Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  expand section
   
   
   
ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་ས་བཅད།
   
   
   
   
   
  expand section
  expand section
   
   
   
   
   
   
  expand section
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   


 
previousཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་ས་བཅད།next

ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་ས་བཅད།


ZP01_Page_097
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་ས་བཅད་བཞུགས་སོ།། །།


ZP01_Page_098
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་རྟོན་པ་བཞི་ལྡན་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་རྒྱུད་བླ་མ། །འདི་འཆད་པ་ལ་དོན་རྣམ་བཞི། །དོན་དང་མཐུན་པའི་མཚན་གྱི་དོན། །དོན་ཆེན་སྒྲུབ་པ་སྤྱི་ཡི་ཕྱག །དོན་མཆོག་ལྡན་པའི་བསྟན་བཅོས་དངོས། །དོན་དེ་ལེགས་པར་བསྒྱུར་ཚུལ་ལོ། །དང་པོ་གཉིས་ལ་དབྱེ་བ་མེད། །གསུམ་པ་ཉིད་ལ་དོན་གསུམ་ཏེ། །ལུས་ཉིད་རྣམ་པར་བཞག་དང་གཅིག །ཡན་ལག་རྒྱས་པར་བཤད་དང་གཉིས། །ཡོངས་སུ་རྫོགས་པའི་བྱ་བ་གསུམ། །ལུས་ཉིད་བཞག་ལ་དོན་གསུམ་སྟེ། །སྡོམ་དོན་ལུང་སྦྱོར་གོ་རིམ་ངེས། །གསུམ་པོ་ཚིག་བཅད་རེ་རེའོ། །ཡན་ལག་རྒྱས་པར་བཤད་ལ་གཉིས། །ཐོབ་བྱ་མཆོག་གསུམ་ཡན་ལག་དང༌། །ཐོབ་ཚུལ་གནས་བཞི་རྒྱས་བཤད་དེ། །དང་པོ་མཆོག་གསུམ་བཤད་ལ་གསུམ། །མཆོག་གསུམ་སོ་སོའི་ངོ་བོ་གཅིག །སྐྱབས་


ZP01_Page_099
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྣམ་པར་འཇོག་དང་གཉིས། །ངེས་པའི་ཚིག་གིས་བཤད་དང་གསུམ། །དང་པོ་སོ་སོའི་ངོ་བོར་གསུམ། །སྐྱབས་གནས་མཐར་ཐུག་སངས་རྒྱས་དང༌། །དེས་བསྟན་དམ་པའི་ཆོས་དཀོན་མཆོག །དེ་འཛིན་དགེ་འདུན་ངོ་བོའོ། །དང་པོ་སངས་རྒྱས་ངོ་བོར་གསུམ། །བསྟོད་པའི་སྒོ་ནས་དངོས་པོ་བརྗོད། །གང་ཞིག་ཐོག་སོགས། །དོན་དེ་རྣམ་པར་ཕྱེ་སྟེ་བསྟན། །འདུས་མ་བྱས་སོགས། །དེ་དག་སྦྱར་ཏེ་རྒྱས་བཤད་དོ། །ཐོག་མ་དབུས། །གཉིས་པ་དམ་ཆོས་བཤད་ལ་བཞི། །བསྟོད་པའི་སྒོ་ནས་དངོས་པོ་བརྗོད། །གང་ཞིག་སོགས༴ །དོན་དེ་རྣམ་པར་ཕྱེ་སྟེ་བསྟན། བསམ་མེད། །དེ་དག་བདེན་པ་གཉིས་སུ་བསྡུས། །ཆགས་བྲལ་ཉིད༴ །དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད། །བརྟགས་མིན༴ །གསུམ་པ་དགེ་འདུན་བཤད་ལ་གསུམ། །བསྟོད་པའི་


ZP01_Page_100
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་དངོས་པོ་བརྗོད། །སེམས་དེ་རང་བཞིན༴ །ཡོན་ཏན་དེ་དག་གཉིས་སུ་བསྡུས། །ཇི་ལྟ༴ །དེ་རྣམས་སྦྱར་ཏེ་རྒྱས་པར་བཤད། །འགྲོ་བ༴ །གཉིས་པ་སྐྱབས་གསུམ་འཇོག་ཚུལ་གསུམ། །དགོས་པ་ལ་ལྟོས་གསུམ་དུ་འཇོག །སྟོན་པ༴ །ཕྱི་མ་གཉིས་པོ་གཏན་སྐྱབས་མིན། །སྤངས་ཕྱིར༴ །དོན་གྱི་སྐབས་གནས་གཏན་ལ་དབབ། །དམ་པའི༴ །ངེས་ཚིག་བཤད་ལ་དབྱེ་བ་མེད། །འབྱུང་བ༴ །ཐོབ་ཚུལ་གནས་བཞི་བཤད་ལ་གསུམ། །ཐུན་མོང་དུ་བསྟན་སོ་སོ་ཡི། །ངོ་བོ་དེ་དག་ཕན་ཡོན་ནོ། །དང་པོ་ཐུན་མོང་དུ་བསྟན་བཞི། །གནས་བཞི་དམ་པའི་ཡུལ་གྱུར་ཚུལ། །དྲི་བཅས༴ །དེ་དག་བསམ་མི་ཁྱབ་པར་བསྟན། །དཀོན་མཆོག༴ །དེ་ཡི་རྒྱུ་མཚན་རྒྱས་པར་བཤད། །དག་དང་༴ །རྒྱུ་དང་རྐྱེན་གྱི་རྣམ་པར་བཞག་རྟོགས་བྱ༴ །གཉིས་པ་སོ་སོའི་ངོ་བོ་བཞི། །རྟོགས་པར་བྱ་བ་ཆོས་དབྱིངས་དོན། །རྟོགས་པའི་ངོ་བོ་བྱང་ཆུབ་དོན། །རྟོགས་པའི་ཡན་ལག་ཡོན་ཏན་དོན། །རྟོགས་པར་བྱེད་པའི་འཕྲིན་ལས་དོན། །རྟོགས་བྱ་ཆོས་དབྱིངས་དོན་ལ་བརྒྱད། །ཆོས་དབྱིངས་ཀུན་ལ་ཁྱབ་ཚུལ་གཅིག་རྫོགས་སངས༴ །ཁྱབ་བྱེད་སྡོམ་གྱིས་མདོར་བསྟན་གཉིས། །ངོ་བོ་རྒྱུ༴ །སྡོམ་དོན་རྒྱས་པར་བཤད་དང་གསུམ། །བཤད་པའི་དོན་བསྡུས་མཚམས་སྦྱར་བཞི། །མཚམས་སྦྱར་བ་ལྟར་དཔེས་བསྟན་ལྔ། །བསྟན་དོན་དད་པས་རྟོགས་ཚུལ་དྲུག །རྟོགས་བྱའི་སྟོང་ཉིད་ངོས་བཟུང་བདུན། །དེ་རྣམས་བཤད་པའི་དགོས་པ་


ZP01_Page_101
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། །གསུམ་པ་སྡོམ་དོན་རྒྱས་བཤད་བརྒྱད། །ངོ་བོ་རྒྱུ་ལས་དག་དོན་གཅིག །འབྲས་བུའི་བྱེད་ལས་གྲུབ་དོན་གཉིས། །ཡོན་ཏན་ཚོགས་དང་ལྡན་དོན་གསུམ། །གང་ཟག་དབྱེ་བའི་འཇུག་དོན་བཞི། །གནས་སྐབས་མིང་ཙམ་དབྱེ་དོན་ལྔ། །མཁའ་ལྟར་ཀུན་ཏུ་འགྲོ་དོན་དྲུག །དུས་རྟག་འགྱུར་བ་མེད་དོན་བདུན། །ཡོན་ཏན་རྣམ་དབྱེར་མེད་དོན་བརྒྱད། །དང་པོ་དག་པའི་དོན་ལ་གཉིས། །དག་བྱ་དག་བྱེད་ཐུན་མོང་བསྟན། །རིན་ཆེན༴ །སོ་སོའི་ངོ་བོ་ཁྱད་པར་བཤད། །འདི་ལ་དག་བྱ་ངོ་བོའི་དོན། །མཐུ་དང་༴ །དག་བྱེད་རྒྱུ་ཡི་དོན་དང་གཉིས། །ཕྱི་མ་དག་བྱེད་འདིར་ཡང་གཉིས། །སྤང་བྱ་སྒྲིབ་པ་བཞི་སྤོང་ཚུལ། །ཆོས་ལ༴ །གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ། །ཐེག་མཆོག༴ །གཉིས་པ་འབྲས་ལས་འགྲུབ་དོན་གཉིས། །ཐོབ་བྱ་འཐོབ་བྱེད་ཐུན་མོང་བསྟན། །གཙང་བདག༴ །སོ་སོའི་ངོ་བོ་རྒྱས་པར་བཤད། །ཕྱི་མ་འདི་ལ་གཉིས་ཡིན་ཏེ། །ཐོབ་བྱ་འབྲས་བུ་འཐོབ་བྱེད་ལས། །ཐོབ་བྱ་འབྲས་བུའི་དོན་ལ་གསུམ། །སྤང་བྱ་ཕྱིན་ཅི་ལོག་སྤོང་ཚུལ། །འདི་དག༴ །སྤངས་པས་འབྲས་བུ་བཞི་ཐོབ་ཚུལ། །དེ་ནི༴ །ཐོབ་པས་མཐའ་གཉིས་ལས་གྲོལ་ཚུལ། །བདག་སྲེད༴ །ཐོབ་བྱེད་ལས་ཀྱི་དོན་ལ་གཉིས། །དབྱིངས་མེད་སྤོང་ལེན་མི་རྟོག་པ། །གལ་ཏེ༴ །རིགས་ཡོད་སྐྱོན་ཡོན་རྟོགས་པའི་ལས། །སྲིད་དང་༴ །ཡོན་ཏན་ཚོགས་ལྡན་དོན་ལ་གཉིས། །དང་པོ་ཐུན་མོང་དུ་བསྟན་


ZP01_Page_102
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །རྒྱ་མཚོ༴ །སོ་སོའི་ངོ་བོ་བཤད་པའོ། །སོ་སོའི་ངོ་བོ་བཤད་འདིར་གཉིས། །རྒྱུ་ཡི་ཡོན་ཏན་ལྡན་པའི་དོན། །ཆོས་སྐུ༴ །འབྲས་བུའི་ཡོན་ཏན་ལྡན་པའི་དོན། །དྲི་མེད༴ །གང་ཟག་དབྱེ་བས་འཇུག་དོན་གཉིས། །གསུམ་གྱིས་འཇུག་པས་གསུངས་པའི་ཚུལ། །སོ་སོའི་སྐྱེ༴ །དེ་རྣམས་རིམ་གྱིས་དག་ཚུལ་ལོ། །སོ་སོ༴ །གནས་སྐབས་མིང་ཙམ་དོན་ལ་གཉིས། །གནས་སྐབས་གསུམ་དུ་མིང་འདོགས་ཚུལ། །མ་དག༴ །གསུམ་གྱི་དོན་དྲུག་བསྡུས་ཚུལ་ལོ། །ངོ་བོ༴ །མཁའ་ལྟར་ཀུན་འགྲོའི་དོན་ལ་གཉིས། །རྟོག་མེད་ཀུན་ལ་ཁྱབ་པའི་ཚུལ། །ཇི་ལྟར། །སྤྱི་མཚན་དབྱེ་བ་མེད་པའི་ཚུལ། །དེ་སྤྱིའི༴ །རྟག་ཏུ་འགྱུར་བ་མེད་དོན་གཉིས། །འགྱུར་མེད་གནས་སྐབས་བསྟན་པ་དང༌། །ཉེས་པ༴ །དེ་ཚུལ་རྒྱས་པར་བཤད་པའོ། །དེ་ཚུལ་རྒྱས་བཤད་འདི་ལ་གསུམ། །མ་དག་གནས་སྐབས་འགྱུར་མེད་དང༌། །མ་དག་དག་པའི་སྐབས་མི་འགྱུར། །ཤིན་ཏུ་རྣམ་དག་སྐབས་མི་འགྱུར། །དང་པོ་ལའང་གཉིས་ཡིན་ཏེ། །མཁའ་བཞིན་འགྱུར་བ་མེད་ཚུལ་དང༌། །དེ་རྣམས་ཁྱད་པར་བཤད་ཚུལ་ལོ། །དང་པོ་ལའང་བསྟན། །ཇི་ལྟར༴ །བཤད་བསྡུ། །རྒྱས་པར་བཤད་པ་དག་ལ་ལྔ། །ཆོས་ཅན་སྐྱེ་འཇིག་སྣང་བའི་ཚུལ། །ཇི་ལྟར༴ །ཆོས་ཉིད་འཇིག་པ་མེད་པའི་ཚུལ། །ཇི་ལྟར༴ །གནས་ལུགས་རྒྱས་པར་བསྟན་ལ་གསུམ། །དཔེ་དང་དོན་དང་དེ་དག་སྦྱར། །ས་ནི༴ །དེ་བཞིན༴ ས་དང་༴


ZP01_Page_103
[མ་དཔེ་གཟིགས་ན་འདིར་གནོན།]

གློ་བུར་འཁོར་བར་གྱུར་པའི་ཚུལ། །ཚུལ་བཞིན༴། རང་བཞིན་འགྱུར་བ་མེད་པའི་ཚུལ། །སེམས་ཀྱི༴ །དེ་ལྟར་ལྔ་པོའི་དོན་བསྡུ་བ། །སེམས་ཀྱི༴ །གཉིས་པ་དེ་རྣམས་ཁྱད་པར་གཉིས། །འགྱུར་མེད་སྐྱེ་འཇིག་གིས་དབེན་པ། །ལས་དང༌། །འགྱུར་བ་མེ་གསུམ་དང་མཐུན་ནོ། །དུས་མཐའི༴ །མ་དག་དག་སྐབས་མི་འགྱུར་གཉིས། །སྐྱེ་སོགས་ཀྱིས་མི་འགྱུར་དོན་དངོས། །རྒྱལ་སྲས་ཡོན་ཏན་ངོས་བཟུང་བ། །དོན་དངོས་བསྟན་པ་གཉིས་ཡིན་ཏེ། །མི་འགྱུར་འགྱུར་བར་སྣང་བའི་ཚུལ། །སྐྱེ་འཆི༴ །དེ་དོན་རྒྱས་པར་བཤད་ལ་གཉིས། །སྡུག་བསྔལ་རྐྱེན་གྱིས་འགྱུར་བ་མེད། །འཕགས་པས༴ །སྙིང་རྗེའི་དབང་ལས་འགྱུར་བར་སྣང༌། །ཇི་བཞིན༴ །རྒྱལ་སྲས་ཡོན་ཏན་ངོས་བཟུང་ལྔ། །དང་པོ་སེམས་བསྐྱེད་སྐྱེས་ཡོན་ཏན། །རྒྱལ་སྲས༴ །སྤྱོད་པ་མཆོག་ལ་ཞུགས་ཡོན་ཏན། །དེ་ནི༴ །ཕྱིར་མི་ལྡོག་པ་ཐོབ་ཡོན་ཏན། །བྱ་བ༴ །སྐྱེ་བ་ཐ་མར་གྱུར་ཡོན་ཏན། །སྔོན་གྱི༴ །དེ་ཡི་དོན་གཉིས་གྲུབ་ཁྱད་པར། །བྱང་ཆུབ༴ །ཤིན་ཏུ་རྣམ་པར་དག་པའི་སྐབས། །འགྱུར་བ་མེད་ཚུལ་མདོར་བསྟན་ཅིང༌། །གཞན་འགྱུར༴ །དེ་དོན་རྒྱས་པར་བཤད་ལ་གསུམ། །བསྟན་དང༌། །སྐྱེ་བ༴ །སྦྱར་ཏེ་རྒྱས་བཤད་པས། །དེ་ནི་ཡེ༴ །སྐྱེ་ལ་སོགས་དང་བྲལ་བའི་དོན། །དོན་བསྡུ་སྔ་ཕྱི་མཚམས་སྦྱར་བ། །དེ་ལ༴ རྟག་ལ་སོགས་སུ་འཇོག་པའི་རྒྱུ། །མི་ཟད༴ ཡོན་


ZP01_Page_104
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་རྣམས་དབྱེར་མེད་དོན་ལ། །མིང་གི་སྒོ་ནས་མདོར་བསྟན་ནས། །གང་ཕྱིར༴ །རྒྱས་པར་བཤད་ལ་རྣམ་པ་གསུམ། །མིང་གི་རྣམ་གྲངས་རྒྱས་པར་བཤད། །དོན་གྱི་ངོ་བོ་རྒྱས་པར་བཤད། །དེ་དག་དཔེ་ཡིས་ངེས་པར་བྱ། །དང་པོ་མིང་གྲངས་རྒྱས་བཤད་གཉིས། །དོན་བཞིའི་དབང་གི་མིང་བཞིར་གསུངས། །མདོར་ན༴ །དེ་རྣམ་དོན་དང་སྦྱར་དེ་བཤད། །སངས་རྒྱས༴ །གཉིས་པ་དོན་གྱི་ངོ་བོ་གཉིས། །གཉིས་སུ་མེད་དོན་རྒྱས་པར་བཤད། །རྣམ་ཀུན༴ །ཐར་པ་མྱང་འདས་རྒྱས་པར་བཤད། །རྣམ་པ༴ །གསུམ་པ་དཔེ་ཡིས་ངེས་བྱ་གཉིས། །རི་མོའི་དཔེ་དང་ཉི་མའི་དཔེ། །རི་མོའི་དཔེ་ཡིས་ངེས་བྱ་བ། །ཇི་ལྟར༴ །ཉི་མའི་དཔེ་ཡིས་ངེས་བྱར་གཉིས། །ཆོས་མཐུན་བཞི་ཡི་ཉི་དང་མཚུངས། །ཤེས་རབ༴ །སངས་རྒྱས་ལས་གཞན་མྱང་འདས་མེད། །དེས་ན༴ །དེ་ཡན་སྡོམ་དོན་རྒྱས་བཤད་རྫོགས། །བཤད་དོན་བསྡུས་ཏེ་མཚམས་སྦྱར་བ། །དེ་ལྟར༴ །མཚམས་སྦྱར་བ་ལྟར་དཔེས་བསྟན་གཉིས། །དྲི་མ་དང་ནི་སྙིང་པོ་གཉིས། །ཐུན་མོང་ཆོས་མཐུན་སྦྱར་བ་དང༌། །སོ་སོའི་ཆོས་མཐུན་སྦྱར་བའོ། །ཐུན་མོང་ཆོས་མཐུན་སྦྱར་ལ་གསུམ། །འགྲོ་ལ་དབྱིངས་ཀྱིས་ཁྱབ་ཚུལ་དང༌། །དེ་ཡིས་དཔེ་དོན་རྒྱས་པར་བཤད། །བསྡུས་ཏེ་ཐོག་མ་མེད་ཚུལ་ལོ། །མདོར་བསྟན༴ །སངས་རྒྱས༴ ས་དང་སྦྱར་བཤད་པ། །དྲི་མ༴ །འགྲོ་ལ་དབྱིངས་ཀྱིས་ཁྱབ་ཚུལ་དང༌། །དེ་ཡི་དཔེ་


ZP01_Page_105
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྒྱས་བཤད་དགུ། །རེ་རེ་ལའང་གསུམ་གསུམ་སྟེ། །པད་ནང་སངས་རྒྱས་དཔེ་དོན་སྦྱར། །ཇི་ལྟར༴ །དེ་བཞིན༴ ཇི་ལྟར༴ །སྦྲང་མ་སྦྲང་རྩིའི་དཔེ་དོན་སྦྱར། །ཇི་ལྟར༴ །དྲང་སྲོང་༴ །ཇི་ལྟར༴ །སྤུན་ལ་སྙིང་པོའི་དཔེ་དོན་སྦྱར། །ཇི་ལྟར༴ །དེ་བཞིན༴ །ཇི་ལྟར༴ །མི་གཙང་ནང་གསེར་དཔེ་དོན་སྦྱར། །ཇི་ལྟར༴ །དེ་བཞིན༴ །ཇི་ལྟར༴ །ས་ལ་གཏེར་ཡོད་དཔེ་དོན་སྦྱར། །ཇི་ལྟར༴ །དེ་བཞིན༴ །ཇི་ལྟར༴ །སྨྱུག་སོགས་འབྲས་ཆུད་དཔེ་དོན་སྦྱར། །ཇི་ལྟར༴ །སེམས་ཅན༴ །ཆུ་དང་༴ །གོས་ཧྲུལ་རྒྱལ་སྐུ་དཔེ་དོན་སྦྱར། །ཇི་ལྟར༴ །ཐོག་མེད༌།ཇི་ལྟར༴ །མངལ་གནས་མི་བདག་དཔེ་དོན་སྦྱར། །ཇི་ལྟར༴ །སྲིད་པར༴ །ཇི་ལྟར༴ །ས་ནང་གསེར་གཟུགས་དཔེ་དོན་སྦྱར། །ཇི་ལྟར༴ །རང་བཞིན༴ །ཇི་ལྟར༴ །བསྡུས་ཏེ་ཐོག་མ་མེད་ཚུལ་ལོ། །པདྨ༴ །དྲི་མ་དང་ནི་སྙིང་པོ་གཉིས། །སོ་སོའི་ཆོས་མཐུན་སྦྱར་ལ་གཉིས། །དྲི་མ་ཁྱད་པར་མཚོན་ཚུལ་དང༌། །རང་བཞིན་ཆོས་དབྱིངས་མཚོན་ཚུལ་ལོ། །དྲི་མ་མཚོན་ཚུལ་ལ་བཞི་སྟེ། །སྒྲིབ་བྱེད་དྲི་མའི་རྣམ་དབྱེ་བ། །ཆགས་དང༌། །དེ་ཡིས་དབྱིངས་ལ་སྒྲིབ་པའི་ཚུལ། །དྲི་འདི་དག༴ །སོ་སོའི་དཔེ་དོན་རྒྱས་པར་བཤད། །ཇི་ལྟར༴ །སླར་ཡང་སྤྱི་ཡི་དོན་བསྡུའོ། །དེ་ལྟར༴ །ཆོས་དབྱིངས་ཁྱད་པར་མཚོན་ཚུལ་གསུམ། །ཆོས་གསུམ་དཔེ་དགུས་མཚོན་མདོར་བསྟན། །རང་བཞིན༴ །དེ་ཡི་དོན་ཉིད་སོ་སོར་ཕྱེ། །འདི་


ZP01_Page_106
[མ་དཔེ་གཟིགས་ན་འདིར་གནོན།]

ཡི༴ །ཕྱེ་བའི་ངོ་བོ་རྒྱས་བཤད་དོ། །རྒྱས་བཤད་འདི་ལ་གསུམ་ཡིན་ཏེ། །ཆོས་སྐུ་དེ་བཞིན་ཉིད་དང་ནི། །རིགས་ཀྱི་དཔེ་དོན་རྒྱས་བཤད་དོ། །ཆོས་སྐུའི་དཔེ་དོན་བཤད་ལ་གཉིས། །ཆོས་སྐུའི་རྣམ་དབྱེ་བསྟན་པ་དང༌། །ཆོས་སྐུ༴ །དེ་དག་དཔེ་དང་སྦྱར་བའོ། །འཇིག་རྟེན༴ །དེ་བཞིན་ཉིད་ཀྱི་དཔེ་དོན་སྦྱར། །རང་བཞིན༴ །རིགས་ཀྱི་དཔེ་དོན་བསྟན་ལ་གསུམ། །རིགས་གཉིས་དཔེ་ཡིས་བསྟན་པ་དང༌། །གཏེར་དང༴ །དེ་ལས་སྐུ་གསུམ་ཐོབ་པའི་ཚུལ། །དང་པོའི༴ །དེ་རྣམས་དཔེ་དང་སྦྱར་བའོ། །ངོ་བོ༴ །དེ་ཡན་དཔེས་བསྟན་དོན་སོང་ནས། །བསྟན་དོན་དད་པས་རྟོགས་ཚུལ་དང༌། །རང་བྱུང་༴ །རྟོགས་བྱའི་སྟོང་ཉིད་ངོས་བཟུང་ངོ༌། །འདི་ལ༴ །བཤད་པའི་དགོས་པ་བསྟན་ལ་གཉིས། །དྲིས་དང་ལན་གྱིས་མདོར་བསྟན་དང༌། །དེའི་དོན་རྒྱས་པར་བཤད་པའོ། །མདོར་བསྟན་དེ་ཡང་དྲི་བ་དང༌། །སྤྲིན་དང་༴ །དེ་ཡི་ལན་ཉིད་བསྟན་པའོ། །སེམས་ཞུམ༴ །རྒྱས་པར་བཤད་ལ་གཉིས་ཡིན་ཏེ། །གཞན་དུ་སྟོང་ཉིད་གསུངས་དགོས་པ། །ཡང་དག༴ །རྒྱུད་འདིར་ཆོས་དབྱིངས་གསུངས་ཕན་ཡོན། །ཕན་ཡོན་འདི་ལ་གསུམ་ཡིན་ཏེ། །ཉེས་སྤངས་དོན་དུ་ཆོས་དབྱིངས་གསུངས། །སྔར་ནི༴ །ཉེས་པ་ཇི་ལྟར་འབྱུང་བའི་ཚུལ། །འདི་ལྟར༴ །ཉེས་སྤང་ཕན་དོན་ཐོབ་ཚུལ་ལོ། །འདི་ལྟར༴ །ལེའུ་དང་པོའི་ས་བཅད་རྫོགས། ༈ །ཁམས་དེ་སྒྲིབ་པ་ཀུན་བྲལ་བའི། །རྟོགས་པའི་ངོ་བོ་བྱང་ཆུབ་ལ། །བཤད་བྱ་དོན་གྱི་རྣམ་དབྱེ་


ZP01_Page_107
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །དག་ཐོབ༴ །འཆད་ཚུལ་སྡོམ་དུ་བསྡུས་ཏེ་བསྟན། །ངོ་བོ༴ །སྦྱར་དེ་རྒྱས་པར་བཤད་དང་གསུམ། །རྒྱས་བཤད་འདི་ལ་དོན་རྣམ་བདུན། །དག་ཐོབ་ངོ་བོ་རྒྱུ་ཡི་དོན། །དྲི་མ་དང་བྲལ་འབྲས་བུའི་དོན། །རང་གཞན་དོན་གཉིས་ལས་ཀྱི་དོན། །དེའི་བསྟེན་ཡོན་ཏན་ལྡན་པའི་དོན། །སྐུ་གསུམ་དབྱེ་བས་འཇུག་པའི་དོན། །ཇི་སྲིད་དེ་དག་རྟག་པའི་དོན། །ཇི་ལྟ་བ་བཞིན་བསམ་མི་ཁྱབ། །དང་པོ་དག་ཐོབ་མདོར་བསྟན་ཅིང༌། །རང་བཞིན༴ །རྒྱས་པར་བཤད་ལ་གཉིས་ཡིན་ཏེ། །དག་པ་གཉིས་ལྡན་ངོ་བོའི་དོན། །འཐོབ་བྱེད་ཡེ་ཤེས་རྒྱུ་ཡི་དོན། །ངོ་བོའི་དོན་ལ་དངོས༴ །སངས་རྒྱས༴ ཁྱད་པར། །ཁྱད་པར་འདིར་ཡང་གཉིས་ཡིན་ཏེ། །རང་བཞིན་འོད་གསལ་ཁྱད་པར་དང༌། །འོད་གསལ། །གློ་བུར་དྲི་བྲལ་ཁྱད་པར་རོ། །རང་བཞིན༴ །འཐོབ་བྱེད་རྒྱུ་དོན་དབྱེ་བ་མེད། །སྒྲིབ་པ༴ །དྲི་བྲལ་འབྲས་བུའི་དོན་ལ་གཉིས། །དྲི་མེད་དཔེ་ཡིས་མདོར་བསྟན་དང༌། །དྲི་མེད༴ །རྒྱས་པར་བཤད་ལ་གསུམ་ཡིན་ཏེ། །ཡེ་ཤེས་གཉིས་ལས་སྐུ་གཉིས་འབྱུང༌། །ཆུ་མཚོ༴ །དུག་གསུམ་སྤངས་པས་དོན་གཉིས་འགྲུབ། །འདོད་ཆགས༴ །དྲི་མ་དག་པས་སྙིང་པོ་འཐོབ། །མི་མཉམ༴ །གསུམ་པ་རང་གཞན་དོན་ལ་གཉིས། །དོན་གཉིས་འགྲུབ་ཚུལ་མདོར་བསྟན་ནས། །ཟག་པ༴ །རྒྱས་པར་བཤད་ལ་རྣམ་པ་གསུམ། །དོན་གཉིས་འགྲུབ་ཚུལ་སྤྱིར་བསྟན་པ། །མདོར་ན༴ །རང་དོན་ཕུན་ཚོགས་ཁྱད་པར་བཤད།


ZP01_Page_108
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས༴ །གཞན་དོན་ཕུན་ཚོགས་ཁྱད་པར་བཤད། །དྲི་མེད༴ །བཞི་པ་ཡོན་ཏན་ལྡན་དོན་གཉིས། །མིང་གི་རྣམ་གྲངས་མདོར་བསྟན་ནས། །བསམ་མེད༴ །རྒྱས་པར་བཤད་ལ་གཉིས་ཡིན་ཏེ། །གང་ལ་ཡོན་ཏན་ལྡན་ཚུལ་དང༌། །རྣམ་གྲོལ༴ །ལྡན་པའི་ཡོན་ཏན་ངེས་དབྱེའོ། །ཕྱི་མ་འདིར་ཡང་གཉིས་ཡིན་ཏེ། །ཟབ་པའི་རྒྱུ་མཚན་རྒྱས་པར་བཤད། །ཕྱི་མ་རྣམས་ཀྱི་རྒྱུ་མཚན་བཤད། །ཟབ་པ་བཤད་ལ་གསུམ་ཡོད་དེ། །བསམ་མི་ཁྱབ་ཚུལ་སྤྱིར་བསྟན་པ། །ཐམས་ཅད༴ །དེ་ཡི་ཁྱད་པར་རྒྱས་པར་བཤད། །ཕྲ་ཕྱིར༴ ༌།རྒྱུ་མཚན་དཔེ་དང་སྦྱར་བའོ། །གང་ཕྱིར༴ །ཕྱི་མ་རྣམས་ཀྱི་རྒྱུ་མཚན་གསུམ། །དང་པོ་མི་འགྱུར་བའི་ཡོན་ཏན། །སྐྱེ་དང་༴ །གཉིས་པ་སྤངས་རྟོགས་ཀྱི་ཡོན་ཏན། །རབ་ཞི༴ །གསུམ་པ་དག་པའི་ཡོན་ཏན་བསྟན། །དེ་གཟུགས༴ །ལྔ་པ་སྐུ་གསུམ་དབྱེ་བ་ཡི། །འཇུག་པའི་དོན་ལ་གཉིས་ཡིན་ཏེ། །མཚན་ཉིད་རྣམ་གྲངས་མདོར་བསྟན་ནས། །དེ་དོན་རྒྱས་པར་བཤད་པའོ། །རྣམ་གྲངས་མདོར་བསྟན་ལ་ཡང་གསུམ། །ངོ་བོ་ཉིད་སྐུའི་མཚན་ཉིད་དང༌། །ཡོན་ཏན་ཡང་ནི་རྣམ་པ་ལྔ། །ཐོག༴ །ལོངས་སྐུ་ལ་ཡང་ཁྱད་པར་ལྔ། །སྣ་ཚོགས༴ །སྤྲུལ་པའི་སྐུ་ནི་ཆོས་གསུམ་ལྡན། །འཇིག་རྟེན༴ །དེ་དོན་རྒྱས་པར་བཤད་ལ་གསུམ། །དབྱེ་བ་རྣམ་བཞག་དོན་བསྡུའོ། །དང་པོ་ཐུན་མོང་དབྱེ་བ་བསྟན། །རང་བྱུང་༴ །གཉིས་པ་མཚན་ཉིད་རྣམ་


ZP01_Page_109
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གསུམ། །ངོ་བོ་ཉིད་སྐུའི་རྣམ་བཞག་གཉིས། །མཚན་ཉིད་ཡོན་ཏན་མདོར་བསྟན་ནས། །དེ་ལ༴ །དེ་དག་རྒྱས་པར་བཤད་ལ་གཉིས། །མཚན་ཉིད་རྒྱས་པར་བཤད་པ་དང༌། །འདུས་མ༴ །ཡོན་ཏན་རྒྱས་པར་བཤད་པའོ། །གཞལ་མེད༴ །ལོངས་སྤྱོད་རྫོགས་སྐུའི་རྣམ་བཞག་གསུམ། །དང་པོ་རྣམ་བཞག་རྒྱས་པར་བཤད། །སྣ་ཚོགས༴ །སླར་ཡང་དེས་དོན་བསྡུས་ཏེ་བསྟན། །བརྗོད་སྟོན༴ །ཁྱད་པར་རྐྱེན་ལས་སྣང་ཚུལ་ལོ། །ཇི་ལྟར༴ །སྤྲུལ་པའི་སྐུ་ཡི་རྣམ་བཞག་གཉིས། །མཆོག་སྤྲུལ་མཛད་པ་བཅུ་གཉིས་སྟོན། །ཐུགས་རྗེ༴ །བྱེད་ལས་གདུལ་བྱ་རིམ་གྱིས་འདྲེན། །རིམ་གྱིས་འདྲེན་ཚུལ་འདི་ལ་གསུམ། །ཕལ་པ་ཐེག་པ་དམན་ལ་འཇུག །མི་རྟག༴ །ཐེག་དམན་ཐེག་ཆེན་གྱིས་སྨིན་ཚུལ། །ཞི་བ༴ །ཐེག་ཆེན་རྣམ་གྲོལ་ལ་སྦྱོར་རོ། །ཐེག་པ༴ །གསུམ་པ་དེ་དག་དོན་བསྡུས་གཉིས། །རྒྱུ་མཚན་དང་སྦྱར་གསུམ་དུ་བསྡུ། །ཟབ་དང༴ །གནས་ཚུལ་དང་སྦྱར་གཉིས་སུ་བསྡུ། །འདིར་ནི༴ །དྲུག་པ་ཇི་སྲིད་རྟག་པའི་དོན། །རྟག་པའི་རྒྱུ་མཚན་མདོར་བསྟན་ནས། །རྒྱུ་མཐའ༴ །རྒྱས་པར་བཤད་ལ་དོན་རྣམ་གསུམ། །གཟུགས་སྐུ་རྟག་པའི་རྒྱུ་མཚན་དང༌། །ལུས་དང་༴ །ཆོས་སྐུ་རྟག་པའི་རྒྱུ་མཚན་དང༌། །འཆི་མེད༴ །དེ་དག་ཉིད་ཀྱི་དོན་བསྡུའོ། །དང་པོ༴ །བདུན་པ་ཇི་ལྟ་བ་བཞིན་དུ། །བསམ་མི་ཁྱབ་


ZP01_Page_110
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མདོར་བསྟན་ནས། །ངག་ཡུལ༴ །རྒྱས་པར་བཤད་པ་ཉིད་ལ་གསུམ། །རྒྱུ་མཚན་རིམ་པ་ལྟར་བཤད་པ། །བསམ་མེད༴ །སྐུ་གཉིས་དང་སྦྱར་དེ་དོན་བསྡུ། །རྒྱུ་ལྔ༴ །ཡོན་ཏན་བསམ་མི་ཁྱབ་ཚུལ་ལོ། །བླ་མེད༴ །ལེའུ་གཉིས་པའི་ས་བཅད་རྫོགས། ༈ །རྟོགས་པའི་ཡན་ལག་ཡོན་ཏན་སྐབས། །རྣམ་པར་བཤད་ལ་སྤྱི་དོན་གཉིས། །སྐུ་གཉིས་དང་སྦྱར་གྲངས་ཀྱིས་ཕྱེ། །དབྱེ་བའི་ཡོན་ཏན་གཏན་ལ་དབབ། །རྣམ་པར་དབྱེ་བ་ལ་ཡང་གཉིས། །སྐུ་དང་ཡོན་ཏན་ཕྱེ་སྟེ་བསྟན། །རང་དོན༴ །དེ་དག་སོ་སོར་སྦྱར་བའོ། །བདག་ཉི༌།དབྱེ་བའི་ཡོན་ཏན་བཞི་ཡིན་ཏེ། །དཔེ་དོན་སྦྱར་ཏེ་སྡོམ་མདོར་བསྟན། །སྟོབས་ཉིད༴ །སོ་སོའི་རྣམ་བཞག་རྒྱས་པར་བཤད། །དེ་དག་སྟོན་པའི་ལུང་ལས་རྟོགས། །སླར་ཡང་དཔེ་དོན་བསྡུས་ཏེ་བསྟན། །དེ་ཡི་རྒྱས་བཤད་དེར་ཡང་གཉིས། །རང་དོན་དོན་དམ་ཆོས་སྐུ་ལ། །ཡོད་པ་བྲལ་འབྲས་ཡོན་ཏན་དང༌། །གཞན་དོན་ཀུན་རྫོབ་གཟུགས་སྐུ་ལ། །ཡོད་པ་སྨིན་འབྲས་ཡོན་ཏན་ནོ། །དང་པོ་བྲལ་འབྲས་ཡོན་ཏན་གསུམ། །སྟོབས་དང་མི་འཇིགས་མ་འདྲེས་སོ། །དང་པོ་སྟོབས་བཅུ་བཤད་ལ་གཉིས། །མཚོན་བྱ་དོན་གྱི་ངོ་བོ་བསྟན། །གནས་དང་༴ །མཚོན་བྱེད་དཔེ་ཡིས་ངེས་པར་བྱ། །གནས་དང་༴ །གཉིས་པ་མི་འཇིགས་པ་ཡང་གཉིས། །དོན་གྱི་ངོ་བོ་ངོས་བཟུང་བ། །ངོ་བོ་


ZP01_Page_111
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་བྱེད་ལས་གཉིས། །ཆོས་སྐུ༴ །བདག་གཞན༴ །དེ་ཉིད་དཔེ་ཡིས་ངེས་པར་བྱ། །རི་དྭགས༴ །མ་འདྲེས་བཅོ་བརྒྱད་བསྟན་ལ་གཉིས། །དོན་དངོས་བསྟན་དང་དཔེ་དང་སྦྱར། །དོན་དངོས་བསྟན་པ་ཉིད་ལ་གཉིས། །བཅོ་བརྒྱད་སོ་སོའི་དབྱེ་བ་དང༌། །སླར་བཤད་ལས་དང་ཐོབ་ཚུལ་ལོ། །བཅོ་བརྒྱད་དབྱེ་བ་དེར་ཡང་གཉིས། །ཕྱེ་སྟེ་རྒྱས་པར་བཤད་པ་དང༌། །བསྡུས་ཏེ་གཞན་ཡང་བསྟན་པའོ། །རྒྱས་པར་བཤད་ལ་སྡེ་ཚན་བཞི། །དང་པོ་སྤྱོད་པས་བསྡུས་པ་དྲུག །འཁྲུལ་དང་༴ །གཉིས་པ་རྟོགས་པས་བསྡུས་པ་དྲུག །བདུན་པ༴ །གསུམ་པ་མཛད་པས་བསྡུས་པ་གསུམ། །ལས་རྣམས༴ །བཞི་པ་མཁྱེན་པས་བསྡུས་པ་གསུམ། །དུས་ལ༴ །བསྡུས་ཏེ་གཞན་བསྟན་དབྱེ་བ་མེད། །དེ་ལྟར༴ །ལས་དང་ཐོབ་ཚུལ་ཀྱང་དེ་ལྟར། །འཁྲུལ་དང་༴ །དེ་དག་དཔེ་དང་ལེགས་སྦྱར་རོ། །ས་སོགས༴ །གཉིས་པ་སྨིན་འབྲས་བཤད་ལ་གཉིས། །མཚོན་བྱ་མཚན་གྱི་དབྱེ་བ་བཤད། །ལེགས་གནས༴ །མཚོན་བྱེད་དཔེ་དང་སྦྱར་ཏེ་བསྡུ། །ཇི་ལྟར༴ །དེ་དག་སྟོན་པའི་ལུང་ལས་རྟོགས། །ཡོན་ཏན༴ །སླར་ཡང་བསྟན་ལ་རྣམ་པ་གཉིས། །དཔེ་དོན་མཚུངས་ཆོས་སྤྱིར་བསྟན་པ། །དེ་དག་སྦྱར་ཏེ་སོ་སོར་བཤད། །དེ་ཡང་དང་པོ་སྤྱིར་བསྟན་ནས། །མི་ཕྱེད༴ །སོ་སོར་བསྟན་པ་ལ་ཡང་གཉིས། །བྲལ་འབྲས་ཆོས་སྐུའི་ཡོན་


ZP01_Page_112
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དང༌། །སྨིན་འབྲས་གཟུགས་སྐུའི་ཡོན་ཏན་བཤད། །དང་པོ་ལ་ཡང་གཉིས་ཡིན་ཏེ། །ཕྱེ་སྟེ་དཔེ་ཡིས་མཚོན་ཚུལ་དང༌། །བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །མཚོན་ཚུལ་ལའང་རྣམ་གསུམ་ལས། །སྟོབས་རྣམས་རྡོ་རྗེས་མཚོན་ཚུལ་གཉིས། །དང་པོ་སོ་སོར་མཚོན་ཚུལ་དང༌། །སྟོབས༴ །གཉིས་པ་ཐུན་མོངས་མཚོན་ཚུལ་ལོ། །བརླིངས་དང་༴ །མི་འཇིགས་སེང་གེས་མཚོན་ཚུལ་གཉིས། །མདོར་བསྟན་པ་དང་བཤད་པའོ། །འཇིགས་པ་མེད༴ །ཀུན་མངོན༴ །མ་འདྲེས་ནམ་མཁའི་དཔེས་མཚོན་ནས། །འཇིག་རྟེན༴ །བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །དེ་དག༴ །སྨིན་འབྲས་གཟུགས་སྐུའི་ཡོན་ཏན་གཉིས། །མཚན་རྣམས་སྐུ་གཉིས་ལ་གནས་ཚུལ། །མཐོང་བ༴ །གཟུགས་སྐུ་ཟླ་བའི་དཔེས་མཚོན་ཚུལ། །དག་ལ༴ །ལེའུ་གསུམ་པའི་ས་བཅད་རྫོགས། ༈ །རྟོགས་བྱེད་ཕྲིན་ལས་དོན་ལ་གཉིས། །ལྷུན་གྲུབ་རྒྱུན་མི་འཆད་པར་བསྟན། །དེ་ཉིད་དཔེ་ཡིས་ངེས་པར་བྱ། །དང་པོ་ལ་ཡང་བསྟན་བཤད་གཉིས། །མདོར་བསྟན་ལ་གཉིས་ལྷུན་གྲུབ་དང༌། །གདུལ་བྱའི༴ །རྒྱུན་མི་འཆད་པ་མདོར་བསྟན་ནོ། །ཡོན་ཏན༴ །རྒྱས་བཤད་ལ་གཉིས་ལྷུན་གྲུབ་བཤད། །གང་གི༴ །རྒྱུན་མི་འཆད་པ་བཤད་ལ་ལྔ། །མིང་གི་དབྱེ་བ་བསྟན་པ་གཅིག །ངེས་འབྱིན༴ །དོན་གྱི་ངོ་བོ་བཤད་པ་གཉིས། །ངེས་པར༴ །དེ་དག་དཔེ་ཡིས་མཚོན་ཚུལ་གསུམ། །གནས་དྲུག༴ །དཔེ་དོན་རྒྱས་


ZP01_Page_113
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པ་བཞི། །ཤེས་ཆུ༴ །བསྡུས་ཏེ་རྒྱུན་མི་འཆད་ཚུལ་ལོ། །གཞན་གྱི༴ །དེ་ཉིད་དཔེ་ཡིས་ངེས་བྱར་བཞི། །སྡོམ་དུ་བསྡུས་ཏེ་དཔེས་དབྱེ་བ། །བརྒྱ་བྱིན༴ །དོན་དང་སྦྱར་ཏེ་སོ་སོར་བཤད། །དགོས་པ་བརྗོད་དེ་སྐབས་དོན་བསྡུ། །སླར་ཡང་བསྡུས་ཏེ་ཁྱད་པར་བཤད། །སོ་སོའི་ངོ་བོ་རྣམ་པ་དགུ། །རྣམ་འཕྲུལ་སྟོན་ཚུལ་དབང་པོའི་དཔེས། །དང་པོར་བསྟན་པ་འདི་ལ་གསུམ། །རྣམ་རྟོག་མེད་ཀྱང་གཞན་དོན་འགྲུབ། །དེ་ཉིད་ལེགས་པར་སྦྱར་ཏེ་བཤད། །བསྡུས་ཏེ་སྐྱེ་འགགས་མེད་ཚུལ་ལོ། །རྟོག་མེད་གཞན་དོན་འགྲུབ་ལ་གཉིས། །མཚོན་བྱེད་དཔེ་དང་མཚོན་དོན་ནོ། །དཔེ་ལ་ཡང་ནི་བཞི་ཡིན་ཏེ། །དག་པའི་ས་བཞིར་གཟུགས་བརྙན་འཆར། །ཇི་ལྟར༴ །དེ་ཡིས་དགེ་བའི་ལས་ལ་སྦྱོར། །དེ་ནས༴ །ལས་དེས་འདོད་པའི་གོ་འཕང་ཐོབ། །དེ་དག༴ །འབད་པ་མེད་པར་དོན་དུ་འགྱུར། །སྣང་བ༴ །མཚོན་བྱའི་དོན་ཉིད་ལའང་བཞི། །དག་པའི་སེམས་ལ་གཟུགས་སྐུ་སྣང༌། །དེ་བཞིན༴ །དེ་ལས་འདོད་པའི་གོ་འཕང་སྒྲུབས། །དེ་མཐོང་༴ །འབད་པ་མེད་ཀྱང་དོན་དུ་འགྱུར། །སྣང་བ༴ །རིམ་གྱིས་མཐར་ཐུག་ཆོས་སྐུ་འཐོབ། །འདི་ནི༴ །དེ་ཉིད་ལེགས་པར་སྦྱར་བཤད་ནས། །ཇི་ལྟར༴ །བསྡུས་ཏེ་སྐྱེ་འགགས་མེད་ཚུལ་ལོ། །ཇི་ལྟར༴ །གཉིས་པ་གདམས་ངག་གསུངས་པའི་ཚུལ། །རྔ་སྒྲའི་དཔེ་ཡིས་ངེས་བྱར་གསུམ། །ལྷ་ཡི་རྔ་ལྟར་དམ་ཆོས་གསུངས། །དཔེ་རྣམས་ལས་


ZP01_Page_114
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཁྱད་པར་འཕགས། །དེ་དག་རྐྱེན་ལས་འཇུག་ཚུལ་ལོ། །གསུང་ཚུལ་རྒྱས་བཤད་དོན་བསྡུས་གཉིས། །དང་པོ་རྒྱས་པར་བཤད་ལ་གསུམ། །རྩོལ་བ་མེད་དང་ལས་ལ་འབྱུང༌། །ཞི་བ་སྒྲུབ་པའི་ཚུལ་གསུམ་དང༌། །ཇི་ལྟར༴ །ཇི་ལྟར༴། འབད་གནས༴ །སླར་ཡང་དཔེ་དག་དོན་བསྡུའོ། །ཇི་ལྟར༴ །དཔེ་ལས་ཁྱད་པར་འཕགས་མདོར་བསྟན། །གང་ཕྱིར༴ །ཁྱད་པར་རྒྱས་པར་བཤད་ལ་གཉིས། །ལྷར་ནི། །དེ་དག་རྐྱེན་ལས་འཇུག་པའོ། །ཇི་ལྟར༴ །གསུམ་པ་མཁྱེན་བརྩེས་ཁྱབ་པའི་ཚུལ། །སྤྲིན་གྱི་དཔེ་ཡིས་ངེས་བྱ་བ། །ལོ་ཏོག་འཕེལ་དང་སྣོད་ལས་འགྱུར། །ལྟོས་མེད་མེ་རྣམས་བཞི་ཆོས་མཐུན། །ལོ་ཏོག་འཕེལ་བའི་ཆོས་མཐུན་གཉིས། །འབད་པ་མེད་ཚུལ་མདོར་བསྟན་པ། །ཇི་ལྟར༴ །རྐྱེན་ལས་འཇུག་ཚུལ་རྒྱས་བཤད་པ། །ཇི་ལྟར༴ །སྣོད་ལས་གྱུར་ཚུལ་ཆོས་མཐུན་གཉིས། །དཔེ་བསྟན་པ་དང་དེ་ཡི་དོན། །ཇི་ལྟར༴ །དེ་བཞིན༴ །ལྟོས་པ་མེད་པའི་ཆོས་མཐུན་གསུམ། །དཔེ་གསུམ་གྱིས་ནི་མདོར་བསྟན་ཅིང༌། །ཐེག་པ༴ །དེ་ཡི་དོན་ཉིད་རྒྱས་པར་བཤད། །དཔྱིད་མཐར༴ །ལྟོས་པ་མེད་པ་འཇུག་ཚུལ་ལོ། །ཐེག་པ༴ །མེ་རྣམས་འཇོམས་པའི་ཆོས་མཐུན་གསུམ། །སྡུག་བསྔལ་མེ་ཚོགས་ཞི་བར་བྱེད། །འཁོར་བའི༴ །ཞི་བྱེད་ཤེས་རབ་རིམ་གྱིས་འབྱུང༌། །ལྷ་ལ༴ །ཤེས་ལྟར་སྤང་ལན་ཉམས་སུ་བླངས། །ནད་ན༴ །བཞི་པ་སྤྲུལ་པ་མཛད་པའི་རྒྱལ། །ཚངས་པའི་དཔེ་ཡིས་ངེས་བྱར་


ZP01_Page_115
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །སྐལ་ལྡན་སྣང་བ་སྟོན་ཚུལ་དང༌། །སྐལ་མེད་སྣང་བ་མེད་ཚུལ་ལོ། །སྣང་བ་སྟོན་པའི་ཚུལ་ལ་གསུམ། །འབད་པ་མེད་དང་ཉེས་པ་སེལ། །སྐལ་བར་སྟོན་པས་མཚུངས་པར་བསྟན། །ཇི་ལྟར༴ །ཇི་ལྟར༴ །སྔོན་གྱི༴ །སྐལ་བ་མེད་ལ་མི་སྣང་ངོ༌། །འཕོ་དང༌། ལྔ་པ་ཡེ་ཤེས་སྤྲོ་བའི་ཚུལ། །ཉི་མའི་དཔེ་ཡིས་ངེས་བྱར་བཞི། །ཕན་གནོད་མི་རྟོག་གཞན་དོན་མཛད། །སྐལ་ལས་རིམ་འཆར་དཔེ་ལས་འཕགས། །ཕན་དང་གནོད་པས་རྟོག་མེད་པ། །ཇི་ལྟར༴ །མི་རྟོག་གཞན་དོན་མཛད་ལ་གསུམ། །རྟོག་པ་མེད་དང་འོད་ཟེར་སྤྲོ། །ཇི་ལྟར༴ །ཆོས་དང་༴ །ཅིག་ཆར་ཤར་ནས་དོན་མཛད་དོ། །གང་ཕྱིར༴ །སྐལ་བས་རིམ་གྱིས་འཆར་ཚུལ་གཉིས། །བསྟན་པ་དང་ནི་བཤད་པ་ཉིད། །རྟག་ཏུ༴ །ཇི་ལྟར༴ །དེས་ལས་ཁྱད་པར་འཕགས་ཚུལ་གཉིས། །འོད་ཟེར་ཁྱད་འཕགས་བྱེད་ལས་འཕགས། །ཞིང་ཀུན༴ །སངས་རྒྱས༴ །དྲུག་པ༌།ཐུགས་ཀྱི་གསང་བ་གཉིས། །ནོར་བུས་དཔེ་ཡིས་ངེས་བྱར་གཉིས། །རེ་འདོད་སྒྲུབ་པས་མཚུངས་པར་བསྟན། །རྙེད་པར་དཀའ་བས་མཚུངས་པར་བསྟན། །རེ་འདོད་སྒྲུབ་པས་མཚུངས་བསྟན་གཉིས། །རྟོག་མེད་འདོད་དགུ་སྒྲུབ་ཚུལ་དང༌། །ཇི་ལྟར༴ །འབད་མེད་རྟག་ཏུ་བཞུགས་ཚུལ་ཏེ། །ཇི་ལྟར༴ །རྙེད་པར་དཀའ་ལ་དབྱེ་བ་མེད། །གང་ཕྱིར༴ །བདུན་པ་གསུང་གི་གསང་བ་མཆོག །བྲག་ཆའི་དཔེ་ཡིས་ངེས་བྱ་བ། །


ZP01_Page_116
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དང་དོན་ནི་གཉིས་ཡིན་ནོ། །ཇི་ལྟར༴ །དེ་བཞིན༴ །བརྒྱད་པ་སྐུ་ཡི་གསང་བ་མཆོག །ནམ་མཁའི་དཔེ་ཡིས་ངེས་པར་ཡང༌། །དཔེ་དང་དོན་གཉིས་ཉིད་ཡིན་ནོ། །ཅུང་ཟད༴ །དེ་བཞིན༴ དགུ་པ་ཐུགས་རྗེ་འཇུག་པའི་ཚུལ། །ས་གཞིའི་ངེས་བྱར་དཔེ་དང་དོན། །ཇི་ལྟར༴ །དེ་བཞིན༴༌༈ །དགོས་བརྗོད་སྐབས་དོན་བསྡུས་ལ་གཉིས། །དགོས་དང་དཔེ་དོན་གྱི་དབྱེ་བ། །དཔེ་ཡིས་མཚོན་ཚུལ་ཁྱད་པར་བཤད། །དགོས་སོགས་དབྱེ་བ་ལའང་བཞི། །དགོས་དང་ཉིང་དགོས་འགྲུབ་པའི་ཚུལ། །འབད་རྩོལ༴ །དཔེ་དང་དོན་དག་བསྡུས་ཏེ་བསྟན། །དམ་བཅའ་ལ་སོགས་དོན་གསུམ་སྦྱར། །འབད་རྩོལ༴ །སྐབས་དོན་འབད་རྩོལ་མེད་ཚུལ་ལོ། །འདིར་ནི༴ །དཔེ་ཡིས་མཚོན་ཚུལ་བཤད་ལ་གཉིས། །དཔེ་ཡིས་དབྱེ་བ་བསྟན་པ་དང༌། །གང་ཞིག༴ །དོན་དང་སྦྱར་ཏེ་བཤད་པའོ། །རིན་ཆེན༴ །སླར་ཡང་བསྡུས་ཏེ་བཤད་ལ་གཉིས། །གཟུགས་སྐུ་སྐྱེ་འཇིག་སྣང་ན་ཡང༌། །ཆོས་སྐུ་སྐྱེ་འཇིག་མེད་ཚུལ་དང༌། །ཆོས་མཐུན་མཚུངས་པར་སྣང་ན་ཡང༌། །མི་མཐུན་ཁྱད་པར་འཕགས་ཚུལ་ལོ། །སྣང་ཡང་སྐྱེ་འཇིག་མེད་ཚུལ་གཉིས། །དབང་པོའི་དཔེ་ཡིས་སྐྱེ་འཇིག་མེད། །དག་པ་༴ །དཔེ་ཀུན་གྱིས་མཚོན་རྒྱུན་མི་འཆད། །དེ་བཞིན༴ །མཚུངས་ཀྱང་ཁྱད་པར་འཕགས་ཚུལ་གཉིས། །མདོར་བསྟན་དང་ནི་བཤད་པའོ། །དཔེ་རྣམས༴ །སངས་རྒྱས༴


ZP01_Page_117
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བཞི་པའི་ས་བཅད་རྫོགས། ༈ །གནས་བཞིར་མོས་པའི་ཕན་ཡོན་གཉིས། །མཆོག་ཏུ་བསྔགས་པའི་ཚུལ་གྱིས་བསྟན། །དེ་ཉིད་རྣམ་གྲངས་གཞན་གྱིས་བཤད། །བསྔགས་པའི་ཚུལ་གྱིས་བསྟན་ལ་གཉིས། །གནས་བཞིར་རྟོགས་པར་དཀའ་ཚུལ་དང༌། །སངས་རྒྱས༴ །དེ་རྟོགས་ཕན་ཡོན་ཐོབ་ཚུལ་ལོ། །ཕན་ཡོན་ཐོབ་ཚུལ་འདི་ལ་གཉིས། །ཐབས་ཀྱིས་དགེ་བ་གཞན་ལས་འཕགས། །ཤེས་རབ་མཆོག་ཐོབ་རྒྱུ་མཚན་ནོ། །གཞན་ལས་འཕགས་ཚུལ་མདོར་བསྟན་ནས། །བློ་ལྡན༴ །རྒྱས་པར་བཤད་པ་ལ་ནི་གསུམ། །སྦྱིན་པ་མཆོད་ལས་ཁྱད་འཕགས་ཤིང༌། །གང་ཞིག །ཚུལ་ཁྲིམས་ལས་ཀྱང་ཁྱད་འཕགས་ལ། །བློ་ལྡན༴ བསྒོམ་པ་ལས་ཀྱང་ཁྱད་འཕགས་སྟེ། །གང་ཞིག༴ །ཤེས་རབ་མཆོག་ཐོབ་རྒྱུ་མཚན་ནོ། །གང་ཕྱིར༴ །རྣམ་གྲངས་གཞན་གྱིས་བཤད་ལ་གཉིས། །མཐར་ཐུག་ཐོབ་པའི་ཕན་ཡོན་དང༌། །གནས་དང་༴ །ལམ་ལ་འཇུག་པའི་ཕན་ཡོན་ནོ། །ལམ་ལ་འཇུག་པའི་ཕན་ཡོན་གཉིས། །བསམ་པ་བྱང་ཆུབ་སེམས་མཆོག་སྐྱེ། །བསམ་མེད༴ །སྦྱོར་བ་ཕར་ཕྱིན་དྲུག་ལ་འཇུག །ཕྱིན་དྲུག་ལ་འཇུག་འདི་ལ་བཞི། །ཕ་རོལ་ཕྱིན་པ་ཡོངས་སུ་རྫོགས། །དེ་ནི༴ །བསོད་ནམས་བྱ་བའི་དངོས་གསུམ་བྱེད། །སྦྱིན་བྱུང་༴ །སྤང་བྱ་སྒྲིབ་པ་རྣམ་གཉིས་ཀྱི། །འཁོར་གསུམ༴ །གཉེན་པོ་ཤེས་རབ་མཆོག་ཐོབ་


ZP01_Page_118
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །ཤེས་རབ༴ །མཇུག་ཡོངས་རྫོགས་པའི་བྱ་བ་གཉིས། །བཤད་བྱའི་དོན་ཉིད་རྒྱས་པར་བཤད། །འཆད་པའི་ཚུལ་གྱིས་བསྡུས་ཏེ་བསྟན། །རྒྱས་པར་བཤད་པ་ལ་ཡང་གསུམ། །བསྟན་བཅོས་ཇི་ལྟར་བརྩམ་པའི་ཚུལ། །ཆོས་ལ་གནོད་པ་སྤོང་བའི་ཚུལ། །བརྩམ་པའི་བསོད་ནམས་བསྔོ་བའོ། །བརྩམ་པའི་ཚུལ་ལྔ་སྡོམ་དུ་བཞི། །གང་ལ་བསྟེན་ནས་གང་ཕྱིར་བཤད། །དེ་ལྟར༴ །འཆད་པའི་ཚུལ་གྱིས་བསྟན་པ་དང༌། །ཇི་ལྟར༴ །གང་ཞིག་བཤད་བྱ་བཀའི་ངོ་བོ། །གང་ཞིག༴ །རྒྱུ་མཐུན་གུས་པས་བླང་ཚུལ་ལོ། །གང་ཞིག༴ །ཆོས་ལ་གནོད་པ་སྤངས་ལ་གསུམ། །དག་ཐབས་ངོས་བཟུང་བསྟེན་པར་གདམས། །ཉམས་པའི་རྒྱུ་ངོས་བཟུང་སྟེ་སྤངས། །ཟབ་མོའི་ཆོས་ཉམས་འབྲས་བུ་སྤོངས། །དག་ཐབས་ངོས་བཟུང་བསྟེན་ལ་གཉིས། །རང་བཟོ་སྤོང་དང་ཕྱོགས་ཞེན་སྤོང༌། །གང་ཕྱིར༴ །ཉོན་མོངས༴ །ཉམས་པའི་རྒྱུ་སྤངས་དབྱེ་བ་མེད། །བློ་དམན༴ །ཆོས་ཉམས་འབྲས་བུ་སྤོང་ཚུལ་གཉིས། །ངན་སོང་སྤོང་དང་འཁོར་བ་སྤོང༌། །ཇི་ལྟར༴ །གང་ཞིག༴ །བསོད་ནམས་བསྔོ་ཞིང་འཆད་ཚུལ་བསྡུ། །དཀོན་མཆོག༴ །གང་ལས། །ཕྱི་མ་གཉིས་འདི་ཟླ་རྒྱས་བཞིན། །ཐེག་མཆོག་ངེས་དོན་ཟབ་མོའི་གཏམ། །ཚིག་ཙམ་ཐོས་ཀྱང་སྐལ་ཆེ་ན། །མཁས་པའི་གསུང་གི་རྗེས་འབྲངས་ཏེ། །ལེགས་པར་འཆད་ནུས་སྐལ་པ་བཟང༌། །དེ་སླད་དེ་ཡི་བསྡུས་པའི་དོན། །ཛམ་ཐང་ཆོས་ཀྱི་ཕོ་བྲང་མཆོག །མི་ཕམ་


ZP01_Page_119
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་འབབ་སྟེགས་སུ། །འཆད་པའི་ཐུན་བར་དག་ཏུ་བྲིས། །དེ་དགེ་དྲི་མེད་འོད་སྟོང་གིས། །རྨོངས་པའི་རབ་རིབ་ཀུན་བསལ་ནས། །འགྲོ་ཀུན་ངེས་དོན་ཟབ་མོའི་གཏམ། །ཉན་པའི་རྣ་བར་བདུད་རྩིར་གྱུར། །རྟོག་གེ་འཆལ་བའི་དཀྲུག་མ་དང༌། །རྣམ་པར་རྟོག་པའི་རྡུལ་དེང་བའི། །དྲི་མེད་ཆོས་དབྱིངས་ནམ་མཁའི་དཀྱིལ། །བསྟན་པའི་ཉིན་བྱེད་འབར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།བཀྲ་ཤིས།།


previousཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་ས་བཅད།next