམ། །ཐ་མལ་གྱི་ཤེས་པ་པོ་མའི་སྟེང་། །མཉམ་འཇོག་ལ་དགའ་འདམ་མ་དགོས་པའི། །བདག་བློ་དེ་ཁྱེད་ཐུགས་གཅིག་པུར་གཏོད། ཁམས་གསུམ་གྱི་འདྲེན་མཆོག་སྐྱབས་གནས་ཀུན། །དུས་གཅིག་ཏུ་བདག་མདུན་བྱོན་གྱུར་ནའང་། །བདག་


TR003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ནི་ཕ་མཆོག་ཁྱེད་ལས་གཞན། །སྐྱབས་གནས་ཀྱི་ལྟོས་ཡུལ་འཚོལ་མ་ལགས། །སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཆེ། །ཡོངས་རྫོགས་ཀྱི་བྱིན་རླབས་དབང་གི་མཆོག །བསྐུར་ཐོབ་ཀྱི་མཚན་མའི་འཛིན་རྟོག་བཅས། །རང་གྲོལ་ཀློང་ཡངས་ཀྱི་ངང་དུ་གདལ། །མཚུངས་བྲལ་དྲིན་ཅན་བླ་མ་དེ། །བདག་དང་འདུ་འབྲལ་ཡེ་མེད་བཞིན། །ངེས་ཤེས་མོས་གུས་དྲག་པོ་ཡིས། །གསོལ་བ་བཏབ་དོན་མྱུར་འགྲུབ་ཤོག འཇིག་རྟེན་འཁྲུལ་པའི་འདུན་མ་ལ། །ཞེན་པས་མི་ཚེ་མི་སྐྱེལ་བར། །གྲུབ་ཐོབ་རྒྱུད་པའི་རྣམ་ཐར་འཁྱོངས། །ཚེ་དང་སྒྲུབ་པ་མཉམ་པར་ཤོག །ཀུན་རྫོབ་སྤྲོས་བཅས་འདུ་བྱེད་ཀྱི། །ཆོས་ལ་བློ་ཁ་མི་ཡེངས་པར། །བྱང་ཆུབ་ཚེ་འདིར་འགྲུབ་ནུས་པའི། །ཟབ་དོན་རྩེ་གཅིག་སྒོམ་པར་ཤོག །རང་རྒྱུད་ཆོས་ཀྱི་མ་སྨིན་པར། །ལྟར་སྣང་གཞན་དོན་བསླུ་བྲིད་ཀྱིས། །གཉིས་ཕུང་དོན་མེད་མི་བྱེད་པར། །དམ་བཅས་མཐའ་རུ་ཕྱིན་པར་ཤོག །ཆོས་


TR003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་གཏན་སྲིད་མ་ཟིན་བར། །མངོན་ཤེས་གྲུབ་རྟགས་ལྟར་སྣང་གི། །རང་མཐོང་འགོང་པོས་མི་བསླུ་བར། །སྣང་བཞི་མཐའ་རུ་ངེས་ཕྱིན་ཤོག །སྐུ་གསུམ་སྒོ་འཕང་མངོན་གྱུར་ཚེ། །འབད་མེད་ཐུགས་རྗེའི་རོལ་གར་གྱིས། །འཁོར་མཚོ་དོང་ནས་སྤྲུགས་ནུས་པའི། །ཕྲིན་ལས་ནམ་མཁའ་མཉམ་པར་ཤོག །དེ་ལྟར་བདག་གིས་དཔལ་ལྡན་བླ་མ་མཆོག །བསྒོམས་ཤིང་བསྒྲུབས་དང་གསོལ་བ་བཏབས་པ་ཡི། །དགེ་བ་འདིས་མཚོན་ཚེ་རབས་ཐམས་ཅད་ཀྱི། །རྣམ་དཀར་ཇི་སྙེད་འགྲོ་བའི་དོན་དུ་བསྔོ། །གཞི་དང་ལམ་དང་འབྲས་བུར་བཏགས་པ་དང་། །ལྟ་སྒོམ་སྤྱོད་སོགས་མིང་དུ་ཅིར་བརྗོད་པའི། །ཉམས་ལེན་བླ་མ་རང་སེམས་དབྱེར་མེད་ཀྱི། །དོན་འདི་འགྲོ་བ་ཀུན་གྱིས་རྟོགས་འགྲུབ་ཤོག །བདག་དང་སེམས་ཅན་བླ་མ་ཞེས་པའི་མིང་། །ཀུན་ཀྱང་ད་ལྟའི་རིག་པ་བཅོས་མིན་འདིར། །ཅོག་བཞག་ཁྱབ་གདལ་རང་བབས་གཉུག་མའི་གཤིས། །


TR003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཡངས་རྫོགས་པ་ཆེན་པོའི་ཀློང་དུ་ཕཊཿ ཅེས། ཡང་དག་དོན་གྱི་བླ་མའི་རྣལ་འབྱོར་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ཉིད། རང་གི་གཅུང་པོ། སྤྲོས་མེད་གཅིག་ཅར་ལ་མོས་པའི་རྣལ་འབྱོར་སུ་རྒྱརྨ་ཏིའི་ཉམས་ལེན་རྒྱུན་ཁྱེར་དུ་གདམས་པའོ།། ༈ །།དུས་གསུམ་རྒྱལ་རྣམས་ཆོས་སྐུ་དབྱེར་མེད་ཀྱང་། །འདུལ་བྱའི་སྐལ་ངོར་རྣམ་འགྱུར་མཐའ་ཡས་པའི། །མཚན་དང་མཛད་པ་རྒྱ་མཚོའི་ཕྲིན་ལས་གཏེར། །དབང་བསྒྱུར་རྩ་བའི་བླ་མར་གསོལ་བ་འདེབས། །ཤཱཀྱའི་དབང་པོའི་ཡབ་མཆེད་ལས་འཁྲུངས་ཤིང་། །མདོ་སྡེ་འཛིན་མཆོག་རྒྱལ་བའི་ཞབས་འབྲིང་མཛད། །འོད་སྲུངས་རྗེས་སུ་སྟོན་པའི་རྒྱལ་ཚབ་མཆོག །འཕགས་པ་ཀུན་དགའ་བོ་ལ་གསོལ་བ་འདེབས། །སྟོད་ལུང་སྐུ་འཁྲུངས་ཆོས་རྒྱལ་སྲོང་བཙན་གྱི། །ཆོས་བློན་འཕགས་ཡུལ་རིག་པའི་གནས་ལྔ་སྦྱངས། །བོད་ཡུལ་ཡི་གེའི་བསྟན་པ་བཙུགས་མཛད་པ། །ཐོན་མི་སམྦྷོ་ཊ་ལ་གསོལ་བ་འདེབས། །


TR003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་དུ་སྐུ་འཁྲུངས་རྒྱ་གར་མཁས་པ་ནི། །ཉེར་ལྔའི་དྲུང་དུ་ཐེག་པ་ཀུན་ལ་སྦྱངས། །ལོ་ཙཱའི་ཡང་རབ་འཇའ་ལུས་འོད་སྐུར་བཞུགས། །བཻ་རོ་ཙ་ནའི་ཞབས་ལ་གསོལ་བ་འདེབས། །ཡ་འབྲོག་རྔོག་རིགས་སྐུ་འཁྲུངས་བཀའ་གདམས་སྦྱངས། །རྒྱ་བལ་བོད་ཀྱི་མཁས་གྲུབ་མ་ལུས་བསྟེན། །དཔལ་ལྡན་གསང་ཕུར་སྡེ་སྣོད་ཆོས་གྲ་བཙུགས། །བློ་ལྡན་ཤེས་རབ་ཞབས་ལ་གསོལ་བ་འདེབས། །གཡུང་དུ་འཁྲུངས་ནས་དགའ་བ་གདོང་ལ་སོགས། །ཆོས་གྲ་མང་པོར་ཐོས་བསམ་སྒྲོ་འདོགས་བཅད། །ཟུལ་ཕུར་འདུལ་གྲའི་བསྟན་སྲོག་ཆོས་ཀྱིས་བཟུང་། །བྱ་འདུལ་བརྩོན་འགྲུས་འབར་ལ་གསོལ་བ་འདེབས། །ས་སྐྱའི་གདུང་ལས་འཇམ་དབྱངས་རྣམ་འཕྲུལ་བྱོན། །གནས་ལྔ་མཐར་ཕྱིན་བལ་པོར་མུ་སྟེགས་བཏུལ། །གངས་ཅན་མཁས་པའི་མཆོག་གྱུར་ས་པ་ཆེ། །ཀུན་དགའ་རྒྱལ་མཚན་ཞབས་ལ་གསོལ་


TR003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །རྒྱ་གར་ལྷོ་ཕྱོགས་པ་གྲུབ་ཀུན་གྱི་གཙོ། །བོད་བྱོན་བུ་དོང་ཨེ་ཡི་ཆོས་གྲ་བཏབས། །གླེགས་བམ་གདོན་ཅན་རྫུ་འཕྲུལ་མཐུ་ཡིས་བཏུལ། །པ་ཆེན་འབུམ་ཕྲག་གསུམ་པར་གསོལ་བ་འདེབས། །སྙེ་མོར་སྐུ་འཁྲུངས་བོན་དང་རྫོགས་ཆེན་མཁས། །རྒྱ་གར་མཁས་གྲུབ་ཆེན་པོ་བརྒྱ་བདུན་ཅུའི། །ཞབས་ཟིན་བོད་དུ་ཤངས་པ་བཀའ་རྒྱུད་དར། །གྲུབ་ཐོབ་ཁྱུང་པོའི་ཞབས་ལ་གསོལ་བ་འདེབས། །གཙང་རོང་གཡག་སྡེར་འཁྲུངས་ནས་གསར་རྙིང་གི། །རྣམ་འདྲེན་མང་བསྟེན་མདོ་སྔགས་ཀུན་ལ་མཁས། །རྫོགས་ཆེན་སེམས་ཕྱོགས་བསྟན་པ་སྤེལ་མཛད་པ། །པ་ཆེན་བརྩོན་འགྲུས་དར་ལ་གསོལ་བ་འདེབས། །འབྲི་གུང་ཕྱོགས་འཁྲུངས་སྐྱོབས་པའི་ཉེ་གནས་མཛད། །ཙཱ་རིའི་གནས་སུ་མཆོག་གི་དངོས་གྲུབ་བརྙེས། །གནས་ཆེན་རྣམས་སུ་སྒྲུབ་གྲའི་བསྟན་པ་བསྐྱངས། །དཔལ་ཆེན་ཆོས་ཡེའི་ཞབས་ལ་གསོལ་བ་འདེབས། །


TR003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་ཕྱི་ཁང་དམར་རིག་འཛིན་རྒྱུད་དུ་འཁྲུངས། །གུ་རུའི་ཟབ་གཏེར་ཆེ་ཆུང་བརྒྱ་རྩ་བརྒྱད། །སྒོ་ཕྱེས་སྨིན་གྲོལ་ཆོས་ཀྱི་ཉི་མ་ཤར། །གཏེར་སྟོན་རྡོ་རྗེ་གླིང་པར་གསོལ་བ་འདེབས། །ཤངས་སུ་འཁྲུངས་ནས་ཟབ་ལུང་གནས་སྒོ་ཕྱེས། །རྡོར་གླིང་སྐྱེ་བའི་བག་ཆགས་གསལ་དྲན་པས། །སྔར་གྱི་གཏེར་མཛོད་ཀུན་ལ་རང་དབང་བསྒྱུར། །པདྨ་ཀུན་སྐྱོང་གླིང་པར་གསོལ་བ་འདེབས། །ཡར་ཀླུངས་འཁྲུངས་ནས་ཛམ་ལའི་དངོས་གྲུབ་ཐོབ། །མདོ་རྒྱུད་སེམས་གསུམ་ལ་མཁས་རྔོ་ཐེལ་བཞུགས། །དཔལ་ཆེན་ཡང་དག་ལྷ་ཚོགས་ཞལ་གཟིགས་པ། །གཉལ་སྟོན་སངས་རྒྱས་གྲགས་ལ་གསོལ་བ་འདེབས། །སྟོད་དུ་སྐུ་འཁྲུངས་ཆོས་དང་བོན་གཉིས་ཀའི། །ཤེས་བྱ་མ་ལུས་མངོན་གྱུར་གཏེར་སྒོ་ཕྱེས། །བཀའ་སྲུང་བྲན་བཀོལ་བརྟུལ་ཞུགས་མཐར་ཕྱིན་པའི། །གཡག་ཆར་སྔོན་མོའི་ཞབས་ལ་གསོལ་བ་འདེབས། །ལྷོ་བྲག་


TR003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བན་པར་སྐུ་འཁྲུངས་པད་གླིང་གིས། །ཆོས་ཀྱིས་བདག་པོར་དབང་བསྐུར་རྒྱལ་ཚབ་བསྐོས། །མཐའ་དམག་བཟློག་ཅིང་སྐལ་ལྡན་སྨིན་གྲོལ་མཛད། །རིག་འཛིན་མཆོག་ལྡན་མགོན་པོར་གསོལ་བ་འདེབས། །ཤར་ཕྱོགས་དྭགས་ཡུལ་ལ་ཐོག་ཟུར་མཁར་འཁྲུངས། །སྨན་རྒྱལ་གཡུ་ཐོག་དངོས་མཇལ་བྱིན་རླབས་ཞུགས། །གསོ་རིག་བསྟན་པའི་སྲོག་བཟུང་ཕྱགས་རྫོགས་ཀྱི། །མངའ་བདག་མཉམ་ཉིད་རྡོ་རྗེར་གསོལ་བ་འདེབས། །མདོ་ཁམས་ཀ་ཐོག་སྐུ་འཁྲུངས་ཐོས་བསམ་སྦྱངས། །བོད་ཡུལ་མཁས་གྲུབ་ཀུན་བསྟེན་མཆོག་མཐུན་གྲུབ། །རྫ་ཡིག་ལ་སོགས་སྒྲུབ་སྡེ་དཔག་མེད་སྤེལ། །ཚུལ་ཁྲིམས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །བྱང་ཕྱོགས་འཁྲུངས་ནས་ཨེ་ཝཾ་ཆོས་གྲ་རུ། །མདོ་ཕྱོགས་སྦྱངས་མཐར་སྔགས་ཀྱི་དངོས་གྲུབ་བརྙེས། །ཟབ་གཏེར་མང་བཞེས་འགྲོ་དོན་མཐའ་རུ་ཕྱིན། །འཕྲང་པོ་ཤེར་འོད་ཞབས་ལ་གསོལ་


TR003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །ཀོང་པོ་ང་ལར་གྲུབ་ཐོབ་རྒྱུད་འཁྲུངས་ནས། །དྭགས་ཕྱོགས་མདོ་སྔགས་སྦྱངས་ཤིང་སྨིན་གྲོལ་བརྙེས། །ཀོང་ལོང་སྔ་འགྱུར་བསྟན་པའི་སྒྲོན་མེ་མཆོག །མཚུངས་མེད་བསྟན་འཛིན་རྡོ་རྗེར་གསོལ་བ་འདེབས། །སྣ་ཚོགས་གདུལ་བྱར་སྣ་ཚོགས་འདུལ་ཐབས་ཀྱི། །ཐུགས་རྗེའི་སྒྱུ་འཕྲུལ་སྲིད་པ་ཇི་སྲིད་བར། །རྒྱུན་ཆད་མེད་སྟོན་དྲིན་ཅན་རང་གྲོལ་རྗེར། །གསོལ་བ་སྙིང་ནས་འདེབས་སོ་ཐུགས་རྗེས་གཟིགས། །གང་གི་སྐྱེས་རབས་ངོ་མཚར་མཛད་པའི་འཕྲེང་། །ཡོན་ཏན་རྗེས་སུ་དྲན་ཕྱིར་གསོལ་བཏབས་པས། །མགོན་ཁྱོད་རྒྱལ་བ་ཀུན་གྱི་ཡེ་ཤེས་དང་། །དབྱེར་མེད་གོ་འཕང་བདག་ཀྱང་འགྲུབ་པར་ཤོག །ཅེས་པའི་སྐྱེ་རྒྱུད་རྣམས་ཀྱི་རྣམ་ཐར་མདོར་བསྡུས་གསོལ་འདེབས་སུ་བགྱིས་པ་འདི་ནི། ལོང་ཡུལ་པདྨ་ཆོས་གླིང་གི་སྒྲུབ་སྡེ་ནས་བླ་མ་ཆོས་དབྱིངས་ཡོངས་གྲོལ་གྱིས་བསྐུལ་ངོར་བཀོད་པའོ།། ༈ །།ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་འདུས་མ་བྱས་པའི་མཁའ་ཀློང་ལས་།


TR003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

འགག་མེད་རང་གསལ་ཡེ་ཤེས་རྒྱུ་མའི་སྐུ། །རྒྱལ་ཀུན་ཐུགས་རྗེའི་འོད་ཟེར་གུ་རུ་རྗེ། །གསོལ་བ་འདེབས་སུ་བྱེད་ན། གསོལ་བ་འདེབས་སོ་ཞེས་ཁ་བསྒྱུར་རོ། །མཆོད་པར་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །རྒྱལ་ཡུམ་ཤེར་ཕྱིན་དབྱིངས་ལས་མཚན་དཔེའི་སྐུ། །མཁའ་སྤྱོད་གྲུབ་པའི་རྒྱལ་མོ་མནྡ་ར། །ཟབ་གཏེར་བཀའ་ཡི་བསྡུ་མཛད་མཚོ་རྒྱལ་མ། །མཆོད་པར་འབུལ་ལོ༴ །དྷ་ན་ཀོ་ཥའི་མཚོ་དབུས་པད་སྡོང་ལས། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་སྐུར་བྱོན་པ། །ཡན་ལགས་བདུན་ལྡན་མཚོ་སྐྱེས་རྡོ་རྗེའི་སྐུ། །མཆོད་པར་འབུལ་ལོ༴ །རྒྱལ་སྲས་ཚུལ་བཟུང་མངའ་འབངས་ཐར་ལམ་བཀོད། །བརྟུལ་ཞུགས་སྤྱོད་པས་བསིལ་ཚལ་དུར་ཁྲོད་གཤེགས། །སྣང་སྲིད་དབང་སྡུད་པདྨ་རྒྱལ་པོ་ལ། །མཆོད་པ་འབུལ་ལོ༴ །གདོད་ནས་ཆོས་ཀུན་ཐུགས་ཀྱི་ཀློང་རྫོགས་ཀྱང་། །གདུལ་བྱའི་སྣང་ངོར་རབ་བྱུང་ཐོས་བསམ་མཛད། །པ་ཆེན་


TR003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་རྒྱན་པདྨ་སམ་བྷ་ཝ། མཆོད་པ་འབུལ་ལོ༴ །མཐའ་དག་ཤེས་བྱའི་གནས་ལ་བྱང་ཆུབ་སྟེ། །འཆི་མེད་རིག་པ་འཛིན་པ་རྡོ་རྗེའི་སྐུ། །ཡོངས་གྲུབ་བློ་ལྡན་མཆོག་སྲེད་འགྲོ་བའི་མགོན། །མཆོད་པ་འབུལ་ལོ༴ །གནས་ཡུལ་དུར་ཁྲོད་ཉེ་བའི་ཞིང་ཀུན་ཏུ། །ཕྱོགས་ལས་རྣམ་རྒྱལ་བརྟུལ་ཞུགས་མཐར་ཕྱིན་མཛད། །མཁའ་འགྲོའི་དབང་ཕྱུག་ཉི་མ་འོད་ཟེར་དཔལ། །མཆོད་པ་འབུལ་ལོ༴ །ཤཱཀྱའི་བསྟན་ལ་ཤཱཀྱའི་སྲོལ་བཟུང་ནས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཛུག་མཛད་པ། །སྟོན་པའི་རྒྱལ་ཚབས་ཤཱཀྱ་སེང་གེའི་ཞབས། །མཆོད་པ་འབུལ་ལོ༴ །ལོག་རྟོག་གྲུབ་མཐའ་ངན་པ་ཚར་བཅད་ཅིང་། །བདུད་ཀྱི་སྡེ་དཔུངས་དྲག་རྩལ་མཐུ་ཡིས་བཅོམ། །བསྟན་སྲུང་རྒྱལ་པོ་སེང་གེའི་སྒྲ་ཆེན་སྒྲོག །མཆོད་པ་འབུལ་ལོ༴ །


TR003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་ལྷ་སྲིན་གདུག་པའི་བར་ཆད་ཀུན། །ཏིང་འཛིན་རྣམ་རོལ་གར་དགུའི་ཉམས་ཀྱིས་བཏུལ། །བགེགས་འདུལ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ། །མཆོད་པ་འབུལ་ལོ༴ །སྤྲུལ་པའི་ཞིང་མཆོག་རྔ་ཡབ་པདྨ་འོད། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དབུས་ནས། །ཐུགས་རྗེ་རྒྱུན་ཆད་མེད་གཟིགས་ཐོད་ཕྲེང་རྩལ། །མཆོད་པ་འབུལ་ལོ༴ །མགོན་ཁྱོད་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །མཁའ་མཉམ་འགྲོ་དང་བདག་སོགས་གདུལ་བྱའི་ཚོགས། །ལས་ཉོན་བར་ཆད་ཞི་ཞིང་ཆོས་དོན་འགྲུབ། །ཚེ་གཅིག་བྱང་ཆུབ་དངོས་གྲུབ་སྩལ་དུ་གསོལ། །ཅེས་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཡབ་ཡུམ་སྤྲུལ་པའི་མཚན་བརྒྱད་དང་བཅས་པ་རྣམས་ལ་གསོལ་འདེབས་ཇ་མཆོད་གང་དགོས་ཀྱིས་ཆོག་པ་འདི་བཞིན་དགོས་ཞེས། །རྒྱ་བོད་མཚམས་ཀྱི་ལ་མོའི་རྩེའི་དབེན་གནས་ནས། བླ་མ་རིན་པོ་ཆེ་བྱམས་པ་ངག་དབང་ཀུན་དགའ་བསོད་ནམས་པས་


TR003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བ་ལྟར་བཀོད་པ་དགེའོ། །ཨེ་མ་ཧོཿ སྲིད་དང་ཞི་བ་འཁོར་བ་མྱང་འདས་སོགས། །སྣང་སྲིད་བརྟན་གཡོའི་དངོས་པོ་ཇི་སྙེད་ཀུན། །ཆོས་སྐུ་ཁྱབ་གདལ་ཆེན་པོའི་ཞིང་ཁམས་ལས། །མ་འདས་བདག་གཞན་དུས་གསུམ་མཚན་མས་དབེན། ༡ །རང་གསལ་འགག་མེད་སྒྱུ་འཕྲུལ་བདག་ལུས་ཀྱི། །ཕུང་ཁམས་སྐྱེ་མཆེད་ཆོས་ལྟར་གང་སྣང་བ། །མ་ལུས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ། །གདོད་ནས་ལྷུན་གྲུབ་མ་སྒོམས་རང་བཞིན་ཤར། ༢ །བདེ་ཆེན་འཁོར་ལོར་འདབ་སྟོང་ཉི་ཟླའི་སྟེང་། །ཀུན་བཟང་རྡོར་འཆང་ལ་སོགས་རིགས་བདག་གི །མཚན་དང་ཆ་ལུགས་བཀོད་པ་ཅིར་བསྟན་ཡང་། ༣ །ཐམས་ཅད་ཡོངས་འདུས་མ་ཧཱ་གུ་རུ་རྗེ། །འདས་དང་མ་བྱོན་ད་ལྟའི་སངས་རྒྱས་དང་། །ཞལ་མཐོང་གསུང་ཐོས་འབྲེལ་ཐོགས་བླ་མ་ཀུན། །ཐམས་ཅད་ཨོ་རྒྱན་ཆེན་པོའི་རྣམ་རོལ་འཕྲུལ། །ཡིན་ལ་ཡིན་པར་ཐག་ཆོད་མོས་གུས་ཀྱིས། ༤ །


TR003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་སྐྱབས་མཆི་མཆོད་འབུལ་སྡིག་པ་བཤགས། །ཡི་རངས་ཆོས་འཁོར་བསྐུལ་དང་བརྟན་བཞུགས་གསོལ། །དགེ་རྩ་བསྔོ་བའི་དབང་དང་གསོལ་འདེབས་ཡུལ། ཁོ་ན་གཅིག་པུར་རྩ་བའི་བླ་མ་འོ། ༥ །དུས་གསུམ་སྒྲིབ་མེད་མཁྱེན་པའི་པདྨ་འབྱུང་། །བྱིན་རླབས་ཐུགས་རྗེའི་བདག་ཉིད་རྗེ་བཙུན་མཆོག །བདག་སོགས་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །བརྩེ་བས་གཡེལ་མེད་གཟིགས་ཤིག་བྱིན་གྱིས་རློབས། ༦ །ཡུན་གྱི་ལས་ངན་སྡིག་སྒྲིབ་སྦྱང་དུ་གསོལ། །འཕྲལ་གྱི་ནད་གདོན་བར་ཆད་བསལ་དུ་གསོལ། །ཡིད་ལ་འདོད་དགུ་ཆོས་བཞིན་འགྲུབ་མཛད་གསལ། །མྱུར་དུ་ཐར་པའི་གོ་འཕང་ཐོབ་མཛད་གསོལ། ༧ །སྐྱེ་བ་འདི་ནས་མཐར་ཐུག་སངས་རྒྱས་ཀྱི། །འབྲས་མཆོག་མངོན་དུ་མ་གྱུར་དེ་སྲིད་བར། །ལེགས་ཉེས་སྐྱིད་སྡུག་བཟང་ངན་ཅི་བྱུང་ཡང་། །སྐྱབས་དང་རེ་ཡུལ་གཞན་དུ་མི་འཚོལ་


TR003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །བློ་གཏད་བུ་ལ་ཡལ་བར་མ་འདོར་བར། །འདི་ཕྱི་བར་དོ་གནས་སྐབས་ནམ་དུ་ཡང་། །བདག་དང་ཕ་མ་མཁའ་མཉམ་འགྲོ་བ་ཀུན། །ཐུགས་རྗེས་བཟུང་ནས་ཁྱེད་དང་དབྱེར་མེད་ཤོག །ཅེས་པ་འདི་ནི། ཁྱིམ་པའི་གཟུགས་ཀྱི་ཟབ་དོན་སྤྱོད་པ་དྷརྨ་པཱ་ལའི་མིང་ཅན་གྱིས་བསྐུལ་ངོར་གདམས་པ་དགེའོ། །ན་མོ་གུ་རུ་རཏྣ་བྷྱཿ གདོད་མའི་གནས་ལུགས་ཀྱི་ཞིང་ཁམས། །མ་བཅོས་རང་བབས་ཀྱི་ཀློང་ནས། །རང་གྲོལ་ཆོས་སྐུ་ཡི་བླ་མ། །གསོལ་བ་སྙིང་ནས་རང་འདེབས་སོ། །མཐའ་བྲལ་གཉུག་མ་ཡི་སེམས་ཉིད། །རང་གྲོལ་བྱིན་གྱིས་རང་རློབས་ཤོག །འགག་མེད་རང་གསལ་གྱི་ཞིང་ཁམས། །སྟོང་གསལ་འཛིན་མེད་ཀྱི་ཀློང་ནས། །རང་གྲོལ་ལོངས་སྐུ་ཡི་བླ་མ། །གསོལ་བ་སྙིང་ནས་རང་འདེབས་སོ། །སྣང་སྟོང་དབྱེར་མེད་ཀྱི་མཚན་ཉིད། །རང་གྲོལ་བྱིན་གྱིས་རང་རློབས་ཤིག །རྩལ་མདངས་ཅིར་ཡང་དུ་འཆར་བའི། །


TR003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་རྩལ་སྣ་ཚོགས་ཀྱི་རྣམ་འགྱུར། །རང་གྲོལ་སྤྲུལ་སྐུ་ཡི་བླ་མ། །གསོལ་བ་སྙིང་ནས་རང་འདེབས་སོ། །ཚོགས་དྲུག་བཟང་ངན་གྱི་ཞེན་རྟོག །རང་གྲོལ་བྱིན་གྱིས་རང་རློབས་ཤིག །རྗེ་བཙུན་རང་གྲོལ་གྱི་བླ་མ། །རང་སེམས་རིག་ཐོག་ཏུ་བཞུགས་ཀྱང་། །གཉིས་འཛིན་ངན་གོམས་ཀྱི་བུ་ལ། །ཐུགས་རྗེས་གཡེལ་མེད་དུ་གཟིགས་ཏེ། །འདི་བཟུང་བྱང་ཆུབ་ཀྱི་བར་དུ། །འབྲལ་མེད་བྱིན་གྱིས་རང་རློབས་ཤིག །བླ་མའི་སྐུ་ཡི་བྱིན་རླབས་ཀྱིས། །ལུས་སྤྲུལ་སྐུ་འགྲུབ་པར་མཛད་དུ་གསོལ། །རྗེ་བཙུན་གསུང་གི་བྱིན་རླབས་ཀྱིས། །ངག་ལོངས་སྐུར་སྨིན་པར་མཛད་དུ་གསོལ། །སྐྱབས་གནས་ཐུགས་ཀྱི་བྱིན་རླབས་ཀྱིས། །ཡིད་ཆོས་སྐུར་གྲོལ་བར་མཛད་དུ་གསོལ། །རྗེ་བླ་མའི་གོ་འཕངས་བདག་འགྲུབ་ནས། །མཁའ་མཉམ་འགྲོ་ཀུན་འདྲེན་པར་ཤོག །འདི་ནི་རྣམ་པ་གསོལ་འདེབས་སུ་བྱས་ཀྱང་དོན་ངོ་སྤྲོད་གསོལ་འདེབས་ཁོ་ན་ཡིན་


TR003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཅེས་པ་འདི། ཛྙཱ་ན་གྷའི་བསྐུལ་ངོར་བྲིས་པའོ། ཁམས་གསུམ་འདྲེན་མཆོག་རྒྱལ་བ་ཤཱཀྱའི་དབང་། །བསྟན་པའི་མངའ་བདག་མཆོག་ལ་གསོལ་བ་འདེབས། །མཁྱེན་པའི་འབྱུང་གནས་བྱམས་མགོན་འཇམ་དཔལ་དབྱངས། །ས་བཅུའི་དབང་ཕྱུག་གཉིས་ལ་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་འཛམ་གླིང་མཁས་པའི་གཙོ། །འཕགས་མཆོག་ཀླུ་སྒྲུབས་ཞབས་ལ་གསོལ༴ །དགའ་ལྡན་གནས་བྱོན་བྱམས་པས་རྗེས་སུ་བཟུང་། །འཕགས་པ་ཐོགས་མེད་ཞབས་ལ་གསོལ༴ །པདྨར་བརྫུས་སྐྱེས་འཇའ་ལུས་འོད་སྐུར་གྲོལ། །ཨཱརྻ་དེ་ཝའི་ཞབས་ལ༴ །སྨོན་ལམ་སྟོབས་ཀྱིས་མངོན་པའི་བསྟན་པ་གསོས། །མཁས་མཆོག་དབྱིག་གཉེན་ཞབས་ལ༴ །འཇམ་དབྱངས་དངོས་མཇལ་བཀའ་ཡི་དགོངས་དོན་འཁྲོལ། །ཕྱོགས་ཀྱི་གླང་པོའི་ཞབས་ལ༴ །ཚད་མ་སྡེ་བདུན་ཕ་


TR003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་རྒོལ་བ་འཇོམས། །ཆོས་ཀྱི་གྲགས་པའི་ཞབས་ལ༴ །འདུལ་བའི་བསྟན་ལ་སྟོན་པའི་ཕྲིན་ལས་མཛད། །དགྲ་བཅོམ་ཡོན་ཏན་འོད་ལ་གསོལ༴ །འདུལ་གཞུང་རྒྱ་མཚོའི་ཕ་མཐར་སོན་པའི་རྗེ། །གནས་བརྟན་ཤཱཀྱ་འོད་ལ་གསོལ༴ །འཛམ་གླིང་མཁས་པའི་རྒྱན་དྲུག་སྡེ་སྣོད་འཛིན། །ཀླུ་སྒྲུབ་ཐོགས་མེད་མཆོག་གཉིས་གཙུག་གི་རྒྱན། །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པ་ཡི། །ཤིང་རྟའི་སྲོལ་བྱེད་རྣམས་ལ་གསོལ་བ་འདེབས། །ཐུབ་བསྟན་སྙིང་པོ་སྡེ་སྣོད་གསུམ་གྱི་དོན། །མུན་སྤྲུལ་ལོག་ལྟའི་གྲུབ་མཐས་མ་བསླད་པར། །ཡང་དག་ལྟ་སྤྱོད་ཟུང་འབྲེལ་དྲི་མེད་ཀྱིས། །རིན་ཆེན་བསྟན་སྲོག་འཛིན་པར་བྱིན་གྱིས་རློབས། །ཐ་སྙད་ཚིག་གི་མཐའ་ལ་མི་འབྱམས་པར། །ངེས་པ་དོན་གྱི་མཛོད་ལ་དབང་ཐོབ་སྟེ། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་ཕྱིན། །ཀུན་མཁྱེན་རྒྱལ་བ་མཆོག་དང་དབྱེར་མེད་ཤོག །


TR003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ། འཕགས་ཡུལ་གྱི་མཁས་པ་རྒྱན་དྲུག་མཆོག་གཉིས་རྣམས་ལ་གསོལ་བ་འདེབས་པ་འདི་ནི། བདེ་ལེགས་དཔལ་འབྱོར་བས་བསྐུལ་ངོར་བཀོད་པའོ། རང་ལུས་འདི་ཡེ་གདོད་མ་ནས་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ་པ་ཡིན་ལ་ཡིན་པར་ཤེས་པའི་སྤྱི་བོའི་སྟེང་དུ་བླ་མ་བརྒྱུད་པ་རྣམས་ཐོ་བརྩེགས་སུ་གཅིག་གི་སྟེང་ན་གཅིག་མ་རེག་ཙམ་འཇའ་འོད་འཁྱིལ་ལེ་བཞུགས་པར་བསམ་ཞིང་། རང་བྱུང་རང་གསལ་རང་རིག་འདི། །མཆོད་པའི་མཎྜལ་ཀུན་གྱི་རབ། །རང་རིག་བླ་མ་ཉིད་མཆོད་པས། །རང་གྲོལ་ཆེན་པོའི་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ། འོད་གསལ་རྡོ་རྗེ་སྙིང་པོ་ཀུན་ཁྱབ་ཞིང་། །མཐའ་དབུས་བྲལ་བའི་སྟོན་པ་ཀུན་ཏུ་བཟང་། །ཡེ་གྲོལ་གདོད་མའི་སངས་རྒྱས་ཆོས་ཀྱི་སྐུ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལོངས་སྤྱོད་རྫོགས་པ་ཚངས་པ་རྔ་སྒྲའི་ཞིང་། །རྒྱལ་བའི་དཀྱི་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །རྒྱུད་སྡེ་རྒྱ་ཆེན་སྟོན་མཛད་


TR003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་། །གསོལ་བ༴ །ཚངས་ཆེན་སྤྲུལ་སྐུའི་ཞིང་དུ་འགྲོ་འདུལ་གྱིས། །མཚན་དཔེའི་སྐུ་བསྟན་ཞི་དང་ཁྲོ་ཚོགས་ཀྱི། །སྒྱུ་འཕྲུལ་གར་མཁན་རྡོ་རྗེ་སེམས་དཔའ་ལ། གསོལ་བ༴ །རྒྱལ་རྣམས་ཐུགས་རྗེས་བཀའ་བགྲོས་མི་ཡུལ་དུ། །ཟབ་དོན་རྫོགས་ཆེན་སྟོན་པར་རབ་བསྔགས་པའི། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་མཁའ་འགྲོའི་དབང་། གསོལ་བ༴ །རྒྱ་ནག་ཡུལ་འཁྲུངས་རྒྱ་གར་མཁས་གྲུབ་ཀྱི། །གཙུག་རྒྱན་འགྲན་ཟླ་བྲལ་བ་རྫོགས་ཆེན་བདག །ཤྲཱི་སིངྷ་འཇའ་ལུས་ཟག་མེད་སྐུ། །གསོལ༴ །རྒྱལ་བ་ཀུན་གྱི་ཐུགས་རྗེ་ནུས་མཐུ་ཀུན། །གཅིག་བསྡུས་གེ་སར་པདྨའི་སྦུབས་ལས་བྱོན། ཁམས་གསུམ་ཟིལ་གནོན་པདྨ་ཐོད་ཕྲེང་ཞབས། །གསོལ༴ །ལྷ་ལྕམ་ནུས་འབྱིན་གསལ་ལེ་སྨོན་ལམ་སྟོབས། །ཡང་དག་སྨིན་པས་གུ་རུའི་གཏེར་མཛོད་ཐོབ། །བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ། །གསོལ༴ །གཏེར་བཏོན་དེ་ཡི་སྲས་ཀྱི་ཐུ་བོར་གྱུར། །དམ་


TR003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སངས་རྒྱས་དགོངས་འདུས་ཆོས་ཀྱི་བདག །རིག་འཛིན་བདེ་ཆེན་བཟོད་པ་འགྲོ་བའི་མགོན། །གསོལ༴ །དགའ་རབ་རྡོ་རྗེ་སྙིགས་དུས་མཐའ་ཁོབས་ཀྱི། །གདུལ་བྱ་འདུལ་ཕྱིར་རྫོགས་ཆེན་ཉམས་ལེན་གྱི། །གྲུབ་བརྙེས་མཁའ་ལ་འཕུར་མཛད་ངག་དབང་གྲགས། །གསོལ༴ །ཛྙཱ་ན་ཀུ་མ་དུས་མཐའི་འགྲོ་འདྲེན་སྤྲུལ། །བོད་ཡུལ་བདེ་ཐབས་བརྟེན་ཅིང་འབྲེལ་འབྱུང་གི །མངའ་བདག་རིག་འཛིན་བློ་གྲོས་རྒྱལ་མཚན་དཔལ། །གསོལ༴ །གངས་ཅན་མཁས་དང་གྲུབ་པའི་གཙོ་བོ་མཆོག །སྔ་འགྱུར་བསྟན་པའི་སྒྲོན་མ་གཅིག་པུ་པ། །མ་ཧཱ་ལོ་ཙཱ་གཞན་ཕན་རྡོ་རྗེའི་ཞབས། །གསོལ༴ །འདུས་བྱས་སྒྱུ་མའི་རང་ཚུལ་རིག་ནས་ཀྱང་། །སྒྲུབ་རྒྱུད་གོང་མའི་རྣམ་ཐར་མཛད་སྲོལ་ཚུལ། །སྟོན་ལ་ངེས་མེད་རྗེ་བཙུན་རང་གྲོལ་ཞབས། །གསོལ་བ༴ །ཉང་སྟོད་ཚེ་སྤྲུལ་


TR003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་གསང་ཕུག་ནས། །གཏེར་བྱོན་རྫོགས་ཆེན་འབུམ་ཕྲག་དྲུག་ཅུའི་བཅུད། །ཟབ་ཆོས་རྫོགས་ཆེན་ཕུང་པོ་ཟག་མེད་ལ། །གསོལ་བ༴ །རྩ་བ་རྒྱུད་པའི་བླ་མ་ཐུགས་རྗེའི་བདག །བདག་དང་གཉིས་སུ་མེད་ཀྱང་གཉིས་འཛིན་གྱི། །འཁྲུལ་པས་བསྐྱེད་པའི་ལུས་ངག་ཡིད་ཀྱི་རྒྱ། །རང་ཞིག་ཟག་མེད་འོད་སྐུར་གྲོལ་ནས་ཀྱང་། །མཁའ་ཁྱབ་འགྲོ་བའི་དོན་ཆེན་འགྲུབ་གྱུར་ཅིག །ཅེས་གསོལ་བ་བཏབ་པས་བླ་མ་ཐམས་ཅད་གོང་ནས་རིམ་པ་ལྟར་གཅིག་ཐིམ་ནས་རྩ་བའི་བླ་མ་ལ་ཐིམ། བླ་མ་ཉིད་ཀྱང་རང་གི་སྤྱི་བོར་ཐིམ་སྟེ། བླ་མ་རང་རིག་དབྱེར་མེད་དུ་མཉམ་པར་བཞག་པར་བྱའོ། །ཞེས་པ་འདི་ནི་དཔོན་པོ་ངེས་འབྱུང་བཟང་པོས་བསྐུལ་ངོར་བྲིས་པ་དགེའོ།། ༈ །།ན་མཿསརྦ་བུདྡྷ་མ་ཧཱ་གུ་རུ་བྷྱཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་པའི། །སྐུ་དང་ཞིང་ཁམས་རྣམ་འགྱུར་མཐའ་དག་ཀུན། །གདུལ་བྱ་སོ་སོའི་སྐལ་ངོར་བསྟན་


TR003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ། །དོན་ལ་རྩ་བའི་བླ་མར་མ་འདུས་མེད། །རིགས་བརྒྱ་རིགས་ལྔ་གསང་ཆེན་རིག་གཅིག་སོགས། །ཀུན་གྱི་ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་། །རྗེ་བཙུན་བླ་མ་ལས་གཞན་མ་མཆིས་པར། །ཐག་ཆོད་ངེས་པ་བརྙེད་པས་གུས་ཕྱག་འཚལ། །སྐྱབས་གནས་དཀོན་མཆོག་རྒྱལ་བའི་དཀྱིལ་འཁོར་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་ཆོས་སྲུང་བཅས། །ཀུན་ཀྱང་རིགས་བདག་རྗེ་བཙུན་བླ་མའི་སྤྲུལ། ཁོ་ནར་ངེས་པ་བརྙེས་པས་སྐྱབས་སུ་མཆི། །མཁས་མང་བྱེ་བའི་ལེགས་བཤད་མཐའ་ཡས་ཀྱི། །མཆོག་དང་སྙིང་པོར་གྱུར་པ་ངེས་པའི་དོན། །པདྨ་ཐོད་ཕྲེང་དགོངས་བཞེད་ཇི་ལྟ་བར། །ལེགས་པར་སྟོན་མཛད་དེ་ལ་གསོལ་བ་འདེབས། །གྲུབ་པའི་སྐྱེས་ཆེན་མཐའ་དག་གཤེགས་ཤུལ་ནི། །རྩལ་གསུམ་རྫོགས་པའི་རི་དགས་རྒྱལ་པོ་བཞིན། །འཇིགས་བྲལ་དབེན་པའི་རི་ངོགས་ཏིང་འཛིན་གྱི། །རོལ་གར་


TR003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་བཞིན་འཕོ་འགྱུར་མེད་གསོལ་འདེབས། །རྒྱལ་བ་གཞན་གྱི་གདུལ་བྱར་མ་བྱར་པའི། །སྙིགས་མ་ལྔ་བདོའི་སེམས་ཅན་བདག་སོགས་འགྲོ། །སྣ་ཚོགས་ལས་ཉོན་འཁྲུལ་སྣང་སྒྲོགས་ཚུད་ལས། །རང་གྲོལ་བདེ་ཆེན་ཐོབ་པར་བྱིན་གྱིས་རློབས། །མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་ཉི་འོད་ལ། །ཕྱོགས་རིས་གསལ་འགྲིབ་བྲལ་ཡང་རྨོངས་པའི་འགྲོ། །བདག་སོགས་འདི་ནས་བྱང་ཆུབ་མ་ཐོབ་བར། ཁྱེད་ཀྱི་གདུལ་བྱའི་མཆོག་ཏུ་འགྱུར་བར་ཤོག །སྐྱེ་ནས་སྐྱེ་བར་དལ་འབྱོར་ཕུན་ཚོགས་ཐོབ། །ཐེག་ཆེན་བསྟན་བཞུགས་ཐོས་བསམ་སྒོ་མཐར་ཕྱིན། །ཚུལ་མིན་གནས་གྲོག་ཟས་དང་སྤྱོད་ལོག་གི །དྲི་བྲལ་རྒྱལ་སྲས་སྤྱོད་ལ་འཇུག་གནས་ཤོག །འཇིག་རྟེན་ཆོས་བརྒྱད་བདུད་ཀྱི་བསླུ་བྲིད་དང་། །བར་ཆད་རྐྱེན་གྱིས་མ་བསྐྱོད་རྒྱལ་བ་ཉིད། །གང་དུ་བཞུགས་དེར་མཉེས་གསུམ་བསྒྲུབ་པ་ཡིས། །ཐུགས་རྗེས་


TR003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒྱུད་སྨིན་ཅིང་གྲོལ་བར་ཤོག །བསྐྱེད་དང་རྫོགས་ཆེན་ལམ་མཆོག་ཟབ་མོའི་དོན། །ཀ་དག་ལྷུན་གྲུབ་ཁྲེག་ཆོད་ཐོས་རྒལ་གྱི། །ཉམས་ལེན་མངོན་གྱུར་གནས་ལུགས་ཆོས་ཀྱི་སྐུའི། །གཏན་སྲིད་ཟིན་ནས་སྤྲུལ་པས་འགྲོ་འདྲེན་ཤོག །མདོར་ན་བདག་དང་མཁའ་ཁྱབ་ཕ་མའི་ཚོགས། །རྗེ་བཙུན་རང་གྲོལ་མཆོག་གི་ཐུགས་རྗེ་ཡིས། །སྐད་ཅིག་ཙམ་ཡང་གཡེལ་བ་མེད་གཟིགས་ཏེ། །བླ་མ་མཆོག་དང་དབྱེར་མེད་འགྲུབ་གྱུར་ཅིག །ཅེས། སྐྱེས་མ་ཐག་ནས་ལས་སྨོན་འབྲེལ་བས་རང་ལ་ལྟོས་པ་སྙིང་ནས་།།།།།བའི་དད་བཙུན་རཏྣ་དཀོན་མཆོག་ཚུལ་ཁྲིམས་ཤི་ལས་བསྐུལ་བ་བཞིན་བྲིས་པ་མངྒ་ལཾ་བྷ་ཝནྟུ། །དགེའོ། །དགེའོ། །དགེའོ། གཅིག་ཞུས།


previousགསོལ་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་འབྱུང་ཡིད་བཞིན་བང་མཛོད།next