Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྒོམ་མ་མྱོང་དང་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱི་ཁུངས་དང་དོན་འགྲེལ།
   
   
   
   
   
   
   
   
   
   
   
   


 
previousབསྒོམ་མ་མྱོང་དང་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱི་ཁུངས་དང་དོན་འགྲེལ། next

བསྒོམ་མ་མྱོང་དང་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱི་ཁུངས་དང་དོན་འགྲེལ།

གཏེར་བརྒྱུད་རྣམ་ཐར་ལས། སྤ་གྲོ་གནམ་ཐང་དཀར་པོ་སོག་དམག་འཇོམས༔ ལས་སུ་དམག་འཁྲུག་བྱེད་ཅིང་ལྕགས་ཆ་གྱོན༔ བུམ་ཐང་རྩིས་ལུང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང༔ གཏེར་སྟོན་བོན་པོ་བྲག་ཚལ་ཞེས་བྱ་འབྱུངཿ ཞེས་གཏེར་སྟོན་འདི་གཙང་རོང་ཟར་གྱི་ཕྱོགས་སུ་འཁྲུངས། རུས་བོན་པོ་ཡིན་པས་དེར་གྲགས། བཻ་རོ་དཔལ་སེང་ཟུང་དུ་འཇུག་པའི་རྣམ་འཕྲུལ། རྟེན་སྔགས་འཆང་། སྐུ་གཟུགས་ཆེ་སྟོབས་ལྡན་པ་ལ་བླ་དྭགས་མཚན་བྲག་ཚལ་དང་། གསང་མཚན་རྡོ་རྗེ་འབར་དུ་གྲགས། བུམ་ཐང་རྩིས་ལུང་ནི། དུས་གསུམ་སངས་རྒྱས་ཀྱི་སྐུ་ལི་མ་བཞུགས་པའི་ལྷ་ཁང་ལ། མོན་པ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་ལྷ་ཁང་ཟེར། གཏེར་གནས་དེ་ནས་རྫོགས་ཆེན་གུ་རུ་ཞི་བ། གུ་རུ་ཞི་བའི་ལོ་རྒྱུས་ཀྱིས་མཚོན་ཤྲཱི་སེང་ཧའི་རྫོགས་རིམ་བླ་མ་དམར་ཁྲིད་ཟེར་བའི་པུསྟི་གདན་དྲངས། འདི་ཡི་ནང་ན། སྒོམ་མ་མྱོང་དང་བྲལ་མ་མྱོང་༔ མི་སྒོམ་དོན་དང་མི་འབྲལ་བ༔ ཟེར་བའི་མན་ངག་དེ་ཡོད་གསུངས། འདི་བྱང་གཏེར་ཀ་དག་གི་སྐབས་སུ་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆིམས་ཕུའི་ཡང་དབེན་ན་བཞུགས་དུས་སུ། མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པའི་ཟབ་མོ་གནད་ཀྱི་ཐེམ་བཅུ་ལས། ཨོ་རྒྱན་ཆེན་པོས་སྔོན་རིག་འཛིན་ཤྲཱི་སེང་ཧའི་སྤྱན་སྔར་གདམས་ངག་ཟབ་མོ་འདི་ཞུས་པའི་དུས་སུ་སྒོམ་མ་མྱོང་དང་བྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །དེ་ཉིད་རང་ངོ་སྐྱོང་བས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཟིན་གྱི་ཞེས་གསུངས། དཔལ་སྤྲུལ་རིན་པོ་ཆེས་གསུངས་པའི་ཐེག་མཆོག་ཨ་ཏིའི་མན་ངག་གནས་ལུགས་གསལ་སྟོན་དུ་ལུང་དྲངས་པ། རྫོགས་ཆེན་གུ་རུ་ཞི་བ་ལས། སྒོམ་མ་མྱོང་དང་བྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་གསུངས་པ་ལ་གང་ཤར་སྒོམ་ཡིན་པས་ན་བློས་བཅོས་པའི་སྒོམ་ཏུ་མེད་པས་སྒོམ་མ་མྱོང་། ཡེ་ནས་དོན་མེད་འཆལ་བ་མིན་པས་རང་ཐོག་ཏུ་འཇོག་པ་དེ་ད ང་འབྲལ་མ་མྱོང་། མི་སྒོམ་དོན་དེ་ལྟ་བུ་དང་རྒྱུན་དུ་མི་འབྲལ་བར་གྱིས་ཞེས་པའི་དོན་ནོ། །ཞེས་གསུངས་སོ།།


previousབསྒོམ་མ་མྱོང་དང་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱི་ཁུངས་དང་དོན་འགྲེལ། next