Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
བསྐྱེད་རྫོགས་ཟུང་འཇུག་ཆེན་པའི་ལེའུ།
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེམས་ཉིད་ངལ་བསོའི་བསྡུས་དོན་པད་མ་དཀར་པོའི་ཟིལ་མངར།next

བསྐྱེད་རྫོགས་ཟུང་འཇུག་ཆེན་པའི་ལེའུ།

༈ དགུ་པ་བསྐྱེད་རྫོགས་ཟུང་འཇུག་ཆེན་པོའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ལེའུ་ལ་འཇུག་པ་རྒྱུའི་དོན་ནི། །དེ་ལྟར༴ གཉིས་པ་ལེའུ་དངོས་ཀྱི་དོན་ལ་གཉིས། གསང་སྔགས་ཀྱི་གོ་དོན་སྤྱིར་བསྟན་པ་དང༌། སྒྱུ་འཕྲུལ་དྲ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྒྱུད་སྡེའི་གནས་སྤྱིར་བསྟན་པ། བསྐྱེད་རྫོགས་ཀྱི་གནས་བྱེ་བྲག་ཏུ་བསྟན་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་རྒྱུད་སྡེའི་གནས་སྤྱིར་བསྟན་པ་ལ་གསུམ། དང་པོ་སྔགས་ཀྱི་ཐེག་པའི་འཕགས་ཚུལ་བཤད་པ། དེ་ཡང་༴ གཉིས་པ་སྡེ་ཚན་བཞིར་ངེས་པའི་རྒྱུ་མཚན་དགོད་པ། དུས་དང་༴ གསུམ་པ་གསང་སྔགས་ཕྱི་ནང་གི་ཁྱད་པར་བཤད་པའོ། །གསུམ་པ་འདི་ལ་གཉིས། སྤྱིའི་ཁྱད་པར་དང༌། བྱེ་བྲག་གི་ཁྱད་པར་རོ། །དང་པོ་སྤྱིའི་ཁྱད་པར་ལ་གཉིས། གསང་སྔགས་ཕྱི་བ་དང༌། ནང་པའི་ཁྱད་པར་རོ། །དང་པོ་ཕྱི་རྒྱུད་ཀྱི་ཁྱད་པར་ལ་གཉིས། དང་པོ་དབྱེ་བ་མདོར་བསྟན་པ་ནི། དེ་ཡང་༴ གཉིས་པ་ཁྱད་པར་རྒྱས་པར་བརྗོད་པ། དེ་དག༴ གཉིས་པ་ནང་རྒྱུད་གསུམ་གྱི་ཁྱད་པར། རྣལ་འབྱོར༴གཉིས་


ZP02_Page_362
[མ་དཔེ་གཟིགས་ན་འདིར་གནོན།]

་པ་བྱེ་བྲག་གི་ཁྱད་པར་ལ་གཉིས། ཐུབ་པ་རྒྱུད་གསུམ་དང༌། ནང་པ་རྒྱུད་གསུམ་གྱི་ཁྱད་པར་རོ། །དང་པོ་ཐུབ་པ་རྒྱུད་གསུམ་ནང་ཚན་གྱི་ཁྱད་པར་ནི། བྱ་བས༴ གཉིས་པ་ནང་པ་རྒྱུད་གསུམ་གྱི་ཁྱད་པར་ལ་གཉིས། དང་པོ་སོ་སོའི་ངོ་བོའི་ཁྱད་པར། མ་ཧཱས༴ གཉིས་པ་རྣམ་དག་ཤེས་པའི་ཁྱད་པར། བདག་དང་༴ གཉིས་པ་བསྐྱེད་རྫོགས་ཀྱི་གནས་བྱེ་བྲག་ཏུ་བཤད་པ་ལ་གསུམ། ཐབས་བསྐྱེད་རིམ་གྱི་སྒོམ་ཚུལ་དབྱེ་བ་དང༌། ཤེས་རབ་རྫོགས་རིམ་གྱི་སྒོམ་ཚུལ་དབྱེ་བ། དེ་གཉིས་ཀྱི་དགོས་པ་བསྟན་པའོ། །དང་པོ་བསྐྱེད་རིམ་སྒོམ་ཚུལ་ལ་ལྔ། དང་པོ་སྒོང་སྐྱེས་ཀྱི་བག་ཆགས་སྦྱང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་སྒོམ་ཚུལ། དེ་ཡང་༴ གཉིས་པ་མངལ་སྐྱེས་ཀྱི་བག་ཆགས་སྦྱོང་བ་རྒྱས་པའི་བསྐྱེད་རིམ་བསྒོམ་ཚུལ། མངལ་སྐྱེས༴ གསུམ་པ་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བ་འབྲིང་གི༴ དྲོད་གཤེར༴ བཞི་པ་རྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བ་བསྡུས་པའི༴ བསྡུས་ཏེ༴ ལྔ་པ་སྒོམ་ཚུལ་བཞིའི་རྣམ་གྲངས་བསམ་པ། དེ་ལྟར༴ གཉིས་པ་ཤེས་རབ་རྫོགས་རིམ་གྱི་སྒོམ་ཚུལ་དབྱེ་བ་ལ་གཉིས། དང་པོ་རྫོགས་རིམ་གྱི་རང་བཞིན་བསྟན་པ། རྫོགས་རིམ༴ གཉིས་པ་སྒོམ་པ་བརྟན་པའི་འཆར་ཚུལ། ཕྱིས་


ZP02_Page_363
[མ་དཔེ་གཟིགས་ན་འདིར་གནོན།]

ནས༴ གསུམ་པ་བསྐྱེད་རྫོགས་གཉིས་ཀྱི་དགོས་པ་བསྟན་པ། བསྐྱེད་རིམ༴ གསུམ་པ་སྐབས་ཀྱི་དོན་བསྡུ་བ་ལ་གསུམ། དང་པོ་གསང་སྔགས་ཐེག་པར་འཇུག་པར་གདམས་པ། འདི་ནི༴ གཉིས་པ་ལམ་བཞིར་དབང་དང་བྱིན་རླབས་བསྟན་པ། དེ་ཡང་༴ གསུམ་པ་ནང་པ་དབང་གིས་སྨིན་པར་བསྟན་པ། ཁྱད་པར༴ དོན་གཉིས་པ་སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྒོམ་པ་ལ་གསུམ། སྨིན་བྱེད་དབང་གི་རིམ་པ་སྤྱིར་གདམས། གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་བྱེ་བྲག་ཏུ་གདམ་པ། གནས་སྐབས་སྒྲུབ་ཚུལ་ངེས་པས་དོན་བསྡུ་བའོ། །དང་པོ་སྨིན་བྱེད་ནི། འདིར་ནི༴ གཉིས་པ་གྲོལ་བྱེད་ལ་གསུམ། བསྐྱེད་པ་སྐུའི་རྣལ་འབྱོར། བཟླས་བརྗོད་གསུང་གི་རྣལ་འབྱོར། དྲན་རིག་ཐུགས་ཀྱི་རྣལ་འབྱོར་རོ། །དང་པོ་བསྐྱེད་པ་སྐུའི་རྣལ་འབྱོར་ལ་གཉིས། ཁྲོ་བཅུའི་སྲུང་འཁོར་གྱི་མཚམས་བཅད་པ་དང༌། དེའི་དབུས་སུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟར་བསྒོམ་ཚུལ་ལོ། །དང་པོ་ནི། བདེ་བའི༴ གཉིས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྒོམ་ཚུལ་ལ་གསུམ། དང་པོ་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ། ཀུན་ཏུ༴ གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་དམ་ཚིག་སེམས་དཔའ་གསལ་འདེབས་པ་ནི། རིགས་ལྔ༴ གསུམ་པ་


ZP02_Page_364
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་ཡེ་ཤེས་མཚོན་བྱེད་ཡེ་ཤེས་སེམས་དཔས་བྱིན་གྱིས་བརླབ་པའི་ཚུལ། གཙོ་བོའི༴ གཉིས་པ་བཟླས་བརྗོད་གསུང་གི་རྣལ་འབྱོར་ནི། ཡི་གེ༴ གསུམ་པ་དྲན་རིག་ཐུགས་ཀྱི་རྣལ་འབྱོར་ལ་གསུམ་དང་པོ་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རང་བཞིན་གཉིས་མེད་མཉམ་པར་བསྟན་པ། རང་སེམས༴ གཉིས་པ་བློའི་རིམ་པ་དང་སྦྱར་ཏེ་རྫོགས་རིམ་སྒོམ་ཚུལ་བསྟན་པ། རྗེས་ལ༴ གསུམ་པ་ཐུན་མཚམས་སྤྱོད་ལམ་གྱི་རྣལ་འབྱོར་བསྟན་པ། སྤྱོད་ལམ༴ གསུམ་པ་གནས་སྐབས་སྒྲུབ་ཚུལ་ངེས་པས་དོན་བསྡུ་བ་ལ་གསུམ། དང་པོ་རྩ་བ་དམ་ཚིག་བསྟན་པ། རྩ་བ༴ གཉིས་པ་གྲོགས་ཚོགས་མཆོད་སོགས་བསྟན་པ། ཉ་དང་༴ གསུམ་པ་ཟབ་དོན་སྙིང་པོ་བསྟན་པ། རླུང་སེམས༴ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར༴ གཉིས་པ་ལེའུའི་མཚན། རྫོགས་པ༴ ལེའུ་དགུ་པའི་བསྡུས་དོན་ཚང་ངོ༌། །


previousསེམས་ཉིད་ངལ་བསོའི་བསྡུས་དོན་པད་མ་དཀར་པོའི་ཟིལ་མངར།next