Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
ཡོན་ཏན་མཛོད་ཀྱི་བསྡུས་དོན་འབྱེད་འགྲེལ་མེ་ཏོག་གི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡོན་ཏན་མཛོད་ཀྱི་བསྡུས་དོན་འབྱེད་འགྲེལ་མེ་ཏོག་གི་ཕྲེང་བ།next

ཡོན་ཏན་མཛོད་ཀྱི་བསྡུས་དོན་འབྱེད་འགྲེལ་མེ་ཏོག་གི་ཕྲེང་བ།


ZP02_Page_241
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་བསྡུས་དོན་འབྱེད་འགྲེལ་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།


ZP02_Page_242
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་བསྡུས་དོན་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ། ཀུན་མཁྱེན་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པ་བསྟན་པ་ཡོངས་སུ་རྫོགས་པའི་བསྟན་བཅོས་ཆེན་པོ་འདི་འཆད་པར་བྱེད་པ་ལ་བཤད་ཐབས་ཀྱི་ཡན་ལག་ངེས་པ་རྣམས་སོང་ནས། བཤད་བྱ་དངོས་བཤད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་འཇུག་གི་དོན་ནོ། །ཐོག་མར་དགེ་བ་ཀླད་ཀྱི་དོན་ལ། མཚན་བརྗོད་པ། མཆོད་པར་བརྗོད་པ། རྩོམ་པར་དམ་


ZP02_Page_243
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་བའོ། །དང་པོ་མཚན་བརྗོད་པ་ལ། མཚན་རྒྱ་གར་གྱི་སྐད་ལྟར་སྨོས་པ། མཚན་བོད་སྐད་ལྟར་སྨོས་པ་གཉིས། དང་པོ་ནི། རྒྱ་གར། གུ་ཎ། གཉིས་པ་ནི། བོད་སྐད། ཡོན་ཏན། མཆོད་པར་བརྗོད་པ་ལ། མཚན་ཙམ་བསྡུས་ཏེ་དྲན་པའི་སྒོ་ནས་ཕྱག་བྱ་བ་དང༌། ཡོན་ཏན་དྲན་པའི་སྒོ་ནས་རྒྱས་པར་འདུད་པའོ། །དང་པོ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གཉིས་པ་ནི་རིན་ཆེན་སོགས་ཤོ་ལོ་ཀ་གཅིག་གོ །གསུམ་པ་བརྩམ་པར་དམ་བཅའ་བ་ལ། དམ་པའི་ཆོས་འཛིན་པའི་ཕན་ཡོན་ལ་བསམ་སྟེ་བརྩམ་པར་དམ་བཅའ་བ་དང༌།


ZP02_Page_244
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཛིན་པའི་ཉེས་དམིགས་ལ་བསམ་སྟེ་བརྩམ་པར་དམ་བཅའ་བ་གཉིས་ཤོ་ལོ་ཀ་རེ་རེ་སྟེ། བློ་མཆོག་ཅེས་པ་དང༌། ཐོག་མ་ཞེས་པ་ནས་སོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་འཆད་པ་ལ་གཞུང་དོན་ལེའུ་བཅུ་གསུམ་སྐྱེས་བུ་གསུམ་གྱི་ལམ་རིམ་དང་སྦྱར་ནས་འཆད་པ་ལས། དང་པོ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་ལམ་དུ་ལས་དགེ་སྡིག་གི་སྤང་བླངས་བསམ་པ་ལ། དང་པོ་ཆོས་ལ་བློ་འཇུག་པའི་རྒྱུ་དལ་འབྱོར་རྙེད་དཀའ་བ་ལ་བསམ་པ། བརྩོན་འགྲུས་ཀྱི་ལྕགས་འདེབས་པའི་ཆེད་དུ་ཚེ་མི་རྟག་པའི་རང་བཞིན་བསམ་པ། འཕྲལ་དང་ཡུན་གྱི་བདེ་བ་སྒྲུབ་པའི་ཆེད་དུ་ལས་འབྲས་ཀྱི་སྤང་བླངས་བསམ་པ་སྟེ་ལེའུ་གསུམ། གཉིས་པ་སྐྱེས་བུ་འབྲིང་པོ་དང་ཐུན་མོང་གི་ལམ་དུ་བདེན་པ་བཞིའི་འཇུག་ལྡོག་ལ་བསམ་པ་ལེའུ་གཅིག །གསུམ་པ་སྐྱེས་བུ་ཆེན་པོའི་ཐུན་མོངས་མ་ཡིན་པའི་ལམ་དུ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་ལ། ལམ་གྱི་སྔོན་འགྲོ་དང༌། ལམ་གྱི་དངོས་གཞི་གཉིས། དང་པོ་ལམ་གྱི་སྔོན་འགྲོ་ལ། ལམ་གྱི་རྟེན་འབྲེལ་བསྒྲིགས་པ་འཁོར་ལོ་ཆེན་པོ་བཞིའི་ཚོམས་ལེའུ་གཅིག །ལམ་གྱི་རྟེན་གཞི་བཅའ་བ་སྐྱབས་སུ་འགྲོ་བའི་ཚོམས་ལེའུ་གཅིག །གཉིས་པ་ལམ་གྱི་དངོས་གཞི་ལ།


ZP02_Page_245
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་གཞུང་ཤིང་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་ཉམས་སུ་བླངས་པ། ལམ་གྱི་སྦས་དོན་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ཉམས་སུ་བླང་བ། ལམ་གྱི་ཉེ་ལམ་རང་བཞིན་རྫོགས་པ་ཆེན་པོ་ལྟར་ཉམས་སུ་བླང་བ་དང་གསུམ་ལས། དང་པོ་ལམ་གྱི་གཞུང་ཤིང་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་ཉམས་སུ་བླང་བ་ལ། བློ་སྦྱང་བ་ཚད་མེད་བཞིའི་ལེའུ། དམ་བཅའ་བ་བྱང་ཆུབ་ཀྱི་སེམས་གཟུང་བའི་ལེའུ། བསླབ་བྱ་སློབ་པའི་ལེའུ་སྟེ་གསུམ། ལམ་གྱི་སྦས་དོན་འབྲས་བུ་རྡོ་རྗེ་ཐེག་པ་ལྟར་ཉམས་སུ་བླང་བ་ལ། རིག་པ་འཛིན་པའི་སྡེ་སྣོད་བསྟན་པའི་ལེའུ་གཅིག །ལམ་གྱི་ཉེ་ལམ་རང་བཞིན་རྫོགས་པ་ཆེན་པོ་ལྟར་ཉམས་སུ་བླངས་པ་ལ། གཞི་ལམ་འབྲས་བུའི་ལེའུ་གསུམ་རྣམས་ཡོད་པ་ལས། དང་པོ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་ལམ་དུ་ཆོས་ལ་བློ་འཇུག་པའི་རྒྱུ་དལ་འབྱོར་རྙེད་པར་དཀའ་བ་བསམ་པའི་ལེའུ་ལ། མི་ལུས་རྙེད་པར་དཀའ་བ་མདོར་བསྟན། དལ་འབྱོར་གྱི་རང་བཞིན་རྒྱས་པར་བཤད། གདམས་ངག་བརྗོད་པས་མཇུག་བསྡུ་བ་དང་གསུམ། དང་པོ་མདོར་བསྟན་རིང་ནས་སོགས་ཤོ་ལོ་ཀ་གཅིག །གཉིས་པ་དལ་འབྱོར་གྱི་རང་བཞིན་རྒྱས་པར་བཤད་པ་ལ།


ZP02_Page_246
[མ་དཔེ་གཟིགས་ན་འདིར་གནོན།]

དགགས་ཕྱོགས་ནས་མི་ཁོམས་བརྒྱད་བཤད་པ་ལ། བསྟན་བཤད་བསྡུ་གསུམ་ལས། དང་པོ། བསམ། ངན། མཐའ། སངས། ཞེས་པས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། ཐང༌། མཚོན། སྲོག །ད། ཞེས་པས་དམྱལ་བ། རྣག་ཡིད་ཆུ་ནད་སྒྲིབ་ཀྱིས་ཡི་དྭགས། དུད་རྔོན་བཀོལ་གནས་ཀྱི་དུད་འགྲོ། འཚོ་སྐྱོ་ཐོས་འཆིས་ལྷ་ཚེ་རིང་པོ། རྐང་དེ་དམ་བླང་གི་ཀླ་ཀློ། དབང་འཕགས་བྲག་བརྡས་དབང་པོ་མ་ཚང༌། སྐྱེ་རྣམ་སངས་ལོག་གིས་ལོག་ལྟ་ཅན། ཐུབ་གཅོང་ལྡང་ཉམ་གྱིས་མུན་པའི་བསྐལ་བར་བཤད་པའོ། །གསུམ་པ་མཇུག་བསྡུ་བ་སྡིག་ངལ་ཆོས་བསམ་ཞེས་པའི་རྐང་པ་བཞིས་སོ། །གཉིས་པ་སྒྲུབ་ཕྱོགས་ནས་འབྱོར་བའི་ཆོས་བཅུ་བཤད་པ་ལ། ཡུལ་ཡན་ལས་མིར་གྱིས་རང་འབྱོར། རྒྱལ་ཆོས་ནུབ་དམ་གྱིས་གཞན་འབྱོར། གང་གཞན་གཉིས་དལ་གྱིས་དལ་འབྱོར་བཅོ་བརྒྱད་བཤད་པའོ། །གསུམ་པ་རྙེད་དཀའ་བའི་རྒྱུ་མཚན་བཤད་པ། ཅི་གྲངས་སྐར་དམྱལ་ཞེས་པས་དང་པོས་དཔེ། ལྷག་མས་གྲངས་ཀྱི་སྒོ་ནས་རྙེད་དཀའ་བའི་རྒྱུ་མཚན་བསྟན། དོན་གསུམ་པ་མཇུག་བསྡུ་བ། དེ་སྡུག་ཆོས་མཉན་ཞེས་པས་བསྟན་ནོ། །ཡོན་ཏན་དལ་འབྱོར་ཞེས་པས་ལེའུའི་མཚན་བསྟན་པའོ།། །།

བརྩོན་འགྲུས་ཀྱི་ལྕགས་འདེབས་པ་ཚེ་མི་རྟག་པའི་རང་བཞིན་ལ་བསམ་པ།


ZP02_Page_247
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཉིས་པ་བརྩོན་འགྲུས་ཀྱི་ལྕགས་འདེབས་པ་ཚེ་མི་རྟག་པའི་རང་བཞིན་ལ་བསམ་པ་ལ། སྤྱིར་སྣོད་དང་བཅས་པའི་འགྲོ་བ་མི་རྟག་པར་སྟོན་པ་དང༌། སྒོས་ནང་བཅུད་ཀྱི་འགྲོ་བ་མི་རྟག་པར་སྟོན་པ་གཉིས། དང་པོ། སྲིད་ངོ་འཇིག་ཆད་ཅེས་པས་བསྟན། གཉིས་པ་ལ་དམ་པའི་སྐྱེས་བུ་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། སྐྱེ་རྒུའི་བདག་པོ་ལ་བསམ་སྟེ་མི་རྟག་པ། འཆི་བའི་རང་བཞིན་ལ་བསམ་སྟེ་མི་རྟག །དཔེ་དོན་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་དང་བཞི་ལས། ལྷ་རྟག་གཞོམ་ཞིའི་དང་པོ། བསམ་དོན་ཚངས་འཆིའི་གཉིས་པ། མཐོ་སྐྱེས་བགྱིད་དོན་གྱིས་གསུམ་པ་བསྟན། བཞི་པ་ལ་སོས་སྟོན་ཉིན་གནས་ཀྱིས་མི་རྟག་པ་བག་ལ་ཉལ་མངོན་སུམ་དུ་སྟོན། སྐྱེས་དེ་དེ་ཀུན་གྱིས་ཚེ་འགྲོ་བའི་དལ་མྱུར་གྱི་དཔེ། དར་འདུ་ཕུན་འཆིས་ཁྱད་པར་འཁོར་བ་འཇིགས་པའི་འཁྲུལ་འཁོར་ཆེན་པོ་བཞི། གང་སྐྱབས་འཚོ་སྨན་གྱིས་འཆི་བ་ལ་སུས་ཀྱང་མི་སྟོངས་པ། བསྐྱོད་དབུགས་ཉེ་བཤོལ་གྱིས་བཤོལ་དུ་མེད་པ། དེ་འཆི་མཛེས་ལས་ཀྱིས་འཆི་བའི་རང་བཞིན་སྟོན་པ་དང་དྲུག་གོ །ཡོན་ཏན་མི་རྟག་པའི་ལེའུའི་མཚན་བསྟན་པའོ།། །།

འཕྲལ་དང་ཡུན་གྱི་བདེ་བ་སྒྲུབ་པའི་ཆེད་དུ་ལས་འབྲས་ཀྱི་རང་བཞིན་ལ་བསམ་པ།


ZP02_Page_248
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུམ་པ་འཕྲལ་དང་ཡུན་གྱི་བདེ་བ་སྒྲུབ་པའི་ཆེད་དུ་ལས་འབྲས་ཀྱི་རང་བཞིན་ལ་བསམ་པ་ལ། ཐམས་ཅད་ལས་ཀྱིས་བྱས་པ་མདོར་བསྟན་པ། ལས་འབྲས་ཀྱི་རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ། དེ་གོ་དགེ་ཀུན་གྱིས་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། ལས་འབྲས་ཀྱི་རང་བཞིན་སྤྱིར་བསྟན་པ། དགེ་སྡིག་གི་ལས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། ལས་སྤྱིའི་རང་བཞིན་བསྟན་པ། ཐར་ལམ་ལ་སྒྲིབ་པའི་ལས་གཞན་བསྟན་པ། ལས་ཀྱི་ཁྱད་པར་བསྟན་པ་དང་གསུམ། དང་པོ་ལས་སྤྱིའི་རང་བཞིན་བསྟན་པ་ལ་ལྔ་སྟེ། གང་ཞིང་སྐྱེ་ལས་ཀྱིས་ལས་སྣ་ཚོགས་པ། ས་གྲིབ་གཟུགས་ཚོགས་ཀྱིས་ལས་ཆུད་མི་ཟ་བ། བསོད་མཐོ་རྣམ་ལས་ཀྱིས་མི་དགེ་བ་དང༌། མནར་དགེ་གཡུལ་དམ་གྱིས་དགེ་བའི་ལས་མཐུ་ཆེ་བ། ལ་ལ་ལ་སྡིག་གིས་འཁོར་བར་མི་དགེ་བ་དབང་བཙན་པ། གང་ཡུལ་སྡིག་རྣམ་གྱིས་ལས་བགོ་བྱར་མེད་པར་བསྟན་ནོ། །གཉིས་པ་ཐར་ལམ་ལ་སྒྲིབ་པའི་ལས་གཞན་བསྟན་པ་ལ། རྙེད་སྙན་གང་བྱིས་ཀྱིས་འཇིག་རྟེན་


ZP02_Page_249
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་བརྒྱད། རིགས་སྙོམས་མངོན་དཀའ། བ་རྐམ་ཟིལ་གཞན་གནོད་ཀྱིས་འཇིག་རྟེན་པའི་ཆོས་བཅུ་གསུམ་བསྟན། གསུམ་པ་ལས་ཀྱི་ཁྱད་པར་བསྟན་པ་ལ་གསུམ། འཁོར་ས་སྦོམ་སྲན་གྱིས་ལས་འཕེལ་བའི་ཁྱད་པར་དང༌། གང་ཨ་ཡལ་དགེས་དེའི་དཔེ། གང་དཀར་ལས་སྦྱོར་གྱིས་ལས་དཀར་ནག་གིས་ཁྱད་པར་དང༌། རྩ་རྩ་བསམ་དགེས་དེའི་དཔེ། འདི་ཡོན་རྣམ་ཉེས་ལྕི་ཡང་གི་ཁྱད་པར་བསྟན་པའོ། །དགེ་སྡིག་གི་ལས་བྱེ་བྲག་ཏུ་བཤད་པ་ལ། ལས་ཀྱི་རྟེན་གཞི་བཤད་པ་དང༌། ལས་དངོས་བཤད་པ་གཉིས། དང་པོ་ཀུན་དེ་ཀུན་ཉོན་ཞེས་པས་བསྟན། གཉིས་པ་ལས་དངོས་བཤད་པ་ལ། མི་དགེ་བ་བཤད་པ། དགེ་བ་བཤད་པ་གཉིས། དང་པོ་ལ། དོ་ཟླ་མེད་པ་དཀོན་མཆོག་ལ་བརྟེན་པ་བཤད་པ། དེ་ལས་གཞན་པའི་ལས་ཀྱི་རྣམ་གྲངས་བསྟན་པ་གཉིས། དང་པོ་ཇི་གཉེན་དཀོན་སྡིག་གིས་བསྟན། གཉིས་པ་རྒྱུ་བཤད་པ་དང་འབྲས་བུ་བཤད་པ་གཉིས། དང་པོ་རྒྱུ་བཤད་པ་ལ། དེ་རང་མཐའ་ལུས་སྤང་གིས་མདོར་བསྟན། རྒྱས་པར་བཤད་པ་ལ། ལུས་ལོག་འདུ་ཕྱོགས་ཀྱིས་སྲོག་གཅོད། མ་ཕྱོགས་ཀྱིས་མ་བྱིན་ལེན།


ZP02_Page_250
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཕྱོགས་ཀྱིས་འདོད་ལོག་སྟེ་ལུས་ཀྱི་ལས་གསུམ། ངག་ཕྱོགས་ཀྱིས་རྫུན། ཕྲ་ཕྱོགས་ཀྱིས་ཕྲ་མ། ངག་ཕྱོགས་ཀྱིས་ངག་ཀྱལ། ཚིག་ཕྱོགས་ཀྱིས་ཚིག་རྩུབ་སྟེ་ངག་གི་བཞི། ཡིད་གཞན་ཕྱོགས་ཀྱིས་བརྣབ་སེམས། གནོད་ཕྱོགས་ཀྱིས་གནོད་སེམས། ལོག་ཕྱོགས་ཀྱིས་ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་མོ། །གཉིས་པ་འབྲས་བུ་བཤད་པ་ལ། བསྟན་བཤད་བསྡུ་གསུམ་ལས། ཀུན་རྣམ་ཀྱིས་མདོར་བསྟན། རྒྱས་པར་བཤད་པ་ལ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། དབང་གི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ་དང་བཞི། དང་པོ་རྣམ་སྨིན་གྱི་འབྲས་བུ་རྣམ་ཀུན་འབྲིང་གིས་བསྟན། རྒྱུ་མཐུན་པའི་འབྲས་བུ། རྒྱུ་ཞེས་པའི་རྐང་པ་གཅིག་གིས་མདོར་བསྟན། བྱེད་ཅེས་པའི་རྐང་པ་གཅིག་གིས་བྱེད་པ་རྒྱུ་མཐུན། མྱོང་རིམ་གྱིས་མྱོང་བ་རྒྱུ་མཐུན་མདོར་བསྟན། འཚོ་ཡོ་ཁྱིམ་གྱིས་ལུས་ཀྱི། བསྐུར་འཁོར་ཚིག་མིས་ངག་གི །ཆོག་གནོད་ལྟས་ཡིད་ཀྱི་ལས་ཀྱི་མྱོང་བ་རྒྱུ་མཐུན་བསྟན་པའོ། །དབང་གི་འབྲས་བུ། དབང་ཞེས་པའི་རྐང་པས་མདོར་བསྟན། སྲོག་ས་ལོ་སྲོག་གིས་སྲོག་གཅོད། མ་


ZP02_Page_251
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་སད་མུས་མ་བྱིན་ལེན། ལོག་དྲི་མི་ཡུལ་གྱིས་ལོག་གཡེམས། རྫུན་གཞན་གྱིས་རྫུན། ཕྲ་བགྲོད་ཀྱིས་ཕྲ་མ། བརྗོད་སྡོང་ཚྭ་ཡིད་ཀྱིས་ཚིག་རྩུབ། བཀྱལ་དུས་ཀྱིས་བཀྱལ་ཀ༌།བརྣབ་གནས་ཀྱིས་བརྣབ་སེམས། གནོད་ཆོམ་ལོ་རང་གིས་གནོད་སེམས། ལོག་འབྱོར་མེ་སྐྱབས་ཀྱིས་ལོག་ལྟའི་དབང་འབྲས་བསྟན། སྐྱེས་མང་གིས་སྐྱེས་བུ་བྱེད་པའི་འབྲས་བུ་བསྟན་ནོ། །འདི་འཁོར་ཉེར་བཟོད་ཀྱིས་དེ་དག་གིས་དོན་བསྡུ་བའོ། །གཉིས་པ་དགེ་བའི་ལས་བཤད་པ་ལ། བསོད་ནམས་ཆ་མཐུན་གྱི་དགེ་བ་བཤད་པ་དང༌། ཐར་པ་ཆ་མཐུན་གྱི་དགེ་བ་བཤད་པ་གཉིས། དང་པོ་ལ་དེ་མཐོ་མི་དགེས་དགེ་བའི་ལས་བཅུ་ངོས་བཟུང༌། དེ་བདེ་ངན་བླང་གིས་བླང་དོར་གྱི་གནས་བསྟན་པའོ། །གཉིས་པ་ལ། ཐར་དགེ་ཚོགས་ཀྱིས་ཐར་པ་ཆ་མཐུན་སྤྱིར་བསྟན། དེ་ཐབས་སྲིད་ཐེབས་གྲུབ་ཀྱིས་ཐེག་ཆེན་ཐར་པ་ཆ་མཐུན་བྱེ་བྲག་ཏུ་བཤད་པ། ལམ་དམིགས་སྒྲིབ་དག་གིས་དག་པའི་རྒྱུ་འབྲས་བསྟན། ཡོན་ཏན་ལས་རྒྱུ་འབྲས་ཞེས་པས་ལེའུའི་མཚན་བསྟན་པའོ།། །།

སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་དུ་བདེན་བཞི་སྤང་བླངས་བགྱི་བའི་ལེའུ།


ZP02_Page_252
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུམ་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་དུ་བདེན་བཞི་སྤང་བླངས་བགྱི་བའི་ལེའུ་ལ་གསུམ། བདེན་པ་བཞིའི་རང་བཞིན་མདོར་བསྟན་པ། སྡུག་བདེན་གཙོ་བོར་གྱུར་བའི་བདེན་བཞི་རྒྱས་པར་བཤད་པ། མཐར་ཐུག་སྐྱེ་མེད་ཀྱི་ལམ་ལ་སྤྱོད་དགོས་པར་གདམས་ནས་འཇུག་བསྡུ་བའོ། །དང་པོ་ནི། མངོན་རེ་བཏང་འཕགས་ཞེས་པས་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། བདེན་བཞི་དངོས་བཤད་པ་དང༌། བདེན་བཞི་འཇུག་ལྡོག་གི་གཞི་རྟེན་འབྲེལ་བཅུ་གཉིས་བཤད་པ་གཉིས། དང་པོ་ལ། སྡུག་བསྔལ་གྱི་བདེན་པ་བཤད་པ་དང༌། བདེན་པ་ལྷག་མ་གསུམ་བཤད་པ་གཉིས། དང་པོ་སྡུག་བསྔལ་གསུམ་གྱི་རང་བཞིན་མདོར་བསྟན། སྡུག་བསྔལ་གྱི་རྣམ་གྲངས་རྒྱས་པར་བཤད་པ་གཉིས། དང་པོ། དེ་གནས་སྡུག་དམ་ཞེས་པས་བསྟན། གཉིས་པ་རྣམ་གྲངས་རྒྱས་པར་བཤད་པ་ལ། འཁོར་བ་སྤྱིའི་སྡུག་བསྔལ་བསྟན་པ། འགྲོ་བ་སོ་སོའི་སྡུག་བསྔལ་བསྟན་པ་གཉིས། དང་པོ་ལ། བདེ་བ་སྒྲུབ་པ་སྡུག་བསྔལ་གྱི་རྒྱུར་བསྟན་པ། སྡུག་བསྔལ་གྱི་རྣམ་པ་དངོས་བཤད་པ་གཉིས། དང་པོ་ལ་གསུམ། ཕུང་མ་ཕན་ཐར་གྱིས་ཡུལ་དང་ཡུལ་ཅན་དུ་འགྲེལ་ཚུལ། བདེ་གཏི་མཚོན་གནོད་ཀྱིས་སྤྱིར་འདོད་པའི་ཡུལ་གྱིས་བསླུ་བ། མར་


ZP02_Page_253
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་རི་འདོད་ཀྱིས་བྱེ་བྲག་འདོད་པའི་ཡུལ་ལྔས་བསླུ་བ་བསྟན་ནོ། །གཉིས་པ་སྡུག་བསྔལ་གྱི་རྣམ་པ་དངོས་བཤད་པ་ལ་བཞི། སྲིད་ཁྲོ་མི་སྡུག་གིས་འཁོར་བའི་སྡུག་བསྔལ་མཐུ་ཆེ་བ། བདག་བསམ་དགྲ་ཕན་གྱིས། དགྲ་གཉེན་མ་ངེས་པས་ཕན་གནོད་འཆོལ་བར། རྡུལ་སྲོག་མགོ་སྤུངས་ཀྱིས་ལུས་ཡང་ཡང་འདོར་བའི་ཉེས་དམིགས། དམྱལ་ཡི་ཀུན་ཕྱོགས་ཀྱིས་ཚེ་རབ་བརྒྱུད་མར་སྡུག་བསྔལ་གྱིས་གདུང་བ་བསྟན་པའོ། །གཉིས་པ་འགྲོ་བ་སོ་སོའི་སྡུག་བསྔལ་བསྟན་པ་ལ། དམྱལ་བའི་སྡུག་བསྔལ་བསྟན་པ། ལྷའི༴ ལྷ་མ་ཡིན་གྱི༴ མིའི་སྡུག་བསྔལ་བསྟན་པ་དང་བཞི། དང་པོ་དམྱལ་བའི་སྡུག་བསྔལ་བཤད་པ་ལ། ཚ་དམྱལ་བཤད་པ། ཉེ་འཁོར༴ གྲང་དམྱལ༴ ཉི་ཚེ༴ དེ་དག་གི་དོན་བསྡུ་བ་དང་ལྔ། དང་པོ་ཚ་དམྱལ་བཤད་པ། ཁྱད་ཕན་ཐིག་བསྡུས། དུ་འབོད་ཚ་རབ། ལུས་ཁྲོ་ལྕགས་ཞེས་པས་བསྟན། གཉིས་པ་ཉེ་འཁོར། སྡུག་ཉེ་རོ་ཆུས་ལྷག་པ་བཅུ་དྲུག་དང༌། མཛའ་ཚེར་འབར་འཁྱུད་ཀྱིས་ཤལ་མ་རི་བསྟན། གསུམ་པ་གྲང་དམྱལ། བུ་བཅིང་རླུང་གྲང་གིས་གྲང་དམྱལ་སྤྱི། ཆུ་ཨ་ཨུད་པད་བརྒྱད་སྲོག་


ZP02_Page_254
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བྱེ་བྲག་བསྟན། བཞི་པ་ཉེ་འཁོར་འགལ་སྒོ་སྣ་ཉེ་ཞེས་པས་བསྟན་ནོ། །ལྔ་པ་དོན་བསྡུ་དེ་རྦ་ལྷ་བརྟན་ཞེས་པས་བསྟན་ནོ། །གཉིས་པ་ལྷའི་སྡུག་བསྔལ་བསྟན་པ་ལ། ཁམས་གོང་མའི་སྡུག་བསྔལ་བཤད་པ་དང༌། འདོད་ལྷའི་སྡུག་བསྔལ་བཤད་པ་གཉིས། དང་པོ་གཟུགས་ཟད་གཟུགས་འོག་ཞེས་པས་བསྟན། གཉིས་པ་ལ་ལྔ། ཚངས་སྤྲིན་སྐབས་འཐུང་གིས་རྒྱུ་ཟད་པས་འབྲས་བུ་འཛད་པར་བསྟན། མནན་ལྷ་རྐང་ལྕགས་ཀྱིས་ལྷའི་གཙོ་བོ་རྣམས་ཀྱང་འཕོ་ལྟུང་གི་གནས་ལས་མ་འདས་པར་བསྟན། མཐོ་རེག་གཞལ་སྤང་གིས་ལྷ་གཞན་འཕོ་ལྟུང་གི་སྡུག་བསྔལ། གོས་རྡུལ་ཉེ་འཆིས་འཆི་འཕོ་བའི་ལྟས་ལྔ། གཉའ་ག་དྲུག་སླན་ལོང་གིས་གནས་སྐབས་འགྱུར་བའི་ཚུལ་བསྟན་པའོ། །གསུམ་པ་ལྷ་མིན་གྱི་སྡུག་བསྔལ་ལྷ་དགྲ་དཔུང་མགོ་ཞེས་པས་བསྟན། བཞི་པ་མིའི་སྡུག་བསྔལ་ལ། རྩ་བའི་སྡུག་བསྔལ་གསུམ་བཤད་པ། སྡུག་བསྔལ་གྱི་རྣམ་གྲངས་གཞན་བསྟན་པ་གཉིས། དང་པོ་ལ་གསུམ། མཚོ་མི་སྡུག་མཛེས་སྡུག་བསྔལ་གྱི་སྡུག་བསྔལ། མངོན་འདོད་བཟའ་མིག་གིས་འགྱུར་བའི༴ རྐང་ངལ་དེ་གཡང་གིས་འདུ་བྱེད་ཀྱི་སྡུག་


ZP02_Page_255
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བསྟན། གཉིས་པ་སྡུག་བསྔལ་གྱི་རྣམ་གྲངས་གཞན་བསྟན་པ་ལ་བསྟན་བཤད་གཉིས། དང་པོ། དེ་སྐྱེ་སྨོན་སྡུག །འདོད་ཉེར་རྣམ་མིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། སྐྱེ་བའི་སྡུག་བསྔལ། རྒ་བའི༴ ན་བའི༴ འཆི་བའི། མི་སྡུག་པ་དང་འཕྲད་པའི༴ སྡུག་པ་དང་བྲལ་བའི༴ འདོད་དང་མི་འདོད་ལོག་པར་འབྱུང་བའི་སྡུག་བསྔལ་དང་བདུན། དང་པོ། སྐྱེ་བའི་སྡུག་བསྔལ་ལ་ལྔ། ཤིན་ཀུན་མངལ་མ་ཞེས་པས་འཇུག་དུས་ཀྱི་སྡུག་བསྔལ། མེར་རུས་གནས་དབང་གིས་ལུས་གྲུབ་དུས་ཀྱི། བདུན་བརྟས་མ་རྣམ་གྱིས་བརྟས་དུས་ཀྱི། བཙའ་བཟོད་སྡུག་མ་གཅིག་གིས་བཏཟ་འདུས་ཀྱི། མངལ་སྲན་སྔོན་རེག་གིས་བཙས་རྗེས་ཀྱི་སྡུག་བསྔལ་ལོ། །གཉིས་པ་རྒ་བའི་སྡུག་བསྔལ་ལ། རྒ་ཉམས་བསྐྱོད་འགྲོས་ལུས་རྒས་པའི་སྡུག་བསྔལ། དབང་ཡུལ་ཚ་འདུས་ཀྱིས་སེམས་རྨོངས་པའི་སྡུག་བསྔལ་བསྟན་པའོ། །གསུམ་པ་ན་བའི་སྡུག་བསྔལ་རང་རྙོག་ཕུང་འཚོས་བསྟན། བཞི་པ་འཆི་བའི་སྡུག་བསྔལ་སྲིད་ཐུག་རྣམ་ལོངས་ཀྱིས་བསྟན། ལྔ་པ་དགྲ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་མི་


ZP02_Page_256
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བདེ་དབུགས་ཀྱིས་བསྟན། དྲུག་པ་གཉེན་བྱ་མས་པ་དང་བྲལ་བའི་སྡུག་བསྔལ། བྱམས་གདུང་ནོར་ལམ་གྱིས་བསྟན། བདུན་པ་འདོད་དང་མི་འདོད་ལོག་པར་འབྱུང་བ། འདོད་བཀྲེས་གཞན་སྡུག་ཅེས་པས་བསྟན་ནོ། །དོན་གཉིས་པ་བདེན་པ་ལྷག་མ་གསུམ་བསྟན་པ་ལ། གཟུགས་འདུ་ཕྱིན་སྡུག་གིས་འཁོར་བའི་རྒྱུ་འབྲས་སྤྱིར་བསྟན། ཕུང་ཀུན་ཀུན་ཀུན་གྱིས་ཀུན་འབྱུང་སྤོང་བ་བྱེ་བྲག་ཏུ་བསྟན། དེ་བདེན་ཞེས་པས་ལམ་རྒྱུད་ལ་བརྟེན་པ། འགོག་ཐར་ཞེས་པས་འགོག་པ་མངོན་དུ་བྱ་བ་བསྟན་ནོ། །གཉིས་པ་བདེན་བཞི་འཇུག་ལྡོག་གི་གཞི་རྟེན་འབྲེལ་བཅུ་གཉིས་བཤད་པ་ལ་གཉིས། རྟེན་དེ་དེ་དེ་དེ་དེ་སྐྱེ་མྱ་ཕུང་གིས་ལུགས་འབྱུང༌། སྐྱེ་རྟེན་རྒྱལ་གྱིས་ལུགས་ལྡོག་བསྟན། མཐར་ཐུག་སྐྱེ་མེད་རྟོགས་བྱར་གདམས་པས་འཇུག་བསྡུ་བ། དེ་མཐོ་ཀུན་སྐྱེ་ཞེས་པས་བསྟན། ཡོན་ཏན། འཁོར་བ་ཞེས་པས་ལེའུའི་མཚན་བསྟན་པའོ།། །།

སྤྱི་དོན་གསུམ་པ་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་དུ་བྱང་ཆུབ་སེམས་གཉིས་བསྒོམ་པ།

༈ སྤྱི་དོན་གསུམ་པ་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་དུ་བྱང་ཆུབ་སེམས་གཉིས་བསྒོམ་པ་ལ། སྔོན་འགྲོ་དང༌། དངོས་གཞི་གཉིས། སྔོན་འགྲོ་ལ་ལམ་གྱི་རྟེན་འབྲེལ་བསྒྲིགས་པ་དང༌། རྟེན་གཞི་འཆའ་


ZP02_Page_257
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས། རྟེན་འབྲེལ་བསྒྲིགས་པ་འཁོར་ལོ་ཆེན་པོ་བཞིའི་ལེའུ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བ་དང་གསུམ། དང་པོ་ཡུལ་སྐྱེས་ལེགས་འཁོར་ཞེས་པས་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། མཐུན་པར་གྱུར་བའི་ཡུལ་བཤད་པ། སྐྱེས་བུ་དམ་པ་ལ་བརྟེན་པ༴ ལེགས་པར་སྨོན་པ། བསོད་ནམས་ཀྱི་སྐྱབས་ལ་འདུན་པ་བཤད་པ་བཞི། དང་པོ་མཐུན་པའི་ཡུལ་བཤད་པ་ལ། གནས་གྲོགས་ཀྱི་ཁྱད་པར་བཤད་པ་དང༌། འཚོ་བའི་ཁྱད་པར་བཤད་པ་གཉིས། དང་པོ་ལ་གང་ལ་བརྟེན་པ་ཡུལ་གྱི་ཁྱད་པར་དང༌། གང་གིས་བརྟེན་པ་གང་ཟག་གི་ཁྱད་པར་བསྟན་པ་གཉིས། དང་པོ་ལ་བཞི། ཚོགས་ཡུལ་དེ་རྙེད་ཀྱིས་ཚོགས་ཀྱི་ཉེས་དམིགས། རི་བབ་གཞི་ཕྲག་གིས་དབེན་པའི་ཡོན་ཏན། ཡིད་འགྲོ་སྡིག་ཕུན་གྱིས་ཆོས་དང་འགལ་བའི་གནས་གྲོགས། བསྐྱོད་འདྲིས་གསར་སྐྱེས་ཆོས་དང་མཐུན་པའི་གནས་གྲོགས་བསྟན་པ་དང་བཞི། གཉིས་པ་གང་གིས་བརྟེན་པ་གང་ཟག་གི་ཁྱད་པར་བསྟན་པ་ལ། སེམས་བརྗོད་འགྲོ་ཀུན་གྱིས་མཉམ་ཉིད་རྟོགས་ན་བླངས་དོར་མེད་པ་བསྟན། སྐྱེས་བསམ་བརྟུལ་ཡུལ་གྱིས་དེ་ལས་གཞན་


ZP02_Page_258
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནས་གྲོགས་ལ་ལྟོས་པར་བསྟན་པའོ། །གཉིས་པ་འཚོ་བའི་ཁྱད་པར་བཤད་པ་ལ། སྟོན་བདག་སློང་མཐུན་གྱིས་ཡང་དག་པའི་འཚོ་བ་བཤད། འཚོ་རྙེད་ཐོབ་དྲང་གིས་ལོག་པའི་འཚོ་བ་བཤད་པའོ། །དོན་གཉིས་པ་སྐྱེས་བུ་དམ་པ་ལ་བརྟེན་པ་ལ། རྒྱུ་མཚན་མདོར་བསྟན་པ། རང་བཞིན་རྒྱས་པར་བཤད་པ་གཉིས། དང་པོ་དེ་གྲོགས་བསླབ་སྐྱེས་ཞེས་པས་སྐྱེས་བུ་དམ་པ་བརྟེན་པ་དངོས། ཇི་རྣམ་ཡལ་གང་གིས་དེའི་དཔེ་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། ཇི་ལྟར་བརྟེན་པ་དང༌། བརྟེན་པའི་ཕན་ཡོན་གཉིས། ཇི་ལྟར་བརྟེན་པ་ལ། དང་པོ་བརྟགས་པ། བར་དུ་བརྟེན་པ། ཐ་མར་དགོངས་སྤྱོད་བསླབ་པ། དེའི་འཇུག་བསྡུ་བ་དང་བཞི། དང་པོ་བརྟགས་པ་ལ། བླ་མ་བརྟགས་པ་དངོས་དང༌། ཞར་བྱུང་སློབ་མ་བརྟགས་པ་གཉིས། དང་པོ་བླ་མ་བརྟགས་པ་ལ། བརྟགས་ནས་སྤངས་བླང་བྱ་བ་དང༌། དམ་པའི་ཡོན་ཏན་དྲན་པར་བྱ་བ་གཉིས། དང་པོ་ལ། བརྟགས་པ་དངོས་དང༌། བརྟགས་དགོས་པའི་རྒྱུ་མཚན་གཉིས། བརྟགས་པ་དངོས་ལ། བསྟེན་བྱ་བཤད་པ་དང༌། སྤངས་བྱ་བཤད་པ་གཉིས། བསྟེན་བྱ་


ZP02_Page_259
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལ། དམ་སྙིགས་སྡོམ་ཐོས། སྡེ་སྤངས་བསྡུ་སྐལ་ཞེས་པས་ཐུན་མོང་དུ་བསྟེན་འོས་དང༌། ཁྱད་དབང་གཞི་བསྙེན། སྙིང་བྱ་སྐྱོ་ཐབས་དེ་ཡིས་ཁྱད་པར་མན་ངག་གི་བླ་མ་བསྟན། སྤངས་བྱ་བཤད་པ་ལ་བཞི། བྲམ་བསྟི་ཐོས་ཤིང་གིས་ཤིང་གི་རང་ཐག་ལྟ་བུ། སོ་བླུན་རྙེད་ཁྲོན་གྱིས་ཁྲོན་པའི་ལག་འགྲོ་ལྟ་བུ། ཐོས་རྒྱུད་བྱམས་སྨྱོན་གྱིས་སྨྱོན་པའི་ལམ་མཁན་ལྟ་བུ། ཁྱད་བྱར་ལོང་ཟོལ་གྱིས་ལོང་བའི་དེད་དཔོན་བསྟན་པ་དང་བཞི། བརྟགས་དགོས་པའི་རྒྱུ་མཚན། དེ་དང་དལ་ཤིང་གིས་བསྟན། དམ་པའི་ཡོན་ཏན་དྲན་པར་བྱ་བ་ལ་ལྔ། མཐའ་སངས་གདུལ་དངོས་ཀྱིས་རྒྱལ་བའི་རྣམ་འཕྲུལ་དུ་ཤེས་ནས། དྲང་ངེས་དགོངས་ཐེས་ཐབས་ལ་མཁས་པའི་ཁྱད་པར་ཤེས་ནས། སྲིད་ལམ་ལས་མ་ཐེག་ཕན་ཆོས་ཀུན། ཀུན་ཆེ་འཕོ་འཁྲུག་ཞེས་པས་ཁྱད་པར་འཕགས་པའི་དཔེ་བཅུ་གཉིས་དང་བསྟུན་ནས། དེ་གནོད་ཟོལ་མངོན་གྱིས་ཡོན་ཏན་ཀུན་གྱི་འབྱུང་གནས་སུ་ཤེས་ནས། ནད་འཇིགས་གྲུ་ཉོན་གྱིས་འཇིགས་ཀུན་སྒྲོལ་བའི་སྐྱབས་སུ་ཤེས་ནས་ཡོན་ཏན་དྲན་ནོ། །ཞར་བྱུང་སློབ་མ་བརྟགས་པ་ལ། སྣོད་དང་མི་ལྡན་པའི་མཚན་ཉིད་བཤད་པ་འཇུག་པ་གསུམ་གྱི་


ZP02_Page_260
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་བསྟན་པ། སྣོད་དང་ལྡན་པའི་ཁྱད་པར་བཤད་པ་གསུམ། དང་པོ་ལ་ལྔ། དེ་སྣོད་ཟད་བཅོས་ཀྱིས་བསླུ་བྲིད་ཚེ་འདི་གཉེར་གདང་བར་ཐ་ལས་ཀྱིས་གཤིས་ངན་ལས་མཐའ་ལོག་པ། དམ་ལུལ་དབེན་རླུང་གིས་མི་བརྟན་འགྱུར་ལྡོག་ཆེ་བ། མི་བླ་དམ་རྔོན་གྱིས་ལོག་པའི་འདུ་ཤེས་བཞི་ལྡན། བློ་གདམས་སྣ་གསར་གྱིས་བློ་མང་གནད་དོན་སྟོར་བ་བསྟན་པའོ། །འཇུག་པ་གསུམ་གྱི་དབྱེ་བ་བསྟན་པ། ཡང་ལྟར་གཉིས་གསུམ་ཞེས་རྐང་པ་བཞི། སྣོད་དང་ལྡན་པའི་ཁྱད་པར་བཤད་པ་ལ། གོ་ལུས་ཅི་སྐྱེས་ཞེས་པས་རབ་མཆོག་དད་པས་གྲོལ་བ། དད་སྡོམ་ཁོང་ཞེས་པས་ཆེ་གུས་དུལ་ལྡན་གྱི་སློབ་མ་བསྟན། བར་དུ་བླ་མ་ཇི་ལྟར་བསྟེན་པ་ལ། བླ་མ་དངོས་ཇི་ལྟར་བསྟེན་པ་དང༌། བླ་མའི་འཁོར་དང་སྤུན་གྲོགས་ཇི་ལྟར་བསྟེན་པ་གཉིས། ༈ །དང་པོ་བླ་མ་དངོས་ཇི་ལྟར་བསྟེན་པ་ལ། ཡིད་གུས་པའི་སྒོ་ནས་བསྟེན་པ་དང༌། སྤྱོད་ལམ་ཞིབ་པའི་སྒོ་ནས་བསྟེན་པ་གཉིས། ༈ །དང་པོ་ལ་གུས་པའི་དཔེ་བརྒྱད་དང་བསྟུན་པ། ཞབས་ཏོག་རྣམ་པ་གསུམ་སྒྲུབ་པ། ཅི་མཛད་ལེགས་པར་མཐོང་བ་དང་གསུམ། ༈ །དང་པོ་ནི། བླ་བཀའ་གྲུ་ཟམས་བཟོ་བཀའ་


ZP02_Page_261
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་བསྟན་པའོ། །བཞི་པ་བསོད་ནམས་ཀྱི་སྐྱབས་ལ་འདུན་པ་བསྟན་པ་ལ་ལྔ། མཐོ་དལ་ཏིང་སྔོན་གྱིས་བསོད་ནམས་བསགས་པའི་ཡོན་ཏན། མ་རྒྱགས་རྣམ་ཆགས་ཀྱིས་བསོད་ནམས་མ་བསགས་པའི་སྐྱོན། གང་རྣམ་ཤེས་བསོད་ཀྱིས་བསོད་ནམས་བསགས་དགོས་པའི་རྒྱུ་མཚན། ཆོས་ཟབ་གདུང་སྙིང་ལམ་གྱིས་བསོད་ནམས་བསགས་པའི་བསམ་པ། དེ་ཆུ་མི་ལམ་གྱིས་བསོད་ནམས་བསགས་པའི་སྦྱོར་བ་བསྟན། འཁོར་ལོ་བཞིའི་དོན་བསྡུ་བ་འདི་ཞེས་པའི་རྐང་པ་གཅིག །ཡོན་ཏན་འཁོར་ལོ་ཞེས་པས་ལེའུའི་མཚན་བསྟན་པའོ།། །།

ལམ་གྱི་རྟེན་གཞི་བཅའ་བ་སྐྱབས་སུ་འགྲོ་བའི་ལེའུ།

༈ གཉིས་པ་ལམ་གྱི་རྟེན་གཞི་བཅའ་བ་སྐྱབས་སུ་འགྲོ་བའི་ལེའུ་ལ། སྐྱབས་འགྲོའི་རང་བཞིན་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ། འཇིགས་སྐྱབས་དཀོན་བསྟན་ཞེས་པའི། རྐང་པ་བཞིའི་དང་པོས་རྒྱུ་གཉིས་པ་དང་གསུམ་པས་ཡུལ་བཞི་པས་སྐྱབས་སུ་འགྲོ་ཚུལ་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། སྐྱབས་འགྲོའི་འཇུག་སྒོ་བསྟན་པ་དང༌། སྐྱབས་འགྲོ་དངོས་བསྟན་པ་གཉིས། དང་པོ། སྐྱབས་འགྲོའི་འཇུག་སྒོ་དད་པ་བརྟེན་པ་ལ། དད་པའི་ངོ་བོ། །


ZP02_Page_262
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་དབྱེ་བ། དད་པའི་རྒྱུ་བསྟན་པ་དང་གསུམ། དང་པོ་ངོ་བོ་ལ། ཐར་རྟེན་སྐྱབས་སྟོན་གྱིས་ཡོན་ཏན་ཤེས་པའི་དད་པའི༴ ཆོས་སྐྱེས་སྟོན་མོད་ཀྱིས་མོས་གུས་ཀྱི་དད་པའི་ངོ་བོ་བསྟན་པ་གཉིས། གཉིས་པ་དབྱེ་བ་དེ་དེ་རྣམ་སྲོག་ཅེས་པས་བསྟན། གསུམ་པ་རྒྱུ་ལ་རྒྱུ་བཞི་སྤྱིར་བསྟན་པ། རྒྱུ་གསུམ་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དད་དམ་དཀོན་སྙིང་ཞེས་པས་བསྟན། གཉིས་པ་རྒྱུ་གསུམ་པ་བྱེ་བྲག་ཏུ་བཤད་པ་ལ། སངས་རྒྱས་རྗེས་སུ་དྲན་པ། ཆོས༴ དགེ་འདུན༴ གསུམ། དང་པོ། ཐུབ་སྤངས་སྤྱན་སྟོབས། མ་རྣམ་ཞེས་པས་བསྟན། གཉིས་པ་ལ། ཆོས་བརྗོད་བྱ་བདེན་གྱིས་བདེན་གཉིས་ཀྱི་ཆོས་སྤྱིར་བསྟན། བརྗོད་ལུང་གཉེན་ཐབས་གླེགས་ཀྱིས་ལུང་གི་ཆོས་བསྟན། རྟོགས་རིམ་འཕགས་བསྐྱེད་ཀྱིས་ལམ་དང༌། སློབ་རྒྱུ་རྡོ་གང་གིས་ས་སྟེ། རྟོགས་པའི་ཆོས་བསྟན་པ་ལ་གསུམ། གསུམ་པ་དགེ་ཉན་ལ་རང་གིས་བསྟན། དོན་གཉིས་པ་སྐྱབས་འགྲོ་དངོས་བསྟན་པ་ལ། སྐྱབས་ཡུལ། དབྱེ་བ། འགྲོ་ཚུལ། བྱེད་ལས། བསླབ་བྱ། ཕན་ཡོན་དང་དྲུག །དང་པོ། སྐྱབས་ཡུལ་ལམ་ཆོས་གྲོགས་དཀོན་ཞེས་


ZP02_Page_263
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲེགས་བླ་ཞེས་པས་བསྟན། གཉིས་པ་འབྱོར་ཞབས་མཐའ་མཉེས་ཞེས་པས་བསྟན། གསུམ་པ་ཅི་མཛད་ལེགས་པར་མཐོང་བ་ལ་གསུམ། མཛད་འཕགས་གདོལ་ཉམས་ཀྱིས་གྲུབ་པའི་མཛད་སྤྱོད་དྲན་ནས། རང་འཁྲུལ་སྟེ་དགེ་སྟོན་ལེགས་ཀྱིས་ལོག་ལྟའི་ཉེས་དམིགས་དྲན་ནས། གལ་བདག་དུས་ཅང་གིས་ཐབས་མཁས་ཀྱི་དགོངས་གཞི་ཤེས་ནས་ཅི་མཛད་ལེགས་པར་མཐོང་བའོ། །གཉིས་པ་སྤྱོད་ལམ་ཞི་བའི་སྒོ་ནས་བསྟེན་པ་ལ་གསུམ། བླ་བཞུགས་གཤེགས་སྟན་གྱིས་མཛད་སྤྱོད་དུས་དང་བསྟུན་པའི་སྤྱོད་ལམ། སྒོ་རྫུན་གུས་སྤངས་ཀྱིས་རྒྱུན་དུ་དྲུང་ན་གནས་པའི་སྤྱོད་ལམ། བླ་བཤེས་བག་ལྷག་གིས་སྡིག་པའི་གྲོགས་པོ་སྤང་བའི་སྤྱོད་ལམ་བསྟན་པའོ། །བླ་མའི་འཁོར་དང་སྤུན་གྲོགས་ཇི་ལྟར་བརྟེན་པ། འགྲོགས་འཇུག་བཟོད་བླ་ཞེས་པས་བསྟན་ནོ། །གསུམ་པ་ཐ་མར་དགོངས་སྤྱོད་བསླབ་པ་ལ། ཡོན་ཏན་གྱི་རོ་མྱང་བ། སྤྱོད་པ་དོན་མཐུན་པ། དགོངས་པ་དབྱེར་མེད་དུ་བྱ་བ་གསུམ། རྫིང་བུང་རྟག་སྐྱོ་དད་ཅེས་པས་བསྟན། གཉིས་པ་འཇུག་དམག་ངམ་ངག་ངལ་ཞེས་པས་བསྟན། གསུམ་པ་ལ། ཅི་བླ་བསྐྱེད་མདོས་བསྐྱེད་རྫོགས་ཟུང་དུ་འཇུག་པའི་དགོངས་


ZP02_Page_264
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབྱེར་མེད་དུ་བྱ་བ་སྒྲུབ་ཕྱོགས་ནས་བསྟན། རྨོངས་དངོས་གནས་སྒྲུབ་མོས་ཀྱིས་མོས་གུས་དཀར་པོ་གཅིག་ཐུབ་ལ་བརྟེན་ནས་ཐུགས་ཡིད་དབྱེར་མེད་དུ་བྱ་བ་དགག་ཕྱོགས་ནས་བསྟན་པའོ། །བཞི་པ་དེ་དག་གི་དོན་བསྡུ་བ་དང་བར་ཐ་སྐྱེས་ཀྱིས་བསྟན་ནོ། །དོན་གཉིས་པ་ལ་བརྟེན་པའི་ཕན་ཡོན་ལ། ཞར་བྱུང་སྡིག་གྲོགས་བརྟེན་པའི་ཉེས་པ་དང༌། དམ་པ་བསྟེན་པའི་ཕན་ཡོན་བསྟན་པ་དངོས་གཉིས། དང་པོ་ལ། གང་བསམ་གཡོ་དམ་ཇིས་སྡིག་གྲོགས་ཀྱི་མཚན་ཉིད། དགེ་བསྟེན་གྱིས་དེ་ལ་བརྟེན་པའི་ཉེས་དམིགས་བསྟན། གཉིས་པ་ལ། དེ་བདེ་རྒྱལ་མངོན་གྱིས་དགེ་བའི་བཤེས་གྲོགས་ལ་བརྟེན་པའི་ཕན་ཡོན་སྤྱིར་བསྟན། ཚོགས་ས་རྣལ་ཐུགས་ཀྱིས་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཚོགས་གཉིས་རྫོགས་པ་བྱེ་བྲག་ཏུ་བཤད། ཚོགས་བསྐལ་བསྐྱེད་སྐད་ཀྱིས་བསྐྱེད་རྫོགས་གཞན་ལས་བླ་མ་བསྒོམ་པ་མཆོག་ཏུ་བསྟན་པ་དང་གསུམ་མོ། །གསུམ་པ་ལེགས་སྨོན་བཤད་པ་ལ་གསུམ་དམ་རྒྱུད་སྟོན་ཐབས། ངེས་འཁོར་བཟང་གིས་ལེགས་སྨོན་ངོས་བཟུང༌། ཆོས་ཀུན་ཆོས་ཆོས་ལེགས་ཀྱིས་ལེགས་སྨོན་གྱི་མི་མཐུན་ཕྱོགས་བསྟན། ཐད་གཉེན་ཤིང་སྣང་རྣམ་གྱིས་ལེགས་སྨོན་གྲུབ་


ZP02_Page_265
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟན། གཉིས་པ་དབྱེ་བ་ལ་རྒྱུ་འབྲས་ཀྱི་དབྱེ་བ་དང༌། ཀུན་སློང་གི་དབྱེ་བ་གཉིས། དང་པོ་རྒྱུ་འབྲས་ཀྱི་དབྱེ་བ་ལ། དེ་དམད་རྡོས་ངོ་བོའི་དབྱེ་བ་དང༌། རྒྱུ་སྔགས་ཞེས་པས་ཡུལ་གྱི་དབྱེ་བ་བསྟན། གཉིས་པ་ཀུན་སློང་གི་དབྱེ་བ་ལ་གསུམ། ཉི་ཀུན་ངན་གྱིས་ཆུང་བ། འབྲིང་གནས་ཉན་གྱིས་འབྲིང༌། ཆེན་འཁོར་བྱང་བྲལ་གྱིས་ཆེན་པོ་བསྟན་པའོ། །གསུམ་པ་སྐྱབས་སུ་འགྲོ་ཚུལ་ལ་གསུམ། ལམ་ཁམས་པ་མཐའ་བྱས་སྐྱབས་ཡུལ་གྱི་ཡོན་ཏན་དྲན། འདི་རྒྱུད་འཁོར་སྐྱབས་ཀྱིས་སྐྱབས་གནས་གཞན་མེད་པར་བློ་ཐག་བཅད། འཇིགས་གཞན་དཀོན་གྱིས་ཀུན་སློང་མངོན་དུ་བྱས་ནས་སྐྱབས་སུ་འགྲོ་བའོ། །བཞི་པ་སྐྱབས་འགྲོའི་བྱེད་ལས་ལ་གསུམ། ཇི་དཀོན་པ་ནམ་གྱི་སྐྱབས་འགྲོའི་ཡོན་ཏན་སྤྱིར་བསྟན། ནང་སྡིག་ངན་ཕུན་བསོད་ཀྱིས་རྒྱུའི་སྐྱབས་འགྲོའི་བྱེད་ལས། འབྲས་རྣམ་གནས་ཡེས་འབྲས་བུའི་སྐྱབས་འགྲོའི་བྱེད་ལས་བསྟན། ལྔ་པ་བསླབ་བྱ་ལ། བསླབ་བྱ་དངོས་དང༌། གཏོར་འཚམས་བཤད་པ་གཉིས། བསླབ་བྱ་དངོས་ལ་རྒྱུའི་བསླབ་བྱ་དང༌། འབྲས་བུའི་བསླབ་བྱ་གཉིས། དང་པོ། རྒྱུའི་བསླབ་བྱ་ལ། བསླབ་མངའ་སྲོག་དེ་དམ་གྱིས་སྐྱབས་འགྲོ་མི་སྤང་བ། དེ་སྐྱབས་འཁོར་གཞན་གྱིས་དགག་པའི་བསླབ་བྱ། དཀོན་ཉིན་གྱིས་བསྒྲུབ་པའི་བསླབ་བྱ་བསྟན་པ་སྟེ་གསུམ། གཉིས་པ་འབྲས་བུའི་བསླབ་བྱ་བ། འབྲས་བྲལ་སྐྱོབས་འདས་བཞིའི་དང་པོ་གསུམ་གྱིས་བསླབ་བྱ་དང་བཞི་པས་གཏོང་མཚམས་བསྟན་ཏོ། །གཉིས་


ZP02_Page_266
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱུའི་སྐྱབས་འགྲོའི་གཏོང་མཚམས་བཤད་པ་ལ། རྒྱུ་འགྲོས་གཏོང་མཚམས་དངོས་དང༌། བསླབ་རྨས་དམན་པར་ལྟུང་བ། ལས་ཚིག་བསླུ་ཡིས་དམན་པར་ལྟུང་བའི་རྒྱུ། འདི་ཡན་དཀོན་ངེས་གྱིས་དེའི་གཉེན་པོ་བསྟན་ཏོ། །དྲུག་པ་ཕན་ཡོན་ནི། རྨི་བག་ཚེ་ལུས་ཀྱིས་བསྟན་ཏོ། །ཡོན་ཏན་སྐྱབས་སུས་ལེའུའི་མཚན་བསྟན་པའོ། །དོན་གཉིས་པ་ལམ་གྱི་དངོས་གཞི་ལ། ལམ་གྱི་གཞུང་ཤིར་སྦས་དོན་ཉེ་ལམ་གསུམ་རྒྱུ་འབྲས་རང་བཞིན་གྱི་ཐེག་པ་གསུམ་དང་སྦྱར་ནས་ཉམས་སུ་བླངས་པ་ལས་དང་པོ་ལམ་གྱི་གཞུང་ཤིང་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་ཉམས་སུ་བླངས་པ་ལ། བློ་སྦྱང་བ། དམ་བཅའ་བ། བསླབ་བྱ་སློབ་པ་སྟེ་གསུམ། དང་པོ་བློ་སྦྱང་བ་ཚད་མེད་བཞིའི་ལེའུ་ལ། ཐེག་ཆེན་ལམ་གྱི་མདོ་དོན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་མདོར་བསྟན་པ། ཐབས་སྙིང་རྗེ་ཆེན་པོའི་ཕྱོགས་རྒྱས་པར་བསྟན་པ། ཕན་པའི་གདམས་ངག་བརྗོད་པས་མཇུག་བསྡུ་བ་དང་གསུམ། དང་པོ་མདོར་བསྟན་ནི། ཐེག་རིགས་སྟོང་ཐེག་ཅེས་པས་བསྟན། །གཉིས་པ་རྒྱས་པར་བཤད་པ་ལ། ཚད་མེད་བཞི་བསྒོམ་པའི་རྒྱུ་མཚན་བཤད་པ་དང༌། ཚད་མེད་བཞི་དངོས་བཤད་པ་དང་གཉིས། དང་པོ་ལ། སྦྱིན་པོ་རྣམ་ཐེབས་ཀྱིས་ཐབས་ཤེས་ཁྱད་པར་ཅན་ཐེག་ཆེན་གྱི་ལམ་དུ་བསྟན། གང་ཤེས་སྦྱོར་སྨོན་གྱིས་ཚད་མེད་བཞི་དེའི་རྒྱུར་བསྟན་པའོ། །གཉིས་པ་ཚད་མེད་བཞི་དངོས་བསྟན་པ་ལ། ཚད་མེད་ཀྱི་དམིགས་རྣམ་བཤད་པ། ཚངས་གནས་བཞི་བཤད་པ། ཚད་


ZP02_Page_267
[མ་དཔེ་གཟིགས་ན་འདིར་གནོན།]

མིད་ཁྱད་པར་ཅན་བཤད་པ། རྩལ་སྦྱོང་དང་གེགས་སེལ་བཤད་པ། དེ་ལྟར་བསྒོམ་པའི་འབྲས་བུ་བཤད་པ་དང་ལྔ། དང་པོ་དམིགས་རྣམ་བཤད་པ་ལ། བྱམས་སྡུག་ལུས་གཞན་གྱིས་བྱམས་པ། སྙིང་བཟོད་འགྲོ་མཐས་སྙིང་རྗེ། དགའ་སྤྲོ་རང་ཕྱིན་གྱིས་དགའ་བ། བཏང་ཕྱོགས་དགྲ་ཕན་གྱིས་བཏང་སྙོམས། རྣམ་ཞེས་པའི་རྐང་པ་གཅིག་གིས་དམིགས་བཅས་དམིགས་མེད་བསྟན་པ་དང་ལྔ། གཉིས་པ་འདོད་འཐར་ཕྱོགས་ཞེས་པས་ཚངས་གནས་བསྟན། གསུམ་པ། འདི་དམིགས་སྣང་རྣམ་བྱང་ཁྱད་ཀྱིས་ཚད་མེད་ཁྱད་པར་ཅན། བཞི་པ་བསྒོམ་དམིགས་ཀྱིས་རྩལ་སྦྱོང༌། འོ་ན་ཉེས་བྱམས་པ། དེ་སྙིང་གིས་བཏང་བསྙོམས། སྙིང་དགས་སྙིང་རྗེ། དགའ་བྱམས་ཀྱིས་དགའ་བའི་གེགས་བསལ་བའོ། །ལྔ་པ་དེ་ལྟར་བསྒོམ་པའི་འབྲས་བུ་ལ། ཐུན་མོང་བ་དང་ཁྱད་པར་ཅན་གཉིས། དང་པོ། ཐུན་མོང་བ་ལ། དེ་འདོད་ཀྱིས་རྣམ་སྨིན། རྒྱུ་མིས་རྒྱུ་མཐུན། དབང་ཞེས་པས་དབང༌། བྱེད་དོན་ཞེས་པས་སྐྱེས་བུ་བྱེད་པ་བསྟན། གཉིས་པ་ཁྱད་པར་ཅན་ལ། བྱམས་ཞེ་བྱམས་མེས་བྱམས་པ། སྙིང་བདག་འདོད་སོར་གྱིས་སྙིང་རྗེ། དགའ་


ZP02_Page_268
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བསམ་བྱས་དགའ་བ། བཏང་བ་རྨོངས་ངོས་བཏང་སྙོམས་གྱིས་འབྲས་བུ་ཁྱད་པར་ཅན་བཤད་དེ་རྒྱུའི་དེ་དག་གི་དོན་བསྡུ་བའོ། །གསུམ་པ་གདམས་ངག་བརྗོད་པས་མཇུག་བསྡུ་བ། ལམ་སྟོང་ཐར་རྙོགས་ཞེས་པས་བསྟན། ཡོན་ཏན་ཚད་མེད་ཅེས་པས་ལེའུའི་མཚན་བསྟན་པའོ།། །།

དམ་བཅའ་བ་བྱང་ཆུབ་ཀྱི་སེམས་བཟུང་བའི་ལེའུ།

༈ །།གཉིས་པ་དམ་བཅའ་བ་བྱང་ཆུབ་ཀྱི་སེམས་བཟུང་བའི་ལེའུ་ལ། སྨོན་འཇུག་གི་སེམས་མདོར་བསྟན་པ། སེམས་དེ་བཟུང་བར་རྒྱས་པར་བསྟན་པ་གཉིས་ལས་དང་པོ། རྙེད་ཚད་སྨོན་ཞི་ཞེས་པས་བསྟན། །གཉིས་པ་རྒྱས་པར་བཤད་པ་ལ། བྱང་ཆུབ་སེམས་ཀྱི་མཚན་ཉིད་སྤྱིར་བསྟན་པ་དང༌། སེམས་བསྐྱེད་པའི་ཆོག་དངོས་གཉིས། དང་པོ་ལ་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ངོས་བཟུང་བ། བྱང་ཆུབ་སེམས་ཀྱི་དབྱེ་བ་བཤད་པ་གསུམ། དང་པོ་ཕན་ཡོན་བསྟན་པ་ལ། སྡིག་བྱང་མིང་འཇིག་གིས་སྔ་མ་གསུམ་གྱིས་མིང་དང་ཕྱི་མས་དོན་ཏེ་མིང་དོན་གནས་འགྱུར་བའི་ཕན་ཡོན། ལས་གཏུམ་སྐབས་ཆུས་སེམས་བསྐྱེད་ཀྱིས་མ་ཟིན་པ་མི་འཕེལ་ཚུལ་དཔས་དགེ་བྱང་འབྲས་ཀྱིས་ཟིན་པ་འཕེལ་བ་སྟེ། དགེ་འབྲས་འཕེལ་ཆེ་བའི་ཕན་ཡོན། ལས་འཁོར་


ZP02_Page_269
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གདོན་གྱིས་འཁོར་བ་ནས་ངེས་པར་འབྱིན་པའི་ཕན་ཡོན། གཉིས་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ངོས་བཟུང་བ་ལ། གང་བཀྲེས་སེམས་གོམ་ཀྱིས་དོན་གཉིས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་དངོས་ངོས་བཟུང༌། དེ་བསླབ་བདག་བསླབ་བྱམས་ཀྱིས་སྨོན་པ་དང་སྨོན་པའི་བསླབ་བྱ་ངོས་བཟུང༌། རྒྱུ་ངོ་སྤྲོད་ཀྱིས་འཇུག་པ་དང་འཇུག་པའི་བསླབ་བྱ་ངོས་བཟུང་བ་དང་གསུམ་མོ། །གསུམ་པ་དབྱེ་བ་ལ། དབྱེ་སྒོ་རྣམ་གྲངས་བསྟན་པ་དང༌། སྨོན་འཇུག་གི་ཡོན་ཏན་གྱི་དབྱེ་བ་བསྟན་པ། བློ་སྟོབས་ཆེན་པོའི་ཚོགས་བཟླུམ་པའི་ཁྱད་པར་དང་གསུམ། དང་པོ་ལ་དབྱེ་ཞེས་པས་གཉིས་ཚན། བསླབ་ཀྱིས་གསུམ་ཚན། ཁྱད་དང་དག་སངས་ཀྱིས་བཞི་ཚན། དེ་ཞེས་པས་ལྔ་ཚན། ཕ་ཞེས་པས་དྲུག་ཚན། ས་ཞེས་པས་ཉེར་གཉིས། བསམ་ཞེས་པས་དེ་དག་གི་དོན་བསྡུ་བ་དང་བདུན། གཉིས་པ་སྨོན་འཇུག་གི་ཡོན་ཏན་གྱི་དབྱེ་བ་ལ། གང་རྟག་སློང་དེས་དཔེ། བསྔགས་ཕན་ངན་བདེས་སྨོན་པའི་ཡོན་ཏན། ཁྱད་དངོས་གང་འགྲོའི་འཇུག་པ་དངོས་དང༌། དེ་བསོད་སྤྱོད་བསྐལ་གྱིས་དེའི་ཡོན་ཏན་བསྟན། གསུམ་པ་བློ་སྟོབས་ཆེན་པོའི་ཚོགས་བཟླུམ་པ་བྱུག་བགྲོད་བློ་གྲངས་


ZP02_Page_270
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྟན། །སེམས་བསྐྱེད་པའི་ཆོ་ག་དངོས་ལ། སྔོན་འགྲོས་གཞི་བཟུང་བ། དངོས་གཞི་དམ་བཅའ་བ། མཇུག་དགའ་བ་སྒོམ་པ་གསུམ། དང་པོ་ལ། སྟོབས་གསུམ་སྤྱིར་བསྟན་པ། སྐྱེ་བའི་རྟེན་བསྟན་པ། སེམས་བསྐྱེད་སྐྱེ་བའི་རྒྱུ་རྐྱེན་བསྟན་པ། སྦྱོར་བའི་སྟོབས་བྱེ་བྲག་ཏུ་བསྟན་པའོ། །དང་པོ་སྟོབས་གསུམ་སྤྱིར་བསྟན་པ། ཇི་སེམས་སྟོབས་སྙིང་བསམ་ཞེས་པས་བསྟན། གཉིས་པ་རྟེན་གྱི་གང་ཟག །རྟེན་སོ་དཀོན་རྗེས་ཚོགས་ཀྱིས་བསྟན། གསུམ་པ་རྒྱུ་རྐྱེན་ལ་རྒྱུ་ཞེས་པས་སློབ་མ། རྐྱེན་ཡིད་བྱང་གིས་སློབ་དཔོན། ཐོག་རྒྱན་བྱང་གིས་གདམས་ངག་བསྟན། བཞི་པ་སྦྱོར་བའི་སྟོབས་བྱེ་བྲག་ཏུ་བཤད་པ་ལ། ཚོགས་བསགས་པའི་ཞིང་སྤྱན་དྲངས་པ་དང༌། དེ་ལ་ཚོགས་བསགས་པ་གཉིས། དང་པོ་ལ། དམ་ཚིག་གི་རྟེན་དགྲམས་པ། ཡེ་ཤེས་པ་སྤྱན་དྲངས་པ་གཉིས། དང་པོ་སྐྱང་གུར་དཀོན་མཆོད་དམ་ཀྱིས་བསྟན། གཉིས་པ་སྤྱན་དྲངས་པ་ལ། སྤྱན་དྲངས་པ། ཁྲུས་གསོལ་བ། བཞུགས་སུ་གསོལ་བ་གསུམ། དང་པོ་སྤྱན་དྲངས་པ་ལ། ཡེ་མཛའ་རྒྱལ་གྱིས་མོས་གུས་ཀྱི་གདུང་བ་བསྐྱེད། གང་མགོན་ཇི་བཅོམ་གྱིས་སྤྱན་


ZP02_Page_271
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གྱི་ཚིག་བརྗོད་པ་གཉིས། གཉིས་པ་ཁྲུས་གསོལ་བ་ལ། ཁྲུས་གསོལ་བ་དངོས་དང༌། གོས་རྒྱན་དབུལ་བ་གཉིས། ཁྲུས་གསོལ་བ་དངོས་ལ། ལས་ཁྲུས་ཤེལ་གཡུས་ཁྲུས་ཁང་བསྐྱེད། བདེ་སྤོས་ཁྲུས་གླུས་ཁྲུས་གསོལ་བ། ཉེ་དྲིལ་གྱིས་བསྐུ་མཉེ་ཕྱི་གསུམ་ཕུལ། གོས་རྒྱན་དབུལ་བ་ལ། གོས་རྒྱན་དབུལ་བ་དངོས་དང༌། དྲིའི་བྱུག་པ་དབུལ་བ་གཉིས། དང་པོ་ལ། འབུལ་རྒྱུ་འབུལ་ཡུལ་གཉིས། འབུལ་རྒྱུ་ལ། ཁ་ཐག་དཔག་ལྕིད་དྲིས་གོས། རིན་གདུས་རྒྱན། འབུལ་ཡུལ་ལ། འདོད་བཀྲེན་གྱིས་སངས་རྒྱས། འཇིག་ངན་སེམས་ཆོས་དྲིས་བྱང་ཆུབ་སེམས་དཔའ་བསྟན། བྱུག་པ་དབུལ་བ་སྟོང་འཁྱུད་བསོད་གསེར་གྱིས་བསྟན། གསུམ་པ་བཞུགས་སུ་གསོལ་བ། བཏང་བྱམས་སྙིང་དགས་བསྟན། གསུམ་པ་ཚོགས་བསགས་པ་དངོས་ལ། དད་པའི་རྣམ་འགྱུར་བསྟན་པ། ཚོགས་བསགས་པ་དངོས། དེའི་དོན་བསྡུ་དང་གསུམ། དང་པོ། དད་པའི་རྣམ་འགྱུར་བསྟན་པ་ལ། བབ་སྙིང་མེ་གས་ལུས་གུས་པའི་རྣམ་འགྱུར་དང༌། རིགས་ཡོན་དང་སྐྱོས་ཡིད་གུས་པའི་རྣམ་འགྱུར་བསྟན། གཉིས་པ་ཚོགས་བསགས་པ་དངོས་ལ་བརྒྱད།


ZP02_Page_272
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་རྨ་ལང་ཤིན་གྱིས་ཕྱག་འཚལ་བ། བཏོང་དེས་བླ་ཀུན་གྱིས་མཆོད་པ་འབུལ་བ། མུ་དགེ་སྲིད་སྟོབས་ཀྱིས་སྡིག་པ་བཤགས་པ། སྦྱོར་བསམ་རྣམ་བརྟུལ་གྱིས་རྗེས་སུ་ཡི་རང་བ། ཐར་རྣམ་གདུལ་རྩིབས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། རྒྱལ་འགྲོ་མྱ་དངོས་ཀྱིས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། བདག་སྲིད་བྱང་འདིས་དགེ་བ་བྱང་ཆུབ་ཏུ་བསྔོ་བ། ཆོ་ག་སྐྱེས་ཚིག་བདག་གིས་ལུས་དབུལ་བ། དཀོན་གྲིབ་རྣམ་ཁྲོས་འབངས་སུ་དམ་བཅའ་བའོ། །གསུམ་པ་དེ་དག་གི་དོན་བསྡུ་བ་དེས་ཕྱི་བསོད་སེམས་ཀྱིས་བསྟན། དོན་གཉིས་པ་དངོས་གཞི་དམ་བཅའ་བ་ལ། དམ་བཅའ་བའི་ཡུལ། ཇི་ལྟར་དམ་བཅའ་བ། སྡོམ་པའི་ཐོབ་འཚམས་བསྟན་པ་དང་གསུམ། དང་པོ་ཡུལ་ལ། ཉེས་རིམས་གསོ་སྨན་གྱིས་ཡུལ་གཞན་དུ་མ་ཡིན་པའི་ཁྱད་ཆོས་དང༌། མོས་སེམས་ཐེག་ཚོགས་ཀྱིས་ཡུལ་དངོས་བསྟན། གཉིས་པ་ཇི་ལྟར་དམ་བཅའ་བ་ལ། སྐྱབས་དགོངས་རྒྱལ་བསླབ་ཀྱིས་སྨོན་འཇུག་སྤྱིར་དམ་བཅའ་བ། ཉོན་ཤེས་ཉན་གྱིས་མ་བསྒྲལ་བ་བསྒྲལ་བ། གཉིས་ཚངས་སློབ་སེམས་ཀྱིས་མ་གྲོལ་བ་དགྲོལ་བར། ཤིན་དབུགས་དབུགས་ཀྱིས་དབུགས་མ་ཕྱིན་པ་རྣམས་


ZP02_Page_273
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་འབྱིན་པར། མདོར་འཁོར་མིས་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་དམ་བཅའ་བ་བསྟན། དགོད་སྔོན་གྱིས་ཆོ་གའི་བརྗོད་པ་གཞན་ལ་ཁ་འཕང་བ། རྟག་བྱང་གིས་ཡང་དང་ཡང་དུ་སྡོམ་པ་བླངས་པར་བསྟན་པ་དང་བདུན་ནོ། །གསུམ་པ་སྡོམ་པའི་ཐོབ་མཚམས་ངོས་བཟུང་བ་འདུན་བརྗོད་གསུམ་རྒྱས་བསྟན། དོན་གསུམ་པ་འཇུག་དགའ་བསྒོམ་པ་ལ་བཞི། སྔོན་རང་རིན་བདག་གིས་ད་རེས་ཀྱི་སྲིད་པ་དོན་ལྡན་དུ་གྱུར་པའི་སྒོ་ནས། རིགས་ལྷག་རྒྱལ་བྱང་གིས་རྒྱལ་བ་ཀུན་གྱི་སྲས་སུ་གྱུར་པའི་སྒོ་ནས། སྲིད་རྨོངས་བྱང་དགས་གཞན་རྗེས་སུ་ཡི་རང་སྒོམ་དུ་གཞུག་པའི་སྒོ་ནས། འཆི་དབུལ་སྲིད་བདག་གིས་འགྲོ་བའི་ཉེར་འཚོ་བླ་མེད་དུ་གྱུར་པའི་སྒོ་ནས་དགའ་བ་བསྒོམ་པའོ། །ཡོན་ཏན་བྱང་ཆུབ་ཀྱིས་ལེའུའི་མཚན་བསྟན་པའོ།། །།

རྗེས་བསླབ་བྱ་སློབ་པའི་ལེའུ།

༈ དོན་གསུམ་པ་རྗེས་བསླབ་བྱ་སློབ་པའི་ལེའུ་ལ། བསྲུང་བྱེད་ཐབས་ཀྱི་ཡན་ལག་བསྟན་པ་དང༌། བསྲུང་བྱ་དངོས་བཤད་པ་གཉིས། དང་པོ་བསྲུང་བྱེད་བསྟན་པ་ལ། བག་ཡོད་བསྟན་པ་དང༌། བསྲུང་ཐབས་ཀྱི་རྣམ་གྲངས་བསྟན་པ་གཉིས། དང་པོ་བག་ཡོད་བསྟན་པ་ལ། ཉམས་པའི་


ZP02_Page_274
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པས་འཇིགས་ནས་བག་བྱ་བ་དང༌། ཉོན་མོངས་པའི་གཡུལ་གྱིས་འཇིགས་ནས་བག་བྱ་བའོ། །དང་པོ་ལ་གསུམ། སྔོན་དམ་རྒྱལ་གདོན་གྱིས་བླངས་དོར་གྱི་གནས་བླ་ན་མེད་དུ་བསྒྲུབ་པ། བཏང་མུ་དེ་བཤིག་གིས་དེས་ན་ངེས་པར་གཏོང་མི་རུང་བ་བསྟན་པ། ལྟུང་འཁོར་ས་བསླབ་ཀྱིས་རྩ་ལྟུང་གི་གནས་ལ་བག་བྱ་བའོ། །གཉིས་པ་ཉོན་མོངས་པའི་གཡུལ་གྱིས་འཇིགས་ནས་བག་བྱ་བ་ལ་གསུམ། གང་ཁྲོས་མདའ་དོན་གྱིས་འཁོར་བར་དོན་མེད་ཀྱི་གཡུལ་དུ་བསྲན་བཟོད་པའི་ཚུལ་བསམ། རྣམ་ཉོན་འཁོན་བསླབ་ཀྱིས་ཉོན་མོངས་པའི་གཡུལ་དུ་བསླབ་པའི་གོ་ཆ་འདོར་བའི་ཉེས་པ་བསམ། འདི་བདག་མཐའ་སྒྲོལ་གྱིས་རང་མ་གྲོལ་བར་གཞན་སྒྲོལ་མི་ནུས་པར་བསམ་པའོ། །གཉིས་པ་བསྲུང་ཐབས་ཀྱི་རྣམ་གྲངས་བག་བྱང་མི་སྤེལ་གྱིས་བསྟན་ནོ། །དོན་གཉིས་པ་བསྲུང་བྱ་དངོས་བསྟན་པ་ལ། ལྟུང་བའི་རབ་དབྱེ་བཤད་པ་དང༌། བསླབ་བྱའི་རྣམ་གྲངས་བཤད་པ་གཉིས། དང་པོ་ལ། ལྟུང་བ་བཤད་པ་དང༌། ཕྱིར་བཅོས་བཤད་པ་གཉིས། ལྟུང་བ་བཤད་པ་ལ། དེ་དཀོན་གྱིས་རྒྱལ་པོ། གྲོང་ཞེས་པས་བློན་པོ། བློ་ཕལ་གྱིས་ཕལ་ཕལ་འབྱུང་ཉེ་བའི་ལྟུང་བ་བསྟན། ཕྱིར་བཅོས་བཤད་པ་ལ།


ZP02_Page_275
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་དེས་ལྟུང་བ་ཆུང་ངུ་རྣམས་ཀྱི་ཕྱིར་བཅོས། རྟེན་སྤོང་གིས་ལྟུང་བ་ཆེན་པོ་གསུམ། ཐུན་སྐྱ་བོས་ཀྱིས་དེའི་ཕྱིར་བཅོས་བསྟན། གཉིས་པ་བསླབ་བྱ་བསྟན་པ་ལ། སྨོན་པའི་བསླབ་བྱ་བཤད་པ་དང༌། འཇུག་པའི་བསླབ་བྱ་བཤད་པ་གཉིས། དང་པོ་སྨོན་པའི་བསླབ་བྱ་བཤད་པ་ལ། བྱང་ཆུབ་ཀྱི་སེམས་སྤེལ་བའི་ཐབས་སུ་བདེ་སྡུག་གཏོང་ལེན་ལ་བསླབ་པ། སེམས་འབྱོར་བའི་ཐབས་སུ་བྱས་ཤེས་དྲིན་གཟོ་ལ་བསླབ་པ། སེམས་མི་བརྗེད་པའི་ཐབས་སུ་དཀར་ནག་གི་ཆོས་ལ་བླང་དོར་བྱ་བ། སེམས་མི་ཉམས་ཤིང་བརྟན་པའི་ཆེད་དུ་འདུ་ཤེས་བཞི་བསྟན་པའོ། །དང་པོ། བྱང་ཆུབ་ཀྱི་སེམས་སྤེལ་བའི་ཐབས་སུ་བདེ་སྡུག་གཏོང་ལེན་བྱ་བ། བདག་གཞན་གཏོང་བྱང་ཞེས་པས་བསྟན། སེམས་འབྱོང་བའི་ཐབས་སུ་བྱས་ཤེས་དྲིན་གཟོ་ལ་བསླབ་པ། སྨོན་བྱས་བྱམས་སྐྱེས་བསྒོམ་དགོས་པའི་འཐད་པ། བཙས་མ་མི་ནུས་ལུས་ཀྱི་བྱམས་པས་བསྐྱང་ཚུལ། བུ་སྡིག་དྲིན་དེས་སེམས་ཀྱི་བྱམས་པས་བསྐྱང་ཚུལ། ས་བྱས་བཟའ་དེས་བྱས་པ་མི་བཟོ་བའི་ཉེས་པ་དང་གང་ལ་བསྒོམ་པའི་ཡུལ། མ་དྲན་བྱས་སྐྱེས་ཀྱིས་དྲིན་དུ་བཟོ་བའི་ཡོན་ཏན་བསྟན་པ་དང་ལྔའོ། །སེམས་མི་བརྗེད་པའི་


ZP02_Page_276
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་དཀར་ནག་གི་ཆོས་བརྒྱད་ལ་བླང་དོར་བྱ་བ་ལ་བཞི། སྨོན་སྒྲ་ནག་གིས་ནག་པོའི་ཆོས་བཞི་སྤང་དགོས་པར་བསྟན། མཆོད་ཐེ་དམ་གཡོས་ནག་ཆོས་བཞི་ངོས་བཟུང༌། ཆོས་འགྱོད་དེས་དེ་བཞི་གང་རུང་གིས་སྨོན་སེམས་འཆོར་བ་བསྟན། གཉེན་སྲོག་རྒྱལ་གཡོ་འཐས་གཉེན་པོ་དཀར་ཆོས་བཞི་བསྟན་ནོ། །སེམས་མི་ཉམས་ཤིང་བརྟན་པའི་ཐབས་སུ་འདུ་ཤེས་བཞི་བསྟན་པ། བརྟན་དགེ་དེས་དེ་སེམས་ཀྱིས་བསྟན་ཞིང་འདི་ཞེས་པས་སྨོན་པའི་བསླབ་བྱ་སྤྱིའི་འཇུག་བསྡུས་སོ། །གཉིས་པ་འཇུག་པའི་བསླབ་བྱ་ལ། བསྒྲུབ་བྱ་ཚོགས་གཉིས་ཀྱི་ངོས་ནས་ཕྱིན་དྲུག་གི་དབྱེ་བ་བསྟན་པ། སྒྲུབ་བྱེད་གང་ཟག་གི་ངོས་ནས་བློ་ཁྱད་གསུམ་གྱིས་མྱུར་བུལ་སྟོན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་རྒྱས་པར་བསྟན་པ། སྐབས་ཀྱི་མཇུག་བསྡུ་བའོ། །དང་པོ་འཇུག་དང་ཕྱི་གཉིས་ཐབས་ཞེས་པས་བསྟན། གཉིས་པ། བློ་རང་རྒྱལ་རང༌། གྲུ་འགྲོ་སྐྱོང་བརྟུལ་འབྲིང་ཞེས་པས་བསྟན། གསུམ་པ་ཕྱིན་དྲུག་གི་རང་བཞིན་རྒྱས་པར་བསྟན་པ་ལ། སྦྱིན་པ་བཤད་པ། ཚུལ་ཁྲིམས་བཤད་པ། བཟོད་པ་བཤད་པ། བརྩོན་འགྲུས་བཤད་པ། བསམ་གཏན་བཤད་པ། ཤེས་རབ་


ZP02_Page_277
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའོ། །དང་པོ་སྦྱིན་པ་བཤད་པ་ལ། སྦྱིན་པ་གསུམ་མདོར་བསྟན་པ། ཟང་ཟིང་གི་སྦྱིན་པ་བསྟན་པ། མི་འཇིགས་པའི་སྦྱིན་པ་བསྟན་པ། ཆོས་ཀྱི་སྦྱིན་པ་བསྟན་པ་དང་བཞི། དང་པོ། སྦྱིན་དབྱེ་ཞེས་པས་བསྟན། གཉིས་པ་ལ་གསུམ། ཟང་གཏོང་གཏོང་གླང་གིས་གཏོང་བ། གཏོང་ཁྱིམ་བྱས་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ། འདི་སེར་གཅིག་ཡང་བརྐམ་གྱིས་རིམ་པར་སློབ་ཚུལ་བསྟན། མི་འཇིགས་པའི་སྦྱིན་པ་ལ་གསུམ། མི་འཇིགས་ཀྱིས་མི་འཇིགས་པའི་སྦྱིན་པ་དངོས་བསྟན། མི་རྣམ་སྙིང་ལུས་ཀྱིས་སྦྱིན་པ་གཉིས་ཀྱི་དམིགས་བསལ་བསྟན། ཁ་གནས་ཞེན་གྱིས་སྦྱིན་པ་གཉིས་ཀྱི་ཁྱད་པར་བསྟན་པའོ། །ཆོས་ཀྱི་སྦྱིན་པ་ལ་གཉིས། ཆོས་མོས་རང་བྱམས་དཀར་གྱིས་མོས་སྤྱོད་པའི་ཆོས་སྦྱིན་དང༌། རང་རང་གིས་ཐོབ་པའི་ཆོས་སྦྱིན་བསྟན་ནོ། །གཉིས་པ་ཚུལ་ཁྲིམས་བཤད་པ་ལ། ངོ་བོ་སོགས་མདོར་བསྟན། རང་བཞིན་རྒྱས་པར་བཤད་པ་གཉིས། དང་པོ་ཚུལ་དབྱེ་སེམས་སྒོ་བ་གཞན་ཞེས་པས་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་


ZP02_Page_278
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ། དང་པོ་ཉེས་སྤྱོད་སྡོམ་པ་ལ། སོ་ཐར་དང་བྱང་སྡོམ་གྱི་ཁྱད་པར་བཤད་པ། ཐེག་ཆེན་སོ་ཐར་དངོས་བཤད་པ། སྡོམ་གསུམ་གང་ཟག་གཅིག་གི་རྒྱུད་ལ་གནས་ཚུལ་སྟོན་པ་དང་གསུམ། དང་པོ། སོ་བྱང་གི་ཁྱད་པར་བསྟན་པ་ལ། ཁྱད་པར་བཞི་བསྟན་པ། ཐེག་ཆེན་གྱི་དམིགས་བསལ་བསྟན་པ། ཐེག་ཆེན་གྱི་ལྟུང་བ་བསྟན་པའོ། །དང་པོ་ནང་ཁྱད་སོ་བྱང་སོ་བྱང་ཞེས་པས་བསྟན། གཉིས་པ་ཐེག་ཆེན་གྱི་དམིགས་བསལ་བསྟན་པ་ལ། ཁྱད་གཞན་བྱང་ལུས་ཀྱིས་གང་གནང་བ། གཞན་རང་གནས་ཀྱིས་ཇི་ལྟར་གནང་བ། སེམས་བྲམ་རྣམ་གྱིས་དོན་ལ་དགེ་བ་ཡིན་པར་བསྟན། རྒྱུ་ཡིད་ཀྱིས་མ་གནང་བ་བསྟན་པའོ། །གསུམ་པ་ཐེག་ཆེན་གྱི་ལྟུང་བ་དེ་རང་གཞན་སྟོང་ཞེས་པས་བསྟན།། །།

ཐེག་ཆེན་སོ་ཐར་དངོས་བཤད་པ།

༈ གཉིས་པ་ཐེག་ཆེན་སོ་ཐར་དངོས་བཤད་པ་ལ། བསྟན་བཤད་བསྡུ་གསུམ། དང་པོ་མདོར་བསྟན་པ་ལ་གསུམ། རབ་ཁྱད་བྱང་སོ་སྦྱང་བསམ་གྱིས་ཁྱིམ་པ་དང་རབ་བྱུང་གི་ཁྱད་པར་བསྟན། གང་དགེ་སྨོན་གྱིས་ཁྱིམ་པའི་སྡོམ་པ་མདོར་བསྟན། རབ་དགེ་སྨོན་གྱིས་རབ་ཏུ་བྱུང་བའི་སྡོམ་པ་མདོར་བསྟན། གཉིས་པ་


ZP02_Page_279
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་བཤད་པ་ལ། ཁྱིམ་པའི་ཕྱོགས་བཤད་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་བཤད་པ་གཉིས། དང་པོ་ཁྱིམ་པའི་ཕྱོགས་ལ་བཞི། དབྱེ་ཞེས་པ་དགེ་བསྙེན་མདོར་བསྟན། སྣ་དེ་དེ་དེ་ཡོངས་ཀྱིས་ཡོངས་རྫོགས་དགེ་བསྙེན་ཡན་ལག་བཅས་པ། རྩ་ཚངས་ཀྱིས་ཚངས་སྤྱོད་དགེ་བསྙེན་དངོས་དང༌། རབ་གསེར་གར་ཡན་བསྲུ་ཙན་གྱིས་ཚངས་སྤྱོད་གོ་མི་བསྟན། གཉིས་པ་རབ་ཏུ་བྱུང་བའི་ཕྱོགས་ལ་མ་རྫོགས་པ་དང་རྫོགས་པ་གཉིས། དང་པོ་བརྫོགས་པ་ལ། དགེ་མི་གར་ཕྱི་བསླབ་གྱིས་དགེ་ཚུལ། དགེ་རེག་གཉེན་ལོས་དགེ་སློབ་མ་བསྟན། གཉིས་པ་རྫོགས་པ་ལ་བཞི། དགག་པའི་བསླབ་བྱ། བསྒྲུབ་པའི་བསླབ་བྱ། དུས་དྲན་བརྟེན་པ་རྗེས་མཐུན་བརྩི་བའོ། །དང་པོ་དགག་པའི་བསླབ་བྱ་ལ་བཞི། དགེ་ལྷག་ལྟུང་སོར་ཉིས་ཀྱིས་དགེ་སློང་གི་བསླབ་བྱ། དགེ་སོ་ཉིས་ཀྱིས་དགེ་སློང་མ། ཕམ་ཕྱིན་འཆབ་ཀྱིས་གསོར་ཡོད་མེད། བསྲུང་ལྟུང་ལྟུང་མིས་བསླབ་བྱ་ཤེས་དགོས་པའི་རྒྱུ་མཚན། གཉིས་པ་བསྒྲུབ་པའི་བསླབ་བྱ་བསྒྲུབ་ཅེས་པའི་རྐང་པ་གཅིག་གིས་བསྟན། གསུམ་པ་དུས་དྲན་བརྟེན་པ། འདི་མིས་མདོར་བསྟན། དུས་སྒྲ་དེ་རུང་ཀོ་སྲོག་རིན་


ZP02_Page_280
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་རྒྱས་པར་བཤད་པ། བཞི་པ་རྗེས་མཐུན་རྩི་བ་གནང་ཞེས་པའི་རྐང་པས་བསྟན་ནོ། །གསུམ་པ་ཐེག་ཆེན་སོ་ཐར་གྱི་མཇུག་བསྡུ་བ། ཐ་མས་གནས་སྡེ་སྟོན་བསླབ་ཀྱིས་བསྟན་ནོ། །གསུམ་པ་སྡོམ་གསུམ་གང་ཟག་གཅིག་གི་རྒྱུད་ལ་གནས་ཚུལ་ལ། སྡོམ་གསུམ་ངོས་བཟུང་བ། གནས་ཚུལ་རྒྱས་པར་བསྟན་པ་གཉིས། དང་པོ་མྱ་གཞན་དབང་གསུམ་ཞེས་པས་བསྟན། གཉིས་པ་རྒྱས་པར་བསྟན་པ་ལ། གནས་ཚུལ་དངོས་བཤད་པ། གྲུབ་མཐའི་འདོད་གཞུང་དགོད་པ། གནད་ཀྱི་འཇོག་སོ་བཤད་པ་དང་གསུམ། དང་པོ་ལ་རང་བཞིན་མདོར་བསྟན་པ་དང༌། དཔེའི་སྒོ་ནས་གསལ་བར་བསྟན་པ་གཉིས། དང་པོ་ལ་བཞི། རོ་གང་ཞེས་པས་ངོ་བོ་གནས་འགྱུར་དང་རང་ལྡོག་མ་འདྲེས། ནང་སྔོན་གྱིས་ཡོན་ཏན་ཡར་ལྡན། འོག་གནོད་ཀྱིས་དགག་དགོས་ཡོངས་རྫོགས། གང་གནང་གིས་གནད་ཀྱིས་མི་འགལ་བར་བསྟན་ནོ། །གཉིས་པ་དཔེའི་སྒོ་ནས་གསལ་བར་བསྟན་པ་ལ་ལྔ། འདི་བྱང་འགྱུར་གྱིས་དཔེ་རང་གི་ངོ་བོ། །སྤྱོད་གཞི་དགེ་ཐབས་ཀྱིས་གནད་ཀྱིས་མི་འགལ་བ། སྣང་སྤྱད་འདུས་ངོ་བོ་གནས་འགྱུར། སོ་དགེ་ཡིས་ཡོན་ཏན་ཡར་ལྡན་


ZP02_Page_281
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གསལ་བར་བསྟན་ནས། བསླབ་ཅེས་པས་གཞན་པ་འགྲེལ་ཤེས་པར་བསྟན་ནོ། །གཉིས་པ་གྲུབ་མཐའི་འདོད་གཞུང་དགོད་པ་ལ་བཞི། འོན་ངོ་གནད་ཀྱིས་སྡོམ་པའི་ཆོས་དྲུག་སྤྱིར་བསྟན། གྲུབ་གནས་གཅིག་གསུམ། གཏོང་དོང་ཉི་རང་གིས་གྲུབ་མཐའི་འདོད་གཞུང་སོ་སོར་བཤད། དེ་ཚེ་བསྲུང་གནས་སྤྱིར་གྱིས་དོན་འགྱུར་གྱི་ངོས་ནས་འགལ་མེད་དུ་བསྒྲུབ། གླེང་སོ་རང་གོང་ལྟུང་གིས་སྡོམ་རྫས་གནས་འགྱུར་དུ་བསྲུང་བ་ལ་འོག་མའི་ཕྱིར་བཅོས་མེད་པར་བསྟན་པའོ། །གསུམ་པ་གནད་ཀྱི་འཇོག་འཚམས་བཤད་པ་ལ། གནས་འགྱུར་མ་ཐོབ་པའི་ས་འཚམས། ཐོབ་པའི་ས་འཚམས། མོས་སྤྱོད་ཀྱི་སྡོམ་གསུམ་བསྲུང་ཚུལ། དེའི་འཐད་པ་དགོད་པའོ། །དང་པོ་ལ་གཉིས་ལུས་སྤོང་བསྒྱུར་གྱིས་མེད་པའི་རྒྱུ་མཚན་དང༌། ཐེག་གནས་ཀྱིས་གནས་འགྱུར་མེད་པར་བསྟན། གཉིས་པ་ལ་གཉིས། སྡོམ་འདུ་དེ་བཅས་རང་གིས་གནས་འགྱུར་ཡོད་པའི་རྒྱུ་མཚན་དང༌། ཐོག་ངོས་གནས་འགྱུར་ཡོད་པར་བསྟན། གསུམ་པ་མོས་སྤྱོད་ཀྱིས་སྡོམ་གསུམ་བསྲུང་ཚུལ་གཞི་མོས་གནས་ལྡན་ཉམས་ཀྱིས་བསྟན། བཞི་པ་དེའི་འཐད་པ། ཅི་དགེ་གནང་གང་གིས་བསྟན་


ZP02_Page_282
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་བསྟན་བཤད་གཉིས། དང་པོ་ཕན་ཡོན་སྐྱེས་ཚུལ་གྱིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། བྱམས་གང་དེ་གཞན། ལྷག་སེམས་དངོས་པས་ཕྱིན་དྲུག་གི་ཚུལ་གོ་ཆས་སྒྲུབ་པ་བཤད། སྤྱོད་སྤྱོད་གོམས་རྩོལ་གྱིས་སྤྱོད་ཡུལ་ཡོངས་སུ་དག་པའི་དགེ་ཚོགས་བསྟན་པའོ། །གསུམ་པ་སེམས་ཅན་དོན་བྱེད་པ་ལ་གསུམ། ཐབས་སེམས་སྦྱིན་དགེས་དོན་བྱེད་དངོས། གང་རང་རང་རང་གིས་དེའི་ས་འཚམས། གཞན་བཅས་ཡོད་བདག་གིས་དེའི་དམིགས་བསལ་བསྟན་ནོ། །གསུམ་པ་བཟོད་པའི་ཕར་ཕྱིན་ལ། བཟོད་པ་གསུམ་སྤྱིར་བསྟན། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བྱེ་བྲག་ཏུ་བཤད། བཟོད་པ་གསུམ་དོན་ཆེ་བར་བསྟན་ནས་མཇུག་བསྡུ་བའོ། །དང་པོ། འདི་ཆོས་དཀའ་ཟབ་ཀྱིས་བཟོད་པ་གསུམ་སྤྱིར་བསྟན། གཉིས་པ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བྱེ་བྲག་ཏུ་བཤད་པ་ལ་དྲུག །ཡིད་སྡིག་ཐར་ནམ་གྱིས་ཁྲོ་བ་མ་སྐྱེས་པར་མི་བསྐྱེད་པར་བསྟན། གནོད་གདུལ་འཁོན་བཟོད་ཀྱིས་ཁོང་ཁྲོ་སྐྱེས་པ་རྒྱུན་གཅོད་པ། རེག་སྐྱེས་དེ་ཕན་གྱིས་ཁྲོ་བའི་རྒྱུ་ལ་བརྟག་པ། འདི་


ZP02_Page_283
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བདག་རང་གིས་བརྟགས་ན་རང་ལས་བྱུང་བར། བརྟགས་གང་བྱང་དེས་ལེགས་པར་བརྟགས་ན་དགེ་བའི་བཤེས་སུ་ཤེས་པར། ཉིན་མཚན་རྣམ་མཁས་ཤིན་ཏུ་བརྟག་ན་རང་བཞིན་མེད་པར་བསྟན་པའོ། །གསུམ་པ་དོན་བསྡུ་བ་གང་སྦྱིན་ཕྱི་འདོད་ཀྱིས་བསྟན་ནོ། །བཞི་པ་བརྩོན་འགྲུས་བཤད་པ་ལ། ངོ་བོ་མདོར་བསྟན་རང་བཞིན་རྒྱས་པར་བཤད་པ་གཉིས། དང་པོ་ནི། དུས་ར་བསྐྱེད་ལེས་བསྟན། གཉིས་པ་བརྩོན་འགྲུས་ཀྱི་རང་བཞིན་རྒྱས་པར་བཤད་པ་ལ་བཞི། བྱ་སྒྱིད་བདག་དེས་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ་གསུམ་བསྟན། བདུད་ས་མི་བརྩོན་གྱིས་བརྩོན་འགྲུས་ཀྱི་དབྱེ་བ་བསྟན། བདག་མྱུར་གཏུགས་རྣམ་ཀྱིས་བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་བསྟན། ལེ་དལ་རྣམ་གཡོས་ལེ་ལོ་གཞན་གཉིས་ཀྱི་གཉེན་པོ་བསྟན་པའོ། །ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ། བསམ་གཏན་འགྲུབ་པའི་རྒྱུ་བསྟན་པ་དང༌། བསམ་གཏན་དངོས་བསྟན་པ་གཉིས། དང་པོ་བསམ་གཏན་འགྲུབ་པའི་རྒྱུ་ལ་ཕྱི་ཡོ་བྱད་ལ་ཆགས་པ་གཅོད་པ། ནང་སེམས་ཅན་ལ་ཆགས་པ་གཅོད་པ། འདོད་པའི་ཡུལ་ལྔ་ལ་ཆགས་པ་གཅོད་པ་དང་གསུམ།


ZP02_Page_284
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། ཕྱི་ཡོ་བྱད་ལ་ཆགས་པ་གཅོད་པ་ལ། དབེན་པའི་ཡོ་བྱད་ལ་དགའ་བ་བསྐྱེད་པ་དང༌། འཁོར་བའི་ཡོ་བྱད་ལ་ཞེན་པ་སྤོང་བ་གཉིས། དང་པོ་དབེན་པའི་ཡོ་བྱད་ལ་དགའ་བ་བསྐྱེད་པ་ལ་གཉིས། ནགས་ངང་བལྟ་རྟས་གནས་དང་བྲག་རིའི་ཡོ་བྱད་ལ་དགའ་བ་བསྐྱེད་པ། དགའ་ཤིང་དོགས་འཁོར་གྱིས་ནགས་ཚལ་གྱི་ཡོ་བྱད་ལ་དགའ་བ་བསྐྱེད་པ་བསྟན། གཉིས་པ་འཁོར་བའི་ཡོ་བྱད་ལ་ཞེན་པ་གཅོད་པ་ལ་གསུམ། དེ་ལོངས་ཚེ་འགྱུར་གྱིས་ཚེ་འདིའི་སྡུག་བསྔལ་གྱི་རྒྱུར་བསྟན། ཕུང་གསོགས་ཁེང་ངན་གྱིས་ཚེ་ཕྱི་མའི་སྡུག་བསྔལ་གྱི་རྒྱུར་བསྟན། གཡོ་ནོར་ཡོ་ཆོག་གིས་ཚེ་འདི་ཕྱི་ཀུན་ཏུ་སྡུག་བསྔལ་གྱི་རྒྱུར་བསྟན་པའོ། །གཉིས་པ་ནང་སེམས་ཅན་ལ་ཆགས་པ་གཅོད་པ་ལ་གསུམ། སོ་བྱིས་བདག་ཉོན་གྱིས་ཉོན་མོངས་པའི་གྲོགས་བྱེད་པའི་ཉེས་དམིགས། དཔལ་བྱས་འཁོན་སྦྲེས་ཚེ་འདིའི་གནོད་པ་སྟེར་བའི་ཉེས་དམིགས། ཆུ་སྤྲུལ་མེ་བྱིས་ཀྱིས་ཕྱི་མའི་གནོད་པ་སྦྱིན་པའི་ཉེས་དམིགས་སོ། །གསུམ་པ་འདོད་པའི་ཡུལ་ལ་ཆགས་པ་གཅོད་པ་ལ་ཡུལ་གྱི་ཉེས་པ་བསྟན་པ་དང༌། དབེན་པའི་ཡོན་ཏན་བསྟན་པ་གཉིས། དང་པོ་ལ་གཉིས། ཡུལ་སྤྱད་ཚེ་གསང་གིས་


ZP02_Page_285
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་ཉེས་པ་བསྟན། གང་བསླུ་ཕུང་ཞིས་དེ་ལས་བསྲིང་བར་གདམས་པའོ། །གཉིས་པ་དབེན་པའི་ཡོན་ཏན་བསྟན་པ་ལ་གསུམ། བས་ཚོང་དཔྱ་བྱས་མི་མཐུན་ཕྱོགས་མེད་པར་བསྟན། ཆུ་བྲག་ལྗོན་ནམ་གྱིས་མཐུན་པའི་རྐྱེན་འཛོམས་པར་བསྟན། དེ་འཕོ་རང་གོམས་ཀྱིས་ཉོན་མོངས་མེད་པའི་ཕན་ཡོན་བསྟན་པའོ། །གཉིས་པ་བསམ་གཏན་དངོས་བསྟན་པ་ལ་གསུམ། བསམ་གཏན་མདོར་བསྟན། ངོ་བོ་ངོས་བཟུང༌། དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་གང་ལྷག་ཅེས་པས་བསྟན། གཉིས་པ་ངོ་བོ་ངོས་བཟུང་བ་ལ། རྟེན་རྣམ་གཅིག་གིས་བསྒོམ་ཚུལ། དམིགས་ཡིད་སྤྲོས་སྣང་གིས་བསམ་གཏན་གྱི་ངོ་བོ། །ཤེས་ངོས་ངོ་བོ་གཅིག་པའི་མཉམ་རྗེས་བསྟན་པ་དང་གསུམ། དབྱེ་བ་རྒྱས་པར་བཤད་པ་ལ། དབྱེ་སྒོའི་རྣམ་གྲངས་མདོར་བསྟན། དབྱེ་བའི་རང་བཞིན་རྒྱས་པར་བཤད་པ་གཉིས། དང་པོ་དབྱེ་དེ་རྟོག་དེས་བསྟན། གཉིས་པ་ལ་བཞི། ལམ་བསམ་ལམ་ཐར་དང་ཟག་གིས་བསམ་གཏན་གསུམ་གྱི་དབྱེ་བ་རྒྱས་པར་བཤད། ཀུན་རྒྱུ་རྣམ་བྱེད་འབྲས་ཀྱིས་རྒྱུ་འབྲས་ཀྱི་དབྱེ་བ་རྒྱས་


ZP02_Page_286
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད། བསམ་དངོས་ལྷག་སྔ་འཕགས་ཀྱིས་བསམ་གཏན་བཞིའི་དབྱེ་བ་རྒྱས་པར་བཤད་ཡོན་སྙིང་ཏིང་བློ་མ་ཉམས་ས་ཡོན་ཏན་བསྐྱེད་པའི་བསམ་གཏན་བཤད་པའོ། །དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཤེས་རབ་ཀྱི་ངོ་བོ་ངོས་བཟུང་བ། སྒྲུབ་ཚུལ་གྱི་གོ་རིམ་བསྟན་པ། ཤེས་རབ་གསུམ་རྒྱས་པར་བཤད་པའོ། །དང་པོ་ངོ་བོ་ངོས་བཟུང་བ་ལ་གཉིས། ལྷག་ཏིང་དངོས་ཐོས་ཤེས་ཀྱིས་ཤེས་རབ་གསུམ་གྱི་ངོ་བོ་ངོས་བཟུང༌། ཉོན་སྲིད་སྦྱིན་ཁྱད་ཀྱིས་དེའི་ཡོན་ཏན་བསྟན་པའོ། །གཉིས་པ་སྒྲུབ་ཚུལ་གྱི་གོ་རིམས་དེ་ཐོས་བསམ་ཐོས་ཞེས་པས་བསྟན། གསུམ་པ་ཤེས་རབ་གསུམ་རྒྱས་པར་བཤད་པ་ལ། ཐོས་པའི་ཤེས་རབ་བསྟན་པ། བསམ་པའི་ཤེས་རབ་བསྟན་པ། བསྒོམ་པའི་ཤེས་རབ་བསྟན་པ་དང་གསུམ། དང་པོ། ཐོས་པའི་ཤེས་རབ་བསྟན་པ་ལ། འཇལ་བྱེད་རིན་ཆེན་ལྡེའུ་མིག་གི་རྣམ་བཞག་བསྟན་པ་དང༌། གཞལ་བྱ་དམ་ཆོས་མཛོད་ཀྱི་རྣམ་བཞག་བསྟན་པ་གཉིས། དང་པོ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་གཞལ་དྲང་ཞེས་པས་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། དྲང་ངེས་གཉིས་བཤད་པ། དགོངས་ལྡེམ་གཉིས་བཤད་


ZP02_Page_287
[མ་དཔེ་གཟིགས་ན་འདིར་གནོན།]

པ། དགོངས་ལྡེམ་གྱིས་ཁྱད་པར་བཤད་པ་གསུམ། དང་པོ་ལ་གསུམ། ཆོས་རྣམ་གྱིས་ངེས་དོན། ཆོས་རིག་གིས་དྲང་དོན། གཉིས་ཤེས་ཀྱིས་དེའི་དོན་བསྡུས་བསྟན། གཉིས་པ་དགོངས་ལྡེམ་གཉིས་བཤད་པ་ལ་གསུམ། དེ་གཉིས་བཤད་པའི་དགོས་པ། དགོས་པ་ཅན། ལྡེམ་པོར་དགོངས་པའོ། །དང་པོ། དེ་དོན་ཞེས་པས་བསྟན། གཉིས་པ་ལ་གཉིས། དགོངས་ཅུང་གདུལ་གཅིག་བཅས་ཀྱིས་དགོངས་གཞི་སྤྱིར་བསྟན། མཉམ་དོན་དུས་གང་གིས་དགོངས་གཞི་བྱེ་བྲག་ཏུ་བསྟན་པའོ། །གསུམ་པ་ལྡེམ་དགོངས་བཤད་པ་ལ་ལྔ། ལྡེམ་བློ་དེ་རྣམ་ཚིག་གིས་ལྡེམ་དགོངས་སྤྱིར་བསྟན། དབྱེ་གཞུགས་སྟོང་གཟུགས་སྣང་གིས་ཞུགས་པ། མཚན་ཤེས་གཞན། དང་གཉིས་གསུམ་ཆོས་ཀྱིས་མཚན་ཉིད། གཉེན་སྐུ་སངས་ཚོགས་ཀྱིས་གཉེན་པོ། བསྒྱུར་ཕ་རྒྱལ་སྲེད་རྣལ་གྱིས་བསྒྱུར་བ་ལྡེམ་དགོངས་བསྟན་པའོ། །གསུམ་པ་དགོངས་ལྡེམ་གྱི་ཁྱད་པར་མདོར་དགོངས་ཡིན་ལྡེམ་ལྟོས་ཀྱིས་བསྟན་པའོ། །གཉིས་པ་གཞལ་བྱད་མ་ཆོས་མཛོད་ཀྱི་རྣམ་བཞག་བསྟན་པ་ལ། བདེན་གཉིས་ཀྱི་རང་བཞིན་མདོར་བསྟན་པ། གྲུབ་མཐའི་འདོད་


ZP02_Page_288
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་སོ་སོར་དགོད་པ། ངེས་པའི་དོན་བྱེ་བྲག་ཏུ་བཤད་པའོ། །བདེན་གཉིས་ཀྱི་རང་བཞིན་མདོར་བསྟན་ལ་དྲུག །གཞལ་བརྒྱད་འཇིག་བདེན་གྱིས་བདེན་པ་གཉིས་ངོས་བཟུང༌། ཀུན་འཁྲུལ་སྣང་ཡང་གིས་ཀུན་རྫོབ་ཀྱི་བདེན་པ། དོན་དོན་འཁོར་ངོ་རྟོགས་ཀྱིས་དོན་དམ་པའི་བདེན་པ། བདེན་རྫིང་སྣང་རང་གིས་བདེན་གཉིས་ཟུང་དུ་འཇུག་པ། ཡུལ་གཟུགས་དེ་འཁྲུལ་གྱིས་སྣང་བ་སྒྱུ་མའི་དཔེ་བརྒྱད་དུ། མཐར་དོན་གཅིག་བློས་དོན་དམ་བློས་ཡུལ་ལས་འདས་པར་བསྟན་པའོ། །གཉིས་པ་གྲུབ་མཐའི་འདོད་གཞུང་སོ་སོར་དགོད་པ་ལ། ཐེག་དམན་པས། ཐེག་ཆེན་པས་དེ་གཉིས་ཀྱི་དོན་བསྡུ་བ་དང་གསུམ། དང་པོ། ཐེག་དམན་པ་ལ་གཉིས། རེ་ཤེས་དངོས་རྡུལ་གྱིས་བྱེ་བྲག་སྨྲ་བ། དོན་དོན་དེ་མདོས་མདོ་སྡེ་བ་བསྟན་པའོ། །གཉིས་པ། ཐེག་ཆེན་པ་ལ་གསུམ། གཟུང་ཀུན་གཉིས་འདོད་ཀྱིས་སེམས་ཙམ། ཇི་གྲུབ་དོན་འདོད་ཀྱིས་རང་རྒྱུད། འདི་སྟོང་བཏགས་སྣང༌། གཞན་དེ་དེ་ཀླུས་ཐལ་འགྱུར་དངོས་དང༌། འདིར་བརྩད་རང་གྲུབ་ཀྱིས་དེའི་ཡོན་ཏན་བསྟན་པའོ། །གསུམ་པ་དོན་བསྡུ་བ་དེ་མཚན་ཐོས་ཉོན་གྱིས་བསྟན་ནོ། །གསུམ་པ་ངེས་པའི་དོན་བྱེ་བྲག་ཏུ་བཤད་པ་ལ་གཉིས། འདིར་སྨྲ་བློ་བཏགས་ཀྱིས་


ZP02_Page_289
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཉིས་དབྱེར་མེད་པར་བསྟན། བཞག་འདས་པ་ལྟར་སྟོང་བློས་དེ་རྟོགས་ཚུལ་བསྟན་པའོ། །དོན་གཉིས་པ་བསམ་པའི་ཤེས་རབ་ལ་བསྟན་བཤད་གཉིས། དང་པོ་གང་ཆོས་གང་ཡང་གི་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། གཤིས་རྟེན་འབྲེལ། འཁོར་བའི་རྟེན་འབྲེལ། མྱང་འདས་རྟན་འབྲེལ་གསུམ། དང་པོ་གཤིས་རྟེན་འབྲེལ་ལ་དྲུག །སྣང་གང་གང་གཤིས་ཀྱིས་གཤིས་ལུགས་མདོར་བསྟན། ཆོས་སྣང་སྤྲོས་དབུས་དེ་ཉིད་དབུ་མའི་རང་བཞིན་དུ་བསྟན། ངག་དོན་ཀུན་རྟོག་གིས་མ་རྟོགས་པ་ལ་མཐའ་བཞིར་སྣང་བ་བསྟན། ཡོད་དབུས་ཇི་འདོད་ཀྱིས་དེ་ལས་གྲུབ་མཐའ་ངན་པའི་འཆིང་ཞེན་བྱུང་བར་བསྟན། འདི་སྐྱེ་དོན་རྟག་གིས་རྟོགས་ན་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་བསྟན། སྤྲོས་རང་བསམ་གྱིས་དེ་ཉིད་བསམ་བྱུང་ཤེས་རབ་ཀྱི་རྟོགས་བྱར་བསྟན་པའོ། །གཉིས་པ་འཁོར་བའི་རྟེན་འབྲེལ་ལ་གཉིས། སྣང་རི་འདུས་འཁོར་གྱིས་ཕྱིའི་རྟེན་འབྲེལ། མ་དེ་རྒ་ནང་གིས་ནང་གི་རྟེན་འབྲེལ་བསྟན་པའོ། །གསུམ་པ་མྱང་འདས་རྟེན་འབྲེལ་ལ་གསུམ། མྱང་ལམ་གྱིས་མདོར་བསྟན། ལམ་ལུགས་རྩ་རིག་འདུ་ལུགས་ཀྱིས་


ZP02_Page_290
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྟེན་འབྲེལ། དེ་མཚན་སྡུག་འགོག་གིས་འབྲས་བུ་རྟེན་འབྲེལ་བསྟན་པའོ། །གསུམ་པ་བསྒོམ་པའི་ཤེས་རབ་ལ་བསྟན་བཤད་གཉིས། དང་པོ། དེ་བསམ་རང་བསྒོམ་ཀྱིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། མཉམ་བཞག་གི་གནས་ལུགས་བསྟན་པ། ལམ་བསྟན་པ། འབྲས་བུ་བསྟན་པའོ། །དང་པོ་མཉམ་བཞག་གི་གནས་ལུགས་བསྟན་པ་ལ་བཞི། ནམ་བསྒོམ་དེ་ཚོགས་ཀྱིས་ཕུང་ལྔ་བྲལ་བའི་མཉམ་བཞག །མེད་ཤེས་ཅང་སྐུས་རྟོག་དཔྱོད་བྲལ་བའི་ཡེ་ཤེས། རང་ཡང་བལྟ་ངང་གིས་བསལ་བཞག་བྲལ་བའི་ཆོས་ཉིད། དེ་ཡིད་ཤེས་ཐབས་ཤེས་བཅིངས་ཀྱིས་བློ་དང་བྲལ་བའི་ཤེས་རབ་བསྟན་པའོ། །གཉིས་པ་ལམ་བསྟེན་པ་ལ་བཞི་གང་རྒྱུད་ཀྱིས་ཚོགས་ལམ། །སྦྱོར་མཉམ་གྱིས་སྦྱོར་ལམ། མཐོང་ཟུང་རབ་ཆོས་ཀྱིས་མཐོང་ལམ། དེ་ས་རྡོ་ཤེས་ཀྱིས་བསྒོམ་ལམ་དང་མི་སློབ་ལམ་བསྟན་པའོ། །གསུམ་པ་འབྲས་བུ་བསྟན་པ་མཉམ་རྒྱལ་སྟོབས་མཐའ་ཞེས་པས་བསྟན། བཞི་པ་སྐབས་ཀྱི་མཇུག་བསྡུ་བར་འདི་རྒྱལ་ལྟ་ཤིན་གྱིས་བསྟན། ཡོན་ཏན་སྨོན་འཇུག་གི་ལེའུའི་མཚན་བསྟན་པའོ།། །།

ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེའི་ཐེག་པ་ལྟར་ཉམས་སུ་བླངས་པ།


ZP02_Page_291
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།དོན་གཉིས་པ་ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེའི་ཐེག་པ་ལྟར་ཉམས་སུ་བླངས་པ་ལ་གཉིས། རྒྱུད་སྡེའི་རྣམ་གྲངས་སྤྱིར་བསྟན་པ་དང༌། བླ་ན་མེད་པའི་རྒྱུད་བྱེ་བྲག་ཏུ་བཤད་པའོ། །དང་པོ་རྒྱུད་སྡེའི་རྣམ་གྲངས་སྤྱིར་བསྟན་པ་ལ། ངེས་ཚིག་གི་སྒོ་ནས་རྒྱུ་ལས་འཕགས་པའི་ཁྱད་པར་བཤད་པ། ངོ་བོའི་སྒོ་ནས་རྒྱུད་གསུམ་གྱི་རྣམ་གྲངས་མདོར་བསྟན་པ། དབྱེ་བའི་སྒོ་ནས་རྒྱུད་སྡེ་བཞིའི་རྣམ་གྲངས་མདོར་བསྟན་པ། རྒྱས་བཤད་ཀྱི་སྒོ་ནས་རྒྱུད་སྡེ་བཞི་སོ་སོར་བསྟན་པ་དང་བཞི་ལས། བྱང་འབྲས་ཐབས་སྡེས་དང་པོ། རྒྱུན་རིན་དཀའ་དབང་གིས་གཉིས་པ། དུས་གཉིས་རིགས་རྒྱལ་དབང་ཆོས་ཀྱིས་གསུམ་པ་བསྟན། བཞི་པ་རྒྱས་བཤད་ཀྱི་སྒོ་ནས་རྒྱུད་སྡེ་བཞི་སོ་སོར་བསྟན་པ་ལ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་བཤད་པ་དང༌། ནང་བླ་ན་མེད་པའི་རྒྱུད་སྡེ་བཤད་པ་གཉིས། དང་པོ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ། དང་ཐུབ་གཙང་རྩོད་ཀུན་ཤ་ཞེས་པས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། བྱ་སྤྱོད་བཤད་པ་དང༌། རྣལ་འབྱོར་བཤད་པ་གཉིས། དང་པོ་ལ་གསུམ། དབྱེ་སེམས་བྱས་བྱ་སྤྱོད་ཐུན་མོང་དུ་བསྟན། བྱ་བདག་


ZP02_Page_292
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱི་མཆོག་གིས་བྱ་རྒྱུད། བྱ་ཆ་རང་ཡེས་སྤྱོད་རྒྱུད་བསྟན་པའོ། །གཉིས་པ་རྣལ་འབྱོར་རྒྱུད་བཤད་པ་ལ་གཉིས། རྣལ་བཀོད་བསྟན་ཐབས་ཀྱིས་བླ་མེད་དང་མི་མཚུངས་པའི་ཁྱད་པར། རྣལ་ཡེ་དམ་བཟླས་ཀྱིས་རྣལ་འབྱོར་རྒྱུད་རང་ལམ་བསྟན་པའོ། །གཉིས་པ་ནང་བླ་ན་མེད་པའི་རྒྱུད་སྡེ་བཤད་པ་ལ་བསྟན་བཤད་གཉིས། བླ་བསྐྱེད་ཕ་ལྷ་གཙང་གིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། རྣལ་བསྐྱེད་ཀྱིས་ཕ་རྒྱུད། རྗེས་རྫོགས་ཀྱིས་མ་རྒྱུད། ཤིན་གཅིག་གིས་གཉིས་སུ་མེད་པའི་རྒྱུད་སྡེ་བསྟན་པའོ། །དོན་གཉིས་པ་བླ་ན་མེད་པའི་རྒྱུད་བྱེ་བྲག་ཏུ་བཤད་པ་ལ། ལམ་གྱི་སྤྱི་ཆིངས་མདོར་བསྟན་པ་དང༌། ལམ་གྱི་ཉམས་ལེན་རྒྱས་པར་བསྟན་པ་གཉིས། དང་པོ་ལ་གཉིས། ཀུན་ཕུང་ལས་ཡོན་གྱིས་ལམ་གྱི་བསྒྲུབ་གཞི་ངོས་བཟུང༌། རང་ལྟ་སྤྱོད་གཞིས་ལམ་ལ་ཇི་ལྟར་དཀྲི་བའི་ཚུལ་བསྟན་པའོ། །གཉིས་པ་ལམ་གྱི་ཉམས་ལེན་རྒྱས་པར་བསྟན་པ་ལ། བསྟན་བཤད་གཉིས། དང་པོ་འཇུག་གྲོལ་མཐུན་སྔགས་ཀྱིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། འཇུག་སྒོ་སྨིན་བྱེད་ཀྱི་དབང་བསྟན་པ། གྲོལ་བྱེད་བསྐྱེད་རྫོགས།


ZP02_Page_293
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གཉིས་བསྟན་པ། མཐུན་པའི་གྲོགས་དམ་ཚིག་བསྟན་པ་དང་གསུམ། དང་པོ། སྨིན་བྱེད་ཀྱི་དབང་བཤད་པ་ལ། དབང་བསྐུར་འགྲུབ་པའི་རྒྱུ་ཚོགས་བཤད་པ། རྒྱུ་དེ་ལྡན་ལ་དབང་བསྐུར་བ་དངོས་བཤད་པ་གཉིས། དང་པོ་ལ་དབང་མ་ཐོབ་པའི་ཉེས་དམིགས། ཐོབ་པའི་ཕན་ཡོན། སློབ་དཔོན་དང་སློབ་མའི་མཚན་ཉིད། ཆོ་གའི་ཡན་ལག་བཤད་པ་དང་བཞི་ལས། དང་བྱེ་འཆད་ཀྱིས་དང་པོ། དབང་དཀྱིལ་གཙང་ངེས་ཀྱིས་གཉིས་པ་བསྟན། གསུམ་པ་སློབ་དཔོན་དང་སློབ་མའི་མཚན་ཉིད་ལ་གསུམ། དབང་བསྟི་སྙིང་དབང་གིས་སློབ་དཔོན་ངན་པའི་སྐྱོན། ཕྱི་རིག་གིས་མཚན་ཉིད་དང་ལྡན་པ། དད་བརྟགས་ཀྱིས་སློབ་མའི་མཚན་ཉིད་བསྟན། བཞི་པ་ཆོ་གའི་ཡན་ལག་བསྙེན་སྟ་མངོན་བཞི་ཆོ་ཞེས་པས་བསྟན། གཉིས་པ་དབང་བསྐུར་བ་དངོས་བཤད་པ་ལ། དབང་སྤྱིའི་རྣམ་པར་བཞག་པ་མདོར་བསྟན་པ་དང༌། དབང་བཞིའི་ངོ་བོ་བྱེ་བྲག་ཏུ་བརྗོད་པའོ། །དང་པོ་གསང་སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་དབང་གི་རྣམ་པར་བཞག་པ་དང༌། ནང་རྒྱུད་བླ་ན་མེད་པའི་དབང་གི་རྣམ་པར་བཞག་པ་གཉིས། རྒྱུད་བྱ་སྤྱོད་རྣལ་གསང་གིས་དང་པོ། བླ་


ZP02_Page_294
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་སྤྲོས་སྤྱིར་སས་གཉིས་པ་བསྟན། གཉིས་པ་དབང་བཞིའི་ངོ་བོ་བྱེ་བྲག་ཏུ་བཤད་པ་ལ། སྐྱེད་བྱེད་འགྲུབ་པའི་རྒྱུ་སྤྱིར་བསྟན་པ། གྲངས་ངེས་པའི་སྒོ་ནས་བྱེ་བྲག་ཏུ་བཤད་པ། དབང་གི་སྒྲ་དོན་བཤད་པ། རྒྱུ་ལམ་འབྲས་བུའི་དབང་བསྟན་པ། དབང་དང་སྡོམ་པའི་ཐོབ་མཚམས་ངོས་བཟུང་བ་དང་ལྔ། དང་པོ་སྐྱེད་བྱེད་འགྲུབ་པའི་རྒྱུ་སྤྱིར་བསྟན་པ་ལ་གསུམ། གཞི་གདོད་རང་ལྷན་གྱིས་རྒྱུ་གཉིས། སྣོད་ལྟ་ནུས་རྟེན་གྱིས་རྐྱེན་གཞི། རྒྱུ་ཞེས་པས་དེ་གཉིས་ཀྱི་དོན་བསྡུ་བ་བསྟན་ནོ། །གཉིས་པ་གྲངས་ངེས་པའི་སྒོ་ནས་བྱེ་བྲག་ཏུ་བཤད་པ་ལ། དབང་བཞིའི་རྟེན་མདོར་བསྟན་པ། དག་བྱ་དག་བྱེད་ཀྱི་ངེས་པ་རྒྱས་པར་བཤད་པ་གཉིས། དང་པོ། གཉེན་ལུས་རྩྭ་དེ་ཁམས་ཞེས་པས་བསྟན། གཉིས་པ་ལ་བསྟན་བཤད་གཉིས་འདོད་ཀུན་དག་གིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་བཞི། བུམ་དབང༌། གསང་དབང༌། ཤེར་དབང༌། ཚིག་དབང༌། །དང་པོ་བུམ་དབང་ལ་གསུམ། དང་གཞན་རྡུལ་གྱིས་དཀྱིལ་འཁོར་དང་དབང༌། བསྐུར་སྣོད་གདན་སྣང་གྲུབ་འདས་དག་བྱ་དང་ལམ། རྩ་མཁས་འབྲས་བུ་བསྟན་པའོ། །གཉིས་པ་གསང་དབང་ལ་གསུམ། བྷ་ཞེས་པས་


ZP02_Page_295
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང་དབང༌། དགོད་ངག་གཏུམ་རང་འདས་དག་བྱ་དང་ལམ། ཡི་ཡན་གྱིས་འབྲས་བུ་བསྟན་པའོ། །གསུམ་པ་ཤེར་དབང་ལ་གསུམ། གདན་གསང་གིས་དཀྱིལ་འཁོར་དང་དབང༌། ལག་ཡིད་དགའ་གྲུབ་འདས་དག་བྱ་དང་ལམ། སྙིང་མཁས་འབྲས་བུ་བསྟན་པའོ། །བཞི་པ་ཚིག་དབང་ལ་གསུམ། བྱང་གསུམ་གྱིས་དཀྱིལ་འཁོར་དང་དབང༌། འཐབ་སྒོ་སྟོང་གྲུབ་འདས་དག་བྱ་དང་ལམ། འབྲས་ཞེས་པས་འབྲས་བུ་བསྟན་པའོ། །གསུམ་པ་དབང་གི་སྒྲ་དོན་སྒྲ་གློ་སྐལ་ཞེས་པས་བསྟན། བཞི་པ་རྒྱུ་ལམ་འབྲས་བུའི་དབང་དབང་རྟེན་སློབ་རང་རྒྱུ་རང་གིས་བསྟན། བཞི་པ་དབང་དང་སྡོམ་པའི་ཐོབ་མཚམས་ངོས་བཟུང་བ་ལ། དབང་དབང་ཞིང་སྒྲིབ་ཅེས་དང་པོ་སྡོམ་པའི་ཐོབ་མཚམས་དང༌། ལྷག་མ་གསུམ་གྱིས་དབང་གི་ཐོབ་མཚམས་བསྟན། དོན་གཉིས་པ་གྲོལ་བྱེད་བསྐྱེད་རྫོགས་རིམ་པ་གཉིས་བསྟན་པ་ལ། བསྐྱེད་རིམ་བཤད་པ། རྫོགས་རིམ་བཤད་པ། མཇུག་བསྡུ་བ་དང་གསུམ། དང་པོ་བསྐྱེད་རིམ་བཤད་པ་ལ། བསྐྱེད་རིམ་གྱི་ལམ་དངོས་བཤད་པ་དང༌། ལམ་གྱུར་གྱི་འབྲས་བུ་རིག་འཛིན་འགྲུབ་ཚུལ་བཤད་པ་གཉིས། དང་པོ། ལམ་དངོས་བཤད་པ་ལ། བསྟན་བཤད་གཉིས། དང་པོ། གཉིས་དང་བག་གིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། དག་རྫོགས་སྨིན་གསུམ་གྱི་ངེས་པ་སྤྱིར་བསྟན་པ་སྐྱེ་


ZP02_Page_296
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཞིའི་བག་ཆགས་སྦྱོང་ཚུལ་བཤད་པ། བསྐྱེད་གཞི་ཏིང་འཛིན་རྣམ་གསུམ་བསྟན་པ་དང་གསུམ། དང་པོ། བསྐྱེད་སྲིད་མྱ་ལྷག་ཉིས་འགྲོས་བསྟན། གཉིས་པ་སྐྱེ་གནས་བཞིའི་བག་ཆགས་སྦྱོངས་ཚུལ་བྱེ་བྲག་ཏུ་བཤད་པ་ལ། སྒོང་སྐྱེས་མངལ་སྐྱེས་དྲོད་གཤེར་སྐྱེས་རྫུས་སྐྱེས། སྒོམ་ཚུལ་བཞིའི་སྡོམ་སྟོན་པ་དང་ལྔ། དང་པོ་སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་ལ་བཞི། ཇི་བདག་གིས་མདོར་བསྟན། བདག་ས་ཕྱོགས་སེམས་གཉིས་མཁས་བདག་སྲས། གཞན་སྒོ་གཅོད། ཡབ་ཡུམ་ཀུན་སྙོམས་རྟོག་ཕྱག་གིས་གཞན་སྲས། བསྡུ་མདུན་གཉིས་དཀྱིལ་གྱིས་བསྒོམ་ཚུལ་བསྡུས་པ་སྟོན་པའོ། །གཉིས་པ་མངལ་སྐྱེས་སྦྱོང་བའི་བསྐྱེད་རིམ་ལ། མངོན་བྱང་བཞི་བསྐྱེད། རྡོ་རྗེའི་ཆོ་ག་གསུམ་བསྐྱེད། མངོན་བྱང་ལྔ་བསྐྱེད་དང་གསུམ། དང་པོ་མངལ་དང་འཆི་དྲི་ལྷ་ཁུ་ས་ལྟར་ཁྱབ་ལྷ་ཞེས་པས་བསྟན། གཉིས་པ། ཕྱག་ཐུགས་རྡོས་བསྟན། གསུམ་པ་མངོན་བྱང་ལྔ་བསྐྱེད་ལ་བདུན། བར་མངལ་ལྷུམ་ཟླ་བཅེས་སྐྱེ་སྲིད་སྤྲུལ་སྐུ་དང་སྦྱར་བའི་ལམ་སྤྱིར་བསྟན། མངོན་མངལ་སྒོང་གིས་མངོན་བྱང་དང་པོའི་ལམ་དང་དག་བྱ། །དེ་མངལ་སྒོང་གིས་


ZP02_Page_297
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་ལམ་དང་དག་བྱ། མངོན་ཁུ་སྐྱེས་གསུམ་པའི་ལམ་དང་དག་བྱ། མངོན་ཁུ་དྲོད་རྫུས་པར་གྱིས་བཞི་པའི་ལམ་དང་དག་བྱ། །མངོན་སྐྱེ་རག་འཁོར་གྱིས་ལྔ་པའི་ལམ་དང་དག་བྱ། །ཁམས་གནས་མྱ་རྒྱུ་ཁུ་རྣམ་གྱིས། མངོན་བྱང་ལྔ་ཀའི་རྫོགས་སྨིན་གཉིས་བསྟན་ནོ། །གསུམ་པ་དྲོད་གཤེར་སྦྱོང་བ་དྲོད་རྣམ་ལྷ་ཕྱག་གིས་བསྟན། བཞི་པ་རྫུས་སྐྱེས་སྦྱོང་བ་བརྫུས་མིང་གིས་བསྟན། ལྔ་པ་བསྒོམ་ཚུལ་གྱི་སྡོམ་སྒོམ་སྒོང་རིམ་ཤིན་གྱིས་བསྟན། གསུམ་པ། བསྐྱེད་གཞིའི་ཏིང་འཛིན་རྣམ་གསུམ་བསྟན་པ་ལ་གསུམ། ཀུན་སྤྲོས་ཀུན་ཤར་གྱིས་ཏིང་འཛིན་གསུམ་དངོས་བསྟན། སྣང་ཟབ་ཀྱིས་དེ་ཉིད་ཐབས་ཤེས་འབྲེལ་བའི་ལམ་མཆོག་ཏུ་བསྟན། །དེ་མུས་དེ་དང་བྲལ་བའི་བསྐྱེད་རིམ་ཆོས་འདི་བའི་ལམ་མ་ཡིན་པར་བསྟན་པའོ། །གཉིས་པ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་གྲུབ་ཚུལ་བསྟན་པ་ལ། སྔགས་ཕྱག་ཞེས་པས་ཐོབ་བྱ་མཆོག་གི་དངོས་གྲུབ། ཤིན་སྣང་དེས་ཐོབ་བྱེད་ལམ་ཚོགས་གཉིས། ཚོགས་ལམ་ཐེམ་སྐུས་ལམ་རིག་པ་འཛིན་པ་བསྟན་པ་གསུམ་མོ། །གཉིས་པ་རྫོགས་རིམ་ལ། ཡོ་ག་གསུམ་


ZP02_Page_298
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྫོགས་རིམ་མདོར་བསྟན། སྣང་བཅས་སྣང་མེད་ཀྱི་རྫོགས་རིམ་རྒྱས་པར་བཤད་པ་གཉིས། དང་པོ་ལ་བཞི། གཉིས་ཕ་རྣམ་གྱིས་ཕ་རྒྱུད་ཀྱི་རྫོགས་རིམ། མ་ཡེ་གཞན་གྱིས་མ་རྒྱུད་ཀྱི་རྫོགས་རིམ། གཉིས་ཐིག་གིས་གཉིས་མེད་རྒྱུད་ཀྱི་རྫོགས་རིམ། སྔ་ཕྱིས་སྣང་བཅས་དང་སྣང་མེད་ཀྱི་ཁྱད་པར་བཤད་པའོ། །གཉིས་པ་སྣང་བཅས་སྣང་མེད་ཀྱི་རྫོགས་རིམ་རྒྱས་པར་བཤད་པ་ལ། སྣང་བཅས་བཤད་པ་དང༌། སྣང་མེད་བཤད་པ་གཉིས། དང་པོ་སྣང་བཅས་བཤད་པ་ལ། གང་ལ་གནད་དུ་བསྣུན་བ་རྩ་རླུང་ཐིག་ལེའི་ཁམས་བཤད་པ་དང༌། ཇི་ལྟར་གནད་དུ་བསྣུན་པ་རྫོགས་རིམ་ལམ་གྱི་མདོ་ཆིང་བཤད་པ་གཉིས། དང་པོ་རྩ་རླུང་ཐིག་ལེའི་ཁམས་བཤད་པ་ལ་བསྟན་བཤད་གཉིས། དང་པོ། དང་གཡོ་གསུམ་གྱིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། རྩ་རླུང་ཐིག་ལེའི་ཁམས་སྤྱིར་བསྟན་པ་དང༌། སྒྱུ་འཕྲུལ་དྲྭ་བའི་ལུགས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་སྤྱིར་བསྟན་པ་ལ། རྩ་བཤད་པ། རླུང་བཤད་པ། ཐིག་ལེ་བཤད་པ། དེ་ལ་གནད་དུ་བསྣུན་པའི་ལམ་བགྲོད་ཚུལ་བཤད་པ་དང་བཞི། དང་པོ་རྩ་བཤད་པ་ལ། རྩ་དང་འཁོར་ལོའི་དབྱེ་བ་སྤྱིར་བསྟན་པ།


ZP02_Page_299
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་གྱི་ལུགས་བསྟན་པ། སྒྱུ་འཕྲུལ་གྱི་ལུགས་བསྟན་པའོ། །དང་པོ་རྩ་འཁོར་ལོའི་དབྱེ་བ་སྤྱིར་བསྟན་པ་ལ་བཞི། མ་མིག་དེ་རྩས་རྩ་གསུམ་གནས་ཚུལ། ཕྱི་གསང་ཡི་ཚངས་ཀྱིས་ཡི་གེ་གསུམ་དབུ་མའི་མཚན་ཉིད། གཡས་བུད་དབུ་མདུད་ཀྱིས་རྩ་མདུད། རིམ་ཕྱིན་ཕྲིས་རྩ་འཁོར་བཤད་པའོ། །གཉིས་པ་དུས་འཁོར་གྱི་ལུགས་བཤད་པ་ལ། གནས་ཚུལ་བཤད་པ་དང༌། འགགས་ཚུལ་བཤད་པ་གཉིས། དང་པོ་གནས་ཚུལ་ལ། ལྟེ་བརྒྱད་སྤྱི་བདུན་ནམ་གྱིས་རྟེན་འཁོར་ལོ། །འཁོར་འཕོ་དེས་བརྟེན་པ་རྟེན་འབྲེལ་དང་དུས་སྦྱོར་བཤད་པ་གཉིས། གཉིས་པ་འགགས་ཚུལ་ལ་གཉིས། ཁམས་གསང་རླུང་འགགས་ཀྱིས་ཁམས་དང་རླུང་གིས་འཕོ་བ་གཅིག་འགགས་ཚུལ། རིམ་རླུངས་ཐིག་མངོན་གྱིས་དེས་མཚོན་ནས་འཕོ་རླུང་ལྷག་མ་འགགས་ཚུལ་བསྟན་པའོ། །གསུམ་པ་སྒྱུ་འཕྲུལ་ལུགས་བཤད་པ་ལ། འཁོར་ལོ་དྲུག་པ་དང་གཉིས་པ་གཉིས། དང་པོ། འཁོར་ལོ་དྲུག་པ་ལ་གསུམ། དེ་སྦྱང་གིས་སྦྱང་གཞི། སྦྱོང་ཕས་སྦྱོང་བྱེད། ཐ་བསམ་གྱིས་སྦྱང་འབྲས་བསྟན་པའོ། །གཉིས་པ་འཁོར་ལོ་གཉིས་པ་ལ་གཉིས། དེ་སྤྱི་ལྷས་རྩ་འཁོར་


ZP02_Page_300
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་གྲངས་དང༌། ཐབས་འདོད་ཀྱིས་ལམ་གྱི་རྣམ་གྲངས་བསྟན་པའོ། །གཉིས་པ་རླུང་བཤད་པ་ལ། ཕྱིའི་རླུང༌། ནང་གི་རླུང༌། གསང་བའི་རླུང་བཤད་པ་གསུམ། དང་པོ། ཕྱིའི་རླུང་ལ་བཞི། གཡོ་ཆེ་ཉིས་འབྱུང་ཆེན་གྱི་རླུང༌། ཆུང་གྲངས་ཀྱིས་འབྱུང་ཆུང་གི་རླུང༌། རྩ་ཁྱབ་བྱེད་ལུས་འགྲོས་རྩ་བའི་རླུང་ལྔ། དེ་མོས་ཕོ་མོ་མ་ནིང་གི་རླུང་གསུམ་བསྟན་ནོ། །གཉིས་པ་ནང་གི་རླུང་ལ་གཉིས། ནང་ཕུང་དུག་རྒྱུས་འབྱུང་ལྔའི་རླུང་གི་བྱེད་ལས། ཁྱད་ཟད་ཏིང་གིས་དྷཱུ་ཏིར་ཚུད་པའི་ཡོན་ཏན་བསྟན། གསུམ་པ་གསང་བའི་རླུང་གསང་རགས་ཞེས་པས་བསྟན་ནོ། །གསུམ་པ་ཐིག་ལེ་བཤད་པ་ལ། རོ་རྐྱང་གི་ཐིག་ལེ་བཤད་པ་དང༌། དེ་ལས་མཆེད་པ་གཞན་བསྟན་པའོ། །དང་པོ་ལ་གཉིས། གསུམ་རོ་རྐྱང་གིས་ནང་དུ་ཁམས་འབབ་ཚུལ་དང༌། ཕོ་མདུད་ཀྱིས་ཕྱིར་མི་འཛགས་པའི་རྒྱུ་མཚན་བསྟན་པའོ། །གཉིས་པ་ལ་གཉིས། དེ་རྩས་ཁམས་གནས་ཚུལ་དང༌། དཔའ་འཁྲིལ་གྱིས་ཐུག་འཕྲད་གྱི་བདེ་བསྐྱེད་ཚུལ་ལོ། །བཞི་པ་དེ་གནད་དུ་སྣུན་པས་ལམ་བགྲོད་ཚུལ་བསྟན་པ་ལ་གསུམ། མདོར་གཡོ་བྱང་གིས་རྟེན་དང་བརྟེན་པར་འབྲེལ་ཚུལ། འཁོར་སྲོག་དབུས་རྩ་མདུད་གྲོལ་ཚུལ། རླུང་


ZP02_Page_301
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས་པས་ལམ་བགྲོད་ཚུལ་བསྟན་པའོ། །གཉིས་པ་སྒྱུ་འཕྲུལ་དྲྭ་བའི་ལུགས་བྱེ་བྲག་ཏུ་བསྟན་པ་ལ། གང་ལ་གནད་དུ་སྣུན་པའི་རྟེན་བཤད་པ། དེ་ལ་གནད་དུ་སྣུན་པའི་འབྲས་བུ་བཤད་པ། དེ་དག་གི་དོན་བསྡུ་བ་དང་གསུམ། དང་པོ་ལ་རགས་པ་རྩ་དང་ཡི་གེ་བཤད་པ། ཕྲ་བ་མི་ཤིག་པའི་ཐིག་ལེ་བཤད་པ་གཉིས། དང་པོ་རགས་པ་རྩ་དང་ཡི་གེ་བཤད་པ་ལ་བཞི། ཁྱད་སྣོད་དུས་འཐས་གནས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་བསྟན། སྙིང་རྩས་རྟེན་དྭངས་མའི་རྩ་བརྒྱད་བསྟན། དབུས་མདུན་རྒྱབ་གཡོན་གྱིས་བརྟན་པ་འཁོར་འདས་ཀྱི་འཆར་གཞི་བསྟན། སོ་སྦྱང་སྐུས་སྦྱང་བྱ་སྦྱོང་བྱེད་ཀྱི་ཡི་གེ་བསྟན་པའོ། །གཉིས་པ་ཕྲ་བ་མི་ཤིག་པའི་ཐིག་ལེ་བསྟན་པ་ལ་གཉིས། ཀུན་རྟ་རྡུལ་ཁས་རྟེན་དྭངས་མའི་ཐིག་ལེ་བསྟན། རང་ཀུན་གྱིས་བརྟེན་པ་སྐུ་དང་ཡེ་ཤེས་བསྟན་པའོ། །གཉིས་པ་དེ་ལ་གནད་དུ་སྣུན་པའི་ལམ་འབྲས་བཤད་པ་ལ་གཉིས། གང་མྱ་སྣང་རོས་ལམ་ཚོགས་གཉིས་རྫོགས་ཚུལ། འོག་གཞན་ནམ་དེས་འབྲས་བུ་སྐུ་གཉིས་ཐོབ་ཚུལ་བསྟན། གསུམ་པ་དེ་དག་གི་དོན་བསྡུ་བ། འཁོར་ཉམས་འགྱུར་ཏིལ་གྱིས་བསྟན་ནོ། །གཉིས་པ་ཇི་ལྟར་གནད་དུ་སྣུན་པ་རྫོགས་རིམ་ལམ་གྱི་མདོ་ཆིངས་


ZP02_Page_302
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལ་གསུམ། འདི་གདོད་ཀྱིས་མཚམས་སྦྱར། གཏུམ་འོད་སྐྱེས་རག་གིས་རང་ལུས་ཐབས་ལྡན། རྩ་བདེ་ཀུན་གྱིས་གཞན་ལུས་ཐབས་ལྡན་བསྟན་པའོ། །གཉིས་པ་སྣང་མེད་ཀྱི་རྫོགས་རིམ། གཉིས་རྣམ་དག་འོད། ཐིག་སྟོང་ཡེ་ཞེས་པས་བསྟན། དོན་གསུམ་པ་བསྐྱེད་རྫོགས་ཀྱི་དོན་བསྡུ་བ་བསྐྱེད་རྫོགས་བདེ་ཟབ་བླ་དབང་ཉེ་ཞེས་པས་བསྟན་ནོ། །གསུམ་པ་མཐུན་པའི་གྲོགས་དམ་ཚིག་བསྟན་པ་ལ། དམ་ཚིག་གི་ངོ་བོ་མདོར་བསྟན་པ། བསྲུང་ཐབས་ཀྱི་རྣམ་གྲངས་རྒྱས་པར་བཤད་པ། ཕན་ཡོན་བརྗོད་པས་མཇུག་བསྡུ་བ་དང་གསུམ། དང་པོ་མདོར་བསྟན་གསུམ་སྔགས་ཐབས་རྨ་ཞེས་པས་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། སྔགས་སྤྱིའི་དམ་ཚིག་བཤད་པ། ཁྱད་པར་མདོ་སྒྱུ་སེམས་གསུམ་གྱི་ལུགས་བཤད་པ། བརྟུལ་ཞུགས་ཉེར་ལྔ་དང་རིགས་ལྔའི་སྡོམ་པ་བཤད་པའོ། །དང་པོ་སྔགས་སྤྱིའི་དམ་ཚིག་བཤད་པ་ལ། དམ་སྡོམ་གྱི་ཁྱད་པར་བཤད་པ། ལྟུང་བའི་སྣོད་བཤད་པ། ཀུན་དཀྲིས་ཀྱི་རྣམ་གྲངས་བཤད་པ། བསྲུང་ཐབས་གཞན་བསྟན་པ། རྩ་ལྟུང་བཅུ་བཞི་བཤད་པ། སྦོམ་པོ་བརྒྱད་བཤད་པ། རྩ་ལྟུང་གི་རྣམ་གྲངས་བཤད་པ། ཉེས་པའི་ཕྱིར་བཅོས་བཤད་པ་དང་བརྒྱད།


ZP02_Page_303
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དམ་སྡོམ་གྱི་ཁྱད་པར། དེ་དམ་སྡོམ་ངོ་དེ་དམ་ཞེས་པས་བསྟན། གཉིས་པ་ལྟུང་བའི་སྣོད་བཤད་པ་ལ་གཉིས། ཀུན་སྨྱོ་མིས་ལྟུང་བའི་སྣོད་མ་ཡིན་པ་དང༌། སྔགས་ཤེས་ལྟུང་གིས་ལྟུང་བའི་སྣོད་དངོས་བསྟན་པའོ། །གསུམ་པ་ཀུན་དཀྲིས་ཀྱི་དབྱེ་བ་ལ་གསུམ། བྱང་ཀུན་བྱེད་རང་གཞན་གྱིས་ཀུན་དཀྲིས་ཀྱི་ངོ་བོ། །ཆོས་གཏུགས་ཀུན་གྱིས་ཀུན་དཀྲིས་ཚང་བ། དུས་ཆོས་བྱས་ཀུན་དཀྲིས་མ་ཚང་བ་བསྟན། བཞི་པ་བསྲུང་ཐབས་གཞན་བསྟན་པ་ལ་དྲུག །དེ་ཡིད་ཀྱིས་བསྲུང་ཐབས་བསྟན། ཉིན་ཆ་ཉེས་ཀྱིས་དུས་དྲུག་ཏུ་བསྔོ་བགྲང་བྱ་ཚུལ་བསྟན། གོས་གོས་ཀྱིས་བསྔོ་བགྲང་བྱས་ནས་ཇི་ལྟར་བྱ་བ། སྔོན་ཕྱིན་གོས་ཀྱིས་ཕྱིན་ཆད་སྡོམ་སེམས་བསྟེན་པ། གང་སྡོ་ཁས་དྲུག་ཆ་གཅིག་གི་བསྔོ་བ་གྲངས་ཉམས་ན་ཅིར་འགྱུར་བ། དྲུག་ཞག་ཕྱི་སྦོམ་གྱིས་ཞག་གཅིག་གི་བསྔོ་བགྲངས་ཉམས་ན་ཇི་འགྱུར་བ། ཡན་ཞེས་པས་ཡན་ལག་གི་དམ་ཚིག་ལའང་བསྔོ་བགྲངས་དགོས་པར་བསྟན་པའོ། །ལྔ་པ་རྩ་ལྟུང་བཅུ་བཞི་བསྟན་པ་ལ་བསྟན་བཤད་གཉིས། དང་པོ། ཐོག་རྩ་ཞེས་པས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། དང་སྔགས་ལམ་ཆོས་དེས་རྩ་ལྟུང་དང་པོ།


ZP02_Page_304
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དེ་དེ་ཡུལ་གྱིས་གཉིས་པ། གསུམ་པ་སྐུར་མཐའ་ཡིན་གྱིས་གསུམ་པ། བཞི་མཐོང་དེ་གཏོང་གཞན་གྱིས་བཞི་པ། ལྔ་སྤངས་ཀུན་གནང་གིས་ལྔ་པ། དྲུག་དཔྱས་ལས་རྗེས་དྲུག་པ། བདུན་པ་འདུལ་གསང་དམིགས་གསང་གིས་བདུན་པ། བརྒྱད་དེ་སྡུག་བརྙས་ཀྱིས་བརྒྱད་པ། དགུ་སངས་སེམས་ཐེས་དགུ་པ། བཅུ་བསྟན་མངོན་འདྲིས་ཀྱིས་བཅུ་པ། བཅུ་ཆོས་ཕུང་སྐྱེས་བཅུ་གཅིག་པ། བཅུ་དང་ཀུན་འདུན་གྱིས་བཅུ་གཉིས་པ། བཅུ་བལྟས་སྔགས་མས་བཅུ་གསུམ་པ། བཅུ་མ་འབྱུང་དབང་གིས་བཅུ་བཞི་པ་བསྟན་པའོ། །དྲུག་པ་སྦོམ་པོ་བརྒྱད་བཤད་པ་ལ་བསྟན་བཤད་གཉིས། དང་པོ། བཅུ་ཕམ་གེགས་ཀྱིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། དབང་ཐས་དང་པོ། མཚན་ཆོས་གཉིས་པ། དབང་སྐུས་གསུམ་པ། ཚོགས་བབ་ཀྱིས་བཞི་པ། སྣོད་དེས་ལྔ་པ། སྔགས་ཉན་གྱིས་དྲུག་པ། སྔགས་རྡོས་བདུན་པ། དབང་ཐེས་བརྒྱད་པ། ཀླུ་ལག་བསྙེན་རབ། ཚོགས་སོ་བདག་གསུངས་ཀྱིས་སྦོམ་པོའི་རྣམ་གྲངས་བསྟན་པའོ། །བདུན་པ་རྩ་ལྟུང་གི་རྣམ་གྲངས་བསྟན་པ། འདི་རྩ་ཀུན་གཞན་བཅུ་སྤྱི་ཞེས་པས་བསྟན། བརྒྱད་པ་ཕྱིར་བཅོས་བཤད་པ་ལ་ལྔ། རྣལ་རྟག་


ZP02_Page_305
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སངས་ཀྱིས་བསྲུང་ཉམས་ཀྱི་ཡོན་སྐྱོན་བསྟན། དེ་ཕྱིར་གྱིས་དེས་ན་ཕྱིར་བཅོས་ལ་འབད་དགོས་པར་བསྟན། ཁྱད་བླ་དབང་ཉེས་རྩ་ལྟུང་དང་པོའི་ཕྱིར་བཅོས་དང༌། དེ་བླ་ཕྱག་སྨྲོས། འགལ་འཆབ་འཆབ་ཉེས། ཡུལ་ཆོས་ཅེས་ཞེས་པས་རྩ་ལྟུང་གཞན་གྱི་ཕྱིར་བཅོས་བསྟན། གལ་གོང་སྟོབས་བཅུས་ལྟུང་བ་བྱིན་རླབས་བསྟན་པའོ། །གཉིས་པ་ཁྱད་པར་མདོ་སྒྱུ་སེམས་གསུམ་གྱི་ལུགས་བཤད་པ་ལ། བསྟན་བཤད་གཉིས། དང་པོ་ཁྱད་ཅེས་པས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། སྤྱི་མདོའི་ལུགས་བཤད་པ། སྒྱུ་འཕྲུལ་གྱི་ལུགས་བཤད་པ། སེམས་ཕྱོགས་ཀྱི་ལུགས་བཤད་པ་གསུམ། དང་པོ། སྤྱི་མདོའི་ལུགས་སྤྱི་བསྲུང་ཤེས་ཞེས་པས་བསྟན། གཉིས་པ་སྒྱུ་འཕྲུལ་གྱི་ལུགས་བཤད་པ་ལ་རྩ་བ་དང༌། ཡན་ལག་གཉིས། རྩ་བའི་དམ་ཚིག་བཤད་པ་ལ་གཉིས། རྒྱུ་ཡན་ཞེས་པས་མདོར་བསྟན། རྡོ་སྔགས་ཡང་གསང་གི་རྒྱས་པར་བཤད་པའོ། །ཡན་ལག་གི་དམ་ཚིག་བཤད་པ་ལ་བཞི། ཡན་ཞེས་པས་མདོར་བསྟན། དང་རང་ཐབས་ཡེས་མི་སྤང་བ། གཉིས་བླང་རིགས་དངོས་མཁའ་སངས་ཀྱིས་མི་དོར་བ། ཆ་ཉིས་དབྱེ་


ZP02_Page_306
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བསྟན་པའོ། །གསུམ་པ། སེམས་ཕྱོགས་ཀྱི་དམ་ཚིག་བསྟན་པ་ལ། བསྲུང་དུ་མེད་པ་དང༌། ཡོད་པ་གཉིས། དང་པོ། བསྲུང་དུ་མེད་པ། སེམས་ཕྱལ་བསྲུང་ངོ་ཡས་བསྟན། གཉིས་པ་སྲུང་དུ་ཡོད་པ་ལ་བསྟན་བཤད་གཉིས། དང་པོ། ལམ་ཉམས་དམ་ཞེས་པས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས། དང་པོ། རྩ་བའི་དམ་ཚིག་ལ་གསུམ། རྩ་ཕྱི་སྲོག་པ་བླས་སྐུ། གསུང་ཆོས་བླས་གསུང༌། ཐུགས་སྤྱོད་བླས་ཐུགས་ཀྱི་དམ་ཚིག་བསྟན། གཉིས་པ་ཡན་ལག་གི་དམ་ཚིག་ལ་བསྟན་བཤད་གཉིས། ཐབས་ཞེས་པས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། ཏན་སྤྱད་ཀྱིས་སྤྱད་བྱ། འདོད་མིས་མི་སྤངས། དྲི་དང་གིས་དང་བླངས། ཕུང་ཤེས་ཀྱིས་ཤེས་བྱ། རྡོ་བསྒྲུབ་ཀྱིས་བསྒྲུབ་བྱ། འདི་ཞེས་པས་སྔ་མའི་མཇུག་བསྡུས་ནས་ཕྱི་མ་མཚམས་སྦྱར་བའོ། །གསུམ་པ་བརྟུལ་ཞུགས་ཉེར་ལྔ་དང༌། རིགས་ལྔའི་སྡོམ་པ་བཤད་པ་ལ་གཉིས། དང་པོ། དེ་ཞེས་པས་བརྟུལ་ཞུགས་ཉེར་ལྔ་བསྟན། གཉིས་པ་རིགས་ལྔའི་སྡོམ་པ་ལ་བསྟན་བཤད་གཉིས། དང་པོ། གསང་སྔོན་


ZP02_Page_307
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། ཐུན་མོངས་པ། ཁྱད་པར་བ། ཐུན་མོང་གི་ཡན་ལག་གཞན་བསྟན་པ། །ཁྱད་པར་བའི་དམིགས་བསལ་བཤད་པའོ། །དང་པོ། ཐུན་མོང་བ་སངས་མི་རིན་སྣང་དོན་གྱིས་བསྟན། གཉིས་པ་ཁྱད་པར་པ་ལ་བསྟན་བཤད་གཉིས། དང་པོ། ཁྱད་ཅེས་པས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། རྡོ་ཞིང་གིས་སྲོག་གཅོད། རིན་མཚན་རྫོགས་ཀྱིས་མ་བྱིན་ལེན། པད་སྟོང་ལས་ཀྱིས་ལོག་གཡེམ། ལས་ཞེས་པས་རྫུན་ཚིག །འཁོར་འདོད་ཀྱིས་ཡུལ་ཀུན་བརྟེན་པ་བསྟན། གསུམ་པ་ཐུན་མོང་བའི་ཡན་ལག་གཞན་བསྟན་པ། དེ་མ་ལྷ་ཕྱག་སྨད་གསང་བཞོན་མཚོན། མཚན་མཆོད་དེ་ཕྱག་ཅེས་པས་བསྟན། བཞི་པ་ཁྱད་པར་བའི་དམིགས་བསལ། ཁྱད་དངོས་རྣམ་འདོར་སྦས་ཀྱིས་བསྟན་ནོ། །གཉིས་པ་ཉམས་པ་ཕྱིར་བཅོས་བཤད་པ་ལ། སྡོམ་པ་སྐྱེ་བའི་རྟེན་བཤད་པ། ལྟུང་བའི་རྒྱུ་དྲུག་བཤད་པ། དེའི་གཉེན་པོ་བཤད་པ། ཕྱིར་བཅོས་དངོས་བཤད་པ། ཉམས་པའི་ཉེས་དམིགས་བཤད་པ་དང་ལྔ། དང་པོ་སྡོམ་པ་སྐྱེ་བའི་རྟེན། ཉིན་སྔགས་གསང་ཞེས་པས་བསྟན།


ZP02_Page_308
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལྟུང་བའི་རྒྱུ་དྲུག་ལྟུང་བག་ལྟུང་བརྗེད་བསྣན་ཞེས་པས་བསྟན། གསུམ་པ་དེའི་གཉེན་པོ་དེ་ལོང་བསྲུང་སྤང་ཞེས་པས་བསྟན། བཞི་པ་ཕྱིར་བཅོས་དངོས་བཤད་པ་ལ་ལྔ། བཅོས་སུ་ཡོད་པའི་རྒྱུ་མཚན་བཤད་པ། ཉེས་པའི་ངོ་བོ་ལ་ལྟོས་ནས་གསོ་ཐབས་བསྟན་པ། དུས་ཀྱི་ཁྱད་པར་ལ་ལྟོས་ནས་གསོ་ཐབས་བསྟན་པ། གསོ་ཐབས་ཀྱི་རྣམ་གྲངས་བསྟན་པ། ན་རཀ་དོང་སྤྲུགས་ཀྱི་བཤགས་པ་བསྟན་པའོ། །དང་པོ། བཅོས་སུ་ཡོད་པའི་རྒྱུ་མཚན་ལ། ཉམས་ཉན་ལན་གསོས་ཉན་ཐོས་ཀྱི་སྡོམ་ཁྲིམས་གསོར་མེད་ཚུལ། བྱང་གཞན་གྱིས་བྱང་སྡོམ་གསོ་དཀའ་ཚུལ། གསང་རང་གིས་སྔགས་སྡོམ་གསོ་སླ་ཚུལ་བསྟན་པ་དང་གསུམ། གཉིས་པ་ཉེས་པའི་ངོ་བོ་ལ་ལྟོས་ནས་གསོ་ཐབས་བསྟན་པ་བླ་གསུང་བསྒོམ་ཐུགས་གཅིག་གིས་བསྟན། གསུམ་པ། དུས་ཀྱི་ཁྱད་པར་ལ་ལྟོས་ནས་གསོ་ཐབས་བསྟན་པ་ལ་གཉིས། དྲུག་འགལ་ཞག་གསོ་ལོས་གསོ་རུང་མི་རུང་གི་མཚམས་བསྟན། འགལ་འདས་རལ་རྡོས་གསོ་རུང་བའི་གསོ་ཚུལ་བསྟན། བཞི་པ་གསོ་ཐབས་ཀྱི་རྣམ་གྲངས་བསྟན་པ་ལ། གཞན་བསྐྱེད་ཐིག་དྲལ། ཚོགས་སྲོག་མཎྜལ་ལས་བསྟན། ལྔ་པ་ན་རཀ་


ZP02_Page_309
[མ་དཔེ་གཟིགས་ན་འདིར་གནོན།]

དོང་སྤྲུགས་ཀྱི་བཤགས་པ་ཁྱད་དམིགས་ཞེས་པས་བསྟན། ལྔ་པ་ཉམས་པའི་ཉེས་པ་མདོ་ཞེས་པས་བསྟན། དོན་གསུམ་པ་ཕན་ཡོན་བརྗོད་པས་མཇུག་བསྡུ་བ་ལ་གཉིས། དམ་མྱུར་གྲུབ་དབང་གིས་ལམ་གྱི་ཡོན་ཏན། མཆོག་སྐུས་འབྲས་བུའི་ཡོན་ཏན་བསྟན། ཡོན་ཏན། རིག་པ་ཞེས་པས་ལེའུའི་མཚན་བསྟན་པའོ།། །།

༈ སྤྱི་དོན་གསུམ་པ་ཉེ་ལམ་རྫོགས་པ་ཆེན་པོ་ལྟར་ཉམས་སུ་བླངས་པ་ལ་གསུམ། གཞིའི་གཞུག་ཚུལ་བསྟན་པ། རང་བཞིན་རྫོགས་པ་ཆེན་པོ་ལྟར་ལམ་ཐུན་མོང་མ་ཡིན་པ་བསྟན་པ། མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་བསྟན་པ་གསུམ། དང་པོ། གཞིའི་གནས་ལུགས་བསྟན་པ་དེ་ལ། རྫོགས་པ་ཆེན་པོའི་ཡིན་ལུགས་མདོར་བསྟན། གཞིའི་གནས་ལུགས་རྒྱས་པར་བཤད་པ། གཉིས་སུ་མེད་པར་དོན་བསྡུ་བའོ། །དང་པོ་མདོར་བསྟན་པ་ལ་གཉིས། རྒྱལ་བསྟན་སེམས་རང་གིས། རྫོགས་པ་ཆེན་པོའི་མཚན་གཞི་ངོས་བཟུང༌། གང་མཐའ་སྡོམ་ཀུན་གྱིས་ལམ་གཞན་དེ་རྟོགས་བྱེད་ཀྱི་ཐབས་སུ་བསྟན་ནོ། །གཉིས་པ་གཞིའི་གནས་ལུགས་རྒྱས་པར་བཤད་པ་ལ། འཁོར་འདས་ཀྱི་སྤྱི་གཞི་བཤད་པ། རྟོགས་པས་གྲོལ་ཚུལ་བཤད་པ།


ZP02_Page_310
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟོགས་པས་འཁྲུལ་ཚུལ་བཤད་པ་དང་གསུམ། དང་པོ། འཁོར་འདས་ཀྱི་སྤྱི་གཞི་བཤད་པ་ལ། གཞི་བཤད་པ། གཞི་སྣང་བཤད་པ་གཉིས། གཞི་བཤད་པ་ལ། གཞིའི་གནས་ལུགས་སྤྱིར་བསྟན་པ། གྲུབ་མཐའི་འདོད་གཞུང་བཀོད་པ། སྐྱོན་མེད་རང་གཞུང་གི་འདོད་པ་བཀོད་པ་དང་གསུམ། དང་པོ། གཞིའི་གནས་ལུགས་སྤྱིར་བསྟན་པ་ལ་གཉིས། འདི་དབྱིངས་འཁོར་ངོས་གཞི་རང་གི་གནས་ལུགས་དང༌། དེ་མ་གཉིད་གང་གིས་གཞི་ལས་མ་གཡོས་པའི་གཞི་སྣང་གི་གནས་ལུགས་བཤད། གྲུབ་མཐའི་འདོད་གཞུང་བཀོད་པ་ལ་གཉིས། རེ་ཀ་ཅིར་སྣས་འདོད་པ་བདུན་སོ་སོར་བཀོད། ངོ་སོ་ཁོང་རང་གིས་དེ་དག་ཀྱང་ཕྱོགས་རེ་ལ་བརྟགས་པའི་དཔེ་བསྟན་ནོ། །གསུམ་པ་སྐྱོན་མེད་རང་གཞུང་གི་འདོད་པ་བཀོད་པ་ལ་ལྔ། འདིར་ཡོན་དངོས་གཏིང་གིས་སྐྱོན་མེད་རང་གཞུང་གི་གཞི་ཀ་དག་ལྷུན་གྲུབ་ཟུང་འཇུག་བསྟན། གཞི་གཉིད་ངོ་ལྷུན་གྱིས་དེ་ཉིད་ཀྱི་ངོས་ནས་སྣང་སྟོང་འགལ་མེད་དུ་བསྟན། ཇི་གཏིང་དེ་ལྷུན་གྱིས་གཏིང་གསལ་གཞོན་ནུ་བུམ་པའི་གནས་ལུགས། ངོ་སྣང་གཞི་མཚན་གྱིས་དེ་ཉིད་ཕྱིར་གསལ་དུ་མི་འཆར་བར། དེ་གཅིག་སྟོང་རྐྱེན་ཀྱིས་འཁོར་འདས་གཉིས་སུ་མ་གྲུབ་པར་སྟོན་པའོ། །གཉིས་


ZP02_Page_311
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞི་སྣང་བཤད་པ་ལ་བཞི། དེ་རླུང་ནང་གཞིས་རང་བཞིན་གྱི་ནང་གདངས་ཡུལ་དུ་སྣང་ཚུལ། གང་དཔྱོད་ལྟོས་ཀྱིས་ཐུགས་རྗེའི་རིག་རྩལ་ཡུལ་ཅན་དུ་ཤར་ཚུལ། སྤྲིན་ལྷུན་གྱིས་ཡུལ་དང་ཡུལ་ཅན་དུ་འཛོམས་པའི་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་ཚུལ། འདི་ཐེག་དམན་དྲིས་བཀའི་དགོངས་པ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་བསྟན་པའོ། །དོན་གཉིས་པ་རྟོགས་པས་གྲོལ་ཚུལ་བཤད་པ་ལ་ལྔ། །དེ་དང་སྣང་རིག་གཞི་སྐད་ཕྱེད་གཞན་སྐུ་སྐད་ཀྱིས་ཆོས་སྐུའི་དགོངས་པ་གྲོལ་ཚུལ། གང་རྣམ་ལོངས་དེས་ལོངས་སྐུའི་སྣང་བ་བཀོད་ཚུལ། དག་མ་སྣང་འཁོར་གྱིས་སྤྲུལ་སྐུའི་རྣམ་རོལ་བསྟན་ཚུལ། ཟག་མངའ་ཞིང་སངས་ཀྱིས་ཞིང་ཁམས་ཀྱི་སྣང་ཚུལ། དེ་གདུལ་ནོར་རྩོལ་གྱིས་འཕྲིན་ལས་ཀྱི་འགྲོ་དོན་འབྱུང་ཚུལ་བསྟན་ནོ། །གསུམ་པ་མ་རྟོགས་པའི་འཁྲུལ་ཚུལ་ལ། འཁྲུལ་ཚུལ་དངོས་བཤད་པ་དང༌། གཟུང་འཛིན་གྱི་དབྱེ་བ་བཤད་པ་གཉིས། མ་རྟོགས་པ་འཁྲུལ་ཚུལ་བཤད་པ་ལ། འཁྲུལ་པའི་རྒྱུ་རྐྱེན་བཤད་པ། ཡུལ་ཅན་གྱི་ཞེན་ཚུལ་བཤད་པ། ཡུལ་གྱི་སྣང་ཚུལ་བཤད་པའོ། །དང་པོ། འཁྲུལ་བའི་རྒྱུ་རྐྱེན་བཤད་པ་ལ་གསུམ། དེ་ཐོག་གཞི་གློ་དེ་མིང་གིས་འཁྲུལ་


ZP02_Page_312
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མ་རིག་གསུམ། མ་གཞི་དེ་དེ་གསུམ་གྱིས་འཁྲུལ་པའི་རྐྱེན་བཞི། ཚོགས་ཉོན་རྟེན་གྱིས་དེ་ལས་འཁྲུལ་ཚུལ་བཤད་དོ། །གཉིས་པ་ཡུལ་ཅན་གྱི་འཁྲུལ་ཚུལ་བཤད་པ་ལ་གཉིས། འདི་མེད་ཡོད་དཔྱོད་ཀྱིས་ཡུལ་ཅན་ཚོགས་དྲུག་ཏུ་ཤར་ཚུལ། རྣམ་རབ་ངོ་བདག་གིས་དེས་བདག་ཏུ་ཞེན་ཚུལ་བསྟན། གསུམ་པ་ཡུལ་གྱི་སྣང་ཚུལ། སྲིད་ལ་ཀུན་བག་གིས་བསྟན། གཉིས་པ་གཟུང་འཛིན་གྱི་དབྱེ་བ་ལ་གསུམ། དེ་བཞིན་རྟེན་བཞིན་གྱིས་ཡུལ་དང་ཡུལ་ཅན་གྱི་དབྱེ་བ། མེད་ཐག་ཤེས་རྗེས་ཀྱིས་གཟུང་བ་དང་འཛིན་པའི་དབྱེ་བ། གལ་འཛིན་སྣང་སྣང་གིས་སྣང་བ་དང་ཡུལ་གྱི་དབྱེ་བའོ། །གསུམ་པ་གཉིས་སུ་མེད་པར་དོན་བསྡུ་བ། གང་སྲིད་མེད་ཀུན་ཞེས་པས་བསྟན། ཡོན་ཏན་གཞིའི་བཞུགས་ཚུལ་ཞེས་པ་ལེའུའི་མཚན་བསྟན་པའོ།། །།

དོན་གཉིས་པ་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་ཐུན་མོང་མ་ཡིན་པ་བསྟན་པ།

༈ དོན་གཉིས་པ་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་ཐུན་མོང་མ་ཡིན་པ་བསྟན་པ་ལ་གསུམ། ལམ་གྱི་ངོ་བོ་མདོར་བསྟན། ལམ་གྱི་མཚན་ཉིད་རྒྱས་པར་བཤད། གདམས་ངག་བརྗོད་པས་འཇུག་བསྡུ་བ་དང་གསུམ། དང་པོ་ལམ་གྱི་མདོར་བསྟན་པ། གང་དཀྲི་ཤེས་ལམ་ཞེས་པས་བསྟན།


ZP02_Page_313
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལམ་གྱི་མཚན་ཉིད་རྒྱས་པར་བཤད་པ་ལ། རྟོགས་དང་མ་རྟོགས་པའི་བློ་རིམ་བཤད་པ། ཇི་བཞིན་རྟོགས་པའི་ལམ་དངོས་བཤད་པའོ། །དང་པོ། རྟོགས་དང་མ་རྟོགས་པའི་བློ་རིམ་བཤད་པ་ལ་ལྔ། འདི་སྟོང་མཐའ་ངོས་གཞལ་བྱ་རྫོགས་པ་ཆེན་པོའི་གནས་ལུགས་བསྟན། རྩོད་བརྟགས་དོན་སོས་དེ་ཉིད་རྟོག་གེའི་བློ་དང་འགལ་བར་བསྟན། དངོས་ས་རྟོག་གདོད་ཀྱིས་དེས་ན་རྟོག་གེ་གཉིས་ཀྱི་མི་རྟོགས་པར་བསྟན་ནོ། །ཤེས་སྟོང་རིག་འདུས་རྟོགས་པའི་གྲུབ་མཐའ་སྤྱིར་བསྟན། གང་སེམས་ཀློང་མན་གྱིས་བློ་རིམ་གསུམ་གྱི་གཞལ་ཚུལ་བསྟན་པའོ། །གཉིས་པ་ཇི་བཞིན་རྟོགས་པའི་ལམ་དངོས་བཤད་པ་ལ། གྲོལ་ལུགས་ཀྱི་གདེང་ལྔ་བཤད་པ། ཤན་འབྱེད་ཀྱི་འཕྱོངས་བཅུ་གཉིས་བཤད་པ། །ཉམས་ལེན་གྱི་གནད་དུ་འགག་བསྡོམ་པའོ། །དང་པོ། གྲོལ་ལུགས་ཀྱི་གདེར་ལྔ་བཤད་པ་ལ་གཉིས། ཀུན་གང་གཞིས་གྲོལ་ལུགས་ཀྱི་རང་བཞིན་མདོར་བསྟན། བྱས་རང་གཅེར་གཅིག་གིས་གྲོལ་ཚུལ་ལྔ་བྱེ་བྲག་ཏུ་བཤད་པའོ། །གཉིས་པ་ཤན་འབྱེད་ཀྱི་འཕྱོངས་བཅུ་གཉིས་བཤད་པ་ལ། གང་རང་རྟོགས་མ་རྣམ་གྱིས་སེམས་རིག་ངོ་བོའི་ཤན་འབྱེད། རྟོགས་རིག་སེམས་


ZP02_Page_314
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གནས་པ་རང་ངོའི་ཤན་འབྱེད། རིག་སེམས་དངོས་ཡུལ་གྱིས་སྣང་བ་ཡུལ་གྱི་ཤན་འབྱེད། དེ་བསམ་སེམས་ཏིང་གིས་བསམ་གཏན་དོན་གྱི་ཤན་འབྱེད། རིག་ཟིལ་སེམས་རྣམ་གྱིས་འཕྲོ་བ་རྩལ་གྱི་ཤན་འབྱེད་བསྟན། གྲོལ་ཚུལ་གནད་ཀྱི་ཤན་འབྱེད་ལ་གཉིས། རིག་སེམས་ཡུལ་ཉོན་དེ་ངེས་ཀྱིས་གྲོལ་ལུགས་དངོས། ཁྱད་ཉན་སྔགས་ཀློང་རིག་གིས་དེས་ན་གྲོལ་ལུགས་གཞན་ལས་འཕགས་པར་བསྟན་པའོ། །དེ་དབྱིངས་ཀུན་གྲུབ་ཀྱིས་ཀུན་གཞི་ཆོས་སྐུའི་ཤན་འབྱེད། གཞི་གཉིད་འཁྲུལ་གྲོལ་གྱིས་འཁྲུལ་གྲོལ་སྐབས་ཀྱི་ཤན་འབྱེད། ཐོག་མཐར་རྫས་བྱེད་ཀྱིས་གཞི་འབྲས་ལྷུན་གྲུབ་ཀྱི། དེ་ད་རྒྱ་གྲོལ་རྣམ་ལམ་འགྲོགས་བསླད་ཀྱིས་ལམ་འབྲས་ཀ་དག་གི །དེ་རྟོག་ལྷ་ཤར་གྱིས་བར་དོ་ལྷའི། ཁྱད་མ་ཐོག་རང་གིས་དབུགས་འབྱིན་ཞིང་གི་ཁྱད་པར་བསྟན་པའོ། །གསུམ་པ་ཉམས་ལེན་གྱི་གནད་དུ་འགག་བསྡོམ་པ་ལ། རིག་པ་རང་སྣང་གི་བློ་ཅན་གྱི་འཇུག་རིམ། སྣང་བ་ཡུལ་གྱི་བློ་ཅན་འཇུག་རིམ། དབང་པོའི་རིམ་པ་གསུམ་སྐྱེལ་སོ་གཅིག་ཏུ་བྱ་བ། ལམ་ལྔའི་གནད་དུ་དོན་བསྡུ་བའོ། །དང་པོ་རིག་པ་རང་སྣང་གི་བློ་ཅན་གྱི་འཇུག་རིམ་ལ། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད་ཀྱི་ལམ་དང༌། བརྩོན་


ZP02_Page_315
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་གཉིས། དང་པོ་ཁྲེགས་ཆོད་ལ་ལྔ། དེ་ཞེས་པས་མཚམས་སྦྱར། གདོད་སྟོང་མཚན་སྨོན་གྱིས་ལྟ་བའི་མན་ངག །རིག་པ་དེ་མ་རང་མས་བསྒོམ་པའི་མན་ངག །ཕྱི་བྱེད་གཞི་སྐྱེས་ཀྱིས་སྤྱོད་པའི་མན་ངག །དེ་ཀློག་མཐའ་ཡིད་ཀྱིས་འབྲས་བུའི་མན་ངག་གོ །གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ལ་ཁྲེགས་ཆོད་ལས་འཕགས་པའི་ཁྱད་པར་དང༌། ལམ་གཞན་ལས་འཕགས་པའི་ཁྱད་པར་གཉིས། དང་པོ་ལ་གསུམ། ཁྱད་རིག་གིས་མངོན་སུམ་གོལ་ས་སྤང་བའི་ཁྱད་པར། ཕྱི་རྡོས་ཡེས་ཕྱི་འབྱུང་རྡོས་བཅས་སྤངས་པའི་ཁྱད་པར། མངོན་རྡུལ་འཕོ་གཞན་གྱིས་ནད་འབྱུང་འཕོ་ཆེན་འགྲུབ་པའི་ཁྱད་པར་རོ། །གཉིས་པ་ལམ་གཞན་ལས་འཕགས་པའི་ཁྱད་པར། དེ་ལྟ་མཚན་གྱིས་བསྟན་ནོ། །གཉིས་པ་སྣང་བ་ཡུལ་གྱི་བློ་ཅན་གྱི་འཇུག་རིམ་ལ། བསྟན་བཤད་གཉིས། དང་པོ། མདོར་བསྟན་པ་ལ་གཉིས། དེ་ཆོས་བློ་ཐ་དད་གིས་སྣང་བ་ཡུལ་གྱི་བློ་ཅན་དུ་འཇོག་བྱེད་བསྟན། ཞི་སོའི་དེའི་ལམ་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཞི་ལྷག་ངོ་བོ་གཅིག་པ་དང༌། སོ་སོ་པའི་འཁྲིད་ཚུལ་


ZP02_Page_316
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ། ཞི་ལྷག་ངོ་བོ་གཅིག་པའི་འཁྲིད་ཚུལ་ལ། དངས་གསལ་གཉིས་ཞེས་པས་བསྟན། གཉིས་པ་ཞི་ལྷག་སོ་སོ་བའི་འཁྲིད་ཚུལ་ལ་གསུམ། གཉིས་ཤེས་ཞེས་པས་མདོར་བསྟན། ཤེས་ཐོས་དེས་ཤེས་རབ་ལས་བྱུང་བ། མན་སེམས་དེས་མན་ངག་ལས་བྱུང་བར་བསྟན་ནོ། །གསུམ་པ་དབང་རིམ་གསུམ་སྐྱེལ་སོ་མཐུན་པར་བྱ་བ་ལ། དབང་རིམ་གསུམ་གྱི་དབྱེ་བ་བཤད་པ་དང༌། ཐུན་མོང་གི་ཉམས་ལེན་བཤད་པ་གཉིས། དང་པོ་ལ་གསུམ། མདོར་བཟང་གིས་རབ། འབྲིང་བཟང་གིས་འབྲིང༌། ཐ་གང་ཡེ་མཐར་སེམས་སྣང་གིས་ཐ་མ་བསྟན། གཉིས་པ་ཐུན་མོང་གི་ཉམས་ལེན་ལ་གསུམ། ཐབས་དགག་རྗེས་ལྷ་དབང་གིས་རྟོག་པ་ལམ་དུ་ཁྱེར་ཚུལ། རྟོག་མེ་སྣང་རྣམ་གཟུང་གིས་མཉམ་བཞག་གི་ངོ་བོ་སྐྱོང་ཚུལ། སོ་ཡེས་ས་ལམ་གཅིག་ཆར་དུ་རྫོགས་ཚུལ་བསྟན་ནོ། །བཞི་པ་ལམ་ལྔའི་གནད་དུ་དོན་བསྡུ་བ་ལ་གཉིས། མདོར་རིག་འོད་ཁྲེགས་ཐོད་ཀྱིས་ལམ་ལྔ་དངོས་དང༌། འདི་ཐུན་གྱིས་དེའི་དོན་བསྡུ་དང་ཕྱི་མར་འཚམས་སྦྱར་བའོ། །གསུམ་པ་གདམས་ངག་བརྗོད་པས་མཇུག་བསྡུ་བ། མ་མཐའ་ལས་དེ་བསྐྱེད་མྱ་ཞེས་པས་བསྟན། ཡོན་ཏན་རང་བཞིན་ཞེས་པས་ལེའུའི་མཚན་བསྟན་པའོ།། །།

མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་བསྟན་པ།


ZP02_Page_317
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུམ་པ་མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་བསྟན་པ་ལ་གཉིས། འབྲས་བུ་རང་བཞིན་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ། དེ་མཐར་གཞན་སེམས་ཞེས་པས་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། མཐར་ཐུག་གི་གྲོལ་ས་བསྟན་པ། དབྱིངས་ནང་གསལ་གྱི་སྐུ་གསུམ་བཤད་པ། ཡེ་ཤེས་ཕྱི་གསལ་གྱི་སྐུ་གཉིས་བཤད་པ། སྐུ་དང་ཕྲིན་ལས་དབྱིངས་སུ་ཐིམ་པར་བསྟན་པ་དང་བཞི། དང་པོ་མཐར་ཐུག་གི་གྲོལ་ས་བསྟན་པ། གང་བདག་ཚོགས་རྣམ་སྒྲིབ་ཀྱིས་བསྟན། གཉིས་པ་དབྱིངས་ནང་གསལ་གྱི་སྐུ་གསུམ་བཤད་པ་ལ་བཞི། གློ་དག་གདོད་ཉ་སྟོང་ཀུན་དབྱིངས་ཀྱིས་མི་འགྱུར་རྡོ་རྗེ། རྣམ་སྟོབས་སྣང་ཆས་མངོན་པར་བྱང་ཆུབ་སྐུ། ཤེས་ཤེས་སོ་ཐིམ། མཁྱེན་ཤིན་གང་གིས་ཞི་བ་ཆོས་སྐུ་བསྟན་ནོ། །གཉིས་པ་སྐུ་གསུམ་གྱི་དོན་བསྡུ་བ་ལ་གསུམ། སོ་གཅིག་དངོས་གོས་ཀྱིས་སྤྲོས་པའི་ཡུལ་ལས་འདས་པར་བསྟན། ངག་རྟོག་བློ་ལས་ས་བཅུའི་དབང་ཕྱུག་གི་ཡང་སྤྱོད་ཡུལ་མིན་པར་བསྟན། འདྲེན་ཟབ་དུས་རྣམ་རང་གིས་རྒྱལ་བའི་སྤྱོད་ཡུལ་དུ་


ZP02_Page_318
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ། །གཉིས་པ་ཡེ་ཤེས་ཕྱིར་གསལ་གྱི་སྐུ་གཉིས་བཤད་པ་ལ། ལོངས་སྐུ་བཤད་པ། སྤྲུལ་སྐུ་བཤད་པ་གཉིས། དང་པོ་ལོངས་སྐུ་བཤད་པ་ལ་གཞི་འབྲས་དབྱེར་མེད་ཀྱི་ལོངས་སྐུ་བཤད་པ་དང༌། འབྲས་བུ་ལྷུན་གྱིས་གྲུབ་པའི་ལོངས་སྐུ་བཤད་པ། ལོངས་སྐུ་གཉིས་ཀྱི་དོན་བསྡུ་བ་དང་གསུམ། དང་པོ་གཞི་འབྲས་དབྱེར་མེད་ཀྱི་ལོངས་སྐུ་ལ་བསྟན་བཤད་གཉིས། དང་པོ་མཁྱེན་ཐུགས་གནས་ངེས་མཚན་གྱིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། གནས་དུས་སྟོན་པ་འཁོར་ཆོས་དང་ལྔ། དང་པོ་གནས་ལ་བཞི། གནས་ཡེ་མཁའ་མནན་གྱིས་ཞིང་ཁམས། གཞལ་རྟ་ཕ་སྣམ་བདེས་གཞལ་མེད་ཁང་པ། རྔ་བླ་ཆུ་གྲངས་ཀྱིས་རྒྱན་དང་བཀོད་པའི་ཁྱད་པར། རྟེན་བརྟེན་འཕྲོག་ཤང་གིས་གདན་ཁྲི་བསྟན་པའོ། །གཉིས་པ་དུས་དུས་ཞེས་པའི་རྐང་པ་གཅིག་གིས་བསྟན། གསུམ་པ་སྟོན་པ་འཕོ་རྣམ་འོད་རང་ཁས་བསྟན། བཞི་པ་འཁོར་རང་སྒོས་བསྟན། ལྔ་པ་ཆོས་རང་སྒྲས་བསྟན་ནོ། །གཉིས་པ་འབྲས་བུ་ལྷུན་གྱིས་གྲུབ་པའི་ལོངས་སྐུ་བསྟན་པ་ལ། སྟེང་ཁང་ཞི་བ་དང༌། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་བསྟན་པ་གཉིས། དང་པོ་ལ་དྲུག་སྟེང་དབང་གི་མདོར་བསྟན། དམ་ཀུན་


ZP02_Page_319
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལོངས་སྐུའི་སྣང་གཞི། འགྲོ་རིགས་ཀྱིས་སྤྲུལ་པའི་རྣམ་རོལ། རང་གཙོས་ལོངས་སྐུ་དངོས། ཕུང་གདན་གྱིས་དེ་དང་དེ་དག་བྱ། འདི་བླ་ཇིས་གཞི་གནས་དང་རྣམ་གྲངས་མཚུངས་པར་བསྟན་པའོ། །གཉིས་པ་འོག་ཁང་ཁྲོ་བོའི་དཀྱིལ་འཁོར་བསྟན་པ་ལ། རང་སྣང་ལོངས་སྐུའི་ཁྲོ་བོ་དང༌། གཞན་སྣང་གདུལ་བྱ་བསྟན་པའི་འཁོར་གཉིས། དང་པོ་ལ། གནས། གཙོ་བོ། །འཁོར། དོན་བསྡུ་བསྟན་པ་དང་གཞི། དང་པོ། གནས་ལ་གཉིས། འོག་འབར་སྒོ་རྟས་ཕོ་བྲང༌། རྡོ་ཐབས་ཉི་འཇིགས་གཏུམ། བརྗིད་ཞེ་དྲེག་གིས་གདན་ཁྲི་བསྟན། གཉིས་པ་གཙོ་བོ་བསྟན་པ་ལ་གསུམ། འཁོར་ཆེ་ཉི་ཞབས་ཞིས་ཡབ། གནམ་རྩ་ལྷག་ཡབ་ཀྱིས་ཡུམ། སྲིད་བཅོམས་དབུས་སྐུའི་ཆེ་བ་བསྟན། གསུམ་པ་འཁོར་བསྟན་པ་ལ་གསུམ། དབང་གློ་རྣམ་དཀྱིལ་གྱིས་དཀྱིལ་འཁོར་དང་པོ་ན་བཞུགས་པ། གཉིས་གསུམ་གྱིས་ཁྱམས་གཉིས་པ་དང་གསུམ་པ་ན་བཞུགས་པ། ཀུན་འབར་གྱིས་སྒོ་གསུམ་ཀའི་སྒོ་མ་དང་འཁོར་སྤྱིའི་ཁྲོ་ཚུལ་བསྟན་ནོ། །བཞི་པ་དོན་བསྡུ་བ། འདི་གཞི་ཞེས་པས་བསྟན། གཉིས་པ་གཞན་སྣང་གི་འཁོར་བསྟན་པ་ལ་གཉིས། བཞི་ལྔ་དྲུག་བདུན་བརྒྱད་དགུས་འཁོར་དངོས་


ZP02_Page_320
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། ལོག་བགེགས་དེས་དེ་ཉིད་གཞན་སྣང་དུ་བསྟན་པའོ། །གསུམ་པ་ལོངས་སྐུ་གཉིས་ཀྱི་དོན་བསྡུ་བ་ལ་བཞི། ཆོས་ཕུན་གང་སངས་རོལ་གྱིས་གཙོ་འཁོར་དགོངས་པ་དབྱེར་མེད་དུ་བསྟན། ཀུན་གསུང་རང་གཅིག་གིས་ཕན་ཚུལ་གཟིགས་ཚུལ་བསྟན། དུས་བླ་དག་མཐོང་འགལ་གྱིས་གཞན་དུ་མི་སྣང་བར་བསྟན། འདས་ངེས་བཞུགས་གཙོས་སངས་རྒྱས་ཀྱི་རང་སྣང་ཉག་གཅིག་ཏུ་བསྟན་པའོ། །གཉིས་པ་སྤྲུལ་སྐུ་བཤད་པ་ལ། རང་བཞིན་སྤྲུལ་པ། འགྲོ་འདུལ་སྤྲུལ་པ། སྣ་ཚོགས་སྤྲུལ་པ་བཤད་པ་གསུམ། དང་པོ་རང་བཞིན་སྤྲུལ་པ་ལ། བགྲངས་པའི་རང་བཞིན་སྤྲུལ་པ། གནས་པའི་རང་བཞིན་སྤྲུལ་པ། འོག་མིན་མཁའ་སྤྱོད་ཀྱི་གནས་བཤད་པ་དང་གསུམ། དང་པོ་བགྲངས་པའི་རང་བཞིན་སྤྲུལ་པ་ལ་བསྟན་བཤད་བསྡུ་གསུམ། དེ་འདུལ་རང་སྣས་སྤྲུལ་སྐུ་གསུམ་མདོར་བསྟན་ནས་རང་བཞིན་སྤྲུལ་པ་མཚམས་སྦྱར། གཉིས་པ་རྒྱས་པར་བཤད་པ་ལ་བདུན། གནས། སྟོན་པ། ཡེ་ཤེས། འཁོར་དུས། སྦྱང་བྱའི་ཁྱད་པར། ཕྱེད་སྤྲུལ་དུ་གདགས་པའི་འཐད་པའོ། །དང་པོ་གནས་རྒྱལ་དབྱིངས་འཕོས་ཀྱིས་སྤྱིར་བསྟན། དབུས་ལྷོ་བྱང་གིས་བྱེ་བྲག་ཏུ་བསྟན། གཉིས་པ་སྟོན་པ་གཟུགས་མཚན་གྱིས་གཙོ་བོ་རིགས་ལྔ་དང༌།


ZP02_Page_321
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཡེ་བཞིས་རིགས་ཆུང་གི་རིགས་ལྔ་བསྟན། གསུམ་པ་ཡེ་ཤེས་ལ་ལྔ། ཆོས་ནམ་གྱིས་ཆོས་དབྱིངས། མེ་མངོན་གྱིས་མེ་ལོང༌། མཉམ་སྲིད་ཀྱིས་མཉམ་ཉིད། སོར་ཆོས་ཀྱི་སོར་རྟོགས། བྱ་ཆགས་ཀྱིས་བྱ་གྲུབ་བསྟན་ནོ། །བཞི་པ་འཁོར་ལ་གཉིས། འཁོར་སྐུ་བྱད་ཀྱིས་སྟོན་པས་ཆོས་སྟོན་ཚུལ་དང༌། དབྱང་སྦྱངས་ཀྱིས་འཁོར་གྱིས་སྒྲིབ་པ་སྦྱངས་ཚུལ་ལོ། །ལྔ་པ་དུས་ལ་གསུམ། དུས་ཞེས་པས་སུ་ཞིག་གི་ཆེད་དུ། འཇིག་མི་སྟོན་ཞེས་པས་ཅི་ཞིག་གི་ཆེད་དུ། འཆི་ཞེས་པས་དེ་ཕྱིར་རྟག་པར་བསྟན་པའོ། །དྲུག་པ་སྦྱོང་བྱའི་ཁྱད་པར་ལ་གསུམ། གདུལ་ཞེས་པས་སྦྱང་བྱ། གང་སྟོན་གྱིས་སྦྱོང་བྱེད། གནས་མཐོང་རིམ་གྱིས་སྦྱང་འབྲས་བསྟན་པའོ། །བདུན་པ་ཕྱེད་སྤྲུལ་དུ་གདགས་པའི་འཐད་པ་ལ་གཉིས། ཞིང་གཞན་དེ་འཁོར་བསྡུས་ཀྱིས་འཐད་པ་དངོས་དང༌། ཉི་ཞེས་པས་དེའི་ཁུངས་བསྟན་ནོ། །གཉིས་པ་གནས་པའི་རང་བཞིན་སྤྲུལ་པ་ལ། གང་ལ་སྣང་བ་དང༌། གང་སྣང་བ་གཉིས། དང་པོ་ལ་གསུམ། ཁྱད་རང་མཆོག་གིས་དང་པོ་རིག་པ་རྩལ་གྱི་དབང་ཐོབ་བ། ཉིན་མཚན་གྱིས་བར་དུ་ཉིན་མཚན་གྱི་རྣལ་འབྱོར་ལ་གོམས་པ། རྟོགས་ཆོས་སས་


ZP02_Page_322
[མ་དཔེ་གཟིགས་ན་འདིར་གནོན།]

ཐམ་ས་ཐོབ་དང་སྐལ་པ་མཚུངས་པར་བསྟན་པའོ། །གཉིས་པ་གང་ལ་སྣང་བ་ལ་གཉིས། ཕྱོགས་བཅུ་སྤྲུལ་པའི་ཞིང་མདོར་བསྟན། རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་རྒྱས་པར་བཤད་པའོ། །དང་པོ་གཞི་ཞེས་པའི་རྐང་པ་གཅིག་གིས་བསྟན། གཉིས་པ་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་རྒྱས་པར་བསྟན་པ་ལ། འོག་ཞི་བའི་ཞིང་ཁམས་དང༌། སྟེང་ཁྲོ་བོའི་ཞིང་ཁམས་གཉིས། དང་པོ། འོག་ཞི་བའི་ཞིང་ཁམས་བསྟན་པ་ལ། གནས་དང་ལོངས་སྤྱོད་བསྟན་པ་གཉིས། དང་པོ་གནས་བསྟན་པ་ལ། གཞལ་ཡས་ཁང་བསྟན་པ་དང༌། ཞིང་ཁམས་ཀྱི་རྒྱན་བསྟན་པ་གཉིས། དང་པོ་ལ་གཉིས། ཁྱད་ཤར་པད་སྒོས་གཞལ་ཡས་ཁང་དངོས་དང༌། ཟུར་གཡེར་རྣམ་ཕྱོགས་ཀྱིས་དེའི་རྒྱན་བསྟན། གཉིས་པ་ཞིང་ཁམས་ཀྱི་རྒྱན་བསྟན་པ་ལ་གཉིས། ཕྱི་ཏཱ་ཞེས་པས་རྟེན་ལྗོན་པའི་ཚལ་དང༌། ཤང་ནེ་རི་ལྷ་གསེར། གཡུ་དུང་སྙན་ཞེས་པས་བརྟེན་པ་ལྷའི་བྱ་ཚོགས་བསྟན་པའོ། །གཉིས་པ་ལོངས་སྤྱོད་བསྟན་པ་ལ་གསུམ། དེ་ཉོན་སྤྱང་ཅེས་པས་ཆུ་ཀླུང་གི་ལོངས་སྤྱོད། ཡིད་སུམ་ཕྱིས་ལོངས་སྤྱོད་ཀྱི་རྣམ་གྲངས་གཞན། ཞིང་དུས་ཞེས་པས་ཆོས་ཀྱི་ལོངས་སྤྱོད་བསྟན་ནོ། །གཉིས་པ་སྟེང་ཕྱོགས་ཁྲོ་བོའི་་


ZP02_Page_323
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་བསྟན་པ་ལ་གང་སྣང་བ་ཞིང་གི་རྣམ་པ་དང༌། གང་ལ་སྣང་བ་འཁོར་གྱི་རྣམ་པའོ། །དང་པོ་ལ་གསུམ། ཀུན་དུར་གྱིས་གནས། སྟོན་ལག་མཁས་འཁོར། འབྲས་ཞེས་པས་ཆོས་བསྟན་ཏོ། །གཉིས་པ་གང་ལ་སྣང་བ་ལ། པད་ཀུན་བུས་ལུས་ཀྱི་རྣམ་པ་དང༌། རྣམ་ཡིད་མ་དེས་སེམས་ཀྱི་རྣམ་པ་བསྟན་ནོ། །གསུམ་པ་རང་བཞིན་སྤྲུལ་པར་གདགས་པའི་འཐད་པ་བསྟན་ནས་དོན་བསྡུ་བ་ལ་གཉིས། སྟོན་རང་སྤྲུལ་གྱིས་འཐད་པ་དངོས་དང༌། རང་རིག་གིས་དེའི་ཁུངས་བསྟན་ནོ། །གསུམ་པ་འོག་མིན་མཁའ་སྤྱོད་ཀྱི་གནས་བསྟན་པ་ལ་གསུམ། གཞན་ས་དབང་ཡུལ་ལས་དཔའ་བོ་མཁའ་འགྲོའི་ཞིང་སུ་བསྟན། སྐལ་ལམ་རྡོ་སྔགས་ཀྱིས་སྐལ་ལྡན་གྱི་ཡུལ་ཡིན་པར་བསྟན། འདི་བསྐྱེད་གསང་རྟོག་རིས་ཀྱིས་སྐལ་མེད་ཀྱི་ཡུལ་མ་ཡིན་པར་བསྟན་པའོ། །གཉིས་པ་འགྲོ་འདུལ་སྤྲུལ་པ་ལ། གདུལ་བ་བཞིའི་རང་བཞིན་བསྟན་པ། འདུལ་བྱེད་ཀྱི་ཡེ་ཤེས་བསྟན་པ། གདུལ་བྱར་སྣང་ཚུལ་བསྟན་པ་དང་གསུམ། དང་པོ་ལ། གང་གིས་འདུལ་བ་བསྟན་པ་དང༌། ཇི་ལྟར་འདུལ་བ་བསྟན་པ་གཉིས། དང་པོ་གང་གིས་འདུལ་བ་བསྟན་པ་ལ་གཉིས། དེ་ཡི་འཇིག་གིས་ལོངས་


ZP02_Page_324
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་ངང་ལས་སྤྲུལ་ཚུལ་དང༌། གནས་རང་འདུལ་གྱིས་སྤྲུལ་པ་རང་གི་ངོ་བོ་བསྟན་པའོ། །གཉིས་པ་ཇི་ལྟར་འདུལ་བ་ལ་བསྟན་བཤད་བསྡུ་གསུམ། དང་པོ། ཕྱོགས་སྟོང་གདུལ་གྱིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་བཞི། དེ་སྐུས་རྐུ་བསོད་ནམས་ཆེན་པོས་འདུལ་བ། གསུང་གང་ཉོན་ཆོས། གསུང་མ་རྣམ་གྱིས་གསུང་ཐེག་པ་སྣ་ཚོགས་པས་འདུལ་བ། ཐུགས་དུས་རང་གཞན་རྫུ་མངོན་གྱིས་ཐུགས་མངོན་པར་ཤེས་པས་འདུལ་བ། ཕྲིན་ཀུན་ཀུན་གྱིས་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འདུལ་བ་བསྟན་ནོ། །གསུམ་པ་གདུལ་བ་བཞིའི་དོན་བསྡུ་སྐུ་ཕྲིན་ཞེས་པས་བསྟན། གཉིས་པ་འདུལ་བྱེད་ཀྱི་ཡེ་ཤེས་བསྟན་པ་ལ་གཉིས། དེ་ཆོས་ཆོས་ཀྱིས་ཡེ་ཤེས་གཉིས་ཀྱི་དབྱེ་བ་དང༌། ཡེ་ཉེས་དེའི་བྱེད་ལས་བསྟན། གསུམ་པ་གདུལ་བྱར་སྣང་ཚུལ་བསྟན་པ་ལ་གསུམ། གང་ལ་གང་འདུལ་སྣང་ཚུལ། མ་ངེས་ལྔ་ལྡན་དུ་སྣང་ཚུལ། སྒྱུ་མ་ལྟ་བུར་སྣང་ཚུལ་ལོ། །དང་པོ་གང་ལ་གང་འདུལ་དུ་སྣང་ཚུལ་བསྟན་པ་ལ་གསུམ། དེ་འགྲོས་གང་ལ་སྣང་བ་བསྟན། ལྷ་མི་དེས་མཐོ་རིས་འདུལ་བྱེད་བསྟན། བྱ་སེང་མདོར་འདུལ་སེམས་ཀྱིས་ངན་སོང་འདུལ་བྱེད་བསྟན་ནོ། །གཉིས་པ་མ་ངེས་ལྔ་ལྡན་


ZP02_Page_325
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྣང་ཚུལ་ལ། འདི་ལས་གནས་ཀྱིས་གནས། རང་ཞེས་པས་སྟོན་པ། ཆོས་ཞེས་པས་ཆོས། དུས་ཀྱིས་དུས། མ་ཞེས་པས་འཁོར་མ་ངེས་པར་བསྟན་པའོ། །གསུམ་པ་སྒྱུ་མ་ལྟ་བུར་སྣང་ཚུལ་བསྟན་པ་ལ། གང་རྨི་ངོ་བདག་ཟབ་ཀྱིས་མདོ་ལས་གསུང་ཚུལ་དང༌། འཁོར་སྣང་སྤྲུལ་མཇིས་རྒྱུན་མི་འཆད་པར་བསྟན་པའོ། །གསུམ་པ་སྣ་ཚོགས་སྤྲུལ་པ་ལ། སེམས་མེད་ལྟར་སྣང་བ། སེམས་ཅན་ལྟར་སྣང་བ། དེ་གཉིས་ཇི་ལྟར་སྣང་བའོ། །དང་པོ་སེམས་མེད་ལྟར་སྣང་བ་ལ་གཉིས། དེ་རང་འབུར་གྱིས་བསོད་ནམས་གྱི་ཞིང་ལྟར་སྣང་བ་དང༌། གན་མྱ་པད་གྲུ་སེམས་ཀྱིས་ལོངས་སྤྱོད་ཀྱི་ཡོ་བྱད་ལྟར་སྣང་བ་བསྟན། གཉིས་པ་སེམས་ཅན་ལྟར་སྣང་བ་སྐྱེ་ནད་སྲིན་མིས་བསྟན། གསུམ་པ་དེ་གཉིས་ཇི་ལྟར་སྣང་བ་སྤྲུལ་རྟོག་དོན་གྱིས་བསྟན་ནོ། །དོན་བཞི་པ་སྐུ་དང་ཕྲིན་ལས་དབྱིངས་སུ་ཐིམ་པར་བསྟན་པ་ལ་བཞི། གང་གདུལ་ཇི་སྤྲུལ་གདུལ་རང་གིས་སྤྲུལ་སྐུ་ལོངས་སྐུར་ཐིམ་ཚུལ། དེ་གཅིག་ནང་ལོངས་ཀྱིས་ལོངས་སྐུ་ཆོས་སྐུ་ཆེན་པོར་ཐིམ་ཚུལ། ཡེ་དབུ་བུ་ཞི་འདིར་ཕྲ་ཐིམ་གྱིས་ཐིམ་ནས་དབྱིངས་སུ་བཞུགས་ཚུལ། གང་འགགས་ཤིན་འབྲས་ཀྱིས་དོན་གཉིས་ལྷུན་གྱིས་གྲུབ་པའོ། །ཡོན་ཏན་མཐར་ཕྱིན་གྱིས་ལེའུའི་མཚན་བསྟན་པའོ།། །།

ཐ་མ་དགེ་བ་མཇུག་གི་དོན།


ZP02_Page_326
[མ་དཔེ་གཟིགས་ན་འདིར་གནོན།]

༈ དོན་གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ། དེ་ལྟར་རྩམ་པའི་དགེ་བ་བསྔོ་བ། གང་གིས་བརྩམ་པའི་བརྩམ་བྱང་གཉིས། དང་པོ་བསྔོ་བ་ལ། བསྔོ་རྒྱུའི་དགེ་རྩ་བསྟན་པ་དང༌། བསྔོ་བ་དངོས་གཉིས། དང་པོ་བསྔོ་རྒྱུའི་དགེ་རྩ་བསྟན་པ་ལ། བདག་འཇིག་ཞལ་ལམ་གྱིས་བསྟན་བཅོས་བརྩམ་པའི་རྒྱུ་ཕུན་སུམ་ཚོགས་པ་བསྟན། དེ་བླ་ཐོས་རང་གིས་གཅོམ་བསྐྱུང་སྟེ་མཐོལ་བཤགས་མཛད། ཆོས་མཉམ་ཇི་ཡང་གིས་གཟེངས་བསྟོད་དེ་རྗེས་འཇུག་ལ་གདམས་པའོ། །གཉིས་པ་བསྔོ་བ་དངོས་ལ་གསུམ། དགེ་རྒྱལ་སྒྲིབ་བྱང་གིས་མཐར་ཐུག་རྫོགས་བྱང་དུ་བསྔོས། ནགས་དུས་དྲང་སྙིང༌། སྤྲུལ་སྐྱོ་ཅ་དབང་གིས་གནས་སྐབས་དབེན་པར་བསྔོས། ལྟ་སྤྱོད་ནམ་རླབས་ཀྱིས་ལྟ་སྤྱོད་ཕུན་ཚོགས་སུ་བསྔོ་བའོ། །གཉིས་པ་བརྩམ་བྱང་ལ་བཞི། བརྩམ་བྱ་བསྟན་བཅོས། བསྐུལ་བ་པོ་སློབ་མ། མཛད་པ་པོ་སློབ་དཔོན། གང་དུ་བརྩམ་པའི་གནས་དང་བཞི། ཡོན་ཏན། ལ་སྟོད། སངས་རྒྱས། དཔལ་ལྡན་ཞེས་པ་རྣམས་རིམ་པ་ལྟར་རོ།། །།དེ་ལྟར་ཆོས་ཚུལ་ཤིན་ཏུ་རྨད་བྱུང་བ། །ལམ་དང་འབྲས་བུ་ཡོན་ཏན་དུ་མའི་མཛོད། །གདུལ་བྱའི་ཞིང་སར་སྐུ་


ZP02_Page_327
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་འབྲས་བསྐྱེད་པ། །རབ་དགའ་སྦྱིན་པའི་ཞི་བསིལ་ཆར་བ་ཡིན། །བསྟན་པ་ཡོངས་རྫོགས་ཀུན་མཁྱེན་རྒྱུད་པའི་གཞུངས། །ཚིག་གཅིག་ཐོས་ཀྱང་ཐར་པའི་ལམ་འགྲོ་ཞིང༌། །དོན་ཀུན་རྟོགས་ན་ཚེ་གཅིག་འཚང་རྒྱ་བའི། །གཞུང་བཟང་འདི་འདྲ་སྔོན་མེད་རིན་པོ་ཆེ། །ཐུབ་པ་ཉི་མ་རྒྱལ་བས་གང་བསྟན་པའི། །ཆོས་ཚུལ་དྲི་མེད་ཤིན་ཏུ་མཐའ་ཡས་པ། །མ་ལུས་གཞུང་ལམ་གཅིག་ཏུ་སྟོན་པའི་མཛོད། །བསྟན་བཅོས་འདི་འདྲ་རྙེད་པར་དཀའ་བ་རྙེད། །སྐལ་བཟང་གྲོགས་དག་རབ་དགའི་ཤུགས་བསྐྱེད་ལ། །དད་དང་བརྩོན་འགྲུས་ཤེས་རབ་དྲན་སེམས་ཀྱིས། །ཉན་འཆད་བསྒོམ་ལ་འབད་པར་མཛོད་ཅིག་དང༌། །དོན་གཉིས་ལྷུན་གྱིས་གྲུབ་པ་འདིར་འབྱུང་ངེས། །དེ་སླད་ཁོ་བོ་འཆད་རྩོད་རྩོམ་པའོ། །དབང་བ་མིན་ཡང་བརྒྱུད་པ་རིན་པོ་ཆེར། །མོས་བློས་བྱིན་ལས་གཞུང་དོན་མེ་ཏོག་གི །ཕྲེང་བཞིན་བསྡེ་བ་འདི་སྤྱི་བོའི་བླངས་པར་རིགས། །དགེ་བ་དེ་ཡིས་མ་ལུས་འགྲོ་བ་ཀུན། །རྒྱལ་བའི་རིང་ལུགས་རྙོགས་མེད་འདིར་ཞུགས་ནས། །བྱང་ཆུབ་སྤྱོད་པ་ཡིད་འོང་མཐར་བགྱིས་ཏེ། །རྒྱལ་བས་གང་གཟིགས་རྒྱལ་བ་ཉིད་གྱུར་ཅིག །བདག་ཀྱང་དེང་ནས་ནམ་མཁའ་ཇི་སྲིད་དུ། །


ZP02_Page_328
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་སྲས་པོ་ཤེས་དང་བརྩེ་བའི་བློ། །རྒྱས་པར་གྱུར་ནས་སྲས་བཅས་རྒྱལ་བའི་གཞུང༌། །བཟུང་ནས་འགྲོ་ལ་སྦྱིན་པ་པོར་གྱུར་ཅིག། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་བསྡུས་དོན་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ། སྐལ་བཟང་གི་གྲོགས་པོ་ཆོས་དོན་གཉེར་པ་དུ་མས་བསྐུལ་ནས། བརྒྱུད་པ་རིན་པོ་ཆེར་གསོལ་བ་འདེབས་པའི་མོས་ལྡན་ཨ་བུ་ཧྲལ་པོས་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་ཚེས་ལ་དགེ་བའི་ལྟས་དང་བཅས་གྲུབ་པར་བགྱིས་པའོ།། །།དགེའོ།། །།དགེའོ།། །།དགེའོ།། །།སརྦ་དཱ་མངྒ་ལཾ།། །།


previousཡོན་ཏན་མཛོད་ཀྱི་བསྡུས་དོན་འབྱེད་འགྲེལ་མེ་ཏོག་གི་ཕྲེང་བ།next