Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལེའུ།
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེམས་ཉིད་ངལ་བསོའི་བསྡུས་དོན་པད་མ་དཀར་པོའི་ཟིལ་མངར།next

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལེའུ།

༈ བརྒྱད་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལེའུ་ལ་གསུམ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་


ZP02_Page_355
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར༴གཉིས་པ་ལ་གསུམ། སེམས་བསྐྱེད་ཀྱི་ཕན་ཡོན། ཇི་ལྟར་བསྐྱེད་པའི་ཚུལ། སེམས་བསྐྱེད་ཀྱི་བསླབ་བྱ་བསྟན་པའོ། །དང་པོ་ཕན་ཡོན་ལ་དྲུག །དང་པོ་འཁོར་བ་ལས་ངེས་པར་འབྱིན་པའི་ཕན་ཡོན། དེ་ཡང་༴ གཉིས་པ་དགེ་ཚོགས་ཐེག་ཆེན་དུ་འགྱུར་བའི༴ གང་ལ༴ གསུམ་པ་དགེ་རྩ་མི་ཟད་འཕེལ་བའི༴ དགེ་གཞན༴ བཞི་པ་དགེ་རྩ་བསྟན་ཞིང་ཐར་ལམ་སྙིང་པོ་བྱེད་པའི༴ ཀུན་གྱི༴ ལྔ་པ་བསམ་དགུའི་རེ་བ་འགྲུབ་པའི༴ དེ་ནི༴ དྲུག་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕན་ཡོན། བསམ་ཡས༴ གཉིས་པ་ཇི་ལྟར་བསྐྱེད་པའི་ཚུལ་ལ་གཉིས། སེམས་བསྐྱེད་ཀྱི་རང་བཞིན་ཤེས་པར་བྱ་བ། ཤེས་ནས་ཇི་ལྟར་བསྐྱེད་པའི་ཚུལ་ལོ། །དང་པོ་རང་བཞིན་ཤེས་པར་བྱ་བ་ལ་བདུན། དང་པོ་སེམས་བསྐྱེད་ཀྱི་མཚན་ཉིད། སེམས་བསྐྱེད༴ གཉིས་པ་སྨོན་འཇུག་གི་རང་བཞིན། སྨོན་པ། གསུམ་པ་སྨོན་པའི་ཕན་ཡོན། གང་གིས༴ བཞི་པ་དེའི་འཐད་པ། འགྲོ་བའི༴ ལྔ་པ་འཇུག་པའི་ཕན་ཡོན། དེ་བས༴ དྲུག་པ་གཞན་གྱི་ལོག་རྟོག་དགག་པ། དེ་ཕྱིར༴ བདུན་པ་སྤྲོ་དགའ་མཆོག་ཏུ་བསྐྱེད་པ། འདི་ནི༴ གཉིས་པ་ཤེས་ནས་ཇི་ལྟར་བསྐྱེད་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི་མཇུག་གོ །དང་པོ་སྦྱོར་བ་ལ་


ZP02_Page_356
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། དང་པོ་རྟེན་དགེ་བའི་བཤེས་གཉེན། དེ་ཡང་༴ གཉིས་པ་དེས་བློ་བཅོས་པའི་རིམ་པ། སྐྱོན་བྲལ༴ གསུམ་པ་གནས་དང་བཀོད་པ་བཤམས་པ། གནས་གཙང་༴ བཞི་པ་སྔོན་འགྲོ་ཡན་ལག་བདུན་བསྟན་པའོ། །འདི་ལ་གསུམ། བསོད་ནམས་ཀྱི་ཞིང་བསམ་པ། ཡན་ལག་བདུན་པ་དངོས་བྱ་བ། དེའི་འཐད་པ་དགོད་པའོ། །དང་པོ་ལ་གསུམ། དང་པོ་དམིགས་པའི་རྟེན་བསམ་པ། ནམ་མཁའི༴ གཉིས་པ་དེའི་འཐད་པ་འགོད་པ། འདི་ནི༴ གསུམ་པ་བཀུར་སྟི་རིམ་གྲོ་བྱ་བ། དེ་ནས༴ གཉིས་པ་ཡན་ལག་བདུན་པ་དངོས་ལ་བདུན། དང་པོ་ཕྱག་འཚལ་བའི་ཡན་ལག་ལ་གཉིས། དང་པོ་འཚལ་ཚུལ་དངོས། ཡིད་འོང་༴གཉིས་པ་དེའི་ཕན་ཡོན། ས་འདི༴ གཉིས་པ་མཆོད་པའི་ཡན་ལག་ལ་གཉིས། མདོར་བསྟན་པ་རྒྱས་བཤད་དོ། །དང་པོ་མདོར་བསྟན་ནི། དངོས་སུ༴ གཉིས་པ་རྒྱས་བཤད་ལ་དངོས་འབྱོར་དང་ཡིད་སྤྲུལ་གཉིས། དང་པོ་དངོས་འབྱོར་ནི། མེ་ཏོག༴ གཉིས་པ་ཡིད་སྤྲུལ་ལ་ཐུན་མོང་དང་ཁྱད་པར་གཉིས། དང་པོ་ཐུན་མོང་ལ་བདུན། དང་པོ་གཞལ་ཡས་ཁང་རོལ་མོའི་སྤྲིན་ཅན་གྱིས་མཆོད་པ། ལྷ་སོགས༴ གཉིས་པ་ཉེ་འཁོར་ཀུན་ནས་དགའ་བའི་མཆོད་པ། རིན་ཆེན། གསུམ་པ་པདྨོ་རིན་ཆེན་མཛེས་པའི་མཆོད་པ། འདབ་སྟོང་༴ བཞི་པ་ཚལ་སོགས་


ZP02_Page_357
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་དགེ་བའི་མཆོད་པ། ཙནྡན༴ ལྔ་པ་ཉི་ཟླ་རིན་ཆེན་བཀོད་པའི་མཆོད་པ། སྟོན་ཀའི༴ དྲུག་པ་ཞིང་ཁམས་རྒྱ་མཚོའི་རྡུལ་གྱི་མཆོད་པ། འཁོར་ཡུག༴ བདུན་པ་རྒྱལ་སྲིད་རིན་པོ་ཆེའི་མཆོད་པ། བུམ་བཟང་༴ གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ། དང་པོ་ཏིང་འཛིན་རྒྱལ་པོའི་མཆོད་སྤྲིན་མདོར་བསྟན། ཏིང་འཛིན༴ གཉིས་པ་ཕྱི་མཆོད་ཡིད་བཞིན་སྤྲིན་གྱི་རང་བཞིན་རྒྱས་པར་བཤད་པ། མེ་ཏོག༴ གསུམ་པ་ནང་མཆོད་ཡེ་ཤེས་རྒྱ་མཚོའི་རོལ་པ་ཀུན་ནས་སྤྲོ་བ། འཇུག་པའི༴ གསུམ་པ་སྡིག་པ་བཤགས་པའི་ཡན་ལག །ཐོག་མེད༴ བཞི་པ་རྗེས་སུ་ཡི་རང་བ། འགྲོ་བའི༴ ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མ་ལུས༴ དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ། དེང་ནས༴ བདུན་པ་བསྔོ་བའི་ཡན་ལག །དགེ་བ༴ གསུམ་པ་ཡན་ལག་བདུན་གྱི་འཐད་པ་འགོད་པ་ལ་གཉིས། དང་པོ་སྤང་བྱ་གེགས་ཀྱི་དྲི་མ་འབྱོང་བས་བྱང་ཆུབ་གྱི་སེམས་བསྐྱེད་སླ་བའི་འཐད་པ། ཇི་ལྟར༴ གཉིས་པ་བླང་བྱ་དགེ་བའི་དཔུང་ཚོགས་བསྐྱེད་པས་སེམས་བསྐྱེད་སྐྱེ་སླ་བའི་འཐད་པ། འདི་ནི༴ གཉིས་པ་དངོས་གཞིའི་ཆོ་ག་ནི། དེ་ནས་སངས་རྒྱས༴ གསུམ་པ་མཇུག་ལ་གསུམ། དང་པོ་དུས་གཞན་དུ་སེམས་བསྐྱེད་བཟུང་བའི་རིམ་པ། དེ་ལྟར༴


ZP02_Page_358
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལན་གསུམ་བརྗོད་པའི་འཐད་པ། བརྗོད་པ༴ གསུམ་པ་སྤྲོ་དགའ་བསྐྱེད་པ། དེང་ནས༴ དོན་གསུམ་པ་སེམས་བསྐྱེད་ཀྱི་བསླབ་བྱ་བསྟན་པ་ལ་གཉིས། བསླབ་མདོའི་གནས་སྤྱིར་བསྟན་པ་དང་སྤྱོད་པ་རླབས་པོ་ཆེའི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་བསླབ་མདོའི་གནས་སྤྱིར་བསྟན་པ་ལ་ལྔ། དང་པོ་བསླབ་གཞི་བྱང་ཆུབ་ཀྱི་སེམས་ལ་གདམས་པ། ད་ནི༴ གཉིས་པ་སྨོན་འཇུག་བློའི་སྦྱོང་ཚུལ་བསྟན་པ། འགྲོ་བའི༴ གསུམ་པ་དྲན་ཤེས་བག་ཡོད་ཀྱི་གནས་ལ་གདམས་པ། རྟག་ཏུ༴ བཞི་པ་བསྲུང་བྱ་བསླབ་མདོའི་རབ་ཏུ་དབྱེ་བ། བྱང་ཆུབ༴ ལྔ་པ་སྤང་བླང་ངེས་པའི་གནས་གཞན་བསྟན་པ་ལ་གསུམ། ཆོས་བཞི་ངེས་པའི་བླང་དོར་བསམ་པ། གཞན་དོན་ངེས་པའི་བླང་དོར། གང་དག་ངེས་པའི་དབྱེ་བ་བསམ་པའོ། །དང་པོ་ཆོས་བཞི་ངེས་པའི་བླང་དོར་ལ་གསུམ། དང་པོ་ཆོས་བཞི་བླང་དོར་མདོར་བསྟན་པ། མདོར་ན༴ གཉིས་པ་ནག་པོའི་ཆོས་བཞི་རྒྱས་པར་བཤད་པ། མཆོད་འོས༴ གསུམ་པ་དཀར་པོའི་ཆོས་བཞི་རབ་ཏུ་དབྱེ་བ། དམ་པ༴ གཉིས་པ་གཞན་དོན་ངེས་པའི་བླང་དོར་བསམ་པ། རང་དོན༴ གསུམ་པ་གང་ཟག་ངེས་པའི་དབྱེ་བ་བསམ་པ། རྒྱལ་སྲས༴ གཉིས་པ་སྤྱོད་པ་རླབས་པོ་ཆེའི་གནས་བྱེ་བྲག་ཏུ་བཤད་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་


ZP02_Page_359
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དང་པོ་མདོར་བསྟན། རྒྱལ་སྲས་རྣམས་ཀྱིས༴ གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། འགྲོ་བ༴ གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ། དང་པོ་བསླབ་གསུམ་སྤྱིར་བསྟན་པ། ལྷག་པའི༴ གཉིས་པ་ཚུལ་ཁྲིམས་གསུམ་བསྟན་པ། སྡོམ་དང་༴ གསུམ་པ་བསྲུང་བྱ་ངེས་པར་གཟུང་བ། ཁྱིམ་པས༴ གསུམ་པ་བཟོད་པ་ལ་བདུན། དང་པོ་བཟོད་པ་གསུམ་གྱི་དབྱེ་བ། ཕྱི་ནང༌། གཉིས་པ་བཟོད་པ་སྒོམ་པའི་འཐད་པ། ཞེ་སྡང༌། གསུམ་པ་རང་སེམས་འདུལ་བའི་རྒྱུ་མཚན། གནོད་པའི༴ བཞི་པ་ཡུལ་ལ་བཟོད་པའི་རིགས་པ་བརྗོད་པ། གནོད་ལ༴ ལྔ་པ་རང་གིས་ཉེས་པའི་རྒྱུ་མཚན་བསམ་པ། གཞན་ཡང་༴ དྲུག་པ་སེམས་ལེགས་པའི་གློད་ཐབས་བསྟན་པ། མི་འདོད༴ བདུན་པ་ཆོས་ཀྱི་དོན་གྱི་བཟོད་པ་བཤད་པ། བརྟགས༴ བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཞི། དང་པོ་བརྩོན་འགྲུས་བསྐྱེད་པའི་འཐད་པ་འགོད་པ། གང་ལ༴ གཉིས་པ་དེའི་མི་མཐུན་པའི་ཕྱོགས་བསྟན་པ། དེ་ཡི༴ གསུམ་པ་དེའི་གཉེན་པོ་བརྩོན་འགྲུས་ཀྱི་ཡོན་ཏན་བསྔགས་པ། བརྩོན་འགྲུས༴ བཞི་པ་བརྩོན་འགྲུས་དངོས་ཀྱི་བརྩམས་ཚུལ་བསྟན་པ། དེ་ཡང་༴ ལྔ་པ་བསམ་གཏན་གྱི་ཕ་


ZP02_Page_360
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་ལ་བཅུ་གཅིག །དང་པོ་འགྱུར་ཞིང་མི་རྟག་པའི་རང་བཞིན་བསམ་ནས་བསམ་གཏན་ལ་བསྐུལ་བ། བསམ་གཏན༴ གཉིས་པ་འདོད་པ་རྣམས་ཀྱི་ཉེས་དམིགས་བསམ་ནས། འདོད་པ༴ གསུམ་པ་ཡོ་བྱད་བསྙུངས་པའི་ཕན་ཡོན་ལ་བསམ་ནས། ལུས་རྨ༴ བཞི་པ་བཤེས་དང་འགྲོགས་པའི་ཉེས་པ་བསམ་ནས། བཤེས་དང་༴ ལྔ་པ་འདུ་འཛིས་བསླུ་བའི་རྒྱུ་མཚན་བསམ་ནས༴ ཇི་སྲིད༴ དྲུག་པ་གཅིག་པུར་འགྲོ་བའི་རང་བཞིན་བསམ་ནས༴ ཇི་སྲིད༴ བདུན་པ་ནགས་ཁྲོད་དབེན་པའི་ཡོན་ཏན་བསམ། ནགས་ནི༴ བརྒྱད་པ་དེའི་གནས་ཀྱི་བཀོད་པ་བསམ། སྤོས་དང་༴ དགུ་པ་མི་རྟག་སྐྱོ་བའི་རང་བཞིན་བསམ༴ དུར་ཁྲོད༴ བཅུ་པ་ནགས་ཚལ་བསྔགས་པའི་ཕན་ཡོན་བསམ༴ དེ་འདྲའི༴ བཅུ་གཅིག་པ་བསམ་གཏན་སྒོམ་ཚུལ་དངོས་ལ་གདམས་པ། དེར་ནི༴ དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ། དང་པོ་ཤེས་རབ་གསུམ་གྱི་རང་བཞིན་ལ་གདམས་པ། ཤེས་རབ༴ གཉིས་པ་ཤེས་རབ་རང་གི་ངོ་བོ་བསྟན་པ། སྣང་འདི༴ གསུམ་པ་ཤེས་རབ་དགོས་པའི་རྒྱུ་མཚན་བཤད་པ། ཤེས་རབ༴ གསུམ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་བསྡུ་བ། ཕ་རོལ༴ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་


ZP02_Page_361
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྔོ་བ། དེ་ལྟར༴ གཉིས་པ་ལེའུའི་མཚན། རྫོགས་པར་ལེའུ་བརྒྱད་པའི་བསྡུས་དོན་ཚང་ངོ༌། །


previousསེམས་ཉིད་ངལ་བསོའི་བསྡུས་དོན་པད་མ་དཀར་པོའི་ཟིལ་མངར།next