Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐེག་ཆེན་མན་ངག་གི་བསྟན་བཅོས་ངལ་གསོ་སྐོར་གསུམ་འཆད་ཐབས།
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐེག་ཆེན་མན་ངག་གི་བསྟན་བཅོས་ངལ་གསོ་སྐོར་གསུམ་འཆད་ཐབས།next

ཐེག་ཆེན་མན་ངག་གི་བསྟན་བཅོས་ངལ་གསོ་སྐོར་གསུམ་འཆད་ཐབས།

༈ ཐེག་ཆེན་མན་ངག་གི་བསྟན་བཅོས་ངལ་གསོ་སྐོར་གསུམ་འཆད་ཐབས་ནི། ཨོཾ་སྭ་སྟི་སིདྡྷི། ལེགས་པའི་ཡོན་ཏན་དུ་མས་རབ་བརྒྱན་ཞིང༌། ཕན་བདེའི་ཏིང་འཛིན་འགྲོ་བ་ཡོངས་ལ་ཁྱབ། །བདེ་གཤེགས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་གཞན་དུས་རྣམས་ཀུན་ཏུ་ཕྱག་འཚལ་ལོ། །སྲིད་ལམ་དུབ་པ་དག་གི་མགྲོན་པོ་རྣམས། །གདུང་སེལ་ཞི་བ་ཕན་བདེའི་སྙིང་པོ་ཅན། །དམ་ཆོས་རིན་ཆེན་ངལ་གསོ་སྐོར་གསུམ་ལ། །ཐོག་མར་འཇུག་པའི་བཤད་ཐབས་ཡན་ལག་སྤྲོ། །དེ་ལ་བདེ་བར་གཤེགས་པའི་བཀའ་རབ་འབྱམས་ཀུན་གྱི་སྙིང་པོའི་དོན་གང་ཟག་གིས་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་ཕྱོགས་གཅིག་ཏུ་བསྡེབ་པ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ངལ་གསོ་སྐོར་གསུམ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལ་གཉིས་ལས། གཞུང་བཤད་པ་ལ་འཇུག་པ་སྤྱིའི་དོན། བཤད་བྱ་གཞུང་གི་དོན་རྒྱ་ཆེར་བཤད་པའོ། །དང་པོ་ལ་གཉིས་སྟེ། ཆོས་འབྱུང་བའི་ཚུལ་སྤྱིར་བཤད་པ་དང༌། སྐབས་ཀྱི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། རྒྱུ་མཚན་ཉིད་


ZP02_Page_388
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐེག་པ། འབྲས་བུ་སྔགས་ཀྱི་ཐེག་པ། དེ་དག་ལ་བཤད་ཅིང་ཉན་པའི་ཚུལ་ལོ། །དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་བྱུང་བའི་ཚུལ་ལ་གསུམ་ཏེ། དང་པོ་སངས་རྒྱས་ཀྱི་བྱོན་ཚུལ། བར་དུ་བཀའི་བསྡུས་ཚུལ། ཐ་མར་བསྟན་བཅོས་ཀྱི་མཛད་ཚུལ་ལོ། །དང་པོ་ལ་འདོད་ལུགས་སྤྱིར་བསྟན་པ་དང༌། མཛད་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་ཐེག་པ་ཆེ་ཆུང་གི་འདོད་ལུགས་གཉིས་ཐེག་ཆེན་ལའང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སོ། །གཉིས་པ་མཛད་པ་བྱེ་བྲག་ཏུ་བཤད་པ་ལ་བཅུ་གཉིས། དང་པོ་དགའ་ལྡན་ནས་འཕོ་བ། གཉིས་པ་ལྷུམས་སུ་ཞུགས་པ། གསུམ་པ་བལྟམས་པ། བཞི་པ་བཟོའི་གནས་ལ་མཁས་པ། ལྔ་པ་བཙུན་མོའི་འཁོར་གྱིས་རོལ་པ། དྲུག་པ་ངེས་པར་འབྱུང་བ། བདུན་པ་དཀའ་བ་སྤྱད་པ། བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་པ། དགུ་པ་བདུད་སྡེ་བཅོམ་པ། བཅུ་པ་མངོན་པར་བྱང་ཆུབ་པ། བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བ། ཐ་མ་མྱ་ངན་ལས་འདས་པའི་མཛད་པ་སྟེ་བཅུ་གཉིས་སོ། །གཉིས་པ་བཀའི་བསྡུས་ཚུལ་ལ། དང་པོ་གཉིས་པ། གསུམ་པ་གསུམ། དེ་རེ་རེ་ལའང༌། དུས་དང་འདུས་པ་གནས་དང་ནི། །གསོལ་འདེབས་དངོས་པོ་སྦྱིན་བདག་དང༌། །དགོས་པ་བསལ་བྱ་བསྡུས་


ZP02_Page_389
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གཙོ། །རྣམ་པ་དགུར་ནི་མཁས་རྣམས་བཞེད། །ཅེས་སོ། །གསུམ་པ་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་ལ། སློབ་དཔོན་གྱི་མཚན་ཉིད། བསྟན་བཅོས་ཀྱི་རང་བཞིན། ཇི་ལྟར་མཛད་པའི་ཚུལ་དང་གསུམ་ལས། དང་པོ་ལ་རབ་འབྲིང་ཐ་མ་གསུམ། གཉིས་པ་ལ་མཚན་ཉིད་གསུམ་དང་འཆོས་སྐྱོབས་ཀྱི་ཡོན་ཏན་གཉིས་དང་ལྡན་པ། གསུམ་པ་ལ་ཐེག་པ་ཆེ་ཆུང་གི་སློབ་དཔོན་སོ་སོས་མཛད་པ་རྣམས་སོ། །དོན་གཉིས་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་བཤད་པ་ལ་གཉིས་ཏེ། གསར་མ་དང༌། རྙིང་མའོ། །དང་པོ་ལ་གསང་སྔགས་གསར་མའི་ལུགས་ལ་གསུམ་སྟེ། གསུང་པ་པོ་སྟོན་པའི་བྱོན་ཚུལ། དེས་གསུངས་པ་སྔགས་ཀྱི་རང་བཞིན། ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་སོ། །དང་པོ་ལའང་བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པའི་འདོད་ཚུལ་བཞི། བླ་མེད་ལའང་འདོད་ཚུལ་མི་འདྲ་བ་གསུམ་མོ། །གཉིས་པ་དེས་གསུངས་པ་སྔགས་ཀྱི་རང་བཞིན་ལ། ཁྱད་པར་གྱི་འཕགས་ཚུལ། འབྲས་བུར་བཞག་ཚུལ། བཞིར་དབྱེ་ཚུལ་དང་གསུམ་མོ། །དང་པོ་ཁྱད་པར་འཕགས་ཚུལ་ལ། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་


ZP02_Page_390
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས། །ཞེས་པ་ལྟར་བཞིའི། །དང་པོ་ལ། ཟབ་པ་དང་རྒྱ་ཆེ་བའི་གནས་ལ་མ་རྨོངས་པ་གཉིས་སོ། །གཉིས་པ་འབྲས་བུར་བཞག་ཚུལ་ལ་གསུམ། དུས་མྱུར་བ་ལ་ལྟོས་ནས། ཐབས་མཆོག་ཏུ་གྱུར་པས་ཀྱང༌། འབྲས་བུ་དང་འདྲ་བ་ལམ་དུ་བྱེད་པས་ཕྱིས་འབྲས་བུའི་ཐེག་པར་བཞག་པའོ། །གསུམ་པ་རྒྱུད་སྡེ་བཞིར་དབྱེ་ཚུལ་ངེས་པ་ལྔ་ལས། མི་རིགས་བཞི་ལ་དགོངས་ནས་ཀྱང༌། གང་ཟག་གིས་བློ་རིགས་བཞི་ལ་དགོངས་ནས་ཀྱང༌། །འོད་དང་བདུད་རྩི། རྫུ་འཕྲུལ་དང་ཚེ། དུས་ལ་ལྟོས་ནས་ཀྱང༌། སྦྱང་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་སྦྱོང་བ་ལ་དགོངས་ནས་ཀྱང༌། ལྷ་བཞིའི་རྗེས་སུ་འཇུག་པ་ཕྱིན་ཅི་ལོག་བཞི་འདུལ་བ་ལ་དགོངས་ནས་ཀྱང་བཞིར་གསུངས་པའོ། །གསུམ་པ་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་ལ། བྱ་སྤྱོད་རྣལ་འབྱོར་བླ་མེད་བཞི་ལས། བྱ་རྒྱུད་ལྟར་ན་སྤྱི་ལྟར་བཅིང་བ། བྱེ་བྲག་དུ་སྐུ་གསུང་ཐུགས་ལྟར་བཅིང་བ། བྱུང་ཚུལ་ལྟར་བཅིང་བའི་རྒྱུད་ཀྱི་དབྱེ་བ་རྣམས་སོ། །སྤྱོད་རྒྱུད་ལ་རྩ་རྒྱུད་དང་བཤད་རྒྱུད་ཀྱི་དབྱེ་བས་རྣལ་འབྱོར་གྱི་རྒྱུད་ལས། རྩ་རྒྱུད། བཤད་རྒྱུད། འཕྲོས་པ་ཆ་མཐུན་གྱི་རྒྱུད་དང་གསུམ། བླ་མེད་ལ། ཕ་རྒྱུད། མ་རྒྱུད་གཉིས་སོ། །དོན་


ZP02_Page_391
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གསང་སྔགས་རྙིང་མའི་རྣམ་པར་བཞག་པ་ལ་གསུམ་སྟེ། གསུང་བ་པོ་སྟོན་པའི་བྱོན་ཚུལ། དེས་གསུངས་པ་སྔགས་ཀྱི་རང་བཞིན། ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་སོ། །དང་པོ་གསུང་བ་པོ་སྟོན་པའི་བྱོན་ཚུལ་ལ། ཐུན་མོང་བ་ཁ་ཅིག་གི་འདོད་ཚུལ། ཐུན་མོང་མ་ཡིན་པ་ཁ་ཅིག་གི་འདོད་ཚུལ། སྟོན་པ་སྐུ་གསུམ་གྱི་རྣམ་བཞག་གོ །གཉིས་པ་དེས་གསུངས་པའི་སྔགས་ཀྱི་རང་བཞིན་ལ། གསུངས་ཚུལ་གསུམ་གྱི་དབྱེ་བ་སྤྱིར་དབྱེ་བ། རིམ་དགུ་ངེས་པས་བྱེ་བྲག་ཏུ་དབྱེ་བ། ཕྱི་ནང་བཤད་པས་འགགས་བསྡུ་བ་དང་གསུམ་ལས། དང་པོ་ལ་དབང་པོའི་རིམ་པ་དང་སྦྱར་ཏེ་གསུངས་པ། སྙིང་པོའི་དོན་རྣམས་བསྡུས་ཏེ་གསུངས་པ་དང༌། དུས་གསུམ་སྤྱི་དང་བྱེ་བྲག་གི་གཉེན་པོར་གསུངས་པ་དང་གསུམ་མོ། །གཉིས་པ་རིམ་དགུའི་ངེས་པས་བྱེ་བྲག་ཏུ་དབྱེ་བ་ལ། ཆུང་འབྲིང་ཆེ་གསུམ། རེ་རེ་ལའང་གསུམ་གསུམ་མོ། །གསུམ་པ་ཕྱི་ནང་བཤད་པས་འགགས་བསྡུ་བ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། མདོར་བསྟན་ལ་ཕྱི་རྒྱུད་གསུམ། ནང་རྒྱུད་གསུམ་དང་དྲུག །རྒྱས་བཤད་ལ་དྲུག་པོ་རེ་རེར་འང་གཞི་ལྟ་བ་གཏན་ལ་དབབ་ཚུལ་དང༌། ལམ་ཇི་ལྟར་ཉམས་སུ་བླང་ཚུལ་གྱི་དབྱེ་བ་གཉིས་རེ་རེའོ། །གསུམ་པ་ཤེས་བྱེད་རྒྱུད་སྡེའི་རྣམ་གྲང་དགོད་པ་ལ་དྲུག་ལས། ཀྲི་ཡ། ཨུ་པ། ཡོ་ག༌།མ་ཧཱ། ཨ་ནུ། ཨ་ཏི་དང་དྲུག་གོ །སྤྱི་དོན་གསུམ་པ་དེ་དག་ལ་བཤད་ཅིང་


ZP02_Page_392
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པའི་ཚུལ་ལ། བཤད་ཐབས་ཀྱི་ཚུལ་བསམ་པ། ཇི་ལྟར་བཤད་ཅིང་ཉན་པའི་ཚུལ། བཤད་ཅིང་ཉན་པའི་ཕན་ཡོན་བསྟན་པ་དང་གསུམ་ལས། དང་པོ་ལའང་སངས་རྒྱས་ཀྱི་ཆོས་གསུངས་པའི་ཚུལ། དགྲ་བཅོམ་པས་ཆོས་གསུངས་པའི་ཚུལ། པཎྜི་ཏས་ཆོས་གསུངས་པའི་ཚུལ་དང་གསུམ་ལས། དང་པོ་སངས་རྒྱས་ཀྱིས་ཆོ་འཕྲུལ་གསུམ་ལ་བརྟེན་ནས་འཆད། དགྲ་བཅོམ་པས་དག་པ་གསུམ་ལ་བརྟེན་ནས་འཆད། པཎྜི་ཏས་ཆོས་གསུངས་པའི་ཚུལ་ལ་གཉིས་ལས། དཔལ་ན་ལེན་དྲའི་པཎྜིཏས་འཆད་ཚུལ་དང༌། བཱི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏས་འཆད་ཚུལ་གཉིས་ལས། དང་པོ་ལ་བཀའ་ཡིན་ན་ཕུན་སུམ་ཚོགས་པ་ལྔ་དང༌། བསྟན་བཅོས་ཡིན་ན་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་འཆད། དང་པོ་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད་པ་ལ། ལོངས་སྤྱོད་རྫོགས་པའི་ཞིང་དང༌། སྤྲུལ་པའི་གནས་ཀྱི་ཕུན་སུམ་ཚོགས་པ་ལྔ། ཆོས་འཁོར་གསུམ་ལ་ལྟོས་ནས་གསུམ་མོ། །རྩིས་མགོ་ཡན་ལག་ལྔ་ནི། མཛད་པ་པོ་གང་གིས་མཛད་པ། ལུང་གང་ནས་བཏུས་པ། ཕྱོགས་གང་དུ་གཏོགས་པ། དགོས་ཆེད་སུའི་དོན་དུ་མཛད་པ། དབུ་ཞབས་བསྡུས་པའི་དོན་དུ་བསྟན་པ་དང་ལྔའོ། །བཱི་ཀྲ་མ་ལ་ཤཱི་ལའི་གཙུག་


ZP02_Page_393
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་ན་བཞུགས་པའི་པཎྜི་ཏས་ཆོས་གསུངས་པའི་ཚུལ་ལ། ཉན་པ་པོ་སྣོད་དུ་རུང་བར་བྱེད་པ་དང༌། བསྟན་པའི་རྣམ་བཞག་ངེས་པ་གཉིས་ཀྱིས་འཆད། ཉན་པ་པོ་སྣོད་རུང་དུ་བྱ་བའི་ཆོས་ལ། མཛད་པ་པོ་སློབ་དཔོན་གྱི་ཆེ་བ་དང༌། དེས་མཛད་པའི་ཆོས་ཀྱི་ཆེ་བ། ཆེ་བ་དེ་ལྟ་བུ་དང་ལྡན་པའི་ཆོས་དེ་བཤད་ཅིང་ཉན་པའི་ཚུལ་དང་གསུམ་མོ། །བསྟན་པའི་རྣམ་བཞག་ངེས་པ་ལ། དང་པོ་སྟོན་པས་འཁོར་ལོ་གསུམ་ཇི་ལྟར་གསུངས་པའི་ཚུལ། བར་དུ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྡུས་པའི་ཚུལ། ཐ་མར་བསྟན་བཅོས་མཁན་པོ་རྣམས་ཀྱིས་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་དང་གསུམ་གྱིས་འཆད་དེ་གོང་དུ་བཤད་པ་བཞིན་ནོ། །གཉིས་པ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་ལ་གསུམ་སྟེ། འཆད་པ་པོ་སློབ་དཔོན་གྱི་རང་བཞིན། ཉན་པ་པོ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་རང་བཞིན་ནོ། །འཆད་པ་པོ་སློབ་དཔོན་གྱི་རང་བཞིན་ནི་ཡོན་ཏན་བཅུ་དང་ལྡན་པ། ཉན་པ་པོ་སློབ་མའི་རང་བཞིན་ནི། དད་འདུན་བརྩོན་འགྲུས་གསུམ་སོགས་ལྡན་པ་སྤྱི་དང༌། བྱེ་བྲག་ཏུ་སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་སྤངས་པ་ཀུན་སློང་ཁྱད་པར་ཅན་དང་ལྡན་པའོ། །གསུམ་པ་ཐུན་


ZP02_Page_394
[མ་དཔེ་གཟིགས་ན་འདིར་གནོན།]

མོང་དུ་བྱ་བའི་རང་བཞིན་ལ། སྦྱོར་དངོས་རྗེས་གསུམ་དང༌། དེ་ལྟར་བཤད་ཅིང་ཉན་པ་ལ་ཕར་ཕྱིན་དྲུག་ཚང་ཚུལ་ལོ། །གསུམ་པ་བཤད་ཅིང་ཉན་པའི་ཕན་ཡོན་བསྟན་པ་ལ། བཤད་པའི་ཕན་ཡོན་དྲུག་དང༌། ཉན་པའི་ཕན་ཡོན་བརྒྱད་ལ་སོགས་པའོ། །དེ་དག་གིས་ཆོས་བྱད་པའི་ཚུལ་སྤྱིར་བཤད་པ་གཏན་ལ་ཕབ་ནས། སྤྱི་དོན་གཉིས་པ་སྐབས་ཀྱི་དོན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྤྱི་ཆིངས་ལྔས་འབྲེལ་དགོད་པ་དང༌། དགོས་འབྲེལ་ཡན་ལག་བཞིའི་གཏན་ལ་དབབ་པར་བྱ་བའོ། །དང་པོ་ལ། རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་བསྡུས་པའི་དོན་བཅས་དང༌། །བརྒལ་ལན་བཅས་དང་མཚམས་སྦྱོར་བཅས། །ཚིག་དོན་བཅས་ཏེ་བསྙད་པར་བྱ། །ཞེས་པ་ལྟར་ལྔའོ། །གཉིས་པ་དགོས་འབྲེལ་ཡན་ལག་བཞིས་གཏན་ལ་དབབ་པ་ལ་གསུམ་སྟེ། སྤྱིར་ངག་ཙམ་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་དཔེར་དགོང༌། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞིས་བསྟན་ལ་བཅོས་ལ་འཇུག་པའི་རྒྱུ་བརྗོད། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞིས་གཞི་


ZP02_Page_395
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འབྲས་བུའི་དོན་གཏན་ལ་དབབ་པའོ། །སྤྱི་དོན་གཉིས་པ་བཤད་བྱ་གཞུང་གི་དོན་དངོས་རྒྱ་ཆེར་བསྟན་པའི་ས་བཅད་ནི་གཞན་དུ་ཤེས་སོ། །འདི་དག་གི་ཚེ་དོན་གྱི་འབྲེལ་དགོད་པ་རྣམས་སྦལ་པའི་འཕར་སྟངས་དང༌། ཚིག་གི་འབྲུ་གཞོམ་པ་རུས་སྦལ་གྱི་ནུར་འགྲོས་དང༌། སྐབས་ཀྱིས་དོན་བསྡུས་པ་གླང་ཆེན་གྱི་འགྱིང་ལྟ་བུ་དང་གསུམ་གྱིས་བཅིངས་ནས་བཤད་པ་ནི་འཆད་པའི་མན་ངག་མེ་ཏོག་གི་ཕྲེང་བ་ལྟ་བུ་སྦྱིན་པའོ། །དེ་ལྟར་བཤད་ཐབས་ཡན་ལག་ངེས་པའི་དོན། །ཟབ་ཅིང་རྒྱ་ཆེ་དོན་གསལ་ཡིད་དུ་འོང༌། །ཐེག་མཆོག་དམ་པ་རབ་ཏུ་མཛེས་བྱེད་པ། །མེ་ཏོག་ཕྲེང་བ་མ་རྙིང་གསལ་བར་སྤེལ། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །དམ་ཆོས་རིན་ཆེན་ཤིང་རྟ་མཆོག་ཞུགས་ཏེ། །འཁོར་བའི་མྱ་ངན་ཐང་ལས་རབ་བརྒལ་ནས། །ཐར་པའི་གྲོང་དུ་དགའ་སྟོན་འཕེལ་བར་ཤོག །བདེ་གཤེགས་བསྟན་པ་དར་ཞིང་རྒྱས་པར་ཤོག །བཤེས་གཉེན་མཆོག་རྣམས་སྐུ་ཚེ་རིང་བར་ཤོག །དམ་ཆོས་མཆོག་འདིས་གཞན་དོན་མཐའ་ཡས་ཤོག །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །ཅེས་གསང་བ་ཡི་གེ་དྲུག་པའི་དགའ་ཚལ་དུ་གཞུང་ལས་བཏུས་ཏེ་དཀོད་པའི་ཡི་གེ་པ་ནི་སྡོམ་བརྩོན་རིག་འཛིན་རྒྱ་མཚོའོ། །དགེའོ།


ZP02_Page_396
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་རང་བཞིན་སྤྲོས་པ་ཀུན་བྲལ་གཉུག་མའི་གཤིས། །སྤངས་དང་རྟོགས་པའི་ཡོན་ཏན་ཆ་རྫོགས་ལམ་མཐར་ཕྱིན། །མཁྱེན་བརྩེའི་ཉི་མ་གདུལ་བྱའི་དཔྱིད་གྱུར་ཐུགས་རྗེའི་བདག །ཐུབ་པ་བདུད་བཞིའི་གཡུལ་ལས་རྒྱལ་དེས་རིང་དུ་སྐྱོངས། །རྒྱལ་བསྟན་རིན་ཆེན་ལུང་དང་རྟོགས་པའི་མཛོད། །གང་ཐུགས་དཔལ་བེར་ཡོངས་སུ་འཁྱིལ་པ་ལས། །བཤད་དང་སྒྲུབ་པའི་རླབས་ཕྲེང་ཆེར་གཡོ་བས། །སྲིད་ཞིའི་ལེགས་ལམ་སྤེལ་མཛད་བླ་མར་འདུད། །ཡིད་འོང་སྨོན་པ་གཅིག་གིས་ཕྱོགས་དུས་ཀྱི། །རྒྱལ་བའི་སྲས་སུ་བསྐྱེད་པའི་དེ་མ་ཐག །གཞན་ཕན་ཁུར་ཆེན་མཐའ་ཡས་འགྲོ་མང་གི །ཐར་ལམ་སྒྲོན་མེར་ངེས་དེ་དམ་པའི་གཤིས། །གང་གི་ཐུགས་བསྐྱེད་ལྷག་བསམ་སྟོན་ཟླ་ལྟར། །དཀར་བ་ཁོ་ན་སྲིད་པའི་ཚྭ་གདུང་གིས། །དུབ་པའི་ལུས་ཅན་སྙིང་ལ་བསིལ་སྦྱིན་པའི། །སེམས་མཆོག་ག་བུར་ཐིག་པ་འབུམ་དུ་འཛགས། །ཡིད་འོང་རྒྱལ་སྲས་སྤྱོད་པ་རྨད་བྱུང་གིས། །ཚེ་རབས་ཕྲེང་བར་སྦྱང་བའི་ལེགས་མཛད་གསེར། །རྣམ་དཔྱོད་བི་ཤྭ་ཀརྨས་བརྡར་བའི་རྒྱན། །ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཁོ་ནར་ངེས། །བསྐལ་མང་བསླབ་གསུམ་དཀའ་ཐུབ་་བཟུང་བཟུང་བས། །ལུང་རྟོགས་གངས་་


ZP02_Page_397
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་སྲས་མོ་འཁྱུད་འཁྱུད་དེས། །བདེ་ཆེན་སྙིང་པོའི་ཉམས་བརྒྱ་རྒྱས་རྒྱས་པའི། །སྔོན་མེད་བདེ་འབྱུང་དབང་པོར་ངེས་མིན་ནམ། །ཐུགས་བསྐྱེད་རལ་ཚོགས་སྡུག་པོར་འཛིང་པའི་ཁྱོན། །རྒྱལ་བསྟན་གངྒཱའི་ལྷ་མོ་རོལ་གནས་སུ། །སྔོན་མེད་བྱེད་པོས་བྱས་སམ་རྡུལ་སྙེད་ཀྱི། །རྒྱལ་བའི་ཕྲིན་ལས་མཛད་པ་ཆ་མ་འཚལ། །རྒྱལ་བསྟན་ལང་ཚོ་གསར་བའི་སྐེད་མེད་ལ། །ཉམས་ལེན་རོལ་སྒེག་ངོམ་པ་སྔོན་མང་ཡང༌། །སྙིགས་མའི་རྒུད་པས་བགྲེས་པ་ད་ལྟའི་དུས། །བཤད་སྒྲུབ་རྩེ་དགའ་སྦྱིན་པ་མགོན་ཁྱོད་ཙམ། །འཇིག་རྟེན་སངས་རྒྱས་བྱོན་ཞིང་གྲགས་སྙན་རྔ། །ལྡིར་བའི་དོན་འབྲས་གཞི་གསུམ་ཕྱག་བཞེས་ཀྱི། །འབྲེལ་བའི་བསླབ་པ་གསུམ་ལྡན་འདུས་སྡེ་ཙམ། །ལྷ་མའི་མཆོད་སྡོང་བསྐྲུན་ལས་གཞན་ཡོད་མིན། །ཆོས་འདུལ་མེ་ཏོག་སྐྱེད་ཚལ་གསར་པའི་གཟི། །མ་རྙིང་ཡུལ་དང་དུས་ཀྱི་མཐར་བསྐྱེད་པའི། །བསྟན་པའི་བཞུགས་སུ་བྱོན་པའི་སངས་རྒྱས་ཞིག །སྲིད་ན་མགོན་པོ་འདི་ལས་གཞན་སུ་ཞིག །སྦས་ཚུལ་སྔགས་སྤྱོད་ཟབ་མོའི་ཉམས་ལེན་གྱིས། །རང་རྒྱུད་ལྐོག་ཏུ་འདུལ་བ་ཡོད་མཆི་ཡང༌། །བསླབ་གསུམ་འབྲས་བཟང་དར་བའི་དཔག་བསམ་ཤིང༌། །སྙིགས་འགྲོའི་བགོ་སྐལ་བསྐྱེད་


ZP02_Page_398
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀའ་བའི་གནས། །སྔོན་བྱོན་དམ་པའི་མིང་དང་རིགས་རུས་ཀྱི། །དབང་བསྐུར་གསེར་རྒྱན་འཛིན་པའི་ཆེ་འགྱིང་འགྲོས། །ངོམས་ཡང་རྨོངས་པའི་ཤ་ཚུགས་མ་བཏང་ཕལ། །ལོག་འཚོའི་སྣ་ཞག་སྐྱོང་དང་འདི་མི་འདྲ། །དམ་པའི་ཚུལ་དགུས་བཤེས་པའི་མཛད་བཟང་གསེར། །བསླང་མེད་རང་ཚུགས་བཟང་པོ་དེས་བསྔགས་ལས། །སྔོན་བྱོན་སྐྱེས་རབ་ཕྲེང་བའི་ལེགས་བྱས་ཀྱི། །ངོ་བསྟོད་ལྷན་པ་འདེབས་པ་གཅམ་བུ་ཙམ། །དང་པོ་བཤེས་གཉེན་མཆོག་བརྟེན་ཐོས་པ་བཙལ། །བར་དུ་ཐོས་དོན་བསམ་དང་བསམ་དོན་སྒོམ། །ཐ་མ་གྲུབ་འབྲས་བསྟན་འགྲོའི་དཔལ་གྱུར་པའི། །ལམ་དེ་དམ་པ་མཆོག་འདིའི་རྣམ་ཐར་ཡིན། །དེ་ཕྱིར་ཐོས་པ་རྒྱ་མཚོའི་མཛོད་བསགས་པའི། །དམ་པའི་རྣམ་ཐར་ཇི་ལྟར་བསྐྱང་པའི་ཚུལ། །རྗེས་འཇུག་ཆོས་ཀྱི་ཁུངས་དང་སྐལ་བཟང་གཞན། །ཡི་རང་དད་སྤྲོའི་ཕུལ་དུ་སྤྲོ་བར་འོས། །མཁས་གྲུབ་གདེང་ཅན་རོལ་གནས་དམ་ཆོས་མཛོད། །ཐོས་བརྩོན་རྔ་ཡབ་རྩེ་མོའི་མ་བླང་སྟེ། །སྙོམས་ལས་གཉིད་དུ་ཡུར་བའི་སྐལ་དམན་ཅན། །བདག་དང་བདག་འདྲ་འགྱོད་དང་ངོ་ཚའི་གསོས། །དེ་ལྟ་ནའང་དད་གསུམ་མེ་ཏོག་ཕྲེང༌། །སྤྱི་བོའི་རྒྱན་དུ་འཛིན་པའི་རྣམ་དཔྱོད་བཅས།


ZP02_Page_399
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་ཆོས་ཚུལ་རྒྱ་མཚོ་འཐུང་བའི་ཧུབ། །བགྲངས་པའི་ངལ་བ་དོན་ཡོད་ཡིན་པར་ངེས། །ཞེས་ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་པར་བསྟན་པའི་ཚིག་གིས་བརྗོད་པའི་ལམ་ཡངས་པོར་བྱས་ནས་འདིར་གང་གླེང་པར་བྱ་བ་ནི། སྤྱིར་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་འདིར་ཆོས་ཀྱི་རྒྱལ་པོ་མེས་དཔོན་གསུམ་དང་མཁན་སློབ་ཉི་ཟླ་ཟུང་གཅིག་ལ་སོགས་བསྟན་པའི་གསལ་བྱེད་ཆེན་པོ་རིམ་པར་བྱོན་པ་དག་གིས་བཀའ་དྲིན་ལས། རྒྱལ་བསྟན་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་ཅན་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་མངོན་པར་འབར་ཞིང་བཞུགས་པ་ལ། སྔོན་གྱི་དུས་སུ་ཐོས་བསམ་སྒོམ་པའི་ནན་ཏན་དར་དྲག་པའི་སྒོ་ནས་རྒྱལ་བསྟན་མ་ཚང་བ་མེད་པ་རང་རྒྱུད་ལ་འཛིན་པའི་མཛད་པ་བཟང་པོས་རྒྱལ་བ་དགྱེས་པའི་ལམ་མཆོག་མངོན་དུ་མཛད་པ་དུ་མ་ཞིག་བྱོན་པ་ཡིན་མོད་ཀྱང༌། སྙིགས་མ་ལས་ཀྱང་ཆེས་སྙིགས་མར་གྱུར་པ་དེང་སང་གི་དུས་འདིར་རྒྱལ་བའི་བསྟན་པ་ཅི་ཡིན་ཙམ་ཡང་མི་ཤེས་པའི་བསྟན་འཛིན་དུ་རློམ་པ་མང་དག་ཅིག །འདུན་ཕུག་ཚེ་འདིའི་ཆེད་དུ་གཏད་དེ་ཕྱོགས་ཞེན་ཆགས་སྡང་གི་འཁོར་ལོ་དལ་མེད་དུ་བསྐོར་བས། བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་མཛད་


ZP02_Page_400
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མིང་གི་ལྷག་མ་ཙམ་དུ་གྱུར་པའི་སྐབས་སུ་རིང་ནས་གོམས་པའི་ཐུགས་བསྐྱེད་ཀྱི་མཛད་བཟང་དུས་སུ་སྨིན་ཏེ་ཐོག་མཐའ་བར་གྱི་མཛད་པ་མཐའ་དག་སྔོན་བྱོན་དམ་པའི་རྣམ་ཐར་གྱི་རྗེས་སུ་སྙེགས་ངེས་པའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་འབའ་ཞིག་ཐུགས་ལ་བཅིང་བའི་རྣམ་དཔྱོད་ཁྱད་པར་འཕགས་པ། རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ཞེས་གྲགས་པའི་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ཀྱིས་གསར་རྙིང་བཀའ་གཏེར་གྱི་ཆོས་ཚུལ་དུ་མ་ཞིག་ལ་གསན་བསམ་ཇི་ལྟར་མཛད་པའི་རྣམ་ཐར་གསན་ཡིག་གི་ཚུལ་དུ་འགོད་པ་ལ། བསྟན་པར་འཇུག་པའི་སྒོ་སོ་བྱང་གི་སྡོམ་རྒྱུན། ཞུགས་ནས་ཐོས་བསམ་བྱ་བ་མདོ་སྔགས་ཀྱི་གཞུང་ལུགས་དང་གཉིས། དང་པོ་སོ་ཐར་གྱི་སྡོམ་རྒྱུན་ནི་མཁན་རིན་པོ་པདྨ་བཀྲ་ཤིས་དཔལ་བཟང་པོ་དེའི་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་དུ་ལས་སློབ་དང་གསང་སྟོན་སོགས་དད་པའི་དགེ་འདུན་གྲངས་ངེས་དང་བཅས་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབ་སྟེ་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པཎ་དཔྱད་པར་མཛད་དོ། །གཉིས་པ་བྱང་སེམས་ཀྱི་སྡོམ་རྒྱུན་ལ་ཟབ་མོ་ལྟ་བ། རྒྱ་ཆེན་སྤྱོད་པ། ཟབ་ཅིང་རྒྱ་ཆེའི་བརྒྱུད་པ་དང་གསུམ་


ZP02_Page_401
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི་སོགས། རིག་འཛིན་གཏེར་བདག་གླིང་པ་དེའི་སྲས་འགྱུར་མེད་འོད་གསལ་སོགས། བྱང་སེམས་ཀུན་བཟང་གཞན་ཕན། རྗེ་དེ་ཉིད་ཀྱིས་བྱང་ཆུབ་སེམས་ཀྱི་བརྒྱུད་པ་འཛིན་པའི་སློབ་མའི་མཆོག་ཏུ་གསུང་གིས་དབུགས་དབྱུང་ཞིང་གཞན་ཕན་མཐའ་ཡས་འོད་ཟེར་དུ་མཚན་གྱི་མངའ་གསོལ་བར་མཛད་དོ། །ཡང་ན་སོགས། བྱང་སེམས་པདྨ་མངྒ་རྗེ་དེ་ཉིད་ཀྱིས་རྒྱལ་སྲས་གཞན་ཕན་མཐའ་ཡས་ལའོ། །གཉིས་པ་ཞུགས་ནས་ཐོས་བསམ་བྱ་བ་མདོ་སྔགས་ཀྱི་གཞུང་ལུགས་ལ། རྒྱུ་མཚན་ཉིད་ཀྱི་ཐིག་པ་འབྲས་བུ་སྔགས་ཀྱི་ཐེག་པ་དེ་དག་ཀུན་གྱི་རྩ་བར་གྱུར་པ་ཐུབ་པ་ཆེན་པོའི་བཀའ་འགྱུར་རོ་ཅོག་དང་གསུམ། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་རྒྱ་གར་མཁས་པའི་བསྟན་བཅོས་དུ་མ་ཞིག་བཞུགས་པ་ལས་ད་ལྟ་ལུང་རྒྱུན་ཡོད་པ་ཕལ་མོ་ཆེ་ཞིག་གསན་པ་ལས། མཚན་ཐོ་དང་བརྒྱུད་པ་གཉིས་ལས། དང་པོ་ནི། སོགས། །དགེའོ། །


ZP02_Page_402
[མ་དཔེ་གཟིགས་ན་འདིར་གནོན།]


ZP02_Page_403
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དབྱེར་མ་མཆིས་པའི་རྡོ་རྗེ་འཛིན་པའི་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །དེ་ལ་འདིར་སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེའི་ཚིག་གི་རྒྱ་མདུད་འདི་འཆད་པ་ལ། བསྔོ་བའི་དབང་པོ་གསོལ་བ། བསྔོ་རྒྱུའི་དགེ་རྩ་བསྟན་པ་བསྔོ་བ་དངོས་བཤད་པ་དང་གསུམ་ལས་དང་པོ་ནི། ཧྲཱི་བླ་མ་ཡི་དམ༴ གཉིས་པ་ནི། དེང་འདིར་བརྩོན༴ གསུམ་པ་བསྔོ་བ་དངོས་ལ། རང་དོན་དུ་འབྲས་བུ་དང༌། ལམ་གྱི་ཆེད་དུ་བསྔོ་བ། གཞན་དོན་དུ་བསྟན་པ་དང་འགྲོ་བའི་ཆེད་དུ་བསྔོ་བ་གཉིས་ལས། དང་པོ་ལ་མཐར་ཐུག་འབྲས་བུའི་ཆེད་དུ་བསྔོ་བ་དང༌། གནས་སྐབས་ལམ་གྱི་ཆེད་དུ་བསྔོ་བ་གཉིས་ལས། དང་པོ་ནི། བླ་མེད་བྱང་ཆུབ༴ གཉིས་པ་གནས་སྐབས་ལམ་གྱི་ཆེད་དུ་བསྔོ་བ་ལ། ལམ་གྱི་རྟེན་ལུས་ཕུན་སུམ་ཚོགས་པར་སྨོན་པ་དང༌། ལམ་དངོས་ཉམས་སུ་ལེན་པར་སྨོན་པ་དང༌། ལམ་གྱི་བྱེད་ལས་འགྲུབ་པར་སྨོན་པ་དང༌། ལམ་གྱི་མཐུན་རྐྱེན་ཚང་བར་སྨོན་པ་སྟེ་བཞི་ལས། དང་པོ་ནི། དེ་ནས་བྱང་ཆུབ༴ གཉིས་པ་ལ་ལམ་སྤྱིའི་ཆེད་དུ་སྨོན་པ་དང༌། ལམ་བྱེ་བྲག་གི་ཆེད་དུ་སྨོན་པ་གཉིས་ལས། དང་པོ་ནི། དབང་གིས་སྨིན་ཅིང༌། གཉིས་པ་ལ། རྒྱུད་སྒྱུ་འཕྲུལ་


ZP02_Page_404
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་བའི་ཉམས་ལེན་ལ་སྨོན་པ། ལུང་ན་རག་དོང་སྤྲུག་གི་ཉམས་ལེན་ལ་སྨོན་པ། མན་ངག་རྫོགས་པ་ཆེན་པོའི་ཉམས་ལེན་ལ་སྨོན་པ་དང་གསུམ། དང་པོ་ལ་བཞི་སྟེ་སྣང་བ་སྐུའི་དཀྱིལ་འཁོར། ཅིར་སྣང་༴ སྒྲར་གྲགས་གསུང་གི་དཀྱིལ་འཁོར་གྲགས་པ༴ དྲན་རྟོག་ཐུགས་ཀྱི༴ སེམས་ཀྱི༴ ཐམས་ཅད་བདེ་ཆེན་གྱི་རོལ་བ༴ བདེ་ཆེན༴ གཉིས་པ་ལའང་བཞི་སྟེ། སྒྲིབ་པ་ཡེ་དག་གི་བཤགས་པ། ཉམས་ཆགས༴ ཡོན་ཏན་ཡེ་ལྡན་གྱི་བསྐང་བ། ཕྱི་ནང༌། རྒྱུད་ཉོན་མོངས་རང་གྲོལ། གང་ཤར། འབྲས་བུ་ངན་སོང་དོང་སྤྲུགས་ངན་སོང༌། གསུམ་པ་ལའང་བཞི་སྟེ། ཐིག་ལེ་རང་གནས་ཀྱི་ལྟ་བ་ཐིག་ལེ། བསྲུང་དུ་མེད་པའི་དམ་ཚིག །དམ་ཚིག །འདུ་འབྲལ་མེད་པའི་ཉམས་ལེན། ཁྱབ་བརྡལ། སྤངས་ཐོབ་མེད་པའི་འབྲས་བུ། རྫོགས་པ། གསུམ་པ་ལམ་གྱི་བྱེད་ལས་འགྲུབ་པར་སྨོན་པ་ནི། བརྒྱུད་པ༴ བཞི་པ་ལམ་གྱི་མཐུན་རྐྱེན་ཚང་བར་སྨོན་པ་ནི། ཞི་ཁྲོ༴༌།གཉིས་པ་བསྟན་པ་དང་འགྲོ་བའི་ཆེད་དུ་སྨོན་པ་དང་བསྔོ་བ་ནི། རྒྱལ་བའི་བསྟན་པ་སོགས། །དགེའོ། །དཔལ་སྤྲུལ་མཛད་པའོ།། །།


ZP02_Page_405
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་འདི་ལ་དོན་གསུམ་སྟེ། མདོ་ལས་གསུངས་པ་ལྟར། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་སྨོན་པ། མཚན་བཟུང་བའི་བྱིན་རླབས་ཚེ་འདིར་འབྱུང་བར་གསོལ་བ་འདེབས་པ། སྨོན་ལམ་འགྲུབ་པའི་རྒྱུ་བདེན་ཚིག་གཟུངས་སྔགས་དང་བཅས་བརྗོད་པའོ། །དང་པོ་ལ་བཞི། ཞིང་ཁམས་ཀྱི་བཀོད་པ་ཡང་ཡང་ཡིད་ལ་བྱེད་པ། དགེ་བའི་རྩ་བ་དཔག་ཏུ་མེད་པ་སྒོ་དུ་མ་ནས་བསགས་པ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། དགེ་བའི་རྩ་བ་དེ་རྣམས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ཞིང་སྨོན་ལམ་འདེབས་པའོ། །དང་པོ་ནི། ཨེ་མ་ཧོ་ནས། སེར་ལྟེམ་མེ། རྒྱུ་གཉིས་པ་ལ་ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། རྗེས་སུ་ཡི་རང་བ། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའོ། །དང་པོ་ཕྱག་འཚལ་བ་ལ། ཀུན་སློང་གི་ཁྱད་པར། མཚན་གྱི་རྣམ་གྲངས་ཀྱི་སྒོ་ནས་ཕྱག་འཚལ་བ། མཚན་ཐོས་པའི་ཕན་ཡོན་གྱི་སྒོ་ནས་ཕྱག་འཚལ་བ་དང་གསུམ་ལས། དང་པོ་ནི། མོས་གུས་ཕྱག་ལ་སོགས། གཉིས་པ་ལ། ཆོས་སྐུ་འོད་དཔག་མེད། ཀུན་མཁྱེན་འོད་དཔག་མེད་


ZP02_Page_406
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་འོད་དཔག་མེད། རྒྱལ་བ་ཚེ་དཔག་མེད་དང་བཞིའོ། །གསུམ་པ་ལ་གསུམ། དང་པོ་མཚན་ཐོས་ནས་ཐལ་མོ་སྦྱར་བའི་ཕན་ཡོན། སྟོང་གསུམ། བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་གང་ཞིག །ཕན་ཡོན་གཞན་གསུམ་ཐོབ་པ། སངས་རྒྱས། གཉིས་པ་མཆོད་པ་ལ། དངོས་འབྱོར། བདག་གི །ཡིད་སྤྲུལ། ཡིད་སྤྲུལ་བཀྲ་ཤིས། གདོད་ནས་གྲུབ་པའི་མཆོད་པ། གདོད་ནས་གྲུབ་པ། གསུམ་པ་བཤགས་པ་ལ། སྟོབས་བཞི་ལས། དང་པོ་གཉེན་པོའི་སྟོབས། ཉེས་པའི་རྣམ་གྲངས་བརྗོད་ནས་བཤགས་པ་ལ། ཀུན་སློང་དང་དུས་ཀྱི་ཁྱད་པར། རྣམ་གྲངས་བརྗོད་པ་དངོས་སོ། །དང་པོ་ནི། ཕ་མས། རྣམ་གྲངས་བརྗོད་པ་དངོས་ལ། ངོ་ཤེས་པ་དང་མི་ཤེས་པའི་ཁ་ན་མ་ཐོ་བ་གཉིས་སོ། །རེ་རེ་ལ་རང་བཞིན་དང༌། བཅས་པ་གཉིས་ཏེ་བཞི་ལས། དང་པོ་རང་བཞིན་གྱི་ཉེས་པ། ངོ་ཤེས་པ་ལ་གཉིས། མི་དགེ་བ་བཅུ་སྤྱིར་བཤགས་པ་དང༌། ཉེས་པ་ལྕི་བ་རྣམས་བྱེ་བྲག་ཏུ་བཤགས་པའོ། །དང་པོ་ལ་གསུམ། ལུས་ཀྱི་ལས་གསུམ། སྲོག་གཅོད། ངག་གི་ལས་བཞི། རྫུན་དང༌། ཡིད་ཀྱི་ལས་གསུམ། བརྣབས་སེམས། གཉིས་པ་ལ་ལྔ། དང་པོ། མཚམས་མེད་པ་ལྔའམ། གཉིས་པ་དེ་དང་ཉེ་བ་ལྔ། དགེ་སློང༌།


ZP02_Page_407
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཆོས་སྤངས་ལ། དཀོན་མཆོག །བཞི་པ་བྱང་སེམས་ལ་སྐུར་བ་འདེབས་པ། ཁམས་གསུམ། ལྔ་པ་ལོག་ལྟ་ལ། དགེ་བའི། གཉིས་པ་བཅས་ལྟུང་ངོ་ཤེས་པ་ལ་གསུམ། དང་པོ་སོ་ཐར་གྱི་བསླབ་པ། ཕམ་པ། གཉིས་པ་བྱང་སེམས་ཀྱི་བསླབ་པ། ནག་པོའི། གསུམ་པ་གསང་སྔགས་ཀྱི་བསླབ་པ། རྩ་ལྟུང༌། གསུམ་པ་ངོ་མ་ཤེས་པའི་རང་བཞིན་གྱི་ཉེས་པ། མི་ཚངས། བཞི་པ་ངོ་མ་ཤེས་པའི་བཅས་ལྟུང༌། སྐྱབས་སྡོམ། གཉིས་པ་རྣམ་པར་སུན་འབྱིན་པའི་སྟོབས། འགྱོད་པ། གསུམ་པ་སོར་ཆུད་པའི་སྟོབས། ཕྱིན་ཆད། བཞི་པ་རྟེན་གྱི་སྟོབས། བདེར་གཤེགས། བཞི་པ་རྗེས་སུ་ཡི་རང་བ་ལ་གཉིས། དང་པོ་ཕན་ཡོན་དྲན་པ། གཞན་གྱི། གཉིས་པ་ཡི་རང་དངོས་ལ་གསུམ་དང་པོ། སྐྱེ་འཕགས་དགེ་བ་སྤྱི་ལ་ཡི་རང་བ། དེ་ཕྱིར། གཉིས་པ་ཐེག་ཆེན་གྱི་དགེ་བ་ལ་ཡི་རང་བ། བླ་མེད། གསུམ་པ་ཐུན་མོང་གི་དགེ་བཅུ་ལ་ཡི་རང་བ། གཞན་གྱིས། ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ། ཕྱོགས་བཅུའི། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། སངས་རྒྱས། རྒྱུ་གསུམ་པ་བྱང་ཆུབ་མཆོག་ཏུ་དགེ་བ་བསྔོ་བ་དང་ཆབ་


ZP02_Page_408
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟོན་ཏེ། དེ་ལ་གཉིས། མཐར་ཐུག་བྱང་ཆུབ་ཏུ་སྨོན་པ། འདིས་མཚོན། གནས་སྐབས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སྨོན་པ། དེ་ཡིས། དེ་ལྟར་རྒྱུ་དང་པོ་གསུམ་སོང་ནས་དགེ་བའི་རྩ་བ་དེ་རྣམས། བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ཞིང་སྨོན་ལམ་འདེབས་པ་ལ་གསུམ། ཚེ་འདིར་འོད་དཔག་མེད་མཇལ་བའི་དབང་དུ་བྱས་པའི་སྨོན་ལམ། ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བའི་དབང་དུ་བྱས་པའི་སྨོན་ལམ། ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱས་ནས་སྨོན་ལམ་འདེབས་པ་དང་གསུམ་གྱི་དང་པོ། བདག་དང་བདག་ལ་ནས་བཟུང༌། ལམ་སྟོན་ལམ་སྣ་འདྲེན་པར་བཅས་པའི་བར། གཉིས་པ་ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལ་གཉིས། དང་པོ་ཁམས་གསུམ་འཁོར་བའི་ཞེན་ཆགས་བཅད་པ་ནི། ངན་སོང་སྡུག་བསྔལ་ནས། ཕྱི་ལྟས་མེད་པར་འབྲོས་པར་ཤོག །གཉིས་པ་བདེ་བ་ཅན་དུ་སྐྱེ་ཚུལ་གྱི་དབང་དུ་བྱས་པའི་སྨོན་ལམ་ནི། ཆགས་ཞེན་འཁྲི་བ་ནས། ཐོག་པ་མེད་པར་ཤོག །རྩ་བའི་ས་བཅད་གསུམ་པ། ཞིང་ཁམས་བཀོད་པ་ཡིད་ལ་བྱེད་པའི་སྨོན་ལམ་ལ། དང་པོ་ཞིང་ཁམས་སྤྱི་ཡི་ཡོན་ཏན་ཡིད་ལ་བྱེད་པའི་སྨོན་ལམ། སངས་རྒྱས་བྱེ་བ་ཁྲག་ཁྲིག་སོགས། གཉིས་པ་ས་གཞིའི་ཡོན་ཏན་ཡིད་ལ་བྱེད་པའི་སྨོན་ལམ། རིན་ཆེན་


ZP02_Page_409
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི། གསུམ་པ་ཤིང་གི་ཡོན་ཏན། རིན་ཆེན་དུ་མ། བཞི་པ་ཆུ་དང་པདྨའི་ཡོན་ཏན། སྤོས་ཆུའི་ཆུ་ཀླུང༌། ལྔ་པ་བཅུད་ཀྱི་ཡོན་ཏན་ཡིད་ལ་བྱེད་པའི་སྨོན་ལམ་ནི། མི་ཁོམ་བརྒྱད་ནས་བཟུང༌། ཞིང་དེར་སྐྱེ་བར་ཤོག །བདུན་པ་ཞིང་གི་གཙོ་བོའི་ཡོན་ཏན། ཞིང་དེར་རྫོགས་པའི་སངས་རྒྱས་སོགས། གཉིས་པ་མཚན་བཟུང་བའི་བྱིན་རླབས་ཚེ་འདིར་འབྱུང་བར་གསོལ་བ་འདེབས་པ། ཆོས་སྐུ་སྣང་བ་མཐའ་ཡས་སོགས། གསུམ་པ་ལ་གཉིས། དང་པོ། བདེན་ཚིག་བརྗོད་པ། སངས་རྒྱས། གཉིས་པ་གཟུངས་སྔགས་ལ་གཉིས། དང་པོ་སྨོན་ལམ་གྲུབ་པའི་གཟུངས། ཏདྱ་ཐཱ། གཉིས་པ་ཕྱག་གི་འགྱུར་སྔགས། ན་མོ་མཉྫུ་ཤྲི་ཡེ། དེ་ལྟར་བདེ་བ་ཅན་གྱི་སྨོན་ལམ་ས་བཅད་ཅུང་ཟད་རྒྱས་པར་བྱས་པ་འདི་ཡང༌། འཇིགས་མེད་འོད་ཟེར་གྱིས་བསྐུལ་བ་མ་ལྡོག་པར་་དགེ་ཚུལ་དགེ་བའི་འབྱུང་གནས་ཀྱིས་དཀར་ཆུང་རྒོད་ཚང་གི་རི་ཁྲོད་དུ་སྦྱར་བའི་ཡི་གེ་པ་ནི་མཁྱེན་དཔྱོད་རྣམ་པར་ཡངས་པ་ཐུབ་བསྟན་ལུང་རྟོགས་འཕེལ་རྒྱས་དཔལ་བཟང་པོས་བགྱིས་པ་འདིས་ཀྱང༌། འགྲོ་ཀུན་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །མངྒ་ལཾ། །


previousཐེག་ཆེན་མན་ངག་གི་བསྟན་བཅོས་ངལ་གསོ་སྐོར་གསུམ་འཆད་ཐབས།next