Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
འགུགས་པ་རྟ་རྨིག་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའགུགས་པ་རྟ་རྨིག་མ།next

འགུགས་པ་རྟ་རྨིག་མ།


RTZ034_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་པ་རྟ་རྨིག་མ་སྤྲོ་ན། བདག་ལྕེ་རྡོ་རྗེ་རྩེ་དགུའི་ལྟེ་བ་ཡི། །ཧཱུཾ་ལས་འོད་འཕྲོས་རྭ་རྩེ་དགུ་ལ་ཕོག །ལ་ལས་ཛཿའཕྲོས་རྟ་རྨིག་འཁོར་ལོ་བསྐུལ། །འཁོར་ལོའི་རྩིབས་བརྒྱད་རང་གི་ལྕེ་རྩེ་ལས། །སྤྲོས་པའི་ཛཿལས་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་ཐོགས་རང་འདྲའི་ཁྲོ་བོའི་ཚོགས། །གྲངས་མེད་བཀའ་ཉན་དྲེགས་པ་སྡེ་བརྒྱད་དམག །སྣ་ཚོགས་མཚོན་འཛིན་སྟོང་ཁམས་ཁྱབ་རྣམས་ཀྱིས། །ལྕགས་ཀྱུས་དགྲ་བགེགས་དམིགས་བྱའི་སྙིང་ནས་བཏབ། །ཞགས་པས་མགྲིན་བཅིངས་མཚོན་ཆས་རྒྱབ་ནས་རྡེག །སྐད་ཅིག་ཉིད་ལ་དྲག་པོའི་འབྲུབ་ཁུང་ནང་། །ལིངྒར་སིབ་ཐིམ་དགྲོ་བོ་དངོས་སུ་བསམ། །ཨོཾ་ལོཀྟྲི་པཱ་ལ་ནན་ཛཿ སརྦ་ནྲྀ་ཏྲི་དགྲ་བགེགས་ཆྒོཾ་ཨཾ་ཀུ་ཤ་ཛཿ དེ་བཞིན་ཏུ་སྡེ་བརྒྱད་སོ་སོར་སྦྱར་བའི་མཐར། ཙི་དུ་སོད་སོགས། འཁོར་བ་ཐུལ་གྱི་མཇུག་ཏུ། ཡི་དམ་ལྷ་དང་དྲང་སྲོང་གི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མྱུར་དུ་ཕོབ་ཅིག་ནྲྀ་ཏྲི་ཛཿ ཆེ་གེ་མོ་ཨཾངྒུ་ཤ་ཛཿ ཞེས་པའི་སྔགས་ཅི་འགྲུབ་བཟླས་ཤིང་འགུགས་བསྟིམ་ཡང་ཡང་བྱའོ། །


previousའགུགས་པ་རྟ་རྨིག་མ།next