Nitartha Digital Library
Tibetan
སཾ་བྷོཊའི་ཡིག་གཟུགས།
སཾ་བྷོཊ་བོད་ཀྱི་ཡིག་གཟུགས་ནི་གློག་ཀླད་ནང་གི་བོད་ཀྱི་ཡིག་གཟུགས་ཐོག་མ་ཞིག་ཡིན། སཾ་བྷོཊའི་ཐོག་མའི་ཡིག་གཟུགས་ལ་གསར་བཅོས་དང་། དེ་སྟེང་སྡེ་དགེའི་ཡིག་གཟུགས་དང་། སྣར་ཐང་ཡིག་གཟུགས་སོགས་ཡིག་གཟུགས་མི་འདྲ་བ་ཁག་ཙམ་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་གི་བླ་མ་བསྟན་འཛིན་རྣམ་དག་མཆོག་གིས་གསར་བསྣན་བྱས།
ཡིག་གཟུགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་གཙོ་བོ་ནི།
སཾ་བྷོ་ཊའི་ཡིག་གཟུགས་འདི་ Unicode ཐོག་བཟོས་ཚར་བས། དེང་དུས་ཀྱི་གཉེན་ཆས་བོད་ཡིག་འགྲོ་ས་ཚང་མའི་ནང་ཐད་ཀར་བེད་སྤྱོད་གནང་ཆོག །
༡ དཔེར་ན་རྩེག་མའི་ཡི་གེ་ར་མགོ་ལྟ་བུ་གཅིག་གིས་འཇུག་ཡུལ་མིང་གཞིའི་ཡི་གེ་དུ་མ་ལ་མགོ་ཅན་གཅིག་བེད་སྤྱོད་བྱས་པ་ལྟ་བུ་མིན་པར། འཇུག་ཡུལ་མིང་གཞིའི་ཡི་གེ་སོ་སོར་མགོ་ཅན་གྱི་ཡི་གེ་སོ་སོའི་ཆེ་ཆུང་དང་འཚམས་ཤིང་མཛེས་ཆོས་ལྡན་པ་རེ་བཟོས་པའི་རྒྱུ་མཚན་གྱིས་བསྡོམས་ཡིག་འབྲུ་ ༣༩༥༤ ཡོད་ལ་དེ་དག་ཀྱང་མགོ་འདོགས་རྩེག་མ་ཐམས་ཅད་འཕྲོད་སྦྱོར་ལྡན་ལ་དམིགས་བསལ་གྱི་མཛེས་ཆ་ཅན་ཞིག་ཡོད།
༢ གཞན་ཡང་སཾ་བྷོ་ཊའི་ཡིག་གཟུགས་འདི་ཇི་ཙམ་ཆེ་རུ་བཏང་ཡང་ཡི་གེའི་ཚུགས་དང་གསལ་ཆ་མ་ཤོར་བར་དེ་ཙམ་མཛེས་རུ་འགྲོ་བ་ཡིན། དཔེར་ན་ཡིག་གཟུགས་ཀྱི་མཐོ་ཚད་ཕི་ཁྲི་བརྒྱད་ཙམ་བཟོས་ཀྱང་ད་དུང་ཚུགས་དང་མཛེས་ཆོས་མི་ཤོར་བ་ཡིན། མཛད་སྒོ་ཆེན་པོའི་ཕྲད་དར་དང་སྒོ་བྱང་སོགས་ལ་མེད་དུ་མི་རུང་བའི་ཡིག་གཟུགས་ཤིག་བཟོས་ཡོད།
ད་དུང་འདིའི་སྐོར་མུ་མཐུད་ཤུགས་བརྒྱབ་སྟེ་དབུ་མེད་དང་འབྲུ་ཚ་སོགས་ཡིག་གཟུགས་ཕུན་སུམ་ཚོགས་པ་དང་གཉེན་ཆས་ཀྱི་སྤྱོད་སྒོ་དང་ནུས་པ་ཇེ་ཆེར་གཏང་སྟེ་བོད་ཀྱི་ཤེས་རིག་ཉམས་གསོ་དང་དར་རྒྱས་ལ་ཕྱྭར་བ་གྲུ་འདེགས་ཀྱི་བྱ་བར་འབད་བརྩོན་ཞུ་བཞིན་པ་ལགས། །
སཾ་བྷོཊའི་ཡིག་གཟུགས། >