Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩ་རྒྱུད་ཀྱིི་བླ་མ་རང་དང་དབྱེར་མེད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩ་རྒྱུད་ཀྱིི་བླ་མ་རང་དང་དབྱེར་མེད་པ།next

རྩ་རྒྱུད་ཀྱིི་བླ་མ་རང་དང་དབྱེར་མེད་པ།

རྩ་རྒྱུད་ཀྱིི་བླ་མ་རང་དང་དབྱེར་མེད་པ་ནི། རིག་སྟོང་ཟུང་འཇུག་གི་ཀློང་ཆེན་པོ་ནས་འཁོར་འདས་ཀྱི་སྣང་ཆ་རབ་འབྱམས་ཇི་སྙེད་པ་དང་པོ་ཤར། བར་དུ་གནས། མཐར་གྲོལ་བར་འགྱུར་ན་ལྟ་བ་ཀློང་ཆེན་རབ་འབྱམས་ནི་མཚོན་བྱ་དོན་གྱི་བླ་མ་ཡིན། སྔར་ཞལ་ཕྱག་སྐུ་གཟུགས་ཀྱི་རྣམ་པར་བྱོན་པ་ནི་མཚོན་བྱེད་དཔེའི་བླ་མའོ། །དེ་བཞིན་དུ་རིག་པའི་ཡེ་ཤེས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་སྙིང་རྗེ་ཟུང་འཇུག་ཏུ་ཡོད་པ་ནི། འཇིགས་གླིང་། མྱུ་གུ་ནས་འབྲས་སོགས་བསྐྱེད་པ་བཞིན་གང་ཤར་གྱི་རྟོག་པ་གྲོལ་ཚུལ་གྱི་རྣམ་པ་གང་རུང་དུ་གྲོལ་ནས་རྒྱལ་བའི་འབྲས་ཆོས་མ་ལུས་པར་བསྐྱེད་པར་འགྱུར་བས་དེ་སྐད་དུ་སྨྲའོ། ༈ །མཉམ་བཞག་ཏུ་ཚོགས་ཆེན་ཡེ་རྫོགས་ཀྱི་ཕར་ཕྱིན་དྲུག་ནི། ཆགས་པ་མེད་པའམ་འཛིན་པ་མེད་པ་ནི་སྦྱིན་པའི་མཆོག་སྦྱིན་པའི་ཕར་ཕྱིན། ལས་དང་བག་ཆགས་དུས་གསུམ་གྱི་འཁྲུལ་རྟོག་གིས་མ་གོས་པ་ཚུལ་ཁྲིམས། སྔགས་ཀྱི་དབང་རྣོན་གྱིས་ཡེ་ཤེས་རྟོགས་བཞིན་སྟོང་ཉིད་ལ་མི་སྐྲག་པར་མ་ཟད་སྟོང་ཉིད་ལ་ཇེ་དགའ་ཇེ་དགའ་ཉིད་དུ་འགྱུར་ན་ནི། དོན་ལ་མི་སྐྲག་པའི་བཟོད་པའམ། མི་འཁྲུགས་པའི་བཟོད་པའོ། །འདུ་བྱེད་རྩོལ་བའི་བརྩོན་འགྲུས་མ་ཡིན་པར། མི་བརྩོན་པའི་བརྩོན་པ་ཆེན་པོ་བརྩོན་པ་མཐར་ཐུག་པའོ། །བསམ་བྱ་བསམ་བྱེད་དང་བྲལ་བའི་གདོད་མ་གཞིའི་བཞུགས་ཚུལ་ལ་མཉམ་པར་འཇོག་པ་བསམ་གཏན་ནམ། ཡང་ན་ཡེང་འཁྲུལ་དང་བྲལ་བའི་ཕྱིར་ན་དེ་སྐད་དུ་སྨྲའོ།། རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བ་ནི། གཞི་གནས་རང་བྱུང་གི་ཤེས་རབ་མཉམ་བཞག་ཏུ་མཁྱེན་ཆ་འགག་མེད་ཀྱི་ཚུལ་དུ་ཡོད་ལ་རྗེས་ཐོབ་དུ་རྩལ་སྒོམ་བྱུང་གི་ཤེས་རབ་སོགས་སུ་འབར་བ་ཡིན་གསུངས་སོ། །རྗེས་ཐོབ་ཏུ་སྔ་མའི་ཤུགས་ཀྱིས་ཕྱིན་དྲུག་ལ་སློབ་པར་འགྱུར་བ་ནི་སྤྱོད་པ་རྒྱལ་བའི་མྱུ་གུ་ཡིན་ཞེས་སོ། །


previousརྩ་རྒྱུད་ཀྱིི་བླ་མ་རང་དང་དབྱེར་མེད་པ།next