Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
འཁོར་བ་སྡུག་བསྔལ་བསམ་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེམས་ཉིད་ངལ་བསོའི་བསྡུས་དོན་པད་མ་དཀར་པོའི་ཟིལ་མངར།next

འཁོར་བ་སྡུག་བསྔལ་བསམ་པའི་ལེའུ།

༈ གསུམ་པ་འཁོར་བ་སྡུག་བསྔལ་བསམ་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར༴ གཉིས་པ་ལ་བཞི། རང་གཞན་མངོན་


ZP02_Page_336
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐྱོ་བས་འཁོར་བ་སྡུག་བསྔལ་དུ་བསམ་ལ། སྡུག་བསྔལ་སེམས་ཀྱི་འཁྲུལ་སྣང་རྟེན་གཞི་དང་བཅས་པ་ལ། འགྲོ་དྲུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ༴ ཐམས་ཅད་རང་ལ་ཐུག་པས་རང་ལས་རང་གིས་སྤྱོད་པ་ལ་བསམ་པའོ། །དང་པོ་ལ་བདུན། དང་པོ་སྡུག་བསྔལ་བརྒྱུད་མས་མནར་བས་འཁོར་བ་ལ་སྐྱོ་བ། ཇི་ལྟར༴ གཉིས་པ་སྤང་བླང་གནས་ལ་རྨོངས་པའི་འཁོར་བ་པ་ལ། བདེ་ཐོབ། གསུམ་པ་འཁྲུལ་སྣང་མཐོ་དམན་དུ་བརྒྱུད་པས་འཁོར༴ ལྷ་དང་༴ བཞི་པ་དགྲ་གཉེན་ངེས་མེད་དུ་བྱས་པས། ཆོར་བས༴ ལྔ་པ་ལུས་དང་ལས་སྣང་མང་བས༴ འདི་ལྟར༴ དྲུག་པ་བདེ་སྡུག་སྣ་ཚོགས་མྱོང་བས༴ བྱོལ་སོང་༴ བདུན་པ་ཤིན་ཏུ་འགྱུར་ཞིང་འཕོ་བས། ཚེ་འདིར༴ གཉིས་པ་སྡུག་བསྔལ་སེམས་ཀྱི་འཁྲུལ་སྣང་རྟེན་གཞི་དང་བཅས་པ་ལ་གསུམ། དང་པོ་རྟེན་སྒོ་གསུམ་གྱི་དབྱེ་བ་ངེས་པ། ལུས་ངག༴ གཉིས་པ་བརྟེན་པ་ཚོགས་བརྒྱད་ཀྱི་དབྱེ་བ། ཀུན་གཞི༴ གསུམ་པ་ཀུན་གཞི་ལ་བག་ཆགས་སྦྱོང་ཚུལ་གྱི་དབྱེ་བ་ངེས་པ། སེམས་ཉིད༴ གསུམ་པ་འགྲོ་དྲུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ་བསམ་པ་ལ་གསུམ། རང་སྣང་འཁོར་བའི་སྡུག་བསྔལ་སྤྱིར་བཤད་པ། འགྲོ་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསྟན་པ།


ZP02_Page_337
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་དགའ་བའི་སྐྱེ་བོ་རྟག་ཏུ་སྡུག་བསྔལ་བར་བསྟན་པའོ། །དང་པོ་ནི། ཨེ་མ༴ གཉིས་པ་འགྲོ་དྲུག་སོ་སོའི་སྡུག་བསྔལ་ལ་དྲུག །དམྱལ་བ། ཡི་དྭགས། དུད་འགྲོ། །མི། ལྷ་མིན། ལྷའི་སྡུག་བསྔལ་ལོ། །དང་པོ་དམྱལ་བ་ལ། ཚ་དམྱལ། ཉི་ཚེ་ཉེ་འཁོར། གྲང་དམྱལ་དང་གསུམ་ལས། དང་པོ་ཚ་དམྱལ་ལ་གཉིས། སྡུག་བསྔལ་སོ་སོར་བསྟན་པ་དང༌། ཐུན་མོང་དུ་བཤད་པའོ། །དང་པོ་ལ་བརྒྱད་ཀྱི་དང་པོ་ཡང་སོས་ལའང་གཉིས་ཏེ། དང་པོ་སྡུག་བསྔལ། ཡང་སོས༴ གཉིས་པ་ཚེ་ཚད། ཚེ་ཚད༴ གཉིས་པ་ཐིག་ནག་ནི། ཐིག་ནག༴ གསུམ་པ་བསྡུས་འཇོམས་ནི། བསྡུས་འཇོམས༴ བཞི་པ་ངུ་འབོད་ནི། ངུ་འབོད༴ ལྔ་པ་ངུ་འབོད་ཆེན་པོ་ནི། འབོད་སྒྲོགས། དྲུག་པ་ཚ་བ་ནི། ཚ་བ༴ བདུན་པ་རབ་ཏུ་ཚ་བ་ནི། རབ་ཏུ༴ བརྒྱད་པ་མནར་མེད་ནི། མནར་མེད༴ གཉིས་པ་ཚ་དམྱལ་གྱི་སྡུག་བསྔལ་ཐུན་མོང་དུ་བསྟན་པ་ནི། དགོང་དུ༴ གཉིས་པ་ཉི་ཚེ་ཉེ་འཁོར་ལ་གཉིས་ནི། ཉི་ཚེ་བ་དང༌། ཉེ་འཁོར་བའོ། །དང་པོ་ལ་གཉིས་སྡུག་བསྔལ་བསྟན་པ། ཉི་ཚེ༴ གཉིས་པ་ལོག་རྟོག་དགག་པ། གཞན་དག༴ གཉིས་པ་ཉེ་འཁོར་ལ་གསུམ། མདོར་བསྟན། རྒྱས་པར་བཤད།


ZP02_Page_338
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྡུ་བའོ། །དང་པོ་ནི། ཉེ་འཁོར༴ གཉིས་པ་རྒྱས་པར་བཤད་པ་ལ་དྲུག །དང་པོ་མེ་མ་མུར་གྱི་འོབ་ནི། མནར་མེད༴ གཉིས་པ་རོ་མྱགས་ཀྱི་འདམ། ཡང་ནི༴ གསུམ་པ་སྤུ་གྲིའི་ཐང༌། སླར་ཡང་༴ བཞི་པ་རལ་གྲིའི་ནགས། ནགས་འདབས༴ ལྔ་པ་ཤལ་མ་རི། དེ་འདས༴ དྲུག་པ་ཐལ་ཚན་གྱི་ཆུ་བོ་རབ་མེད། ཡང་ནི༴ གསུམ་པ་དོན་བསྡུ་བ། དེ་ལྟའི༴ གསུམ་པ་གྲངས་དམྱལ་ལ་གསུམ། དང་པོ་སྡུག་བསྔལ་དངོས། གྲང་བས༴ གཉིས་པ་ཚེ་ཚད། ཚེ་ཡི༴ གསུམ་པ་དེ་དག་ལས་འདའ་བར་གདམས་པ། སེམས་ལྡན༴ གསུམ་པ་ཡི་དྭགས་ལ་གསུམ། དང་པོ་བྱིང་ན་གནས་པ། ཡི་དྭགས༴ གཉིས་པ་མཁའ་ལ་རྒྱུ་བ། མཁའ་ལ༴ གསུམ་པ་དེ་དག་ལས་འདའ་བར་བསྟན་པ། དེ་ལྟའི༴ གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ལ་གཉིས། དང་པོ་སྡུག་བསྔལ་དངོས། དུད་འགྲོ༴ གཉིས་པ་དེ་ལས་འདའ་བར་གདམས་པ། འདི་དག༴ བཞི་པ་མིའི་སྡུག་བསྔལ་བསམ་པ་ལ་གསུམ། སྡུག་བསྔལ་ཉིད་གསུམ་བརྒྱད་ཀྱི་ངོ་བོ་སྤྱིར་བསྟན། རྣམ་པ་བརྒྱད་ཀྱི་དབྱེ་བ་བྱེ་བྲག་ཏུ་བཤད། དེ་ལས་འདའ་བར་གདམས་པའོ། །དང་པོ་ནི། མི་རྣམས་ལ་ཡང་༴ གཉིས་པ་རྣམ་པ་བརྒྱད་ཀྱི་དབྱེ་བ་ལ་བརྒྱད། དང་པོ་སྐྱེ་བའི་སྡུག་བསྔལ། མ་རིག༴


ZP02_Page_339
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྒས་པའི་སྡུག་བསྔལ། རྒས་པའི། གསུམ་པ་ན་བའི༴ ན་བའི༴ བཞི་པ་འཆི་བའི༴ འཆི་བའི༴ ལྔ་པ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། མི་སྡུག༴ དྲུག་པ་སྡུག་པ་དང་བྲལ་བའི་སྡུག་བསྔལ། བྱམས་ཤིང་༴ བདུན་པ་འདོད་པས་ཕོངས་པའི༴ འདོད་པ༴ བརྒྱད་པ་ཉེར་ལེན་ཕུང་པོའི་སྡུག་བསྔལ། གཟུགས་ཚོར༴ གསུམ་པ་དེ་ལས་འདའ་བར་གདམས་པ། དེ་ལྟར༴ ལྔ་པ་ལྷ་མིན་ལ་གཉིས། དང་པོ་སྡུག་བསྔལ་དངོས། ལྷ་མིན༴ གཉིས་པ་ཆུ་བོ་དེ་ལས་འདའ་བར་གདམས་པ། དེ་བས༴ དྲུག་པ་ལྷའི་སྡུག་བསྔལ་བསམ་པ་ལ་གཉིས། དང་པོ་འདོད་ལྷའི་སྡུག་བསྔལ་བསྟན་པ། འདོད་ལྷའི༴ གཉིས་པ་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ། ཚངས་རིས༴ གསུམ་པ་འཁོར་བར་དགའ་བའི་སྐྱེ་བོ་རྟག་ཏུ་སྡུག་བསྔལ་བར་བསྟན་པ་ནི། འཁོར་བའི༴ བཞི་པ་ཐམས་ཅད་རང་ལ་ཐུགས་རང་ལས་རང་གིས་སྤྱོད་པར་བསྟན་པ་ལ་ལྔ། དང་པོ་ཐར་པ་རང་ལ་རག་ལས་པས་རང་གིས་བརྩོན་པར་བསྟན་པ། འདི་ལྟར༴ གཉིས་པ་རང་གི་ལས་སྨིན་པ་ལ་གཞན་གྱིས་དགག་དཀའ་བར་བསྟན་པ། གྲངས་མེད༴ གསུམ་པ་རྒྱལ་བའི་ཐུགས་རྗེས་འདྲེན་པའང་རང་གི་ལས་སུ་བསྟན་པ། འཁོར་བའི༴ བཞི་པ་རང་གི་ལས་སུམ་


ZP02_Page_340
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་སྐྱེ་བོ་ལ་སྐྱོ་བར་བསྟན་པ། དེ་ལྟའི༴ ལྔ་པ་ལས་ངན་འཁོར་བའི་བག་ཆགས་སྦྱང་དགོས་པར་བསྟན་པ། འཁོར་བ༴ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར༴ གཉིས་པ་ལེའུའི་མཚན། རྫོགས་པ༴ ལེའུ་གསུམ་པའི་ས་བཅད་ཚང་ངོ༌། །


previousསེམས་ཉིད་ངལ་བསོའི་བསྡུས་དོན་པད་མ་དཀར་པོའི་ཟིལ་མངར།next